མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་ངོ་མི་ངོ་སྤྲོད་རོགས།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༤༠ སྟེང་གི་རྩོམ་སྒྲིག་པའི་གཏམ།

 

ཁ་སང་དེ་རིང་གི་དྷ་ས་འདི་གནའ་བོའི་ཉི་མ་ལྷ་ས་ཡིན་སྙམ་འཁོར། རྒན་རྒོན་ཚོས་གཙུག་ལག་ཁང་གི་སྐོར་ལམ་ན་དབུགས་ཧད་ཧད་དད་འདུན་གྱི་རྐང་རྗེས་སྤུངས་བཞིན་མཆིས་ལ། གཞོན་དར་ཚོས་ལྷ་རྟེན་གྱི་ཞལ་མདུན་ན་མིག་ཅེ་རེར་ཤི་གསོན་གཉིས་ལ་སྐྱབས་འཇུག་ཞུ་བཞིན་འདུག ནམ་རྒྱུན་ཕྱི་གླིང་པའི་པར་ཆས་ཀྱི་ཁ་མིག་ལ་ལྷུང་པའི་དྷ་ས་འདི། ཉིན་འདི་འགར་དད་འདུན་གྱི་སྒྲ་དབྱངས་འཕྱུར་སའི་གནའ་བོའི་ཉི་མ་ལྷ་སར་གྱུར་འདུག ལྷ་ས་ལྟ་བུའི་དེ་རིང་གི་དྷ་སའི་མི་ཚོགས་འདི། གནའ་བོའི་རྟ་གཡག་གི་རུ་བ་དང་བཅས་ལོ་ལམ་ཟླ་ལམ་ལ་ཡོང་མཁན་དག་མིན་ནའང་། ཉིན་ལམ་མཚན་ལམ་ལ་རླངས་འཁོར་གྱི་གསིག་རྡེབ་མྱོང་བཞིན་དད་འདུན་གྱི་སེམས་པ་ཁྱེར་ཡོང་མཁན་དག་རེད་ལ། དེ་བཞིན། གནའ་བོའི་དབུས་མཇལ་བ་ལྟར་ཟངས་ཀྱི་ཇོ་བོར་ཞལ་གསེར་འབུལ་དུ་ཡོང་བ་མ་ཡིན་པར། བྲལ་གདུང་གི་ལོ་ཟླ་རིམ་ལ་བཅུག་སྟེ་རྩ་བའི་བླ་མའི་གསེར་ཞལ་མཇལ་དུ་ཡོང་མཁན་རྐྱང་རེད། 

    “ ཚེ་འདིར་རྒྱལ་དབང་རིན་པོ་ཆེར་མཇལ་ཐུབ་མ་སོང་། ” དད་འདུན་གྱིས་བཞུར་པའི་སེམས་གཞས་འདི། རེ་གདུང་གིས་གཟིར་བའི་སྐད་ཆ་འདི། ཉིན་མཚན་མང་པོར་རླངས་འཁོར་གྱི་གསིག་རྡེབ་ཁྲོད་བླ་མའི་གསེར་ཞལ་སྒོམ་བཞིན་འོངས་པའི་ཨ་མ་རྒན་མོ་ཞིག་གི་ཁ་ཆེམས་རེད། མ་གཞི་སྐད་ཆ་ཚིག་དུམ་འདིས་ཁོ་མོ་རང་ཉིད་ཀྱི་ལས་སྐལ་ལ་འཁང་ར་ཙམ་ལས། གཞན་སུ་ལའང་ལས་བདའ་གང་ཡང་བྱས་ཡོད་པ་མ་རེད། ཡིན་ནའང་། ལྷ་ངོ་མི་ངོ་འཕྲོད་པར་སྙིང་ནས་རེ་བའི་སྐད་ཆ་ཚིག་དུམ་འདིས། ནམ་རྒྱུན་༸གོང་ས་མཆོག་གི་གསེར་ཞལ་མཇལ་བའི་བགོ་སྐལ་ཅན་གྱི་འུ་ཅག་བཙན་བྱོལ་བ་ཚང་མར་ངང་ངམ་ཤུགས་ཀྱིས་འཁུ་སེམས་ཤིག་སྟེར་སྲིད།

    དུས་ཀྱི་ཆར་རླུང་ཁྲོད་གཞིས་བྱེས་གཉིས་སུ་གྱེས་ཏེ་མི་ལོ་དྲུག་ཅུ་འདས་པའི་རིང་། ས་སྒང་འདིའི་སྒལ་ཚིགས་ལྟ་བུའི་ཧི་མ་ལ་ཡའི་མདུན་རྒྱབ་ནས། གཞིས་བྱེས་གཉིས་ཀྱིས་ལྷན་འཛོམས་སྨོན་ལམ་རྒྱག་རེས་དང་དྲན་པའི་གཞས་ཆུང་སྐུར་རེས་བྱས་ཡོད་སྐད། ད་རེས་ཀྱི་དུས་དབང་འདི་ནི་ཕན་ཚུན་དྲན་གདུང་གི་མཆི་མའི་དྭངས་ཤ་དང་། སྨོན་འདུན་གྱི་རི་མོའི་ནང་སྙིང་ཕྱི་ལ་ངོམས་སའི་ཡུན་རིང་ཡིད་ལ་བརྣག་པའི་དུས་སྐབས་ཤིག་རེད། ཡིན་ནའང་། ཉེ་ཆར་དྷ་སའི་གཡས་གཡོན་ནས་གསར་དུ་འབྱོར་བའི་མཇལ་བ་དག་ནད་ཀྱིས་མནར་ཏེ་སྨན་ཁང་དུ་འདུར་གྱིན་འདུག་ལ། མདོ་སྟོད་སྨད་ཀྱི་ཆོས་ཞུ་བ་དག་གིས་བླ་མའི་གསུང་གི་བདུད་རྩི་མ་གོ་བར་སེམས་རྨོངས་བཞིན་འདུག ད་དུང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་གཞིས་བཞུགས་པ་ཚོའི་དད་པ་དང་སེམས་འདུན་ཁྱེར་ཏེ་ཤི་བོར་བསྔོ་རྟེན་དང་གསོན་པོར་སྐྱབས་རྟེན་འབུལ་མཁན་དག ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་སྒེའུ་ཆུང་གསུམ་པོའི་སྒོ་ཁར་རུབ་འཚང་བརྒྱབ་སྟེ། ལྷ་ས་ནས་རྒྱ་གཞུང་གི་ཕྱི་བསྐྱོད་མཐོང་མཆན་ཞུ་སྐབས་མྱངས་པའི་ངང་སྒུག་མནར་འགྱངས་ཀྱི་དཀའ་སྡུག་དེ་ཡང་བསྐྱར་ཐེངས་གཅིག་མྱོང་བཞིན་འདུག 

            གོ་ཐོས་ལ་ཉེ་ཆར་དུས་དབང་ལ་སླེབས་ཡོད་པའི་གཞིས་བཞུགས་སྤུན་ཟླ་བདུན་སྟོང་ལྷག་ཡོད་པར་བཤད། དུས་རྒྱུན་འུ་ཅག་གིས་རི་བོ་འདིའི་ཚུར་རྒྱབ་ནས་ “ གཞིས་བཞུགས་སྤུན་ཟླ་སེམས་ཤུགས་མ་ཆག ཁྱོད་ཚོའི་རྒྱབ་ན་ང་ཚོ་ཡོད ” ཅེས་སྐད་ཤུགས་ཆེན་པའི་འབོད་མྱོང་བ་ལྟར། ད་ནི་རྒྱབ་ནས་ལངས་མ་དགོས་པར་འཁྲིས་ལ་སླེབས་འདུག་པས་ན། གཞུང་སྒེར་ཚོགས་པ་ཚང་མས་ཀྱང་གཞིས་བྱེས་ལྷན་འཛོམས་གྱི་དུས་ཡུན་ཐུང་ཐུང་འདིའི་རིང་། “ ཚུགས་ཀ་མེད་རུང་སྡོག་པ ”ཞེས་པའི་དཔེ་ལྟར། ས་ཆུ་གནས་མལ་ལ་རྒྱུས་མངའ་ཅི་ཡང་མེད་པའི་གཞིས་སྡོད་སྤུན་ཟླ་འདི་དག་ལ་ཁ་རལ་སྣ་ཆད་ཀྱི་བར་ཆད་བྱུང་མ་བཅུག་པར། བླ་མའི་གསེར་ཞལ་མིག་གིས་མཇལ་ཞིང་བླ་མའི་བཀའ་གསུང་ཡིད་ལ་འཇགས་ཏེ་ལྷ་ངོ་མི་ངོ་འཕྲོད་པའི་སྒོ་ནས། སེམས་པ་དགའ་བཞིན་རེ་བ་འཕྱུར་བཞིན་ཕྱིར་བོད་ཡུལ་ལོག་ཆོག་པའི་བཀྲ་ཤིས་ལོ་ལེགས་ཤིག་ཡོང་རྒྱུར་ཁ་ཞེ་གཉིས་མེད་ཀྱིས་འབད་དགོས་པར་འདོད། 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

ཆུ་ཚོད་ ༢༣ སྔོན་ལ།
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese