མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲང་མོ་བཤད་ན་མྱི་མི་དགའ།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༢/༠༩
Share on FacebookShare on TwitterShare on EmailShare on Whatsapp

 ་་་་་་་་་་་་་་་་་སྲིད་པའི་གཏམ་དུ།

དེང་སང་མི་མང་བོ་ཞིག་གསར་གཏོད་ལ་ཕྱོགས་ཤིང་། གསར་བ་ལ་མོས་པའི་སྐབས་འདི་འདྲ་ཞིག་ལ། གསར་བ་ནི་དུས་རབས་ཉེར་གཅིག་པའི་ཁྲོད་ཀྱི་དགོས་འཁོ་ཡིན་པར་འདོད་ཀྱི་ཡོད། གསར་བ་ནི་འགྲོ་འདུག་བསྡོད་གསུམ། འཆད་རྩོད་རྩོམ་གསུམ། བཤད་གླེང་སྨྲ་གསུམ་གང་དུ་ཡང་མེད་དུ་མི་རུང་བར་འདོད་པའི་མི་སྡེ་ཡི་སྤྱི་ཚོགས་ཤིག་བྱུང་བཞིན་ཡོད། དེ་ཡི་ནང་ནས་ན་གཞོན་དག་གིས་གཅིག་རྗེས་གཉིས་མཐུད་དུ་མི་རབས་གསར་བའི་སྡེ་ཁག་དང་བོ་དང་གཉིས་པ། གསུམ་པ་ནས་བཞི་བ་ནི་ང་ཚོ་ཡིན་ཟེར་ནས་གླེང་བཞིན་མདུན་དུ་འོང་བཞིན་ཡོད། དེ་དག་གི་ཁྲོད་ཀྱི་གཞོན་སྐྱེས་མི་ཉུང་བ་ཞིག་ནི་དངོས་ནས་རིགས་ཀྱི་མདུན་པའི་ཕྱུགས་ཤིང་། སེམས་ཤེས་ཀྱི་གད་རྒྱངས་མཐོ་བའི་གཞོན་ནུ་རེ་ཟུང་ཡོད་ལ། ཁོང་ཚོས་རང་གི་མི་རིགས་ལ་ཞབས་འདེགས་ཀྱང་ཆེས་མི་ཉུང་བ་ཞིག་སྒྲུབ་བཞིན་ཡོད་ལ། སྒྲུབ་པའི་ནུས་པ་དེ་དག་ལ་ཡང་རྗེས་སུ་ཡི་རུང་དང་ངོ་གསོ་ཡར་ལ་བསྟོད། གུས་བརྩི་དང་དགའ་ཞེན་བྱེད་འོས་པ་ཞིག་ཡིན།

 

 

ད་ནི་དངོས་ཀྱི་གླེང་གཞི་ཞིག་བཤད་ན། སྤྱི་ཚོགས་ཀྱི་ཟ་ཟུར་གང་ཞིག་ལ་ཡང་སྐྱོན་ཡོད་པ་ནི་སྨྲས་མེད་ཡིན་ལ། བཤད་རྒྱུ་རང་གིས་བྱས་ན། བཤད་མཁན་སྡེ་བ་ཡིན་ཟེར་སྲོལ་ཡོད་པ་ལྟར། ཉེས་པ་ནི་ཉེས་པར་བལྟས་དེ་གླེང་འོས་པ་ཞིག་ལོས་ཡིན། གླེང་དགོས་པ་དེ་ཡང་དོན་དག་དང་རྒྱུ་མཚན་ཡོད་མེད་ལ་བལྟས་དེ་བཤད་དགོས་དུས། ཉེས་པ་དང་སྐྱོན་མཚང་འདྲི་མཁན་དག་གིས་གཙོ་བོ་འགན་དེ་ཉིད་དང་དུ་བླངས་ནས་སྐད་ཆ་བཤད་པ་ནི་དངོས་ནས་འོས་ཤིང་འཚམ་པ་ཡིན། དེང་དུས་སུ་འཕྲུལ་རིགས་ལག་རྩལ་གྱི་བང་རྩལ་མྱུར་བའི་དུས་རབས་འདིའི་ནང་དུ་བོད་མི་དག་གིས་ཀྱང་བྱིས་པའི་གོམ་འགྲོས་བཞིན། འཕྲུལ་རིགས་ཀྱི་བང་ཁར་སྙེགས་ཀྱི་ཡོད་པ་ཡིན་ལ། དེ་ཡི་ཁྲོད་ནས་བཟང་ངན་དང་ཡག་ཉེས། དགེ་སྐྱོན་གླེང་བའི་མི་སྡེ་ཡང་རིམ་གྱིས་བྱུང་བ་རེད། བྱུང་སྟངས་འདི་ལ་བསམ་བློ་ཞིབ་མོ་ཞིག་གཏོང་འོས་པར་འདོད། རང་ཉིད་བསམ་བློ་གཏོང་བའི་ནུས་པ་བླ་ལྷག་མེད་པ་འདྲ་ཡིན་ན། བསམ་བློ་གཏོང་མྱོང་བ་དང་བསམ་བློའི་སྣེ་སྟོན་པ་དག་གིས་བཞག་པའི་ཤུལ་རྗེས་ཀྱི་གསང་འབུམ་ཟབ་མོ་དག་ལས་ཉམ་མྱོང་བསྡུ་ལེན་བྱས་ནས། གཟོད་ནས་དགེ་སྐྱོན་གླེང་བའི་ལམ་དུ་ཞུགས་དགོས་པ་དེ་ཡིན།

 

བོད་ཀྱི་གཞོན་སྐྱེ་ཡི་སྡེ་ཁག མི་རབས་གསར་བའི་ཁུངས་དུ་ཡོད་མེད་གང་ལྟར་ཡང་། ཟིན་བྲིས་ཀྱི་སྡེ་ནས་རིགས་ཞེན་འདུན་པ་ཟབ་མོའི་སྐད་ཆ་དག་ཤར་མར་འཆད་མཁན་ཞིག་ལ་མཚོན་ན། རིགས་ཞེས་པའི་འགན་དེ་ཉིད་ནི་རང་གི་ཚེ་སྲོག་དང་མངའ་ཐང་ལོངས་སྤྱོད་ལས་ཀྱང་རྩ་ཆེ་བའི་ངེས་ཤེས་དེ་ཉིད་ཅིས་ཀྱང་རྙེད་དགོས་པ་ཡིན། ངེས་ཤེས་དེ་ཉིད་ཡོད་རྗེས་ཀྱི་ཟིན་བྲིས་པ་ཞིག་ལ་མཚོན་ན། རང་གི་མིང་ལ་མི་རབས་གསར་བ་ཞེས་མ་བོས་ཀྱང་། མི་རིགས་ཤིག་གི་ན་གཞོན་གསར་བ་ཡིན་པ་ནི་སྨྲས་མེད་ཡིན། དེ་ནས་བོད་མི་སྤྱི་བོའི་སྡེ་ལ། གནའ་ནས་ད་ལྟའི་བར་དུ་རིགས་གཞུང་གི་ནང་བཅུད་ཉམས་དུ་མ་བཅུགས་པར། ཤུལ་རྗེས་ལ་ཤར་བསྐྱོད་ཀྱིས་དཀའ་ཚེགས་རིམ་རྒྱུད་ཀྱི་ལོ་ཟླའི་ཁྲོད་ནས། བོད་ཀྱི་རིག་གཞུང་གི་བཅུད། སྲོག་གི་རྩ་བ། མི་རིགས་ཀྱི་དོན་སྙིང་ལ་སྲུང་སྐྱོབས་ཀྱི་བྱས་རྗེས་རླབས་པོ་ཆེ་དེ་ཉིད་འཇོག་མཁན་ནི། དུས་དེང་སང་ཡང་སེར་མོ་བའི་སྡེ་ཡིན་དུས། སེར་མོ་བ་ཟེར་ན་ཡོད་ཚད་ནི་གསེར་གྱི་འོད་བཞིན་འཕྲོ་བའི་ཤེས་རབ་ཀྱི་མིག་ཟུང་ཡོད་མཁན་རྐྱང་མིན་ནའང་། མང་ཤོས་ཀྱི་དཀའ་སྤྱད་འབད་འབུངས་ཀྱི་གྲུབ་འབྲས་ཀྱིས་དུས་དེ་རིང་ཡང་བོད་མི་རིགས་ལ་སྟོན་རྒྱུ་ཡོད་པ་དང་། སྒྲུབ་པ་ཉམས་ལེན་བྱས་ན་གྲུབ་འབྲས་ཡོད་པ་ཞིག་ལུས་ཡོད་པ་དེ་ནི། སེར་མོ་བའི་སྡེ་ཡིས་བཟུང་དེ་ཡོད། འདི་ནི་བདག་གི་ཧམ་བཤད་མིན་ལ། མི་རབས་གསར་བའི་གཞོན་ནུ་དག་ལ་ཁྲེལ་དགོད་བྱས་པའང་གཏན་ནས་མིན། འདི་ནི་རང་ཉིད་བོད་ཀྱི་ཟིན་བྲིས་པ་ཕལ་བ་ཞིག་གི་དངོས་ནས་སེམས་ཀྱི་མ་གཟོད་པར་ཤར་མར་ཡི་གེར་བཏགས་པ་དེ་ཙམ་ཡིན།

 

 

མཇུག་མཐར་ཚང་མའི་སེམས་སུ་ངེས་དགོས་པ་ཞིག་ལ། ཕྱི་ནང་གང་དུ་ཡང་སེར་མོ་བའི་སྡེ་ཡི་ང་ཚོའི་མི་རིགས་ལ་སྒྲུབ་པའི་དགེ་སྐྱོན་གཉིས་ལས་བསྡུར་བ་ཡིན་ན། དགེ་བའི་ཕྱོགས་མང་བ་ལས་སྐྱོན་གྱི་ཕྱོགས་ཉུང་བ་དང་། བཞག་པའི་བྱས་རྗེས་ཀྱང་འཛམ་གླིང་ན། ཤར་རིའི་རྩེ་ཡི་ཉི་ཟླ་བཞིན་ཤར་ནས་ཡོང་གི་ཡོད་ལ། རང་མི་རིགས་ལ་ཡང་དུས་དེ་རིང་ཡང་རླབས་ཆེ་བའི་བྱ་བཞག་དག་གི་སྣེ་ཁྲིད་མཁན་གྱི་བརྒྱ་ཆའི་མང་ཤོས་ནི་སེར་མོ་བའི་སྡེ་ནས་འོང་གི་ཡོད་པ་དེ་ནི་མིག་མཐོང་ལག་ཟིན་ཡིན་པ་བོད་ལ་ཤ་ཚ་བའི་ཟིན་བྲིས་པ་དག་གིས་ཐུགས་འཇག་འཚལ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

མཆན། 5

  1. ཁ་ཐད། says:
    ལོ་ 15 སྔོན།

    ཁྱེད་ཀྱི་ལྟ་ཚུལ་འདིར་༡༠༠% རྒྱབ་སྐྱོར་ཡོད། བྱིས་པ་དེ་ཚོ་མགྱོགས་པོར་ལག་ཆགས་ནི་རེད།

    Reply
  2. ཁ་ཐད། says:
    ལོ་ 15 སྔོན།

    ཤ་ཁྲག་རུས་གསུམ་ལགས། རོགས་པ་ཞིག་བྱེད་རོགས། དུས་བབས་སྟེང་གི་ས་བྱི་ལོའི་བརྙན་ཕབ་གསར་བ་ཞིག་འབྱོར་ཡོད་པ་དེར་ཐེངས་གཉིས་ལ་དཔྱད་བརྗོད་སྤེལ་ནས་ཉིན་ཧྲིལ་བོ་ཞིག་འགོར་ཡང་འཆར་རྒྱུ་མཐོང་རྒྱུ་མི་འདུག། ངའི་ཚབ་ཏུ་ཁྱེད་ཀྱིས་དུས་བབས་ཚང་ལ་ཁ་ངོ་ཞིག་སློང་རོགས། དུས་བབས་ཚང་གི་ལས་བྱེད་ཚོས་དུས་འཁོར་རྩ་བརྒྱུད་ཀྱི་གསང་བ་ཉམས་ལེན་བྱས་ནས་ཁོམ་གི་ཡོད་ས་མ་རེད། ཐུགས་རྗེ་ཆེ།

    Reply
  3. tenzinnyimat says:
    ལོ་ 15 སྔོན།

    འདི་ནི་ངོ་མ་རིགས་པ་བཞི་དང་རྟོན་པ་བཞིས་བརྟག་ཤིང་དཔྱད་པའི་མཁས་པའི་གསུང་ལྟ་བུ་ཞིག་བྲིས་འདུག་པས་བསྔགས་བརྗོད་ཡོད།

    Reply
  4. ChongTsang says:
    ལོ་ 15 སྔོན།

    དབྱུག་པ་བཟུང་ན་ཁྱི་མི་དགའ། ཨེ་རེད།

    Reply
  5. ttensher says:
    ལོ་ 15 སྔོན།

    བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་ཡོད། དེ་ག་རང་རེད་ཟེར་རྒྱུ་ཡིན། འོ་་་ ཕྱོགས་ཞེན་བྱས་པ་མིན་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese