ཤུགས་དང་རྩལ་གྱིས་གྲུབ་པའི་གཞུང་ལུགས་དང་།།
སེམས་དང་བསམ་པའི་གྲུབ་པའི་རྣམ་དཔྱོད་སོགས།།
བསྡུས་པ་གཅིག་དུ་གྲུབ་པའི་ཕུང་བོ་འདི།།
སྲུང་ན་སྙིང་བོ་ཡོད་པའི་ལས་དེ་གང་།།
ངོ་གསོ་ཕར་ལ་བསྲུངས་པའི་གཤིས་ཀ་དང་།།
སེམས་པ་ཚུར་ལ་སྟོན་པའི་བརྩེ་བ་སོགས།།
གཞི་མེད་གཅིག་དུ་མ་གྲུབ་ངང་ཚུལ་འདི།།
སྐྱུར་ན་འཕོག་ཐུག་གོར་མོ་སུ་ལ་འཇོག།
བྲིས་ན་ཡག་ཡག་འདྲ་བའི་འཕྲིན་པ་དང་།།
གླེང་ན་སྙན་པོ་ཡོད་པའི་གཏམ་རྒྱུད་སོགས།།
འཚོ་བའི་དར་རྒུད་འདེད་པའི་སྲང་ལམ་དུ།།
མ་འདྲིས་རིང་དུ་བཞག་ན་ཅི་ལ་གནོད།།
ཁྲག་དང་རུས་ལ་གཏོགས་པའི་རྒྱུད་པ་དང་།།
ཁ་དང་ཁོག་ལ་བྱང་བའི་སྐད་ཡིག་གཉིས།།
མ་བསྲུང་འཐུ་མེད་ལས་ཀྱི་འགན་དབང་དེ།།
བཞག་ནས་བྲོས་ན་རྒྱུ་འབྲས་གང་ལ་གནོད།།
གྲོགས་པོ་ལགས་ཁྱེད་ཀྱི་ཚིག་བཅད་འདིས་ངའི་སེམས་པ་གུག་སོང་