མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་རང་ལུས་མེར་བསྲེགས་ལ་སྐྱོན་བརྗོད་བྱེད་པའི་རྒྱ་ནག་གི་དྲག་གནོན།

བོད་ཀྱི་དུས་བབ།
༢༠༡༡/༡༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་བློ་བཟང་སེང་གེས་ཁ་སང་ཝ་ཤིན་ཏོན་གསར་འཕྲིན་སྟེང་སྤེལ་བ།  རྨ་མགུར་སངས་རྒྱམ་གྱིས་བསྒྱུར།

ད་ལོའི་སྤྱི་ཟླ་ ༣ པ་ནས་བཟུང་བོད་ཀྱི་ཤར་ཕྱོགས་ས་ཁུལ་དུ་བོད་རིགས་བཅུ་གཅིག་གིས་རང་ལུས་མེ་རུ་བསྲེགས་ཡོད་པ་དང་དེའི་ནང་གི་དྲུག་ནི་འདས་གྲོངས་སུ་ཕྱིན་པ་རེད། རྒྱ་ནག་སྲིད་གཞུང་གིས་ཁོ་ཚོ་ནི་རྫུ་བག་གྱོན་པའི་དྲག་སྤྱོད་རིང་ལུགས་པ་ཞིག་ཡིན་པར་འགྲེལ་བརྗོད་བྱེད་ཀྱི་ཡོད། དོན་དངོས་ཀྱི་གནད་དོན་ནི་ཁོ་ཚོའི་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་རྣམས་བཙན་བཟུང་བྱས་པའི་བོད་ནང་དུ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དབང་བསྒྱུར་ལ་སྐྱོན་བརྗོད་བྱེད་པའི་རྟགས་མཚན་ངོ་མ་དེ་ཡིན། ཁོ་ཚོས་རང་གི་ཐུན་མོང་མ་ཡིན་པའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་མཚོན་པའི་མི་དམངས་ཤིག་འཚོ་གནས་ལྡན་པའི་ཆེད་དུ་རླབས་ཆེན་གྱི་ལས་འགུལ་འདི་མངོན་གསལ་དུ་བསྟན་པ་རེད།

བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོས་བོད་ནང་གི་རང་རེའི་མི་རིགས་ཀྱི་སྙིང་གི་ན་ཚ་དང་དཀའ་སྡུག་ལ་རྒྱུན་དུ་སེམས་ཁུར་ཟབ་མོ་མཛད་ཅིང་། ལྷག་པར་དུ་རྔ་པ་དང་དཀར་མཛེས་ས་ཁུལ་དུ་བྱུང་བའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ལ་བློ་འཚབ་དང་སེམས་སྡུག་ཆེན་པོས་གདུང་སེམས་མཉམ་སྐྱེད་གནང་བ་ཡིན།

 

རང་ལུས་མེར་བསྲེགས་བཏང་བའི་གྲྭ་བ་དང་ཨ་ནེ་དེ་ཚོས་བོད་ནང་དུ་རྒྱ་ནག་གི་དྲག་གནོན་ལ་འཛམ་གླིང་མི་དམངས་ཀྱིས་དོ་སྣང་མཛད་པའི་ཆེད་དུ་རང་སྲོག་བློས་བཏང་གི་ལས་འགུལ་དེ་བརྩམས་པ་རེད། རང་སྲོག་བློས་བཏང་གནང་མཁན་ཚོས་བོད་དང་བོད་མི་དམངས་ཡོངས་ཀྱི་སྐུ་ཚབ་ཀྱི་ཐོག་ནས་ལས་འགུལ་འདི་སྤེལ་བ་དང་ཁོ་ཚོའི་ཐུགས་དགོངས་ནི་མི་གཞན་སུ་ཞིག་ལའང་གནོད་སྐྱོན་མི་གཏོང་བ་དེ་རེད། དཀའ་སྡུག་དང་སྐྱོ་གདུང་གི་ལས་འགུལ་འདི་ནི་ཁོ་ཚོའི་སེམས་ཀྱི་ན་ཟུག་དྲག་པོ་ལས་ཕྱིར་མངོན་པ་དང་། ཁོ་ཚོ་ནི་འཇིགས་སྣང་གི་བསམ་བློའི་འོག་ཏུ་གནས་ཡོད་པར་མ་ཟད། ཁོ་ཚོ་ལ་བསམ་སྤྱོད་ཀྱི་རང་དབང་གང་ཡང་ཡོད་པ་མ་རེད། བཙན་བྱོལ་དུ་བཞུགས་པའི་དབུ་ཁྲིད་ཚོས་བོད་ནང་གི་རང་ལུས་མེར་བསྲེགས་དང་ངོ་རྒོལ་གྱི་ལས་འགུལ་ལ་སྐུལ་སློང་རྩ་བ་ནས་བྱེད་ཀྱི་མེད་པའི་རྒྱུ་མཚན་ནི་རྒྱ་ནག་གིས་ཁོ་ཚོ་ལ་དྲག་གནོན་ཁོ་ནའི་སྟེང་ནས་བྱ་སྤྱོད་སྤེལ་གྱི་ཡོད་པ་དེ་ཡིན། ད་དུང་རྒྱ་ནག་གིས་ཞི་བའི་ངོ་རྒོལ་བ་རྣམས་ལ་དོན་མེད་ཀྱི་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད།

  

བོད་མིའི་རང་ལུས་མེར་བསྲེགས་ཀྱི་སྐབས་སུ་མེ་ལྕེ་གསོད་པའི་ཚབ་དུ་རྒྱ་ནག་གི་དཔོན་རིགས་ཚོས་ཐེངས་དང་བོར་གཅར་རྡུང་བྱེད་ཀྱི་ཡོད་པ་དང་རྨས་སྐྱོན་དེའི་རྐྱེན་གྱིས་ཁོ་ཚོ་འདས་གྲོངས་སུ་ཕྱིན་པ་རེད། ༧གོང་ས་མཆོག་གིས་བོད་རིགས་མི་དམངས་ལ་དེ་འདྲའི་འུ་ཐུག་གི་བྱ་སྤྱོད་ལ་མི་འགྲོ་བར་ཚིག་ཐག་ཆོད་པའི་སྒོ་ནས་རེ་སྐུལ་ནན་མོ་གནང་བ་རེད།  དཔེར་མཚོན་ཙམ་ཞུས་ན། སྤྱི་ལོ་ ༢༠༠༨ ལོར། ༧གོང་ས་མཆོག་གིས་བོད་རིགས་ཚོ་ལ་ནན་སྐུལ་མཛད་པ་ལ་བརྟེན་ནས་ཁོ་ཚོས་རྒྱ་ནག་གི་དྲག་གནོན་སྲིད་ཇུས་ལ་དགག་ལན་སྤྲད་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་མཚམས་འཇོག་གནང་བ་རེད། བོད་ཀྱི་ཆབ་སྲིད་ཀྱི་མགོ་ཁྲིད་ཅིག་ཡིན་པའི་ཆ་ནས་བདག་གིས་ཀྱང་བཙན་བྱོལ་དུ་བཞུགས་པའི་བོད་རིགས་ཚོ་ལ་འབོད་སྐུལ་མཛད་ནས་ཁོ་ཚོའི་མ་ཤིའི་བར་དུ་ཟས་བཅད་ཀྱི་ངོ་རྒོལ་ཁག་མཇུག་སྒྲིལ་དགོས་པར་བཤད་ཡོད། རྒྱུ་མཚན་ནི། ཁོ་ཚོས་རང་རེའི་རིག་གཞུང་དང་མི་རིགས་ཀྱི་ངོ་བོ་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་ཅིང་། རང་རེའི་ལས་འགུལ་གྱི་སྟོབས་ཤུགས་འཛམ་གླིང་ཁྱོན་ཡོངས་སུ་སྲ་བརྟན་དུ་ཡོང་བར་ང་ཚོ་ཚང་མས་མཉམ་རུབ་ཀྱི་སྟོབས་ཤུགས་དགོས་ངེས་ཡིན། བོད་ཕྱི་ནང་གཉིས་ཀའི་མི་དམངས་ཀྱིས་རང་རེའི་སྤྱི་ཚོགས་དང་དགོན་པའི་སློབ་གསོའི་ཤེས་ཡོན་གཉིས་ལ་དོ་སྣང་ཆེན་པོའི་སྒོ་ནས་ཧུར་བརྩོན་གནང་དགོས་པར་ང་ཚོས་འབོད་སྐུལ་ནན་མོ་བྱེད་ཀྱི་ཡོད།

 

མཐོ་རིམ་གྱི་ཤེས་ཡོན་ལྡན་པའི་ཆེད་ལས་མཁས་པ་དང་ཤེས་རིག་ལྡན་པའི་གྲྭ་བ་རྣམས་ཀྱིས་ང་ཚོའི་ལས་འགུལ་འདི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་མིའི་རིགས་ཀྱི་གསར་བཏོད་ཀྱི་ནུས་པ་དང་ཡང་དག་པའི་ཐབས་ཇུས་ཀྱི་མཐུན་རྐྱེན་རྣམས་ངེས་པར་དུ་འདོན་ངེས་ཡིན། ང་ཚོས་ཉེ་ཆར་གྱི་ཡིད་སྐྱོ་བའི་ལས་འགུལ་གྱི་འབྱུང་རྐྱེན་ཏེ་བོད་ལ་མུ་མཐུད་དུ་བཙན་འཛུལ་བྱེད་པ་དང་། རྒྱ་ནག་གི་ཆབ་སྲིད་ཀྱི་དྲག་གནོན་སྲིད་ཇུས། རིག་གཞུང་གཅིག་གྱུར། དཔལ་འབྱོར་དོ་མི་མཉམ་པ། ཁོར་ཡུག་གཏོར་བཤིག་གི་གནད་དོན་བཅས་ལ་ངེས་པར་དུ་དོ་སྣང་ཆེན་པོས་བསམ་གཞིགས་བྱེད་དགོས། བོད་མི་ཚོའི་ངོ་རྒོལ་གྱི་རྣམ་པ་ལ་རྒྱ་ནག་གིས་དྲག་གནོན་གྱི་བྱ་སྤྱོད་དམ་དུ་བཏང་བ་ལ་བརྟེན་ནས་གཏིང་ཟབ་པའི་ཉེན་ཚབས་ཆེན་པོ་བཟོ་ཡི་ཡོད།

 

སྤྱི་ལོ་ ༢༠༠༨ ལོའི་ཞི་རྒོལ་ཆེན་མོའི་རིང་དང་དེའི་རྗེས་སུ་རྒྱ་ནག་སྲིད་གཞུང་གིས་བོད་ནང་དུ་ཁྱབ་བསྒྲགས་མ་བྱས་པའི་དྲག་པོའི་སྒྲིག་ཁྲིམས་བཙན་བཀའ་བཏང་བ་དང་། གདུག་རྩུབ་ཀྱི་བྱ་སྤྱོད་ལག་བསྟར་བྱས་པ། ལྷག་པར་དུ་དགོན་པ་ཁག་གི་ནང་དུ་དེ་དག་ལག་བསྟར་བྱས་ཡོད། ད་ལོའི་ཕྱི་ཟླ་ ༣ པའི་ནང་དུ་དགུང་ལོ་ཉི་ཤུ་ཡིན་པའི་ཀིརྟི་དགོན་པའི་གྲྭ་བ་བློ་བཟང་ཕུན་ཚོགས་འདས་གྲོངས་སུ་ཕྱིན་པའི་རྐྱེན་ཀྱིས་ས་གནས་དཔོན་རིགས་ཚོས་རྔ་པའི་ནང་དུ་ཤུགས་ཆེན་པོས་དྲག་གནོན་བྱས་པ་དང་། ཀིརྟི་དགོན་པ་ལ་དངོས་སུ་བཙན་འཛུལ་བྱས་པ། ཆོས་ལུགས་ཀྱི་མཛད་སྒོ་ཁག་བཀག་སྡོམ་བྱས་པ། ཁ་གསལ་མེད་པའི་གྲྭ་བའི་གྲངས་འབོར་མི་ཉུང་བ་ཞིག་བཙོན་དུ་བཅུག་པ་དང་ཉེས་རྡུང་བཏང་བ་རེད། མདོར་ན་ཁོ་ཚོས་༧གོང་ས་མཆོག་གི་སྐུ་པར་ཞིག་ཉར་འཇོག་བྱེད་པ་ཡང་བཀག་འགོག་བྱེད་ཀྱི་ཡོད།

 

བཙན་བྱོལ་ནང་དུ་ང་ཚོས་བོད་ནང་དུ་རང་རེའི་ཆོས་ལུགས་དང་རིག་གཞུང་གི་ལས་དོན་ཆ་ཚང་སྲུང་སྐྱོབ་བྱེད་པའི་མདུན་སྐྱོད་ཀྱི་ཐབས་ལམ་ལ་ཧུར་བརྩོན་བྱེད་པའི་མི་སྣ་ཡོངས་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད། འཛམ་གླིང་མི་དམངས་ཀྱིས་ཐོས་པའི་ཁོ་ཚོའི་འབོད་སྒྲ་དེ་ང་ཚོས་གྲུབ་འབྲས་ལྡན་པ་ཞིག་ཡོང་བར་འབད་བརྩོན་བྱེད་ངེས་ཡིན། ཕྱི་ཟླ་ ༡༠ བའི་ཚེས་ ༡༩ ཉིན་ང་ཚོས་རང་ལུས་མེར་བསྲེགས་བཏང་བའི་མི་སྣ་རྣམས་ལ་ཆིག་སྒྲིལ་གྱི་གདུང་སེམས་མཉམ་སྐྱེད་བྱེད་པའི་ཆེད་དུ་བོད་ཀྱི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམས་དང་མཉམ་དུ་ཉིན་གང་གི་གསོལ་འདེབས་སྨོན་ལམ་དང་ཟས་བཅད་ཀྱི་སྨྱུང་གནས་ལ་བཞུགས་པའི་ལས་རིམ་ཞིག་གོ་སྒྲིག་བྱས་པ་ཡིན། འདི་ནི་རང་རེའི་རང་དབང་སླར་གསོ་བྱེད་པའི་ཆེད་དུ་བོད་རིགས་འདི་དག་གི་འབོད་སྒྲ་དེ་ང་ཚོ་ཚང་མས་མཐོང་ཐོས་སུ་འགྱུར་དགོས་པར་བྱེད་པའི་ལས་འགན་ཡིན་པ་དང་། ཁོ་ཚོའི་རང་སྲོག་བློས་བཏང་གི་མཛད་རྗེས་རྣམས་དོན་མེད་དུ་སོང་མེད་པ་ཞིག་མཚོན་པར་བྱས་ཡོད། རང་སྲོག་བློས་བཏང་གི་འབྱུང་རྩ་ནི་རྒྱ་ནག་གིས་བོད་ལ་མུ་མཐུད་དུ་དྲག་གནོན་བྱས་པ་དེ་ཡིན་པ་ནི་གསལ་བོ་རེད།

 

༧གོང་ས་མཆོག་དང་བོད་ཀྱི་འཛིན་སྐྱོང་བཀའ་ཤག་གིས་བོད་ནང་གི་དཀའ་ངལ་དེ་སེལ་ཐབས་བྱེད་པ་ལས་བོད་རྒྱའི་བར་ལ་དཀའ་ངལ་མུ་མཐུད་དུ་གནས་འདོད་མེད་པ་ཡིན། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་བོད་ནང་དུ་དངོས་དོན་རྟོག་ཞིབ་བྱེད་པའི་སྐུ་ཚབ་ཚོགས་པ་བཏང་ནས་དངོས་ཡོད་ཀྱི་གནས་སྟངས་ལ་རྟོག་ཞིབ་བྱེད་པར་ང་ཚོས་འབོད་སྐུལ་བྱེད་ཀྱི་ཡོད། ད་དུང་རང་དབང་གི་གསར་འགོད་པའི་ཚོགས་པ་དང་བསམ་བློ་གུ་ཡངས་ལྡན་པའི་རྒྱ་ནག་གི་ཤེས་ཡོན་ཅན་ཚང་མ་བོད་ནང་ལ་བསྐྱོད་པར་ཆོག་མཆན་སྤྲོད་དགོས་ངེས་ཡིན། རྒྱལ་སྤྱིའི་ཚོགས་སྡེ་ཁག་ཚང་མས་རྒྱ་ནག་མི་དམངས་སྤྱི་འཐུན་རྒྱལ་ཁབ་ཀྱི་སྲིད་གཞུང་ལ་ངེས་པར་དུ་གནོན་ཤུགས་སྤྲད་དེ་བོད་དང་རྒྱ་ནག་ཕན་ཚུན་གཉིས་ཀྱི་རྩ་བའི་བདེ་དོན་གྱི་ཆེད་དུ་ཞི་བའི་གྲོས་མོལ་བརྒྱུད་ནས་བོད་མིའི་རང་དབང་སླར་གསོ་དང་བོད་ཀྱི་གནད་དོན་ཐག་གཅོད་བྱེད་དུ་འཇུག་དགོས།  །                                               

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༤ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 18

  1. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    https://secure.avaaz.org/en/save_tibetan_lives/
    དྲ་ཚིགས་འདིའི་ནང་དུ་འཛུལ་ནས་མཚན་རྟགས་སྐྱོན་རོགས། འདི་ནི་བོད་དོན་དང་འབྲེལ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལ་ཕུལ་བའི་ཞུ་ཡིག་ཡིན་པས་མཚན་རྟགས་ཇི་ཙམ་མང་བའི་ཚོད་ཀྱིས་ནུས་ཤུགས་ཆེ་བ་ཡོད་པ་ནི་སྨོས་མེད་རེད། ངོས་རང་ནི་ངོ་མ་ཧང་སང་སོང་། ནུབ་ཕྱོགས་མི་རིགས་རྣམས་ཀྱིས་དོ་སྣང་ཆེན་པོས་ཞུ་ཡིག་ལ་མཚན་རྟགས་རྒྱབ་བཞིན་འདུག་མོད། བོད་མི་ནི་ཉུང་ཉུང་ཞེ་དྲག་རེད། སྔ་མོ་༢༠༠༨ལོར་ཡང་དེ་མཚུངས་རེད། དེ་དུས་ཀྱང་རྒྱབ་སྐྱོར་ཀྱི་འབོད་སྐུལ་ལ་མཚན་རྟགས་བསྡུ་རུབ་བྱེད་མོད། བོད་མི་ཞུགས་མཁན་ཉུང་ཉུང་ཞེ་དྲག་རེད། དྲང་པོར་བཤད་ན། དྲ་ཚིགས་འདིའི་བརྒྱུད་ནས་འཛམ་གླིང་ནང་གི་ཉམ་ཐག་མི་རིགས་མང་པོ་ཚེ་སྲོག་ལས་སྐྱོབ་ཐུབ་པ་བྱུང་ཡོད་པ་ཡོངས་གྲགས་རེད། བྱས་ཙང་ང་ཚོས་ཆ་ཤས་བླང་དགོས། གོ་སྐབས་གང་བྱུང་དམ་འཛིན་བྱ་དགོས།

    Reply
  2. བསོད་འོད says:
    ལོ་ 14 སྔོན།

    འདྲེ་མགོ་རྡོའམ་ཡེ་རྡོ་ཟེར་བ་འདི་གཉིས་མི་གཅིག་ཡིན་པ་དེ་རིང་གཞི་ནས་ཤེས་སོང་།

    Reply
  3. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    གངས་ཕྲུག་གི་གླེང་སློང་འདི་གནད་འགག་ཅིག་རེད། ངས་ཁྱེད་ལ་ཁ་བྱང་ཅིག་སྟེར།
    དེ་ནི། ༼ ཤོག་སེང་ལགས། གཞིས་ལུས་མི་མང་དང་གསར་འབྱོར་ཚོ་ལྐུགས་པ་མིན་ཡ༽ཞེས་པ་འདི་ཡིན།
    བཀའ་ཁྲི་གྲོས་ཚོགས་འཐུས་མི་བྱེ་བྲག་པ་རེར་ཐུག་ནས་བསྡད་པ་ཡིན་ན། ད་གཟོད་ལོ་ལྔ་ལ་ཐུག་འཕྲད་རྐྱང་རྐྱང་བྱས་ཀྱང་རྫོགས་ཀྱི་མ་རེད། བཙུན་པ་ཟམ་གདོང་འདི་འདྲ་ལ་ཐུགས་མི་དགྱེས་པ་དེ། གཅིག་བཀའ་ཁྲིའི་ཆེ་མཐོང་དང་། གཉིས་ས་གནས་ལས་བྱེད་པ་དང་ཤེས་ལྡན་པས་བྱེད་ཐུབ་པ་ཞིག་ལ་བཀའ་ཁྲིས་ཅིག་བྱེད་ཁུལ་བྱེད་པ་འདི། དངོས་ཡོད་གནས་ཚུལ་ལ། བོད་ནང་དུ་འུར་རྒྱག་ཐུབ་དང་། གསར་འབྱོར་ཨ་རིར་ཡ་མཚན་བྱེད་མཁན་ཚོར་བག་ཆགས་འཇོག་ཁུལ་ཡང་། ཤོག་སེང་གི་ཚོད་བགམ་དེ་ནི་རྦད་དེ་ནོར་འཁྲུལ་རང་དུ་གྱུར་ངེས་རེད། གནད་དོན་འདིས་ཁོང་རང་མིང་གྲགས་ཁོ་ན་ལ་དགའ་བོ་བྱེད་མཁན ཞིག་ཡིན་པའི་ཟུར་ཞིག་རང་བཞིན་གྱིས་མཐོང་གི་རེད། ངས་འདིའི་སྐོར་ལ་མི་འགྱང་བར་རྩོམ་ཡིག་ཅིག་འབྲི་ངེས་ཡིན།

    གངས་ཕྲུག
    ༢༠༡༡/༡༡/༠༦ ཉིན་འདོན་སྤེལ་བྱས། ཨ་རིའི་གྲོས་ཚོགས་འཐུས་མི་སོགས་དང་ཐུག་འཕྲད་བྱེད་པ། རྩོམ་ཡིག་ཁྱ་འཁྱོག་རེ་འབྲི་བ་འདི་འདྲ་བཀའ་ཁྲིའི་ལས་དོན་གཏན་ནས་མིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུ་ཚེ་རིང་གྲོས་ཚོགས་བཅར་ནས་གསན་ཞིབ་སྐབས་ཆ་ཤས་བླངས་པ་བཞིན། ས་གནས་འབྲེལ་ཡོད་དོན་གཅོད་སོགས་བཅར་ཆོག་སར་བཀའ་ཁྲི་བཅར་ཁུལ་བྱེད་པ་འདི་ནི་དོན་དངོས་པོར་ཆབ་སྲིད་འཁྲབ་པ་རང་ལས་གྲུབ་འབྲས་གཞན་གང་ཡང་ཡོང་སྟངས་མེད། དེ་ནི་ཁོང་གིས་བོད་ནང་གི་བོད་མི་ཚོར་རྫིག་པོ་འཁྲབ་སྤྱད་ཅིག་ཡིན་པ་ལས། བཀའ་ཁྲིའི་མཚན་མཐོང་དང་མཐུན་པའི་ལས་དོན་ཞིག་མིན་པ་ཞེ་དྲག་གསལ་བོ་རེད་འདུག་པས། ཁོང་ལ་ལས་རྒྱུ་མ་རེག་པའི་གནས་སྟངས་དེ་ཧ་ཅང་གསལ་བོ་རེད། དེས་ན་རྗེས་ཕྱོགས་འདི་འདྲ་མི་གནང་རྒྱུ་མཁྱེན།
    གངས་ཕྲུག
    ༢༠༡༡/༡༡/༠༦ ཉིན་འདོན་སྤེལ་བྱས། བཀའ་ཁྲི་མཆོག་གི་རྩོམ་ཡིག་འདིའི་ནང་དུ་གནད་ལ་འཁེལ་བའི་དགོངས་ཚུལ་ཅི་ཞིག་འདུག་གམ། བཀའ་ཁྲིའི་མཚན་ཐོག་ནས་རྩོམ་ཡིག་འདི་འདྲ་སྤེལ་རྒྱུ་ནི་བོད་མི་ཚོའི་ཆེ་མཐོང་ཤོར་སྤྱད་ཅིག་ལས་གཞན་གང་ཡང་མ་རེད།
    བཀའ་ཁྲི་མཆོག་གིས་ད་བར་བོད་ནང་མེར་སྲེག་ལས་འགུལ་ཐད་ངོས་འཛིན་མ་འདྲ་བ་གང་ཡང་གནང་ཐུབ་མེད་ལ། དེ་བཞིན་མེར་སྲེག་གི་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ཁྲིམས་ཁང་གང་ཞིག་ཏུའང་བསྐྱལ་ཐུབ་མེད་པས། ཁོང་ཁྲིམས་ལུགས་ཆེད་མཁས་ཡིན་པའི་ངོས་ནས་ང་ཚོ་ཅི་ཞིག་ཕན་ཡོད་དམ། དེ་བས་བཀའ་ཁྲི་མཆོག་གིས་ཤེས་ལྡན་པ་རྣམས་ལ་བཀའ་འདྲི་གྲོས་བསྡུར་རྒྱུད་དེ་གནད་ལ་འཁེལ་བའི་གཏམ་བཤད་གནང་དགོས་ཀྱི་འདུག

    ཉེ་ཆར་ཨ་རི་ནས་ཁོང་གི་བོད་དོན་འགྲེལ་བརྗོད་ཀྱི་ལྗིད་ཁོག་དེ་རྦད་དེ་ངོ་ཚ་བོའི་གནས་སུ་གྱུར་ནས། ཀིརྟི་རིན་པོ་ཆེའི་གསུང་བཤད་མིན་ན་སྲིད་སྐྱོང་བའི་རྣམ་འགྱུར་རྫིག་པོ་འདིའི་ནང་སྟོང་བ་ཆགས་གྲབས་བྱས་ཡོད།

    Reply
  4. གཡུ་རྔོགས། says:
    ལོ་ 14 སྔོན།

    བོད་མི་མཐེ་བོང་ཙམ་ཞིག་ཡིན་རུང་བོད་སྤྱི་བའི་དོན་དུ་བསམ་ཚུལ་གང་ཡང་བཤད་དགོས་བའི་དུས་ལ་བབ་ནས་འདུག་སྟེ། ཡིན་ནའང་སྐབས་བབས་ཀྱི་བརྗོད་གཞི་དང་འབྲེལ་ཡོད་ཀྱི་བསམ་ཚུལ་གླེང་རྒྱུ་ལས་ཉ་ཉོག་ཡོད་ཚད་དཀྲུགས་དཀྲུགས་བཏང་ཡོང་དུས། གནད་དོན་མང་བོ་ཞིག་སྔར་བཞིན་མདུད་ལོག་ཁོ་ན་ཆགས་འགྲོ་བ་ལས་སྐྱ་དགར་ནས་གསལ་གྲོལ་བྱེད་ཐབས་ཤིག་རྙེད་སྲིད་པ་མ་རེད། དེའི་ཕྱིར་ཕྲན་ཀྱིས་སྲིད་སྐྱོངས་བློ་སེང་མཆོག་གི་དཔྱད་རྩོམ་འདི་སྐོར་ནས་བསམ་ཚུལ་སྣ་གསུམ་ལ་དབྱེ་ནས་མཆན་འདེབས་པའི་ལས་སུ་ཞུགས་བ་ཡིན།

    དང་པོ། སྲིད་སྐྱོངས་བློ་སེང་མཆོག་གི་དཔྱད་རྩོམ་འདིའི་ཁ་བྱང་དངོས་དེ་ཅི་ལྟར་དབྱིན་ཡིག་ཐོག་བཀོད་ཡོད་མེད་ཐད་ནས་ཉན་ཞིབ་གསལ་བོ་ཞིག་བྱེད་དགོས་བ་རེད་བསམ་པ་དྲན་བྱུང་། དེ་བཞིན་ཡིག་བསྒྱུར་བ་རྨ་མགུར་ལགས་ཀྱིས་གནས་ཚུལ་ཚ་བོ་ཡིན་ཐོག་ལ་དཀའ་ལས་བརྒྱབ་ནས་བསྒྱུར་བྱས་འདུག་པས་ཐུགས་རྗེ་ཆེ་ཞུ་བ་ལགས། བསྒྱུར་སྐྱོན་རེ་འགའ་སུ་ལའང་ཡོང་སྲིད་པ་ལྟར། བཀའ་ཁྲི་བློ་སེང་མཆོག་དཔྱད་རྩོམ་འདིའི་ཁ་བྱང་བསྒྱུར་སྟངས་ཏག་ཏག་རང་བསྡད་མེད་ཚུལ། བཙན་བྱོལ་བ་འབོད་པས་གསུང་གནང་བ་དེ་ག་རང་རེད།

    གཉིས་བ། སྲིད་སྐྱོངས་བློ་སེང་མཆོག་གི་འཛིན་སྐྱོངས་ཀྱི་ངོས་ནས་དང་ད་ལྟའི་བོད་ནང་གི་ཛ་དྲགས་གནས་བབས། དེ་བཞིན་པེ་ཅིན་གཞུང་གི་འཁྱོག་བརྗོད་བྱེད་ཕྱོགས། རྒྱལ་སྤྱིའི་སྲིད་སྟེགས་ནས་མཁོ་བསྒྲུབས་བྱེད་དགོས་བའི་རོགས་འདེགས་གང་ཐད་ལ་བལྟས་རུང་། ཁོང་སྲིད་སྐྱོངས་བློ་སེང་མཆོག་གི་དཔྱད་རྩོམ་འདི་དུས་ལ་བབ་ནས་རྐྱེན་དང་འཕྲད་ཡོད་པར་འདོད་པས་ཡིད་སེམས་དགའ་ནས་ཡོད།

    གསུམ་པ། ཁོང་བཀའ་ཁྲི་མཆོག་གི་དཔྱད་རྩོམ་འདི་ཡིན་ནའང་འདྲ། དེ་བཞིན་རྒྱལ་སྤྱིའི་སྲིད་སྟེགས་ནས་བོད་ནང་གི་ཛ་དྲགས་ཀྱི་གནས་སྟངས་འབྱུང་རྐྱེན་གླེང་སློང་གང་ནུས་ཀྱིས་བྱས་ཟིན་པ་དང་། རེ་བ་ཡང་ཡག་ས་ཞིག་བརྒྱབ་ནས་དགོས་འདུན་ཁག་བཏོན་གནང་བ་རེད། འོན་ཀྱང་། འདས་བའི་དུས་ཚོད་ནང་ལ་དཔེར་བཞག་ན་་བོད་ནང་གི་ཛ་དྲགས་ཀྱི་གནས་རེ་རེ་དང་སྟབས་བསྟུན་སྒོས། ཐེངས་མང་དང་ལན་མང་ལ་འུ་ཅག་གི་དགོས་འདུན་གང་མང་བཏོན་ནས་འཐབ་རྩོད་རབ་དང་རིམ་པ་བྱས་ཡོད་བ་རེད་དེ། པེ་ཅིན་གཞུང་གཡོ་འགུལ་ཅི་ཡང་མ་ཐེབས་ལ། སུན་སྣང་གང་ཡང་མ་བྱུང་བ་རེད། མཐར་ཐུག་བོད་གངས་ཅན་པའི་དགོས་འདུན་གང་ཡང་མ་བསྒྲུབས་པའི་ཁར་ཡང་དང་བསྐྱར་དུ་བཙན་མནོན་བྱས། བསམ་བཞིན་དུ་རྒྱལ་སྤྱིའི་མིག་མདུན་ནས་དྲགས་ཆས་ཁོ་ནས་འཇིགས་སྐུལ་རྐྱང་བྱས་བ་རེད། རྒྱུ་མཚན་འདི་འདྲ་ལ་བརྟེན་ནས་ད་ཐེངས་བཀའ་ཁྲི་མཆོག་གཙོ་བྱས་བོད་གངས་ཅན་པའི་དགོས་འདུན་ཅི་ལྟར་འགྲུབ་ཐབས་ལ་ཐབས་ལམ་མ་འདྲ་ཞིག་བཙལ་ནས་རྙེད་དགོས་རེད་དམ། ཡང་ན་འདས་སོང་བཞིན་དགོས་འདུན་ཉག་གཅིག་མ་འགྲུབ་ཀྱང་འུ་ཅག་གིས་རང་ཉིད་ལ་གུ་ཡངས་བྱེད་རྒྱུ་འམ། ཡང་མིན་ན་རྒྱལ་སྤྱིའི་སྲིད་སྟེགས་ལ་ཁ་གདངས་ནས་མིག་ཅེར་རེ་ངང་སྒུག་བྱེད་དགོས་བ་ཡིན་ནམ།

    སྤྱིར་ནས་བསམ་ཚུལ་་མཐའ་མ་འདི་གླེང་སློང་མང་ཙམ་དང་ཁ་ཚང་ཞིག་བྱེད་དགོས་བར་འདོད་ཡོད་མོད། རེ་ཞིག་མཇུག་སྐྱེལ་རྒྱུའི་ཚབ་ལ་དྲ་གྲོགས་ཚོ་དྲི་བ་ཞིག་བཀོད་ན་དགེ་ཕན་ཆེ་བ་འདུག་བསམ་ཐོག འདི་མུར་བཞག་བ་ཡིན། རྒྱུད་རིམ་ཡོད་པའི་སྒོ་ནས་གནད་དོན་དག་སྐྱ་དགར་ཐུབ་ན་དགེ་མཚན་ཆེ་བ་འདུག་ལ། རིམ་ཀྱིས་འུ་ཅག་དྲ་རྒྱ་སྟེང་ལ་འཛོམས་པའི་དགོས་བ་རྒྱུ་མཚན་ཞིག་དང་སྐབས་བབས་ཀྱི་གནད་དོན་འབབ་སྟེགས་ཞིག་ཀྱང་རྙེད་སྲིད་པ་རེད།

    Reply
  5. བཙན་པོའི་བུ། says:
    ལོ་ 14 སྔོན།

    དྲ་གྲོགས་རྣམ་པ། གང་ཟག་ལ་མི་ལྟོས། ཆོས་ལ་ལྟོས་གསུངས་པའི་མདམས་ངག་དེ་རྩ་བར་བཟུངས་ཏེ་བཀའ་མོལ་འདྲ་གནང་རོགས་གནང་། ད་རེས་བཀའ་ཁྲི་མཆོག་གིས་ཨ་རིའི་ཆེས་མཐོའི་དཔོན་རིགས་དང་མཇལ་འཕྲད་གནང་བ་དེར་ནུས་པ་དང་ཤུགས་རྐྱེན་ཅི་འདྲ་ཞིག་ཡོང་ངེས་ཡིན་མིན་ལ་བསམ་གཞིགས་མ་བྱས་པར་དེ་བས་བཀའ་ཁྲིས་ཅི་མཛད་ལ་སྐྱོན་བརྗོད་ཁོ་ན་བྱས་ནས་ཅི་ཞིག་ཕན།

    Reply
  6. ཅོ་རི་ཉི་མ། says:
    ལོ་ 14 སྔོན།

    གངས་ཕྲུག་ཟེར་བ་འདིས་ག་རེ་ལབ་ཀྱི་ཡོད་རེད། བོད་མི་དམངས་ཀྱིས་བསྐོས་པའི་སྲིད་འཛིན་བློ་བཟང་སེང་གེས་ཨ་ཪི་གྲོས་ཚོགས་འཐུས་མི་རྣམས་སུ་མཇལ་འཕྲད་གནང་བར་དགའ་པོ་མ་བྱུང་པར་འདྲ།
    ཡིན་ནའང་ཨ་རི་གྲོས་ཚོགས་འཐུས་མི་དང་རྒྱལ་སྤྱིའི་གནད་ཡོད་མི་སྣ་ལ་སྲིད་འཛིན་བློ་བཟང་སེང་གེ་མཆོག་གིས་མཇལ་འཕྲད་དགོས་ངེས་རེད་ལ་བོད་རྒྱ་ཆེན་མི་དམངས་ཀྱིས་འདོད་རེ་བ་དང་འདུན་པ་ཡང་རེད།
    བུ་ཆུང་ཚེ་རིང་སོགས་ཀྱིས་མ་གཏོགས་བཀའ་ཁྲིས་མཇལ་འཕྲད་གནང་ན་འགྲིག་གི་མེད་མདོག་མདོག་བཤད་པ་འདིར་ཅི་འདྲ་དགོད་མོ་ཤོར་བའི་སྐད་ཆ་ཞིག་རེད་ཨང།

    Reply
  7. གངས་ཕྲུག says:
    ལོ་ 14 སྔོན།

    ཨ་རིའི་གྲོས་ཚོགས་འཐུས་མི་སོགས་དང་ཐུག་འཕྲད་བྱེད་པ། རྩོམ་ཡིག་ཁྱ་འཁྱོག་རེ་འབྲི་བ་འདི་འདྲ་བཀའ་ཁྲིའི་ལས་དོན་གཏན་ནས་མིན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བུ་ཆུ་ཚེ་རིང་གྲོས་ཚོགས་བཅར་ནས་གསན་ཞིབ་སྐབས་ཆ་ཤས་བླངས་པ་བཞིན། ས་གནས་འབྲེལ་ཡོད་དོན་གཅོད་སོགས་བཅར་ཆོག་སར་བཀའ་ཁྲི་བཅར་ཁུལ་བྱེད་པ་འདི་ནི་དོན་དངོས་པོར་ཆབ་སྲིད་འཁྲབ་པ་རང་ལས་གྲུབ་འབྲས་གཞན་གང་ཡང་ཡོང་སྟངས་མེད། དེ་ནི་ཁོང་གིས་བོད་ནང་གི་བོད་མི་ཚོར་རྫིག་པོ་འཁྲབ་སྤྱད་ཅིག་ཡིན་པ་ལས། བཀའ་ཁྲིའི་མཚན་མཐོང་དང་མཐུན་པའི་ལས་དོན་ཞིག་མིན་པ་ཞེ་དྲག་གསལ་བོ་རེད་འདུག་པས། ཁོང་ལ་ལས་རྒྱུ་མ་རེག་པའི་གནས་སྟངས་དེ་ཧ་ཅང་གསལ་བོ་རེད། དེས་ན་རྗེས་ཕྱོགས་འདི་འདྲ་མི་གནང་རྒྱུ་མཁྱེན།

    Reply
  8. གངས་ཕྲུག says:
    ལོ་ 14 སྔོན།

    བཀའ་ཁྲི་མཆོག་གི་རྩོམ་ཡིག་འདིའི་ནང་དུ་གནད་ལ་འཁེལ་བའི་དགོངས་ཚུལ་ཅི་ཞིག་འདུག་གམ། བཀའ་ཁྲིའི་མཚན་ཐོག་ནས་རྩོམ་ཡིག་འདི་འདྲ་སྤེལ་རྒྱུ་ནི་བོད་མི་ཚོའི་ཆེ་མཐོང་ཤོར་སྤྱད་ཅིག་ལས་གཞན་གང་ཡང་མ་རེད།
    བཀའ་ཁྲི་མཆོག་གིས་ད་བར་བོད་ནང་མེར་སྲེག་ལས་འགུལ་ཐད་ངོས་འཛིན་མ་འདྲ་བ་གང་ཡང་གནང་ཐུབ་མེད་ལ། དེ་བཞིན་མེར་སྲེག་གི་ལས་འགུལ་འདི་བཞིན་རྒྱལ་སྤྱིའི་ཁྲིམས་ཁང་གང་ཞིག་ཏུའང་བསྐྱལ་ཐུབ་མེད་པས། ཁོང་ཁྲིམས་ལུགས་ཆེད་མཁས་ཡིན་པའི་ངོས་ནས་ང་ཚོ་ཅི་ཞིག་ཕན་ཡོད་དམ། དེ་བས་བཀའ་ཁྲི་མཆོག་གིས་ཤེས་ལྡན་པ་རྣམས་ལ་བཀའ་འདྲི་གྲོས་བསྡུར་རྒྱུད་དེ་གནད་ལ་འཁེལ་བའི་གཏམ་བཤད་གནང་དགོས་ཀྱི་འདུག

    ཉེ་ཆར་ཨ་རི་ནས་ཁོང་གི་བོད་དོན་འགྲེལ་བརྗོད་ཀྱི་ལྗིད་ཁོག་དེ་རྦད་དེ་ངོ་ཚ་བོའི་གནས་སུ་གྱུར་ནས། ཀིརྟི་རིན་པོ་ཆེའི་གསུང་བཤད་མིན་ན་སྲིད་སྐྱོང་བའི་རྣམ་འགྱུར་རྫིག་པོ་འདིའི་ནང་སྟོང་བ་ཆགས་གྲབས་བྱས་ཡོད།

    Reply
  9. ནགས་མེ། says:
    ལོ་ 14 སྔོན།

    ཁྱེད་ཀྱི་སྒྱུར་རྩལ་དེ་ཙམ་རེད་མོད། ཁ་ནང་སྐོར་བྱས་པ་བཟང་བྱུང་།

    Reply
  10. དཀར་མཚོ་སྐྱིད། says:
    ལོ་ 14 སྔོན།

    འོག་ཏུ་བཙན་བྱོལ་བས་ཁ་བྱང་གི་ཨིན་ཡིག་རྫུན་མ་བཀོད་འདུག
    ཕ་ཡུལ་དྲྭ་ཚིགས་ནང་གི་ཨིན་ཡིག་གི་ཁ་བྱང་ངོ་མ་ནི་འདི་ཡིན།
    Chinese repression to blame for immolations in Tibet

    Reply
  11. ཤྰ་རིའི་བུ། says:
    ལོ་ 14 སྔོན།

    བསྒྱུར་པ་པོ་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཡ་ཡིན། གུས་པའི་ཤེས་པ་ནི་བོད་ཡིག་ཁོ་ན་ཡིན། འདི་འདྲ་རིགས་རྣམས་མཇལ་དུས་དགའ་བ་འདུག

    Reply
  12. བཙན་བྱོལ་བ་ says:
    ལོ་ 14 སྔོན།

    སྤྱི་ཡོངས་ནས་འགྱུར་ཡག་པོ་འདུག ཁོ་བོའི་བསམ་འཆར་ནི་རྩོམ་ཡིག་འདིའི་འགོ་བརྗོད་ཀྱི་སྐོར་ལ་ཡིན། བོད་ནང་གི་རང་ལུས་མེར་བསྲེག་ལ་སྐྱོན་བརྗོད་བྱེད་པའི་རྒྱ་ནག་གི་དྲག་གནོན། ཞེས་པ་དེའི་དོན་གང་འདྲ་གོ་དགོས་སམ། གོ་བ་བླངས་ན། མེར་བསྲེག་གི་ལས་འགུལ་ལ་སྐྱོན་བརྗོད་བྱེད་མཁན་ནི་རྒྱ་ནག་ཡིན་པའི་བཟོ་འདྲ་པོ། ཡང་ན་གཞན་སུ་ལ་གོ་དགོས་སམ། འགོ་བརྗོད་འགྱུར་སྟངས་འགྲིག་མིན་འདུག འདི་ནི་ཐད་འགྱུར་ཐལ་ཆེ་དྲག་འདུག་བསམ། ཨིན་ཡིག་གི་ནང་དུ། China’s Repression to blame for inflamations in Tibet ཞེས་པ་འདི་རེད། གནས་ཚུལ་འདི་ཕ་ཡུལ་དྲ་རྒྱ་ནང་དུ་བཀོད་ཡོད། ཁོ་བོས་བསམས་ན། བོད་ནང་གི་རང་ལུས་མེར་བསྲེག་འབྱུང་རྐྱེན་ནི་རྒྱ་ནག་གི་དྲག་གནོན་ཡིན། ཞེས་པ་ལྟར་འགྱུར་ན་ལེགས། རྒྱུ་མཚན་ནི། རྒྱ་ནག་གིས་མེར་བསྲེག་གི་ལས་འགུལ་འདི་ནི་ཕྱིར་བཞུགས་༸གོང་ས་མཆོག་དང་བཙན་བྱོལ་གཞུང་། དེ་བཞིན་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་གཞོན་ནུ་ལྟ་བུས་ངན་བསྐུལ་བྱེད་པ་རེད་ཟེར་ནས་སྐྱོན་བརྗོད་པ་དེ་ལ་ལན་འདེབས་ཀྱི་ཚུལ་དུ་ལས་འགུལ་དེ་དག་འབྱུང་རྐྱེན་ངོ་མ་ནི་རྒྱ་ནག་གི་དྲག་གནོན་ལ་ངོ་མ་ཐེབས་ནས་ཐབས་སྡུག་གི་ལས་འགུལ་འདི་སྤེལ་དགོས་བྱུང་བ་རེད་ཟེར་བ་འདི་ཡིན།

    Reply
  13. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྨ་མགུར་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའོ། བོད་མི་ཤེས་ཡོན་པ་ཞིག་གི་གནང་དགོས་ཡས་ཀྱིས་ཕྱག་ལས་འདི་ནི་ལས་འགུལ་ཡོངས་ཀྱི་གལ་གནད་ཆེ་བའི་རླབས་ཆེན་གྱི་ལས་འགུལ་ཞིག་རེད།

    Reply
  14. རོ་ལངས། says:
    ལོ་ 14 སྔོན།

    སྒྱུར་པ་པོ་རྨ་མགུར་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའོ། གལ་ཆེན་གྱི་གསར་འགྱུར་བསྒྱུར་བ་ནི་ཕྱོགས་གང་ནས་བསམ་ཀྱང་ལས་འགུལ་རླབས་ཆེན་ཞིག་ཡིན་པ་གསལ་པོ་རེད། མུ་མཐུད་ད་དུང་གསར་འགྱུར་དང་ཆབ་སྲིད་དཔྱད་བརྗོད་གང་མང་བསྒྱུར་གནང་ཡོང་བའི་འབོད་སྐུལ་ཞུ་གི་ཡོད།

    Reply
  15. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བཀའ་ཁྲིས་ཡག་པོ་གསུངས་འདུག ལྷག་པར་དུ་”མཐོ་རིམ་གྱི་ཤེས་ཡོན་ལྡན་པའི་ཆེད་ལས་མཁས་པ་དང་ཤེས་རིག་ལྡན་པའི་གྲྭ་བ་རྣམས་ཀྱིས་ང་ཚོའི་ལས་འགུལ་འདི་སྟོབས་ཤུགས་ཆེ་རུ་གཏོང་བ་དང་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་པར་མིའི་རིགས་ཀྱི་གསར་བཏོད་ཀྱི་ནུས་པ་དང་ཡང་དག་པའི་ཐབས་ཇུས་ཀྱི་མཐུན་རྐྱེན་རྣམས་ངེས་པར་དུ་འདོན་ངེས་ཡིན”འདིའི་དམིགས་རེ་ཧ་ཅང་གལ་ཆེན་རེད།
    བཀའ་སྤྱི་གཉིས་ཀྱིས་གཙོས་ཚོགས་སྡེ་ཁག་དང་སྒེར་བ་ཁང་ཚང་མས་སྤྱི་དང་བྱེ་བྲག་གི་གནད་དོན་དབྱེ་ཐུབ་པའི་སྒོ་ནས་གཏམ་བཤད་ཁག་གི་ནང་དོན་གཅིག་གྱུར་དང་ངོ་རྒོལ་གྱི་འབོད་ཚིག་གཅིག་གྱུར་ཡོང་དགོས།་འོན་ཀྱང་ངོ་རྒོལ་གྱི་རྣམ་འགྱུར་ཅི་འདྲ་མང་ན་དེ་འདྲ་བཟང།

    Reply
  16. འཇིགས་བྲལ་བསྟན་འཛིན། says:
    ལོ་ 14 སྔོན།

    རྨ་འགུར་སངས་རྒྱས་ལགས་ནས་གལ་ཆེའི་ཡིག་ཆ་འདི་བསྒྱུར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་ལན་བསྒྱུར་བ་འདིས་མཚོན་པའི་བོད་དང་བོད་མིར་འབྲེལ་བ་ཡོད་པའི་ཆབ་སྲིད་ཀྱི་ཡིག་རིགས་མང་ཙམ་བསྒྱུར་རོགས་ཅེས་འབོད་སྐུལ་ནན་པོ་ཞུ་གི་ཡོད།

    བཙན་བྱོལ་ནང་བོད་གཞུང་མང་གིས་ལས་འགུལ་མང་པོ་ཞིག་སྤེལ་བཞིན་པ་དེའི་ཐད་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་བོད་དང་འབྲེལ་བའི་གལ་ཆེའི་གནས་ཚུལ་མང་པོ་ཞིག་ཉིན་བཞིན་ཐོན་གྱི་འདུག ཡིན་ནའང་བོད་ཡིག་གི་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་སྤེལ་གནང་གི་མི་འདུག ང་ཚོས་སོ་སོའི་དབུ་ཁྲིད་ཚོས་གང་གནང་བཞིན་པ་དང་། རྒྱལ་སྤྱིས་ཡ་ལན་གང་འདྲ་ཐོབ་བཞིན་པ་དེ་ངེས་པར་ཤེས་དགོས་རྒྱུ་དེ་གལ་ཆེན་ཆགས་ཡོད་པ་རེད།

    དེ་བཞིན་བོད་དོན་གཙོ་བོ་བྱས་པའི་ཆབ་སྲིད་དཔྱད་བརྗོད་ཀྱི་རྩོམ་ཡིག་མང་པོ་ཞིག་མཁས་དབང་ཁག་གིས་སྤེལ་གནང་བསྡད་ཀྱི་ཡོད་རེད། ང་ཚོ་བོད་ཡིག་ཀློག་པ་པོ་ཚོས་དེ་ཚོ་ངེས་པར་གོ་དགོས་ཀྱི་འདུག གནད་དོན་འདི་དག་གི་ཐད་ཡིག་བསྒྱུར་གནང་ཐུབ་མཁན་ཚོས་བོད་ནང་གི་བོད་མིའི་ངོ་ལ་བལྟས་ནས་བསྒྱུར་གནང་ཐུབ་ན་རྣམ་པ་ཚོས་བོད་དོན་ལས་འགུལ་རླབས་ཆེ་ཤོས་ཤིག་རེད་བསམ་གྱི་འདུག

    གང་ལྟར་ཁྱོན་ཡོངས་ཀྱི་གནས་ཚུལ་ཤེས་པའི་ཐོག་ནས་འགྲོ་མ་ཐུབ་ན་རང་ཕྱོགས་དང་གཞན་ཕྱོགས། མདོར་ན་ནང་ཁུལ་འཐེན་འཁྱེར་དེའི་ཐོག་མགོ་འཁོར་འགྲོ་གི་འདུག་ལ། དྲ་རྒྱ་ཁག་གི་ནང་དཔྱད་བརྗོད་རྩོམ་ཡིག་ཧ་ཅང་ཉུང་བ་དང་། རེ་ཟུང་ཡོད་པ་དེ་ཚོར་བགྲོ་གླེང་ཞིབ་ཙམ་ཡང་འགྲོ་ཐུབ་ཀྱི་མེད་པ་འདིས་ང་ཚོ་ལ་ཁྱོན་ཡོངས་ཀྱི་གནས་ཚུལ་གལ་ཆེན་པོ་ག་ཚོད་ཆགས་ཡོད་པ་དེ་སྟོན་བཞིན་འདུག

    Reply
  17. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྨ་མགུར་ལ་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུའོ། སྤྱིར་མི་སེམས་འགུལ་བའི་རྩོམ་རིགས་སྤེལ་བསྒྱུར་བྱེད་པོ་དག་གི་འཕྲིན་ལས་རྒྱས་པར་ཤོག གཞན་ཕྱོགས་དང་ལྷག་པར་རྒྱ་དམར་གྱི་རྫུན་སྒྲོག
    དག་ཀྱང

    Reply
  18. བློ་བཟང་དཔལ་ལྡན། says:
    ལོ་ 14 སྔོན།

    ཐུགས་རྗེ་ཆེ་ཐེངས་གཉིས་ལ་བཀླགས་ཟིན་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese