མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་པ་དང་ངའི་དྲན་འཆར།

བོད་ཀྱི་དུས་བབ།
༢༠༡༡/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཞོགས་པར་ངྷ་ས་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་ཚོགས་ཁང་དུ། ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་ཁོང་དང་བཙོན་རོགས་ཚོའི་དཀའ་སྡུག་གི་བྱུང་པ་བརྗོད་པའི་བརྙན་སྡེར་ ༼བཙོན་པ་དང་ངའི་དྲན་འཆར༽ ཞེས་པ་ཞིག་དབུ་འབྱེད་བྱས་སོང་།

གློག་བརྙན་འདི་དབུ་འབྱེད་མཛད་སྒོའི་སྐུ་མགྲོན་གཙོ་བོར་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་དང་ཆབ་སྲིད་བཙོན་ཟུར་དང་སྤྱི་འཐུས་སྒྲོལ་དཀར་སྐྱབས་གཉིས་ཕེབས་འདུག་ལ། གློག་བརྙན་དེའི་བཙོན་ཟུར་ནང་ལྷ་མོ་སྐྱབས་ཁོང་གི་མྱོང་ཚོར་དང་། ལྷ་སའི་ཆུ་ཤར་བཙོན་ཁང་སྐོར། ཁོང་བཙོན་འོག་ཏུ་ཡོད་སྐབས་ཐུགས་འཕྲད་བྱུང་པའི་ཆབ་སྲིད་བཙོན་པ་ ༣༠ ལྷག་གི་གནས་སྟངས། ཁོང་བཙོན་ཁང་ནས་ཕྱིར་ཐོན་རྗེས་རྒྱ་གར་དུ་ཡོང་སྟེ་མུ་མཐུད་ལས་འགུལ་རིགས་སྤེལ་བ་བཅས་རིང་ཚད་ཆུ་ཚོད་ཕྱེད་ཀ་ཙམ་འདུག

བརྙན་སྡེར་བཟོ་སྒྲིག་པ་ལྷ་མོ་སྐྱབས་ལགས་ཀྱིས་ཐེངས་འདིའི་བརྙན་སྡེར་བཟོ་འགྲེམ་གྱི་དགོས་དོན་ངོ་སྤྲོད་གནང་དོན་ལྟར་ན། གཅིག་ནས་རྒྱའི་བཙོན་འོག་ན་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་ཀྱིས་མནར་གཅོད་ཇི་ལྟར་མྱོང་གི་ཡོད་པའི་དངོས་ཡོད་གནས་ཚུལ་རྒྱལ་སྤྱིར་ཤེས་རྟོགས་ཡོང་ཆེད་དང་། གཉིས་ནས་རྒྱལ་སྤྱིའི་རང་དབང་སྡེ་ཚན་དང་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཚོ་བརྒྱུད་དཀའ་སྡུག་མྱོང་བཞིན་པའི་བོད་ཀྱི་ཆབ་སྲེད་བཙོན་པ་ཚོ་མགྱོགས་མྱུར་ཀློད་གྲོལ་གྲོལ་ཡོང་ཐབས། གསུམ་ནས་རང་ཉིད་ཆབ་སྲིད་བཙོན་ཟུར་ཞིག་ཡིན་པའི་འགན་ཁུར་བཅས་ཀྱི་ཐད་ནས་བརྙན་སྡེར་འདི་བཟོ་འགྲེམས་བྱས་པ་ཞིག་ཡིན་འདུག

སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཁོང་ལ་བསྔགས་བརྗོད་དང་འབྲེལ། བརྙན་སྡེར་འདིས་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་བབ་རྒྱལ་སྤྱིར་དྲིལ་བསྒྲགས་བྱ་ཐུབ་པ་ཙམ་མ་ཟད། ཁོང་རང་ཉིད་ལྟ་བུའི་བཙན་བྱོལ་དུ་སྐྱེས་ཤིང་བོད་མིག་གིས་མཐོང་མྱོང་མེད་མཁན་ཚོར་ཡང་། སེམས་ཚོར་དང་བོད་ཀྱི་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་ལ་ཤེས་རྟོགས་དང་རྒྱུས་ལོན་ཡོང་རྒྱུར་ཕན་རླབས་ཆེན་པོ་འབྱུང་ངེས་པ་དང་། བརྙན་སྡེར་འདིར་དབྱིན་ཡིག་དང་རྒྱ་ཡིག་གི་འགྲེལ་བཤད་ཀྱང་འགོད་ཐུབ་ན་རྒྱལ་སྤྱིའི་ནང་དྲིལ་བསྒྲགས་འགྲོ་རྒྱུར་ཕན་ཐོགས་འབྱུང་ངེས་སྐོར་གསུངས་སོང་ལ། དེ་བཞིན་བོད་མི་རྣམས་བཙན་བྱོལ་དུ་ཡོང་དགོས་དོན་ནི་ཕྱིའི་ལུང་པ་ནས་གཏན་སྡོད་བྱ་རྒྱུ་དང་བཙན་བྱོལ་སྒྲིག་འཛུགས་ཚགས་ཚུད་གཏོང་ཆེད་མིན་པར་བོད་ལ་འཕྲད་བཞིན་པའི་ཆབ་སྲིད་ཀྱི་དཀའ་རྙོག་སེལ་ཆེད་ཡིན་སྟབས། ཆབ་སྲིད་བཙོན་པ་ཚོ་དང་མི་མང་ཚང་མས་བོད་ཀྱི་ཆབ་སྲིད་ཀྱི་དཀའ་ངལ་སེལ་རྒྱུར་འབད་བརྩོན་བྱ་དགོས་སྐོར་བརྗོད་སོང་།

སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་རྒྱའི་བཙོན་འོག་ནས་ཕྱིར་ཐོན་པ་ཙམ་གྱིས་ལས་དོན་ཆ་ཚང་བསྒྲུབས་ཟིན་པ་ཞིག་མིན་པར། རྒྱུའི་བཙོན་ཁང་ནས་ཕྱིར་ཐོན་ཡང་བོད་ཀྱི་ལས་དབང་ལ་མུ་མཐུད་འགན་འཁུར་དགོས་པ་དང་། བོད་ཀྱི་རྩ་དོན་དང་འབྲེལ་པའི་གནས་ཚུལ་རྣམས་ཁ་ཕྱོགས་མ་ནོར་པའི་ཐོག་ནས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱལ་ཐུབ་དགོས་པ། ལྷ་མོ་སྐྱབས་ཀྱིས་ལོ་ ༢ ལྷག་ཙམ་རིང་རང་འགན་རང་ཁུར་གྱིས་དཀའ་ལས་བརྒྱབ་སྟེ། ཁོང་ལ་རྒྱུས་མངའ་ཡོད་པ་དང་ཤེས་རྟོགས་ཡོད་པའི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་སྐོར་ངོ་སྤྲོད་གནང་བ་ནི་ལས་དོན་ལ་འགན་ཁུར་པ་ཞིག་ཡིན་པར་བརྗོད་སོང་།

ལྷ་མོ་སྐྱབས་ལགས་ཀྱིས་ཁོང་བཙོན་དུ་ཚུད་པ་དང་ད་ཆར་ “བཙོན་པ་དང་ངའི་དྲན་འཆར” ཞེས་པའི་བརྙན་སྡེར་བཟོ་འགྲེམས་སྐོར་ནས་བརྗོད་དོན།་“ང་ནི་རྨ་ཆུའི་འབྲོག་ཁྱིམ་ཞིག་ནས་སྐྱེས་ཤིང་། ༢༠༠༣ ལོར་༧གོང་ས་མཆོག་ལ་མཇལ་ཕྱིར་རྒྱ་གར་དུ་ཡོང་། སྐབས་དེར་རང་ཉིད་འབྲོག་པ་ཞིག་དང་སློབ་སྦྱོང་མེད་མཁན་ཞིག་ཡིན་བསམ་ནས་བསྡད་ན་འགྲིག་གི་མི་འདུག་བསམ་པའི་སེམས་ཚོར་ཆེན་པོ་ཞིག་བྱུང་སྟེ། ཤི་རུང་འགྱོད་པ་མེད་པའི་སེམས་ཐག་གཙང་བཅད་ཀྱིས་ ༢༠༠༦ ལོར་བོད་ཀྱི་རྒྱལ་དར་ཁྱེར་ནས་ཕྱིར་ཕ་ཡུལ་དུ་ལས་དོན་བསྒྲུབ་པར་ལོག་པ་ཡིན། འོན་ཀྱང་། ལྷ་སར་བསླེབས་པ་ནས་རྒྱ་གཞུང་གིས་ཤེས་ཏེ་གསང་ཉུལ་པའི་ངའི་རྗེས་འདེད་བྱས་པ་དང་། མཐར་ ༢༠༠༦ ཟླ་ ༥ ཚེས་ ༡༣ ཉིན་འཛིན་བཟུང་བྱས་སོང་། ལོ་ ༣ རིང་བཙོན་འཇུག་གིས་ཀློད་གྲོལ་བྱུང་རྗེས་བསྐྱར་དུ་ཐེངས་གཉིས་ཙམ་བཀག་ཉར་བྱས་སྟབས་འདུག་མ་ཐུབ་པར་རྒྱ་གར་དུ་ཡོང་དགོས་བྱུང་། ད་ལྟ་གཟུགས་པོར་སྨན་བཅོས་ཀྱི་ཞོར་དུ་དགུ་བཅུ་གསུམ་གྱི་འཛིན་གྲྭར་འགྲོ་བཞིན་ཡོད། བརྙན་སྡེར་འདི་ནི་གཙོ་བོ་བོད་ནང་གི་ཆབ་སྲིད་བཙོན་པ་ཚོའི་གནས་སྟངས་ལ་ཤེས་རྟོགས་དང་། ཚང་མ་བོད་ཀྱི་རྩ་དོན་ཐོག་འགན་ཁུར་མཉམ་ཞུགས་ཡོང་རྒྱུ། རྒྱལ་སྤྱིའི་བོད་དོན་རྒྱལ་སྐྱོར་པ་དག་དང་འཛམ་གླིང་མི་མང་གིས་བོད་དོན་ལ་རྒྱལ་སྐྱོར་དང་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུར་ནུས་ཤུགས་འདོན་རྒྱུ་བཅས་ལ་རེ་བ་བཅིངས་ཏེ་བཟོས་པ་ཡིན” ཞེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།  

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 4

  1. བརྩོན་རྒྱམ། says:
    ལོ་ 14 སྔོན།

    ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱི་བོད་མི་རིགས་ཀྱི་བདེན་དོན་ཁྱེད་མི་ལོ་གསུང་རིང་བཙན་ནས་དཀའ་སྡུག་མནར་གཅོད་མྱངས་བར་གདུང་སམས་མཉམ་སྐྱེད་ཡོད།   མ་ཟད་རིང་ཉིན་གྱི་བདེ་སྡུག་ལ་མ་ལྟས་པར་མི་རིགས་ཤིག་གི་ཁྱེད་དེ་འདྲ་ལས་འགུལ་གནང་པ་ཡི་རང་དང་གུས་འདུག་ཡོད།  ད་དུང་མུ་མཐུད་དུ་བོད་ལ་རང་དབང་མ་ཐོབ་པར་ལས་འགུལ་གང་མང་ནང་མཉམ་བཞུགས་གནང་བའི་རེ་བ་བཅས།

    Reply
  2. གནས་ཚང་། says:
    ལོ་ 14 སྔོན།

    གུས་འདུད་ཡི་རངས་ཡོད།

    Reply
  3. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    ཕྱིར་བོད་ལ་ལས་འགུལ་སྤེལ་དུ་ཕྱིན་ཞིང་བཙོན་དུ་ཚུད། ཡང་བསྐྱར་ཚུར་སླེབས་ཐུབ་པ་དང་ད་དུང་མུ་མཐུད་དེ་ཆབ་སྲིད་ཀྱི་འཐབ་རྩོད་བྱས་ནས་རང་འགན་ལེགས་པར་སྒྲུབ་ཚུལ་འདི་འདྲ་ཧ་ཅང་ཉུང་ཉུང་ཡིན་སྙམ། དེ་བས་ཡི་རང་དང་བསྔགས་བརྗོད་ཞུའོ།

    Reply
  4. ཚེ་རིང་བསམ་གྲུབ། says:
    ལོ་ 14 སྔོན།

    ཆབ་སྲིད་བཙོན་ཟུར་རྣམས་ལ་གུས་འདུད་དང་། ཁྱེད་ཅག་གིས་རྒྱའི་བཙོན་འོག་ཏུ་དཀའ་སྡུག་མྱངས་པར་གདུང་སེམས་མཉམ་སྐྱེད་ཡོད་ཞུ་རྒྱུ་ཡིན། འོན་ཀྱང་། སོ་སོས་དཀའ་སྡུག་ག་ཚོད་མྱངས་པའི་ཐོག་མའི་དམིགས་ཡུལ་དང་བར་གྱི་བརྒྱུད་རིམ། མཐའ་མའི་གནས་སྟངས་སོགས་ལ་ཡག་པོ་དགོངས་པ་བཞེས་རོགས་གནོངས་ཞུ་རྒྱུ་ཡིན། ལྷག་པར་དུ་རྒྱའི་བཙོན་འོག་ཏུ་ཚུད་པ་ཙམ་གྱིས་ཆབ་སྲིད་ལ་མ་བསྒྱུར་རོགས། ས་བསྒྲགས་གནམ་བསྒྲགས་མ་གནང་རོགས། བདེན་པའི་གནས་ཚུལ་དྲང་བཤད་དང་། དངོས་ཡོད་གནས་སྟངས་གསལ་བཤད་གནང་རོགས་གནོངས་ཞུ་རྒྱུ་ཡིན།
    བཙོན་ཟུར་ལྷ་མོ་སྐྱབས་ལགས་སུ་ང་ལ་རྒྱུས་མངའ་གང་འཚམ་ཡོད་ལ། ལྷག་པར་དུ་ནོར་གླིང་མཐོ་སློབ་ཀྱི་འགན་འཛིན་བོད་མི་མང་སྤྱི་འཐུས་གསར་པ་སྒྲོལ་དཀར་སྐྱབས་ལགས་སུ་དེ་བས་ཀྱང་རྒྱུས་མངའ་ཡོད། ཁོང་ཡང་སྔོན་མ་རྒྱའི་བཙོན་འོག་ཏུ་སོང་སྟེ་རྒྱ་གར་ལ་བཙན་བྱོལ་དུ་འབྱོར་རྗེས་བཙོན་ནང་གི་གནས་ཚུལ་སྐོར་ལ་དེབ་ཅིག་བྲིས་ཡོད། དེབ་དེ་ངས་བཀླགས་མྱོང་ཡོད། ད་ལོར་ཁོང་ཆབ་སྲིད་བཙོན་པའི་གྲས་སུ་ཨོ་སི་ཊོ་ལེ་ཡར་བརྒྱན་བབས་ཏེ། མི་འགྱངས་བར་ཨོ་སི་ཊི་ལེ་ཡར་ཆིབས་འཐོན་གནང་རྒྱུ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese