མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོཊ་ཀྱི་བླ་སྤྲུལ་དགེ་བཤེས་ཚོས་ཕ་ཡུལ་ཡུན་ནན་ལ་ལམ་སྟོན་གནང་རོཊ།

བོད་ཀྱི་དུས་བབ།
༢༠༡༡/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བོད་ནས་གསར་དུ་འབྱོར་མཁན་བྱམས་པ་ཐོགས་མེད་ལགས་བརྒྱུད་གནས་ཚུལ་རྒྱུས་ལོན་བྱས་པ་ལྟར་ན། ཁོང་གི་ཕ་ཡུལ་ཡུན་ནན་ས་ཁུལ་ཁག་གི་བོད་རིགས་རྣམས་སོ་སོའི་སྐད་དང་ཡི་གེ རིག་གཞུང་དང་མི་རིགས་ཀྱི་ལྟ་བ་བརླག་འགྲོ་བཞིན་ཡོད་པ་མ་ཟད། གྲྭ་བ་ཚོའི་ཁྲོད་དུ་ཆང་དང་ཐ་མག་འཐེན་མཁན་ཡང་མང་རབ་བཤད།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་འདི་གའི་གསར་འགོད་པ་བཞུགས་སྒར་ངྷ་རམ་ས་ལའི་ཉེ་འདབས་སུ་ཡོད་པའི་དབུས་སྣེ་ལེན་ཁང་དུ་བསྐྱོད་དེ། ཕ་ཡུལ་ཡུ་ནན་བདེ་ཆེན་ནས་ཡིན་པ་རང་ལོ་ ༢༠ སོན་པའི་གྲྭ་བྱམས་པ་ཐོགས་མེད་ལགས་ལ་ཕ་ཡུལ་གྱི་གནད་དོན་སྐོར་ཞིག་གི་ཐད་རྒྱུས་ལོན་བྱས་པར། ཁོང་རང་ལོ་ ༧ ལ་སོན་སྐབས་བུ་བསྟན་དགོན་དུ་ཆོས་ཞུགས་བྱས་པ་དང་། སྐབས་དེར་དགོན་པ་ཆུང་ཆུང་དེའི་ནང་གྲྭ་བ་ ༢༠ ཙམ་ཞིག་ཡོད་ཅིང་། ད་ཆར་གྲྭ་བ་ ༡༥ ཙམ་ལས་མེད་པ་དང་། གྲྭ་བ་ཇེ་ཉུང་དུ་ཕྱིན་པའི་གནས་སྟངས་དེ་བུ་བསྟན་དགོན་གཅིག་པུ་མིན་པར་ཕ་ཡུལ་ཡུན་ནན་ཕྱོགས་ཀྱི་དགོན་པ་སྤྱིའི་གནས་སྟངས་ཞིག་ཡིན་འདུག དེའི་རྒྱུ་རྐྱེན་ནི། རྒྱ་ནག་གི་སྲིད་ཇུས་འོག་བཟའ་ཚང་རེར་བྱིས་པ་གཉིས་ལས་སྐྱེ་མི་ཆོག་སྟབས། ཕ་ཤུལ་རྒྱུན་འཛིན་དང་ནང་མིར་ལྟ་རྟོག་བྱེད་མཁན་ཕུལ་པའི་དགོན་པར་གྲྭ་བ་བྱེད་དུ་འཇུག་རྒྱུའི་བྱིས་པ་དཀོན་པོ་ཆགས་ཡོད་པས་ཡིན་འདུག

 

བུ་བསྟན་དགོན་ལ་མཚོན་ན། ཞབས་རིམ་ཙམ་ལས་གཞུང་ཆེན་དང་མཚན་ཉིད་རིགས་མེད་པ་དང་། དེ་བཞིན་སྲོང་བཙན་གླིང་དགོན་པ་དང་དོན་གྲུབ་གླིང་དགོན་པ་རེ་གཉིས་ནི་ཡུལ་དེའི་དགོན་པ་ཆེ་ཤོས་ཡིན་ཡང་།  གཙོ་བོ་ཞབས་བརྟན་རིགས་ལས་སྔགས་ཆོས་དང་མཚན་ཉིད་འཆད་ཁྲིད་རིགས་ས་ཆ་མ་སྟོང་ཙམ་རེ་ཡིན་འདུག གཞུང་ཆེན་ཁག་དང་མཚན་ཉིད་རིགས་ལ་སློབ་སྦྱོང་བྱ་འདོད་ཀྱང་དགེ་རྒན་རག་དཀའ་པ་དང་། རྒྱ་གར་ནས་ཕྱིར་ཕེབས་པའི་དགེ་བཤེས་དེ་འདྲ་ཡོད་ཀྱང་དགོན་པའི་ནང་འཆད་ཁྲིད་བྱེད་མི་ཆོག་པ་མ་ཟད། དགོན་པར་འགྲོ་དགོས་བྱུང་ཚེ་སྐྱ་ཆས་གྱོན་ཏེ་གསང་བའི་ངང་འགྲོ་འོང་བྱ་དགོས་ཡོད་འདུག གྲྭ་བྱམས་པ་ལགས་ཀྱིས། “རྒྱ་གཞུང་ས་གནས་དཔོན་རིགས་ཚོས། གྲྭ་བ་ཚོ་བདེ་ཆེན་ནང་བསྟན་སློབ་གླིང་དུ་ཞུགས་ཏེ་སློབ་སྦྱོང་བྱ་རྒྱུར་སྐུལ་མ་གཏོང་གི་རེད། དེར་སུམ་རྟགས་སྙན་ངག་དང་མཚན་ཉིད་རིགས་པ་སོགས་ཡག་པོ་ཡོད་རབས་བཤད་ཀྱང་། སློབ་གླིང་དེར་ཞུགས་སྐབས་ཆབ་སྲིད་དང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཤུགས་ཆེ་བ་དང་དགེ་རྒན་ཕལ་ཆེ་བ་མི་སྐྱ་རེད” ཅེས་བརྗོད་བྱུང་།

 

ད་ལྟ་བོད་ཀྱི་ས་ཁུལ་གཞན་དང་བསྡུར་ན། ཡུན་ནན་ས་ཁུལ་གྱི་བོད་རིགས་ཁྲོད་བོད་ཀྱི་སྐད་ཡིག་དང་རིགས་གཞུང་མི་ཤེས་མཁན་མང་པ། གྲྭ་བ་ཞིག་ལ་མཚོན་ན་འདུལ་ཁྲིམས་སྲུང་སྟངས་སོགས་ཉམས་ཏེ། རྒྱ་ཡིག་རྒྱ་སྐད་དང་རྒྱ་གཤིས་ལ་འགྱུར་བཞིན་པ་ཙམ་མ་ཟད། ཐ་མག་དང་ཆག་རག་སོགས་ཚུལ་མིན་གྱི་བྱ་སྤྱོད་འཛིན་པའི་གྲྭ་བ་མང་པོ་ཡོད་འདུག དེའི་རྒྱུ་རྐྱེན་ནི་གཅིག་ནས་ཡུན་ནན་ས་ཁུལ་དུ་རྒྱ་རིགས་སློབ་གྲྭ་ལས་བོད་ཀྱི་སྐད་ཡིག་རིག་གནས་སློབ་སའི་ཁོར་ཡུག་མེད་པ་དང་། གཉིས་ནས་རྒྱ་མི་མང་དྲགས་པ། དེ་བཞིན་དགོན་པའི་ཉེ་འཁོར་དང་ཁྲོམ་གཞུང་གང་སར་རྒྱའི་ཟ་ཁང་ཆང་ཁང་དང་། གློག་བརྙན་ཁང་མང་སྟབས། གྲྭ་བ་ཚོ་ཉིན་ལྟར་འཁྱམ་ཉུལ་གྱིས་རྒྱ་རིགས་ཀྱིས་ཁེངས་པའི་སྤྱི་ཚོགས་ཁྲོད་སྐྱེལ་བཞིན་པ་བཅས་ལ་བརྟེན་ནས་བོད་རང་གི་གཤིས་ལུགས་ཤོར་ཏེ་རྒྱ་སྐད་བཤད་མཁན་དང་རྒྱའི་ཆ་ལུགས་འཛིན་པའི་མི་རབས་ཤིག་ཆགས་བཞིན་ཡོད་ཅིང་། ཟ་ཁང་ཚོང་ཁང་ཞིག་ཏུ་སྐྱོད་སྐབས་རྒྱ་སྐད་རྒྱ་ཡིག་བེད་སྤྱོད་མ་བྱས་ཚེ་ཟ་མ་ཡང་རག་དཀའ་པ་དང་ཅ་དངོས་ཉོ་མི་ཐུབ་པའི་གནས་སྟངས་ཆགས་ཡོད་འདུག

 

གྲྭ་བ་ཚོའི་དཀའ་ངལ་སྐོར་ནས། བུ་བསྟན་དགོན་ནི་དགོན་པ་ཆུང་ཆུང་ཡིན་པས་ཁར། རི་སྒང་ཁུག་ཀྱོག་ཅིག་ཏུ་ཡོད་སྟབས་རླངས་འཁོར་ལམ་ཁ་མེད་པས། ༧གོང་ས་མཆོག་གི་སྐུ་པར་སོགས་ལ་དེ་ཙམ་དམ་དྲག་མེད་ཀྱང་། དགོན་པའི་ཕྱི་རོལ་དུ་འགྲོ་སྐབས་རྫོང་ཐོག་སོགས་སུ་སོ་སོའི་རྩ་བའི་བླ་མ་༧གོང་ས་མཆོག་གི་སྐུ་པར་སྐེ་ལ་འདོག་པ་དང་འཁྱེར་པ་སོགས་བྱེད་ཆོག་པ་དང་།  དེ་བཞིན་གྲྭ་བ་ཚོ་རྒྱ་གར་དུ་༧གོང་ས་མཆོག་ལ་མཇལ་རྒྱུ་དང་སློབ་སྦྱོང་བྱ་ཕྱིར་འགྲོ་འདོད་ཆེན་པོ་ཡོད་ཀྱང་། གཅིག་ནས་ཐོངས་མཆན་རག་གི་མེད་པ་དང་། གཉིས་ནས་འབྲོ་དགོས་བསམ་ཀྱང་འབར་ཁམས་བརྒྱུད་དགོས་སྟབས་ས་ཁུལ་དེ་དག་དམག་མིས་དམ་པོ་སྲུང་ཡོད་པ། གལ་སྲིད་བྲོས་ཐར་པའི་དབང་དུ་བཏང་ཡང་དགོན་པའི་གྲྭ་བ་ཞིག་མེད་པ་ཤེས་ཚེ་དགོན་པ་དང་ནང་མིར་འདྲི་གཅོད་བྱེད་ཀྱི་ཡོད་པ་དང་། རྒྱ་གར་ལ་བྲོས་པ་ཤེས་རྟོགས་བྱུང་ཚེ་ཕ་མ་ནང་མི་ཚོ་བཙོན་ལ་འཇུག་པ་དང་ཉེས་ཆད་གཏོང་གི་ཡོད་པ། ལྷག་པར་དུ་རྒྱ་ནག་གི་སྲིད་ཇུས་འོག་སློབ་སྦྱོང་གང་འདྲ་ཞིག་སྤྲོད་ཀྱི་ཡོད་ཀྱང་། རྒྱལ་གཅེས་སློབ་གསོའི་ཁྱབ་ཁོངས་ལས་བརྒལ་ཐུབ་ཀྱི་མེད་ཚུལ་སོགས་བརྗོད་བྱུང་། གནད་དོན་འདི་དང་འབྲེལ་ཏེ་གྲྭ་བྱམས་པ་ལགས་ཀྱིས་ “མི་རིགས་གང་འདྲ་ཞིག་ཡིན་ཀྱང་སོ་སོའི་རིགས་གཞུང་དང་སྐད་ཡིག མི་རིགས་ཀྱི་ལྟ་བ་མི་ཤེས་མཁན་ཞིག་ཆགས་ཡོང་དུས། མི་རིགས་ཟེར་པ་ཞིག་ངོས་འཛིན་བྱེད་ས་མེད་པར་གྱུར་པ་རེད།”ཟེར།

 

ཁོང་གིས་མུ་མཐུད་དུ་བརྗོད་དོན་ “དེང་སང་ཡུན་ནན་ནས་ཡིན་པའི་གྲྭ་བ་མང་པོའི་ནང་ཐ་མག་དང་ཆང་རག་སོགས་ཚུལ་མིན་གྱི་བྱ་སྤྱོད་ཡོད་མཁན་མང་པོ་ཡོད་པ་དེ་ཕྱོགས་གཅིག་ནས་ཁོང་ཚོར་ཁག་མི་འདུག གཅིག་ནས་སློབ་སྦྱོང་མ་རག་པ་དང་། གཉིས་ནས་བཀའ་སློབ་ལམ་སྟོན་གནང་མཁན་བླ་མ་དགེ་བཤེས་ཚད་ལྡན་མེད་པ། གསུམ་ནས་མིག་དཔེ་ཡར་བལྟ་བྱ་ས་མེད་སྟབས། རྩ་བ་བཞི་སོགས་གྲྭ་བཙུན་གྱི་འདུལ་ཁྲིམས་ཚུལ་བཞིན་སྲུང་མཁན་དཀོན་པོ་ཆགས་པ་རེད།”ཟེར་ལ། ཕྱི་ལོགས་སུ་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་། ཤར་པ་ཆོས་རྗེ་རིན་པོ་ཆེ་སོགས་ཡུན་ནན་ས་ཁུལ་གྱི་བླ་སྤྲུལ་དགེ་བཤེས་མཁས་པ་མང་པོ་ཡོད་པས།  ཁོང་ཚོས་ཕ་ཡུལ་ཡུན་ནན་ཕྱོགས་ཀྱི་མི་མང་ཚོར་དམིགས་ཏེ་བཀའ་སློབ་ལམ་སྟོན་རེ་གནང་དགོས་པ་དང་། སློབ་སྦྱོང་ཐོག་སྐུལ་འདེད། ཆང་རག་དང་ཚུལ་མིན་གྱི་བྱ་སྤྱོད་མི་འཛིན་པར་བོད་རིགས་རྣམ་དག་དང་གྲྭ་བཙན་གཙང་ཞིག་ཡོང་ཐུབ་པར་ལམ་སྟོན་གནང་དགོས་པའི་འབོད་སྐུལ་ཞུས་སོང་། 

གསར་འགོད་པ། བནྡེ་སྐྱབས།

༼ བོད་ཀྱི་དུས་བབ་ཚགས་ཤོག་ལས་འདིར་བསྐྱར་འགོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

སྐར་མ ༡༣ སྔོན་ལ།
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡

མཆན། 10

  1. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    གནས་ཚུལ་དེ་ཡུན་ནན་གཅིག་པུ་མ་རེད། ཆེས་སྙིགས་མ་ལྔ་འདོ་འདིར། བསྟན་པ་རིམ་གྱི་འཇིག་ཏེ་ད་ལྟའི་ཚུལ་ཁྲིམས་ཀྱི་ལེའུ་བར་ཐུག། སྐབས་འདི་ནས་རྟགས་ཙམ་འཛིན་པའི་ལེའུ་ལ་ཐུག་ལ་ཉེ། བཙུན་པ་མི་ཉུང་བ་ཞིག་སྤྱོད་པ་ཇེ་རྩིང་དུ་འགྲོ་བ་མ་ཚད། སློབ་གཉེར་ཡང་མཐུས་ཤོར་འགྲོ་གི་འདུག། སྐྱེ་བོ་ཕལ་པ་ཚོས་སྐྱབས་འགྲོ་ཙམ་ཡང་མ་ཤེས་ཁར་ཆོས་ལ་དོ་ནང་དང་། བསླབ་ལྡན་དགེ་འདུན་པར་དད་པ་ཆུང་དུ་འགྲོ་ཏེ། དགེ་འདུན་པ་རྣམས་ལ་དམའ་འབེབ་དང་མཚན་སྨད་གྱི་སྐུར་འདེབས་སྣ་ཚོགས་བྱེད་ཀྱི་འདུག། ད་ལྟ་རང་བྱུང་གི་བདེ་ཇེ་དཀོན་འགྱུར་བཞིན་ཡོད། མ་འོང་པར་དགེ་འདུན་གྱི་བདེ་ཉིན་མོ་སྐར་མ་བཞིན་འགྱུར་ཉེན་འདུག། དུས་ངན་རྩོད་ལྡན་གྱི་དུས་འདིར་ཞག་གཅིག་ལ་ཚུལ་ཁྲིམས་སྣ་རེ་སྲུང་མཁན་ཡོད་ན་རྗེས་སུ་ཡི་རང་མ་གཏོགས་མཚན་སྨྲད་ཞུ་འོས་མ་མཆིས་ཏེ། མདོ་ལས། ངའི་སློ་མ་ཇི་ལྟར་སྡུག་ཀྱང་རུང་སྐྱེ་བོ་ཕལ་བ་རྒྱ་ཡི་དོ་ཟླ་མེད། ཞེས་གསུངས་སོ། ངས་བྱམས་པ་ཐོགས་མེད་ཁོང་ལ་ཞུས་པ་མིན། ཁོང་གིས་གསུངས་སྟངས་ལ་བསྟས་ན། ཁོང་གིས་ཕ་ཡུལ་ལ་ཤ་ཚ་དང་། བསྟན་པ་ཉམ་གུད་འགྲོ་བ་ལ་བློས་མ་བཟོད་པ་ཡིན་གྱི་རེད།

    Reply
  2. ཐུབ་བསྟན། says:
    ལོ་ 14 སྔོན།

    མི་ཤེས། མི་ཤེས། འདི་ལ་ནང་འགལ་གང་མང་འདུག དཔེར་ན་གྲྭ་བ་ལ་ཆང་རག་འཐུང་འདོད་དང་། ཚུལ་མིན་བྱེད་འདོད་ཡོད་ཀྱང་མི་སྐྱ་ས་ནས་སློབ་སྦྱོང་བྱེད་འདོད་མེད་པ་ནང་འགལ་མ་རེད་དམ།

    དེ་བཞིན་རྒྱ་གར་ནས་ཡོང་བའི་དགེ་བཤེས་རྣམས་དགོན་པར་འགྲོ་སྐབས་སྐྱ་ཆས་གྱོན་ནས་འགྲོ་བ་ཙམ་ལས་ལམ་སྟོན་ཙམ་ཡང་གནང་ནུས་མེད་པ་ཆགས་ན། ཕྱི་ལོགས་ནས་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་དང་། ཤར་པ་ཆོས་རྗེ་སོགས་ཀྱི་ལམ་སྟོན་དགོས་ཟེར་བ་འདི་ཡང་ནང་འགལ་མ་རེད་དམ།

    གང་ལྟར་ཟམ་གདོང་རིན་པོ་ཆེས་ཀྱང་རང་གི་ཕ་ཡུལ་ལ་ལམ་སྟོན་ཙམ་ཡང་གནང་ཐུབ་གི་མེད་པ་དེ་ཡང་ཨེ་བདེན་ནམ།

    Reply
  3. འཁྱམས་པོ་ says:
    ལོ་ 14 སྔོན།

    ཧཧཧཧ བྱམས་པ་ཐོགས་མེད་ལགས། གལ་སྲིད་ཡུན་ནན་མི་དམངས་གི་རང་ཉིད་བོད་རིགས་ཡིན་བསམ་པ་ཞིག་ཡོད་ན་བོད་ཀྱི་རྩ་དོན་དང་རིགས་གཞུང་ཐད་བསམ་བློ་བཏངནསའཐབ་བརྩོད་བྱེད་དགོས། དཔེར་ན་ཉེ་དུས་ཨ་མདོ་ཡུལ་གྱི་མི་དམངས་བཞིན་རང་ཉིད་ཀྱི་རིགས་གཞུང་དང་ལ་རྒྱའི་ཆེད་དུ་ལངས་དགོས་པ་ལས། རང་ཉིད་ཀྱི་མི་དམངས་དངགྲ་པ་རྣམས་ཀྱ་ིཆང་རག་དང་ཐ་མག་འཐེན་གི་འདུག་ཞེས་སྐྱོན་འཛུགས་བྱེད་བསྡད་ན་ཁྱེད་རྣམས་ཀྱི་བྱ་གང་ཡང་བསྒྲུབ་མི་ཐུབ་པའི་བརྟག་མཚན་རེད། དེ་ལས་བསམ་བློ་རྒྱ་ཆེ་ཙམ་བཏང་ནས་རང་ཡུལ་གྱི་མི་དམངས་རྣམས་ནས་རང་ཡུལ་སྐྱོབ་ཐབ་བྱེད་དགོས། བཙན་བྱོལ་བསྒྲིགས་འཛུགས་གི་ཁྱེད་རྣམས་ལ་རོགས་རམ་ནི་ཉིན་མོའི་སྐར་མ་རང་རེད། མ་གཞི་ནས་བདེ་ཆེན་ནང་བསྟན་སློབ་གླིང་གི་དགེ་རྒན་མི་སྐྱ་ཡིན་པར་ཅི་ཡོད་དམ། ཁྱེད་གི་བསམ་པར་ནང་ཆོས་མཁས་པ་ཚང་མ་གྲྭ་པ་ཡིན་དགོས་བསམ། དེ་ལས་ཡོན་ཏན་ཡག་ཙམ་སྦྱང་ན་ལེགས།།།།།། བཀྲ་ཤིས་བདེ་ལེགས། སླད་མ་འོང་པར་ཁྱེད་བཙན་བྱོལ་ཡུལ་དུ་ཆང་རག་མི་འཐུང་བ་དང་ཐ་མག་མི་འཐེན་པ་ ནང་ཆོས་མཁས་པ་ཡོང་བའི་སྨོན་འདུན་བཞུ་།།།།

    Reply
  4. དམག་ལོག་ says:
    ལོ་ 14 སྔོན།

    ཟམ་གདོང་རིན་པོ་ཆེ་ཕྱིར་ཕ་ཡུལ་ལ་སོང་ནས་དག་ཐེར་ཡག་པོ་གནང་རྒྱུ་གལ་ཆེན་པོ་རེད་བསམ། ཡ་ཁོ་རེ།

    Reply
  5. བདེན་རྒྱལ། says:
    ལོ་ 14 སྔོན།

    སྐྱབས་རྗེ་ཟམ་གདོང་རིན་པོ་ཆེའི་བཀའ་སློབ་དེ་ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་
    སྒྲོམ་གཞི་འོག་སྡོད་འདོད་ཡོད། ཀྲུང་ཧ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་ངོ་རྒོལ་དང་མཚན་སྨད་
    མ་ཞུ་གསུང་པ་དེ་རེད། ཁོང་གི་ཕྱག་ལས་དང་དམིགས་ཡུལ་ནས་བོད་སྤྱི་པའི་ཐོག་ལས་ཀ་བྱས་འདོད་
    མེད་ལ་བྱེད་མ་མྱོང། ང་རང་གི་རྩ་བའི་བླ་མའི་བཀའ་བསྒྲུབས་པ་རང་ཡིན་གསུང་པ་དེ་རེད། ཁྱེད་ཚོ་
    ཡུལ་ནན་མི་མང་ལ་ཕན་ཐོག་འདྲ་ཡོད་ན། བཀའ་སློབ་དེ་འདྲ་གནང་ཡོང་གི་རེད།་་་་་་་ཧཧཧཧཧཧཧ

    Reply
  6. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ཡིག་རིགས་གང་ཞིག་སྦྱང་དགོས་ནི. འཇིག་རྟེན་འཚོ་ཚིས་སྟབས་བདེར་སྐྱེལ་བའི་ཐབས་ལམ་ཉག་གཅིག་པོ་དེའོ. 
    དེའི་ཕྱིར་བོད་ཡིག་གི་སྤྱོད་སྒོ་ཕྱོགས་ཀུན་ནས་དོག་པོར་གྱུར་ཏུ་བཅུག་པའོ. ད་དུང་ང་ཚོས་བོད་ཡིག་རང་གིས་མ་སྦྱང་བར་སོགས་ཟེར་བ་ནི་  རྒྱ་གཞུང་ལ་ཡར་ཞུགས་ཙམ་ལས་ཅི
       མ་གཞི་ནས་མི་སུ་ཞིག་གིས་སྦྱང་བའི་ཡིག་རིགས་དག་ལས་.
    སྟེ་བའི་ཡིག་རིགས་ནི་རང་གི་འཇིག་རྟེན་འཚོ་འཚིས་ཐད་ནས་འགན་ལེན་ཐུབ་པའི་ཡི་གེ་གོང་ན་མེད་པ་དེ་ཡིན་དགོས་ཤིང. ཐ་ཀུན་བཅུམ་སྟེ་ཁྱབ་རྒྱ་འམ་བཀོད་སྤྱོད་ཆུང་དུ་བཏངས་ཏེ. ཡིག་རིགས་གཉིས་པ་ཆགས་སྡད་པ་མ་ཤེས་པ་འམ. བརྗོད་མི་ཕོད་ན་གཏམ་བཤད་པའི་དབང་ཆེད་དོ     
    བྱམས་པར་ཐུགས་རྗེ་ཆེ. བསམ་དོན་འགྲུབ་པར་སྨོན

    Reply
  7. དུག་མདའ། says:
    ལོ་ 14 སྔོན།

    ཨ་ལ་ལ་འདི་ཡུན་ནན་སྐྱབས་མགོན་ཟེར་བ་ཞིག་གི་སྤྲུལ་སྐུར་ངོས་འཛིན་བྱས་པ་ཡིན། བློ་བདེ་བོ་བྱས་ནས་ཕེབས་ཤོགས། ལེགས་སྦྱར་སྐད་ཀྱི་རམ་མདའ་འདྲ་ཡོང་ན་ཀར་ན་ཊ་ཀའི་སྐད་ཀྱིས་གདོང་ལེན་བྱེད་ཆོག་ག

    Reply
  8. བཀྲ་ཤིས། says:
    ལོ་ 14 སྔོན།

    གྲྭ་བྱམས་པ་ལགས་ཀྱི་དངོས ཡོད་གནས་ཚུལ་མང་པོ་ཞིག་དང་བོད་ཀྱི་གནས་སྟངས་སྐྱོ་པོ་ཡིན་པའི་སྐོར་གསུངས་པ་ལ་ཐུགས་རྗེ་ཆེ་ཞུ། ཡིན་ན་ཡང་བོད་ཡིག་དང་བོད་སྐད་སོ་སོའི་མ་སྦྱང་པར་རྒྱ་གཞུང་གི་གོ་སྐབས་སྤྲད་མ་སོང་ཟེར་ནས་སྡད་ན་སོ་སོའི་མི་རིགས་ཀྱི་འགན་ཁྲི་མ་མཁུར་བ་རང་རེད།

    Reply
  9. བསང་ཆུ་འབྲུག་བྷེ། says:
    ལོ་ 14 སྔོན།

    གསར་འགྱུར་གནད་བསྡུས་ལྟ་བུའི་སྐད་ཆ་འདི་དག་གི་ནང་དུ་ད་ལྟའི་བོད་ནང་གི་གནས་བབ་ཀྱི་ཟུར་ངོས་ཤིག་མེ་ལོང་བཞིན་གསལ་བོར་བསྟན་འདུག་ཀྱང་། ལས་དབང་དེ་ལྟ་བུ་བཅོས་བསྒྱུར་གཏོང་བ་ལ་བླ་མ་དང་རྗེ་བོ་ཞིག་གིས་བཀའ་ལུང་མེད་པར་ལམ་ཞིག་རྙེད་དཀའ་བ་དེ་ཅུང་ཕངས་སེམས་ཀྱི་རིགས་ཤིག་འདོད།

    Reply
  10. ཨ་ལ་ལ says:
    ལོ་ 14 སྔོན།

    ཡུ་ནན་གྱི་གྲྭ་བས་བོད་སྐད་མི་ཤེས་པའི་ཐོག་ལ་ཟམ་གདོང་རིན་པོ་ཆེ་ནས་ལེགས་སྦྱར་སྐད་ཅིག་བསྐྱོན་ཚར་དུས་གྲྭ་བ་ཚོའི་ཀླད་པའི་ནང་ལ་ཐོག་བརྒྱབས་པ་བཞིན་ཚ་ཚ་འུར་འུར་ཆགས་ནས། ད་ཀླད་པ་དེ་ཕན་ཐོགས་ཅི་ཡང་མེད་པ་ཞིག་ཏུ་ཆགས་ཉེན་ཡོད་འགྲོ། སྐུ་རྩེད་ཞུས་པ་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese