མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐད་ཡིག་བླ་འགུགས་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

མདོ་སྨད་རེབ་གོང་གཅན་ཚ་རྫོང་ཐོག་ཏུ་སྐབས་བཞི་བའི་སྐད་ཡིག་བླ་འགུགས་བགྲོ་གླེང་ཚོགས་འདུ་ཚོགས་ཡོད་འདུག

ཉེ་ཆར་མདོ་སྨད་རེབ་གོང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་གི་གོ་སྒྲིག་འོག་སྐབས་བཞི་པའི་༼སྐད་ཡིག་བླ་འགུགས་བགྲོ་གླེང་ཚོགས་འདུ།༽ཞེས་པ་ཞིག་གཅན་ཚ་རྫོང་མཁར་གྱི་ཁམས་ར་མགྲོན་ཁང་དུ་ཚོགས་ཡོད་ཅིང་། ཚོགས་འདུའི་སྟེང་བོད་ནང་གི་རྩོམ་པ་པོ་ཁག་ཅིག་དང་རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་དུ་གནས་པའི་འབའ་རྫོང་དང་རེབ་གོང་། གཅན་ཚ་གསུམ་གྱི་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་དགེ་རྒན་བཅས་མི་ ༢༠༠ ལྷག་འདུ་འཛོམས་བྱུང་འདུག   

ཐེངས་འདིའི་སྐད་ཡིག་བླ་འགུགས་ཚོགས་འདུ་དེ་སྐུ་ཞབས་དོན་གྲུབ་རྒྱལ་ལགས་སྐུ་གཤེགས་ནས་མི་ལོ་ ༢༦ འཁོར་བའི་དུས་དང་འཁེལ་བར་བྱས་ཏེ་གོ་སྒྲིག་གནང་བ་ཞིག་ཡིན་འདུག་ལ། ཚོགས་འདུའི་དམིགས་ཡུལ་གཙོ་བོ་ནི། བོད་ཀྱི་སྐད་ཡིག་སློབ་གསོའི་འཕེལ་རྒྱས་དང་རྨ་ཆུ་དང་དགུ་ཆུའི་འགྲམ་རྒྱུད་དུ་གནས་པའི་འབའ་རྫོང་དང་རེབ་གོང་། གཅན་ཚ་གསུམ་གྱི་སྐད་ཡིག་དགེ་རྒན་རྣམས་ཕན་ཚུན་ངོ་ཤེས་དང་བསམ་བློ་བརྗེ་རེས་བཅས་ལ་དམིགས་ཡོད་པ་དང་། ཚོགས་འདུའི་རྩ་དོན་གཙོ་བོ། རྒྱལ་ཁབ་དང་ཚོགས་པ། མགོ་ཁྲིད། སྤྱི་ཚོགས། ཁྱིམ་བདག་དང་སློབ་མ་བཅས་ལ་ཁག་མི་འཇོག་པར་དགེ་རྒན་རང་སྟེང་ནས་སློབ་གསོའི་རྒྱུ་རྐྱེན་འཚོལ་རྒྱུ་དང་། རང་སྟེང་ནས་བསྒྲུབ་དགོས་པའི་བྱ་བ་ངོས་ཟིན་བྱ་རྒྱུ་བཅས་ཡིན་འདུག  

ཚོགས་འདུའི་ཐོག་མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་གཅན་ཚ་བཀྲ་བྷོ་ལགས་དང་སྐྱ་རེངས་དཔལ་ལོ། རྨེ་རུ་ཡུལ་ལྷ་ཐར་བཅས་གཙོས་པའི་དགེ་རྒན་ ༡༢ ལྷག་གིས། བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་རྩོམ་ཡིག་འབྲི་སྦྱོང་དང་དགེ་རྒན་གྱི་སྐད་ཆ། གཞི་རིམ་སྐད་ཡིག་འཕེལ་རྒྱས། གཞི་རིམ་སློབ་གསོ་དང་ཁྱད་པར་དུ་སློབ་གྲྭ་ཆུང་འབྲིང་གི་སྐད་ཡིག་སློབ་ཁྲིད་ཐད་གཏམ་བཤད་གནང་ཡོད་པ་མ་ཟད། ཚོགས་འདུ་བརྒྱུད་མ་འོངས་པར་དགེ་རྒན་རྣམ་པས་བསླབ་ཚན་གྱི་ངོས་འཛིན་དང་སློབ་ཁྲིད་ཀྱི་ཐབས་བཀོད། དགེ་རྒན་ལས་རིགས་ཀུན་སྤྱོད་བཅས་གསུམ་གྱི་ཐད་ལ་རྟིང་སྐུལ་བྱས་ཏེ། བོད་སྐད་ཡིག་སློབ་གསོའི་འཕེལ་རྒྱས་ལ་མུ་མཐུད་འབད་བརྩོན་བྱ་རྒྱུའི་སྐོར་ནས་བགྲོ་གླེང་ཡང་གནང་ཡོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་བཞུགས་སྒར་ཐེག་ཆེན་གཙུག་ལག་ཁང་དུ་བསྩལ་བའི་གསུང་ཆོས་དང་བཀའ་སློབ།

ཆུ་ཚོད་ ༢༡ སྔོན་ལ།
Mobile App

ཆོས་བརྒྱུད་ཁག་གི་བསྟན་བདག་བླ་ཆེན་རྣམ་པས་ལོ་གསར་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ།

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་པ་ཁག

༢༠༢༦/༠༢/༡༨
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

༢༠༢༦/༠༢/༡༧
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤

མཆན། 8

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    མི་རིགས་དང་རིག་གཞུང་སྲུང་སྐྱོབ་ཀྱི་འོས་འགན་འདི་རིགས་ནི་ཆོས་སྲིད་གཉིས་ཐད་ནས་ཆེས་རླབས་ཆེན་གྱི་བྱ་གཞག་ཅིག་ཡིན་པས། འདི་དག་གི་ཤུགས་རྐྱེན་དཔྱིད་ཀྱི་བསིལ་རླུང་བཞིན་བོད་མི་རིགས་ཡོངས་ཀྱི་སེམས་ཁམས་སུ་ཁྱབ་པར་སྨོན། ཁྱབ་པར་བརྩོན། ང་ཚོའི་ལྷག་དཀར་གྱི་ཉིན་མོའི་བྱེད་སྒོ་གལ་ཆེན་གཅིག་ཀྱང་འདི་རང་ཡིན། ཡིན་དགོས།

    Reply
  2. དོན་འགྲུབ། says:
    ལོ་ 14 སྔོན།

    གཅན་ཚ་རྫོང་དུ་རང་རིགས་ཀྱི་སྐད་ཡིག་གི་ཆེད་དུ་དགེ་རྒན་རྣམས་ཀྱིས་ལས་འགུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། དེ་མཚུངས་བོད་ཕྱི་ནང་གང་ས་ནས་དེ་འདྲའི་ལས་འགུལ་སྤེལ་རྒྱུའི་རེ་བ་ཡོད།

    Reply
  3. སྨྱུག་མདའ། says:
    ལོ་ 14 སྔོན།

    མདོ་སྨད་གཅན་ཚ་ནས་རིག་གཞུང་ཆེད་ལས་འགུལ་སྤེལ་བ་སྙིང་ནས་བཀའ་དྲིན་གྲངས་མེད་ཞུ།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    རྨེ་རུ་ཡུལ་ལྷ་ཐར་འདི་བོད་ཀྱི་འབུམ་རམས་པ་ལོ་ཆུང་དང་། བོད་སྐད་ཡིག་གི་རྨང་གཞི་བརྟན་ཅིང་དེང་རབས་རིག་གནས་ཀྱི་སྦྱངས་བ་མཐོ་བའི་གསར་བུ་ལོ་ཆུང་ཞིག་ཡིན་ལ། ཚོགས་འདུ་འདིའི་སྐོར་ཅུང་ཁ་གསལ་དུ་གཤམ་གྱི་དྲ་ཐག་འདིར་འདུག་པས་གཟིགས་རོགས་ཞུ།

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བོད་མདོ་སྨད་གཅན་ཚ་ནས་འདི་འདྲའི་ལས་འགུལ་ཞིག་སྤེལ་བས་དགའ་འགུ་ངང་ནས་བཀའ་དྲིན་ཆེ་ཞུ། བོད་ཀྱི་སྐད་ཡིག་རིག་གནས་གོང་ནས་གོང་དུ་སྤེལ་བའི་རྒྱུར་གྱུར་ཅིག་གུ།

    Reply
  6. ལུང་རྟོགས། says:
    ལོ་ 14 སྔོན།

    བོད་ནང་གི་རྩོམ་པ་པོ་ཚོས་གཞན་བྱེད་མ་ཐུབ་ན་ཡང་སྐད་ཡིག་གི་སྟེང་བྱེད་རྗེས་རེ་འཇོགས་ཐུབ་ན་དེ་ཡང་བྱས་རྗེས་ཆེན་པོ་ཞིག་རེད།

    Reply
  7. ལུང་རྟོགས། says:
    ལོ་ 14 སྔོན།

    ད་ནི་ངོ་མ་སྐད་ཡིག་གི་བླ་འདྲ་འགུགས་རྒྱུ་ཡོད་ན་བོད་ཕྱི་ནང་གཉིས་ཀ་ནས་འགུགས་དགོས་པའི་དུས་ལ་སླེབས་འདུག

    Reply
  8. ཀླུ་ བློ་བསམ། says:
    ལོ་ 14 སྔོན།

    དེ་ཡག་པོ་འདུག ཡིན་ན་འང་ཚོགས་འདུའི་མིང་ཅི་འདྲའི་རྫིགས་པ་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese