མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིས་རང་ཉིད་ལ་ལྟ་བའི་འདུ་ཤེས་མཁྲེགས་དུ་གཏོང་དགོས་ཀྱི་འདུག

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

མི་རིགས་ཤིག་ལ་མཚོན་ན། ཐོག་མར་རང་ཉིད་མི་རིགས་དེ་ཉིད་ཡིན་པར་འདུ་ཤེས་ཟབ་མོ་ཞིག་ཡོད་དགོས་པ་དེ་ནི་གལ་ཆེན་པོ་ཆགས་ཡོད་པ་ཡིན། དེ་ཡོད་ན་གཟོད་ནས་མི་རིགས་དེ་ས་སྒང་འཛམ་གླིང་འདིར་གསོན་གནས་ཐུབ་པའི་རེ་བ་ཡོད་པ་ནི་བཤད་མི་དགོས་པ་ཞིག་ཆགས་ཀྱི་ཡོད། ད་ལྟའི་འཆར་བོད་མི་དག་གིས་རང་ཉིད་བོད་མི་ཞིག་ཡིན་པའི་འདུ་ཤེས་དེ་ཉིད་ཟབ་དུ་ནས་མཁྲེགས་དུ་གཏོང་བའི་དུས་སུ་འབབས་ཡོད་པ་དེ་ནི་འགོར་མེད་ན་སྔ་མེད་པ་ཡིན།

ཐོག་མར་བོད་མི་རིགས་འདི་ཉིད་གངས་ཅན་ཁ་བ་རི་བོའི་མི་རིགས་ཟེར་བ་འདི་འཛམ་གླིང་འདིར་གསོན་གནས་བྱེད་པ་ལ་རྒྱུ་མཚན་ཡོད་མེད་དེ་ཞིབ་ཚགས་པོ་སྒོ་ནས་བསམ་གཞིགས་ནན་ཏན་ཞིག་བྱས། གསོན་པར་དོན་སྙིང་ཡོད་པ་དང་མ་གསོན་ཐབས་མེད་ཡིན་པའི་ངེས་པ་བརྙེད་སོང་ན། གཞི་ནས་མི་རིགས་དེ་ཉིད་ཀྱི་འདུ་ཤེས་མཁྲེགས་དུ་གཏོང་བའི་ཐབས་ལམ་ལ་མཇུག་པར་འོས་པ་ཡིན། མཁྲེགས་ཟེར་ནས་གླེང་དེ་འོང་ན། མི་ཁ་ཤས་ནས་མཁྲེགས་འཛིན་གྱི་བསམ་བློ་ཟེར་བ་ནི་དུག་དུ་རློམ་བཞིན་ཡོད་པ་ཡིན་དུས། སྐད་ཆ་འདི་གོ་མ་ཐག ངས་བཤད་བཞིན་པའི་སྐད་ཆ་འདི་དག་གི་མཇུག་ཉན་འདོད་མེད་པ་དེ་འདྲ་ཡང་ཡོང་མི་སྲིད་པ་མ་རེད། གཟབ་ནན་གྱིས་ཤེས་དགོས་པ་ཞིག་ནི། ངས་འདི་ནས་གླེང་བཞིན་པའི་མཁྲེགས་འཛིན་ཟེར་བ་དེ་ནི། བཟང་བོའི་འདུ་ཤེས་ཀྱི་ལྟ་བ་ཡོད་པའི་མི་རིགས་ཤིག་གི་བླ་སྲོག་གི་ལ་རྒྱའི་ལྟ་བ་མཁྲེགས་དུ་གཏོང་དགོས་པ་དང་གཏོང་ལུགས་ཀྱི་སྐོར་ནས་གླེང་གི་ཡོད་པ་དེ་ཡིན་པ་ལས། གཞན་གང་ལ་ཡང་མཁྲེགས་འཛིན་བྱེད་ཀྱི་མེད།

ངས་མི་རིགས་ཤིག་མཁྲེགས་པར་གཏོང་བ་དང་འདུ་ཤེས་ཀྱི་ལྟ་བ་མཁྲེགས་པོ་ཞིག་ཆགས་དགོས་པ་ཡིན་ན། མེད་དུ་མི་རིང་བའི་ཆ་རྐྱེན་གཉིས་མཐོང་གི་ཡོད། དེ་གཉིས་ནི་ཆེས་མེད་དུ་མི་རུང་བ་དང་གཙོ་བོར་འཛིན་དགོས་པ་དེ་ཡིན། ཐོག་མར་བོད་མི་དག་གིས་བོད་རིགས་གཙང་མིའི་གཉེན་སྒྲིག་བྱེད་པ་ནས་བྱིས་པ་གསོ་སྐྱོང་བྱེད་པ། གཉིས་པ་དེ་ནི་བོད་སྐད་བཤད་མཁན་གྱི་ཕ་མ་ཡིན་དགོས་པ་དེ་ཡིན། འདི་གཉིས་ཆེས་མེད་དུ་མི་རུང་བའི་ཆ་རྐྱེན་གཙོ་བོ་དེ་གཉིས་རེད། དེ་ཡི་རྗེས་སུ་ཁོར་ཡུག་ཆགས་ཡོད། ཁོར་ཡུག་ནི་ཕ་མ་དེ་གཉིས་གནས་སའི་ཁོར་ཡུག་ཡང་བོད་མི་གནས་ཡུལ་ཡིན་དགོས་པ་དང་། བོད་ཀྱི་ཁོར་ཡུག་ཡིན་དགོས་པ་དེ་ཡིན། དེ་དག་འཛོམས་པ་ཡིན་ན། ས་ཁུལ་དེ་ཡི་རིགས་ལ་འདུ་ཤེས་མཁྲེགས་འཛིན་གྱི་ལྟ་བ་འདི་ཉིད་ཟབ་དུ་གཏོང་བའི་ལས་འགུལ་མ་སྤེལ་ཡང་འགྲིག་གི་ཡོད། སྐྱེ་ནས་འཆི་བའི་བར་དུ་བོད་གཙང་མ་དང་བོད་སྐད་བཤད་ཤེས་པའི་བག་ཆགས་དེ་ཡིས་འདུ་ཤེས་མཁྲེགས་པོ་རང་བཞིན་གྱིས་ཆགས་ནས་ཡོད།

