མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འབར་མའི་མི་མང་ཞི་རྒོལ་ལ་རང་དབང་།

བོད་ཀྱི་དུས་བབ།
༢༠༡༡/༡༡/༢༥
Share on FacebookShare on TwitterShare on EmailShare on Whatsapp
ཁ་སང་གཟའ་ཕུར་བུའི་ཉིན་འབར་མའི་གྲོས་ཚོགས་ནང་། གཞུང་དང་སྤྱི་ཚོགས་ཀྱི་གནད་དོན་གང་གི་ཐད་མི་མང་ལ་ཞི་བའི་ངོ་རྒོལ་གྱི་རང་དབང་སྤྲོད་རྒྱུའི་གྲོས་གཞི་ཞིག་བཏོན་པར་མང་མོས་རྒྱབ་སྐྱོར་ཐོབ་ཡོད་པ་དང་།  སྲིད་འཛིན་གྱིས་དེར་མཚན་རྟགས་བཀོད་དེ་ཁྲིམས་གཞིར་གཏན་འབེབས་བྱས་ཡོད་འདུག
ཕྱི་ཚེས་༢༢ཉིན་གྱི་འབར་མའི་གྲོས་ཚོགས་ནང་མི་མང་ཞི་རྒོལ་རང་དབང་གི་གྲོས་གཞི་བྱུང་པར་མང་མོས་རྒྱབ་སྐྱོར་ཐོབ་རྗེས། ཕྱི་ཚེས་ ༢༤ ཉིན་སྲིད་འཛིན་ཐེན་སེན་(Thein Sein) གྱིས་བཀའ་འཁྲོལ་མཚན་རྟགས་བཀོད་དེ་ཁྲིམས་གཞིར་གཏན་འབེབས་བྱུང་ཡོད་འདུག གཏན་འབེབས་བྱུང་པའི་ཁྲིམས་གཞི་དེ་ནི་ད་སྔའི་འབར་མ་གཞུང་གི་ཆབ་སྲིད་བཅོས་སྒྱུར་གལ་ཆེ་ཤོས་ཤིག་ཆགས་ཡོད་འདུག་ལ། འདས་པའི་ལོ་མང་རིང་འབར་མའི་ནང་གྲྭ་བ་གཙོ་བོར་གྱུར་པའི་མི་མང་གིས་དམངས་གཙོ་བཅོས་སྒྱུར་དང་འགྲོ་བ་མིའི་ཐོབ་ཐང་དགོས་པའི་ཞི་རྒོལ་རིམ་པར་བྱས་སྐབས། དམག་མིའི་གཞུང་གིས་ཞི་རྒོལ་བ་ཚོར་དྲག་གནོན་དང་དམར་གསོད།བཙོན་འཇུག་སོགས་བྱས་ཡོད་པ་རེད།
འབར་མའི་གྲོས་ཚོགས་གོང་མའི་འཐུས་མི་ཨ་ཡེ་(Aye Maung)ཟེར་པ་ཞིག་གིས་གསར་ལམ་ཁག་ལ་བརྗོད་པ་ལྟར་ན། ལོ་སྔོན་མའི་རྒྱལ་ཡོངས་འོས་བསྡུ་དེ་དྲང་བདེན་ཁ་གསལ་མེད་པའི་སྐྱོན་བརྗོད་དང་། དམག་མིའི་སྲིད་གཞུང་གྲོས་ཚོགས་ལམ་ལུགས་སུ་འཕོ་འགྱུར་ཕྱིན་རྗེས་གཞུང་གི་དབང་ཤུགས་གཙོ་བོ་དམག་མའི་ལག་ཏུ་ཡོད་པར་བསྐྱོད་བརྗོད་བྱེད་ཀྱི་ཡོད་ཀྱང་། འདས་པའི་ཟླ་འགའི་ནང་ཆབ་སྲིད་བཙོན་པ་ཀློད་གྲོལ་དང་། ཆབ་སྲིད་ཚོགས་པ་ཚང་མ་ངོས་ལེན་བྱས་པ། གསར་འགྱུར་བརྒྱུད་ལམ་གྱི་རང་དབང་རྒྱ་ཆེར་ཕྱེས་པ། ཕྱི་ཕྱོགས་ཀྱི་རང་དབང་ལྟ་ཞིབ་པ་ཡོང་བཅུག་པ།དེ་བཞིན། ཐེངས་འདིར་མི་མང་ཞི་རྒོལ་རང་དབང་གི་ཁྲིམས་གཞི་གཏན་འབེབས་བྱས་པ་བཅས་ནི། ༡༩༦༢ ལོར་དབྱིན་ཇིའི་འོག་ནས་འབར་མ་རང་བཙན་ཐོབ་རྗེས་ནས་ད་ལྟའི་བར་བྱུང་མ་མྱོང་པའི་ཆབ་སྲིད་ཀྱི་འགྱུར་པ་ཞིག་ཡིན་པར་བརྗོད་འདུག
ཕྱི་ཚེས་ ༢༣ ཉིན་ཉི་ཧོང་གིས་འབར་མའི་དམངས་གཙོ་བཅོས་སྒྱུར་ལ་བསྔགས་བརྗོད་དང་། འབྱུང་འགྱུར་བདུན་ཕྲག་ནང་འབར་མའི་སྤྱི་ཚོགས་འཕེལ་རྒྱས་དང་། རྒྱལ་སྤྱིའི་ལས་དོན་ནང་མཉམ་ཞུགས་བྱ་ཕྱོགས་སྐོར་ལ་འབར་མར་རོགས་འདེགས་དང་གྲོས་བསྡུར་བྱ་འཆར་ཡོད་པ་བསྒྲགས་འདུག
ཕྱི་ལོ་ ༡༩༦༢ ལོར་འབར་མ་དབྱིན་ཇིའི་དབང་སྒྱུར་འོག་ནས་རང་བཙན་ཐོབ་རྗེས། ལོ་སྔོ་མའི་བར་འབར་མ་དམག་མིའི་དབང་སྒྱུར་འོག་གནས་ཡོད་འདུག
གསར་འགོད་པ།བནྡེ་སྐྱབས།
 

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 9

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གཞུང་གི་དྲག་པོའི་ཚ་བོ་ག་ཐྰ་ཕི་དམར་གསོད་བཏང་བའི་རྗེས་སུ། རྒྱ་གཞུང་དྲག་པོའི་དགེ་ཕྲུག་འབར་མ་ཚོས་རང་གི་དྲག་པོའི་དགེ་རྒན་རྒྱ་གཞུང་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་ཞུས་པ་དང་ཁྱད་མེད་པ་ཆགས་པ་རེད། རྒྱ་གཞུང་ད་དུང་ག་དུས་གཉིད་ཚད་འོངས།

    Reply
  2. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འབར་མའི་གནས་སྟངས་ཡག་རུ་འགྲོ་བ་བཟང་། ད་དུང་ཡང་ལྷོད་གཡེང་མེད་པར་དམངས་གཙོ་མ་ཐོབ་བར་འཐབ་རྩོད་མུ་མཐུད་དགོས། འཛམ་གླིང་འདིའི་ཐོག་ཏུ་དམར་པོའི་རིང་ལུགས་འཛིན་མཁན་རྒྱ་ནག་ཁེར་རྐྱང་ཆགས་ན་ཅི་མ་རུང་། འབར་མ་གཞིན་བོད་ལའང་རང་དབང་གང་འདྲ་ཐུབ་མིན་སུས་ཀྱང་བརྗོད་དཀའ། འབར་མ་ནི་དབང་འཛིན་ཕྱོགས་ཁག་གིས་དབང་བསྒྱུར་བྱེད་ཡོད་ནའང་། མི་རིགས་རིང་ལུགས་ཀྱི་གནད་དོན་མེད། རྒྱ་ནག་གིས་མི་རིགས་ཆེན་པོ་རིང་ལུགས་མ་དོར་བར་རྒྱ་ནག་དམངས་གཙོ་ཆགས་ན་འདྲ་དམར་པོ་ཡིནའང་འདྲ། བོད་ནང་རང་དབང་གི་བདེ་སྐྱེད་ཀྱི་ཉི་མ་ཤར་དཀའོ།

    Reply
  3. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འབར་མའི་གནས་སྟངས་ཡག་རུ་འགྲོ་བ་བཟང་། ད་དུང་ཡང་ལྷོད་གཡེང་མེད་པར་དམངས་གཙོ་མ་ཐོབ་བར་འཐབ་རྩོད་མུ་མཐུད་དགོས། འཛམ་གླིང་འདིའི་ཐོག་ཏུ་དམར་པོའི་རིང་ལུགས་འཛིན་མཁན་རྒྱ་ནག་ཁེར་རྐྱང་ཆགས་ན་ཅི་མ་རུང་། འབར་མ་གཞིན་བོད་ལའང་རང་དབང་གང་འདྲ་ཐུབ་མིན་སུས་ཀྱང་བརྗོད་དཀའ། འབར་མ་ནི་དབང་འཛིན་ཕྱོགས་ཁག་གིས་དབང་བསྒྱུར་བྱེད་ཡོད་ནའང་། མི་རིགས་རིང་ལུགས་ཀྱི་གནད་དོན་མེད། རྒྱ་ནག་གིས་མི་རིགས་ཆེན་པོ་རིང་ལུགས་མ་དོར་བར་རྒྱ་ནག་དམངས་གཙོ་ཆགས་ན་འདྲ་དམར་པོ་ཡིནའང་འདྲ། བོད་ནང་རང་དབང་གི་བདེ་སྐྱེད་ཀྱི་ཉི་མ་ཤར་དཀའོ།

    Reply
  4. བརྩོན་རྒྱམ། says:
    ལོ་ 14 སྔོན།

    དམག་དཔུང་གི་དྲག་གནོན་ཇི་ལྟར་བྱས་ན་ཡང་བདེན་པ་ཡོད་མཁན་མི་རིགས་ཤིག་ཡིན་དུས་དུས་ནམ་ཞིག་འདི་ལྟར་རང་དབང་གི་བདེན་མཐའ་གསལ་ངེས་རེད།  དམར་དམག་གིས་དྲག་འཐབ་་ཇི་ལྟར་བྱས་ནའང་ཞི་བ་དང་བདེན་པ་རྒྱལ་རྒྱུ་ཡིན་པ་གསལ་བོ་རེད།  བོད་མི་རིགས་ལ་ཡང་འདི་ལྟར་རང་དབང་ཐོབ་ངེས་ཡིན་པས་ང་ཚོས་ཞི་བའི་ངང་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་ཡིན་པས་བོད་མི་སྤྱི་བོ་གནམ་བསྟན་ཚང་མའི་འགན་ཁུར་གྱི་གལ་ཆེན་མ་ཡིན་ནམ།

    Reply
  5. བསྟན་འཛིན་ཤེས་རབ། says:
    ལོ་ 14 སྔོན།

    བདེན་པ་དང་གནས་ལུགས་ཟེར་བ་འདི་སྔ་ཕྱི་མ་གཏོགས་མངོན་དུ་འགྱུར་གྱི་འདུག་ག ད་ང་ཚོའི་བདེན་པ་དང་གནས་ལུགས་ཀྱང་མི་རིང་བར་མངོན་དུ་འགྱུར་བར་རེ་ཡོད།

    Reply
  6. དོན་འགྲུབ། says:
    ལོ་ 14 སྔོན།

    འབར་མའི་མི་དམངས་ལ་འཚམ་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  7. སྡོང་བུ། says:
    ལོ་ 14 སྔོན།

    འབར་མའི་མི་དམངས་ཚོར་རྟེན་འབྲེལ་ཞུ། འདི་ཡང་མིའི་རིགས་དང་ལྷག་པར་ཨེ་ཤ་ཡའི་མདུན་བསྐྱོད་ཀྱི་གོམ་པ་ཞིག་ལོས་ཡིན། ལོ་གཅིག་གཉིས་ཀྱི་གོང་དུ་སྒེར་བདག་སྲིད་དབང་གི་ཆེད་དུ་རང་དབང་སྐད་འབོད་པ་དག་དམར་གསོད་བྱེད་པར་ཐེ་མི་ཚོམ་པའི་སྲིད་གཞུང་ཞིག་འདི་ལྟར་གུ་ཡངས་དམངས་གཙོའི་ལམ་ཁར་སྙེག་པ་མཐོང་ཚེ། རང་ཅག་གི་རེ་བའི་ས་བོན་དེ་ལའང་དཔྱིད་དུས་དྲོན་མོ་ཞིག་ལོས་འཆར་སྙམ་པའི་རེ་བ་སྐྱེས་འོང་།

    Reply
  8. རོ་ལངས། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན། ང་ཚོ་ལ་འདི་ལྟ་བུའི་རང་དབང་ཞིག་དང་འཕོ་འགྱུར་ཞིག་བྱུང་ན་དགའ་བ་ལ་ཨང་། བསྟན་པ་དང་སྟོན་པ་གཅིག་པའི་འབར་མའི་དགེ་འདུག་པ་དང་འབར་མའི་མི་དམངས། དེ་བཞིན་གཞུང་འཛིན་པ་ཡོངས་ལ་སེམས་རྩ་འཁོལ་པོས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  9. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    དམག་དཔུང་གི་དྲག་གནོན་ལམ་ལུགས་ཤིག་འདི་ལྟར་རྩ་ཁྲིམས་ཀྱི་སྟངས་འཛིན་དུ་འགྱུར་བཞིན་པ་འདིས་དྲག་པོ་དང་ཞི་བ། རྫུན་མ་དང་བདེན་པ་དག་གི་ནུས་པ་གང་ཆེའི་རྒྱལ་ཕམ་གྱི་གནས་ལུགས་ཤིག་མཚོན་གྱིན་ཡོད།
    ཀྲུང་གོར་ཡང་མི་དམངས་ཀྱིས་ཞི་རྒོལ་ཆོག་པའི་རང་དབང་ཞིག་ཅི་འདྲ་མཁོ་ཨང། རང་དབང་འདི་སྔ་ཕྱི་མ་གཏོགས་སྨིན་ངེས་པའི་ནུས་ལྡན་ས་བོན་ཞིག་ཡིན་སྟེ། འདི་ནི་རྒྱ་ཆེའི་མི་དམངས་ཀྱི་རང་བཞིན་ལྷན་སྐྱེས་དང་འབྲེལ་བའི་ཐོབ་ཐང་གི་ས་བོན་ཞིག་ཡིན་པས་སོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese