མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་དོན་རྩིས་མེད་ཐོག་དྲག་གནོན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

སེ་རི་ཡའི་གྲོང་ཁྱེར་ཧོམ་སི་ནང་མི་མང་གྱེན་ལངས་པའི་སྟེང་གཞུང་དམག་གིས་ཁྲབ་ལྡན་འཐབ་འཁོར་དང་མེ་མདའ་བེད་སྤྱོད་ཀྱིས་དྲག་གནོན་བྱས་ཏེ་མི་༢༠དམར་གསོད་བཏང་འདུག

ཁ་སང་ཕྱི་ཚེས་ ༣ ཉིན་སེ་རི་ཡའི་(Syria) གྲོང་ཁྱེར་ཁག་ཅིག་གི་ནང་མི་མང་གྱེན་ལངས་པས་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་པར་དྲག་གནོན་བྱས་ཡོད་ཅིང་། ལྷག་པར་དུ་ཧོམ་སི་(Homs) གྲོང་ཁྱེར་ནང་གཞུང་དམག་གིས་ཁྲབ་ལྡན་འཐབ་འཁོར་དང་མེ་མདའ་བེད་སྤྱོད་ཀྱིས་མི་མང་ལ་དྲག་གནོན་བྱས་ཏེ་མི་༢༠ཙམ་དམར་གསོད་བཏང་ཡོད་འདུག དམར་གསོད་འདི་ནི་སེ་རི་ཡའི་གཞུང་དང་ཨ་རབ་མཐུན་ཚོགས་(Arab league) བར་གྲོས་མཐུན་བྱུང་པའི་ཉིན་གཅིག་གི་རྗེས་སུ་བྱུང་ཡོད་པ་དང་། ཕྱི་ཚེས་༢ཉིན་ཨ་རབ་མཐུན་ཚོགས་ཀྱིས་སེ་རི་ཡའི་གཞུང་ལ་གྲོང་ཁྱེར་ཁག་ནང་ཡོད་པའི་དྲག་ཆས་དམག་མི་ཕྱིར་འཐེན་དང་། ད་ལྟའི་གཅིག་སྡུད་གཞུང་དམངས་གཙོ་བཅོས་སྒྱུར་བྱ་དགོས་པའི་འབོད་སྐུལ་ཞུས་པར་སེ་རི་ཡའི་སྲིད་འཛིན་བྷ་ཤར་(Bashar al-Assad) སྲིད་གཞུང་གིས་མོས་མཐུན་བྱས་ཡོད་པ་རེད།

དོན་རྐྱེན་འདིའི་ཐད་སེ་རི་ཡའི་གྱེན་ལངས་དང་ཁ་གཏད་ཚོགས་པ་ཁག་གིས། བྷ་ཤར་གྱིས་དམག་མི་ཕྱིར་འཐེན་དང་དམངས་གཙོ་བཅོས་སྒྱུར་བྱ་རྒྱུའི་ཁས་ལེན་ལག་བསྟར་བྱ་རྒྱུའི་ཚབ་ཏུ་དྲག་གནོན་བྱས་ཡོད་པའི་སྐྱོན་བརྗོད་དང་། ཁོང་ཚོས་བསྐྱར་དུ་བྷ་ཤར་གྱིས་ཁས་ལེན་བྱས་པའི་གྲོས་དོན་དེ་ལག་བསྟར་ཁ་གསལ་མ་བྱུང་པར་ངོ་རྒོལ་བྱ་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག

 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 7

  1. ནད་པ says:
    ལོ་ 14 སྔོན།

    ༡༩༨༩ ལོར་རྒྱ་ནག་ཏུ་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་མ་སྟོང་ཕྲག་དུས་གཅིག་ལ་བསྡེབས་བསད་བཏང་བ་རེད།

    ཁ་སང་སྤྱི་ཚེས་ ༣ ཉིན་སེ་རི་ཡའི་གཞུང་གིས་མི་ ༢༠ བསྡེབས་བསད་བྱས་པ་དེ་ཡང་གཞི་རྒྱ་ཆེ་ཆུང་ལ་མ་ལྟོས་པར་སྲིད་དབང་གཅིག་སྡུད་ཀྱིས་དྲག་གནོན་བྱས་པ་རེད།

    ཆབ་དྲག་ལགས་འབྱུང་འགྱུར་བོད་དང་། ཤིང་ཅང་། ནང་སོག་བཅས་ཀྱིས་ནང་དུའང་གཞི་རྒྱ་ཆེ་བའི་མི་དམངས་གྱེན་ལངས་ཀྱིས་ངོ་རྒོལ་དེ་འདྲ་བ་བྱུང་ན་འདི་ལས་སྡུག་པའི་དྲག་གནོན་གྱིས་མི་གསོད་ཁྲག་སྦྱོར་དུས་གཅིག་ལ་བསྡེབས་བསད་གཏོང་རྒྱུ་བརྗོད་མི་དགོས།

    གང་ཡིན་ཟེར་ན་རྒྱ་ནག་རང་གི་མི་རིགས་དང་། རྒྱལ་ཁབ། རིག་གཞུང་གཅིག་པའི་སློབ་མ་སྟོང་ཕྲག་དམར་གསདོ་བཏང་ཕོད་ནས་མེད་པར་རྒྱལ་ཁབ་དང་། མི་རིགས། རིག་གཞུང་ཐ་དད་ཡིན་པའི་བོད་རིགས་ཚོའི་སྟེང་ལ་དེ་བས་ཡ་ང་སྙིང་རྗེ་སྤུ་ཙམ་ཡང་མེད་པར་དྲག་གནོན་གྱིས་འབུར་འཇོམས་བྱ་རྒྱུར་ཐེ་ཚོམ་ཁྱོན་ནས་མེད་པ་རེད།

    དེ་འདྲ་སོང་ཙང་གཞི་བཞུགས་བོད་ནང་ཡོད་པའི་བོད་རིགས་སྤུན་ཟླ་ཚོ། དེ་བཞིན་བལ་ཡུལ། རྒྱ་གར། ཕྱི་རྒྱལ་སོགས་ཀྱི་ནང་བཞུགས་བཞིན་པའི་བོད་རིགས་སྤུན་ཟླ་ཚོས་རང་གི་གཅེས་པའི་ཚེ་སྲོག་ལ་ཨང་དང་པོར་གཅེས་སྤྲད་བྱས་ཏེ་ཨང་གཉིས་པར་རྒྱ་ནག་གི་དྲག་གནོན་དང་བཙན་དབང་ལ་ངོ་རྒོལ་བྱ་རྒྱུའི་རྣམ་པ་དེ་ཐབས་ཇུས་ཀྱི་རང་བཞིན་ལྡན་པའི་ལས་འགུལ་སྣ་མང་སྤེལ་ཐུབ་པ་བྱེད་དགོས།

    Reply
  2. བཀྲ་ཤིས། says:
    ལོ་ 14 སྔོན།

    དྲ་བདག་ལགས།་་
    བསྡོམས་པའི་འཁྱམ་མོ་ཟེར་བ་ཞིག་གཤམ་གྱི་འདི་ཚར་ལྔ་སྤེལ་ནས་རིག་པ་འདོན་ས་བཀག་ཏེ་ཟིན་བྲིས་པ་ཚོར་བར་ཆད་བྱས་འདུག་པས་གཅིག་མ་གཏོགས་རེ་རེ་བྱས་བསུབ་རོགས་ཞེས་རེ་སྐུལ་ཞུ་བཞིན་ཡོད།

    དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་རྣམ་པ།
    ཀྱེ་མ་སྐྱོ་བ་ལ་ཨང་།རྙེད་པར་དཀའ་བའི་དལ་འབྱོལ་གྱི་ལུས་རྟེན་དེ་དག་དཀའ་སྡུག་གི་འཚོ་བའི་འོག་ནས་བཞུ་འབུལ་བྱས་པ་དེར་བཟོད་མི་ཐུབ་པའི་ན་ཟུག་ཞིག་དབང་མེད་དུ་སྐྱེ་ཡོང་དུས་ཡུལ་འགྱར་བའི་མིག་མཐར་མཆི་མའི་བསྐོར་བཞིན་སྨྲེ་ངག་ཤོར།་་་་་དགའ་འོས་པ་གཅིག་ནས་བརླབས་ཆེནགྱི་་སྙིང་སྟོབས་ལྡན་པའི་དཔའ་བོ་དང་དཔའ་མོ་དེ་དག་གི་སེམས་ཤུགས་ལ་སྙིང་སྟོབས་དང་སྤོབ་པ་སྐྱེ་འོང་ཀི།་་ནམ་ཡང་ཉམ་པ་མེད་པས་ཁོང་རྣམས་པའི་སྙིང་སྟོབས་ལ་གུས་བཀུར་དང་གདུང་སེམས་མཉམ་བསྐྱེད་ཡོད།

    Reply
  3. རོ་ལངས། says:
    ལོ་ 14 སྔོན།

    ༼1989ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བ་དང་བསྡུར་ན་འདི་ཆུང་ཆུང་རེད།
    བོད་ལ་ཡང་ད་དུང་འདི་འདྲ་དང་འདི་ལས་སྡུག་པ་ཡོང་སྲིད་དམ།༽འདི་ལ་གཟིགས་དང་།
    སྐུ་ཞབས་ལྷ་མོ་སྐྱབས་ཀྱིས་ཅི་བསམ་གྱིན་ཡོད་དམ། བོད་ལ་འདི་ལས་སྡུག་པ་ཐེངས་མངས་བྱུང་ཟིན་པ་བསྙེལ་བ་མིན་ནམ་ལགས།

    Reply
  4. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    1989ལོའི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་མང་པོ་དམར་གསོད་བཏང་བ་དང་བསྡུར་ན་འདི་ཆུང་ཆུང་རེད།
    བོད་ལ་ཡང་ད་དུང་འདི་འདྲ་དང་འདི་ལས་སྡུག་པ་ཡོང་སྲིད་དམ།

    Reply
  5. དོན་འགྲུབ། says:
    ལོ་ 14 སྔོན།

    ཁོ་ཚོས་དྲག་གནོན་པར་ཡག་པོ་ལེན་ཐུབ་ལ། ང་ཚོས་ལེན་མ་ཐུབ་པའི་རྒྱུ་མཚན་གང་ཡིན་ནམ།

    Reply
  6. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཨ་ཁཁ བོད་དོན་ལས་འགུལ་ཤུགས་ཆེ་རེ་སྤེལ་ནས་རེ་བ་ཨོ་ཙམ་འདུག་བསམ་དུས་བར་ཆད་ཞིག་ཡོད་ཡོད་པ་རེད།

    Reply
  7. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 14 སྔོན།

    སྙིང་རྗེ་འདི་ན་ཡང་དམྱལ་བ་དངོས་སུ་མྱོང་གི་འདུག ཅི་ཞིག་ལ་སྲིད་གཞུང་ཟེར་བ་རེད། ཅིའི་ཕྱིར་སྲིད་གཞུང་ཞིག་མཁོ་བ་རེད། སྲིད་གཞུང་ཟེར་བ་དེའི་རྩ་དོན་ཅི་ཞིག་ཡིན། ངོ་མ་དམངས་ཉམ་ཆུང་ཚོར་འདི་འདྲ་ཞིག་འོས་པ་ཨེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese