མི་རིང་བར་བདག་གིས་ལོ་ངོ་གཉིས་ཙམ་རིང་ལ་འབད་འབུངས་བྱས་དེ་བྲིས་པའི་དངོས་བྱུང་གི་བརྩམས་སྒྲུང་།
སྤྱིན་བདག་མི་དགོས། གྲྭ་བ་མི་བྱེད་ཅེས་པའི་བརྩམས་སྒྲུང་གི་དེབ་འདི་ནི་ཕྱི་ལ་ཐོན་གྲབས་ཡོད། དེབ་ཀྱི་ནང་དོན་སྔ་གཞུག་ལ་ཡིག་ཚད་ཀྱི་སྐྱོན་ཆ་ཆེས་མི་ཉུང་བ་ཞིག་ཡོད་སྲིད་ཀྱང་། སྤྱི་ཚོགས་ཤིག་གི་ཟུར་ན་བོད་ནས་གསར་དུ་འབྱོར་ཞིང་། བྱེས་སུ་དཀའ་ཚེགས་རིམ་རྒྱུད་ཀྱི་ལོ་ཟླ་བསྐྱལ་བའི་མི་ཞིག་གི་གཏམ་རྒྱུད་དངོས་ཡིན་དུས། ཀློག་མཁན་སུ་ཞིག་ལ་མཚོན་ན། དེབ་དེ་ཀློག་རྒྱུར་དགའ་མོས་ཡོང་བར་བདག་གིས་ཡིད་ཆེས་བྱེད་ཀྱི་ཡོད།
དེབ་དེར་ཤོག་གྲངས་དྲུག་བརྒྱ་དང་ལྔ་བཅུ་ཡོད། ཉོ་མཁན་ཡོད་ན། ཁ་བྱང་souloflove538@gmail.comའདིའི་སྟེང་དུ་འབྲེལ་བ་བྱོས་དང་།
གློག་འཕྲིན་ཁ་བྱང་རྒྱུད་དེ་མངགས་ཉོ་གནང་མཁན་ཚོར་དགའ་བསུ་ཡོད་ལ་རིན་གོང་ཅུང་ཁེ་བོ་ཡང་བྱེད་ངེས་ཡིན།
དཔེ་དེབ་དེ་ཡག་པོ་ཡོད་སྲིད་ཀྱང་།པར་དེ་ལ་བལྟས་ན་ཁྱད་མཚར་ཞིག་འདུག་པས་གང་འདྲ་ཡིན་ན་བསམ་བྱུང་། དཔར་དང་སྒྲུང་གི་བརྗོད་བྱ་གཉིས་དེ་འདྲ་འབྲེལ་བ་ཨེ་ཡོད་སྙམ་པའི་དོགས་པ་ཞིག་རང་བཞིན་གྱིས་སྐྱེས་བྱུང་།
དེ་རིང་གྲོགས་པོ་བོད་རིགས་འགའ་དང་ལྷན་དུ་སྐྱེད་ཚལ་ཞིག་དུ་ཐུགས་འཕྲད་བྱེད་སྐབས་སུ། གྲོགས་པོ་རྨ་བློ་ཡིས་ང་ལ་བརྩམས་སྒྲུང་འདི་འགོ་རྩོམ་དུས་ཀྱི་ལོ་ངོ་གཉིས་ཀྱི་གོང་དུ། ཁོ་རང་ངས་བརྩམས་སྒྲུང་འདི་མུ་འགོད་བྱེད་པའི་འགོ་བརྩམས་མ་ཐག ཁོ་རང་གིས་ནམ་ཞིག་བརྩམས་སྒྲུང་བྲིས་ཚར་བ་དང་མཉམ་དུ་ཁོ་རང་གིས་ང་ལ་ཞལ་འདེབས་ཤིག་སྤྲོད་རྒྱུའི་ཁས་ལེན་བྱས་ཡོད་པ་ལྟར། དེ་རིང་ཁོས་ང་ལ་དེབ་འདི་གསར་དུ་དཔར་བསྐྲུན་བྱེད་འཆར་ཡོད་པ་དེ་ལ་ཁོ་རང་གིས་ཤིས་ཀར་ཉིན་བརྒྱ་ཡི་ཞལ་འདེབས་སྤྲད་སོང་། གྲོགས་པོ་ཚོ་སླེབས་ནས་བདག་གི་དེབ་འདི་ཐོན་ལ་ཉེ་བར་དགའ་བསུ་ཞུས་པ་དེར་དགའ་ཡོད། དཔར་བསྐྲུན་རྒྱ་གར་དུ་བྱེད་ཀྱི་ཡོད། འགྲེམ་སྤེལ་ཡང་རྒྱ་གར་ནས་བྱེད་ཀྱི་ཡོད་ལགས། སྒྲུང་གི་ཡག་ཉེས་སོགས་འབྲི་རྩལ་གྱི་མ་འདང་བའི་ཆ་མང་བོ་ཡོད་ངེས་ཡིན། སྒྲུང་གི་བརྗོད་གཞི་ནི། འཚོ་བ་དངོས་ཡིན། དེ་དག་སྤུན་ཟླ་དག་གིས་ཐུགས་འཇུག་ཞུ།
ང་ཚོས་རྒྱ་གར་ནང་ནས་ཉོ་ཐུབ་བམ་ང་ལ་གཅིག་དགོས།
དཔེ་དེབ་ཀྱི་རྒྱབ་གཟུགས་ཡག་པོ་མེད་རུང་གང་ལྟར་ནང་དོན་ལ་བལྟ་རྒྱུ་དེ་རེད། ཡག་པོ་ཡིན་པའི་ཡིད་ཆེས་བརྒྱ་ཆ་བརྒྱ་ཡོད། མདོར་བསྡུས་ནས་བཤད་ན་ཁྱེད་ཀྱི་སྒྲུང་དེབ་གསར་བ་འདི་ཐོན་པར་དགའ་གུས་ཚད་མེད་ཡོད། མགྱོགས་པོ་བཀླག་འདོད་ཡོད།
སྒྲུང་གི་ཁ་བྱང་མཐོང་ན་དངོས་གཞི་དྲོ་བ་ཆེ་ས་རེད་ཉོ་ནས་ཡིན་ད།
ཨ་རོ་མྱི་ལྡང་།
དཔེ་དེབ་ཀྱི་རྒྱབ་གཟུགས་ད་ཅིག་སྡུག་གི
ནང་རྩོམ་དེ་ག་ནང་བཞིན་མིར་པར་སྨོན།
གདན་སའི་ཨ་ཁུ་ཚོའི་ཞབས་བརྟན་འདོན་བྱེད་དེ་ཚོ་དང་འདྲ་བོ་འདུག