དེ་མིན་དེང་དུས་སུ་བོད་མི་དག་ས་གནས་གང་སར་འཐོར་ནས་ཡོད་དུས། བོད་མི་ཀླད་གསར་བར་རློམ་མཁན་ཆེས་མི་ཉུང་བ་ཞིག་གིས་རང་ཉིད་ཀྱི་བུ་ཕྲུག་དག་གི་མི་ཚེའི་མདུན་ལམ་ནི་ཕྱི་རྒྱལ་ཡུལ་གྲུ་ཁག་དུ་ཡོད་པར་འདོད་ཀྱི་ཡོད་ལ། དེ་དག་ལ་སླེབས་པར་རང་ཉིད་ནས་འགོ་བཙུགས་དེ་རང་གི་སྐྱེ་རྒྱུད་དག་གཞན་ཡུལ་དག་ལ་འཚར་ལོངས་བྱུང་བའི་འགོ་བཙུགས་དེ་མི་རབས་གསར་བ་ཞིག་ཕྱི་རྒྱལ་ཁག་ན་འཚར་བཞིན་ཡོད་ལ། དེ་དག་གི་ཁྲོད་དུ་བོད་སྐད་ཤེས་ལ་མ་ཤེས་ཀྱི་སྐྱེ་རྒྱུད་ཀྱང་ཆེས་མི་ཉུང་བ་ཞིག་བྱུང་གི་ཡོད་ལ། དེ་དག་གིས་ཕ་མ་དག་གིས་ཀྱང་རང་རང་གི་བུ་ཕྲུག་དག་གི་མདུན་ལམ་ནི་མ་འོངས་པར་དཀའ་ཚེགས་མེད་པའི་མི་རབས་ཤིག་དུ་བསྐྱལ་ཡོད་པར་འདོད་ཀྱི་ཡོད་པ་དེ་ཡིན། དོན་དངོས་དང་སྐད་ཆ་དྲང་མོ་བཤད་པ་ཡིན་ན། མི་དེ་ཡི་རིགས་ཀྱིས་རང་གི་སྐྱེ་རྒྱུད་ལ་འགན་འཁུར་ཐུབ་མེད་པ་མ་ཟད། རང་གི་རིགས་རུས་ཀྱི་བདག་དབང་ཡང་མི་རིགས་གཞན་ཞིག་ལ་ཕུལ་བ་ཡིན་པར་མ་ཟད། བོད་མི་རིགས་ཀྱི་འདུ་ཤེས་མཁྲེགས་པོ་དེ་ཡང་སྐྱེ་རྒྱུད་དག་ལ་གཏན་ནས་སྤྲོད་ཐུབ་ཀྱི་མེད་པ་ཡིན་དུས། དེ་ཡི་རིགས་ཀྱིས་རིགས་ཀྱི་འདུ་ཤེས་མཁྲེགས་དུ་གཏོང་བའི་ལས་འགན་འགྲུབ་མེད་ལ། ཁོང་ཚོས་རྨི་ལམ་ཁྲོད་ནས་ཀྱང་རང་གི་སྐྱེ་རྒྱུད་དག་གིས་ཁ་བ་གངས་ཅན་པའི་འདུ་ཤེས་མཁྲེགས་པོ་དེ་ནམ་ཡང་མེད། དེ་ཉིད་མེད་པ་ནས་ཁོང་ཚོས་ཁ་བ་གངས་ཅན་པའི་གསོན་གནས་ལ་འགན་མ་བླངས་པའི་མི་རིགས་ཤིག་ཆགས་པ་ཡིན། འདི་ནི་མི་རིགས་ཤིག་གིས་རང་ཉིད་གསོད་སྟངས་གསར་བ་ཞིག་ཆགས་ཡོད་པ་ཡིན་དུས། ངས་འདི་ནས་མི་རིགས་ཀྱི་འདུ་ཤེས་མཁྲེགས་དུ་གཏོང་བར་དྲན་སྐུལ་ཞིག་བྱེད་དོན་འདི་ལ་ཐུག་པ་ཡིན། སེམས་པར་གྱིས་ཤིག རིགས་ཀྱི་འདུ་ཤེས་ལ་དགའ་བའི་སྤུན་ཟླ་ཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨོ་གླིང་གྲོས་ཚོགས་ཀྱིས་བོད་དོན་ཐོག་གྲོས་འཆར་བཏོན།

ཆུ་ཚོད་ ༡༠ སྔོན་ལ།
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

༢༠༢༦/༠༣/༡༨
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

༢༠༢༦/༠༣/༡༨
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese