མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནའ་མི་དྲང་མོ་ཡིན་ཟེར། དེས་ན་དེང་སང་གི་མི་ག་འདྲ་ཡོད།

བོད། ཤ་ཁྲག་རུས་གསུམ།
༢༠༡༡/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

 

བོད་ཀྱི་ཁ་དཔེ་དང་བཤད་རྒྱུན་ཞིག་ལ་གནའ་མི་དྲང་མོ་ཡིན་ཟེར་ནས་བཤད་སྲོལ་ཡོད། དེ་ནི་འུ་ཅག་གི་ཕ་མེས་ནས་རྒྱུད་དེ་འོང་བའི་གཏམ་ཞིག་རེད། དེས་ན་གནའ་མི་ཟེར་བ་མཚམས་གང་ཞིག་ནས་བཟུང་ན་འགྲིག་གི་ཡོད་དམ། ལོ་ངོ་བརྒྱ་ཕྲག་ཁ་ཤས་ཀྱི་གོང་ནས་བཟུང་བརྩི་དགོས་སམ། དེ་དུས་ནས་བརྩི་དགོས་པ་ཡིན་ན། དེ་དུས་མི་གསོད་ཁྲག་སྤྱོར་བྱེད་མཁན་མེད་དམ། རྫུན་བཤད་མཁན་མེད་དམ། རྐུ་བྱེད་མཁན་མེད་དམ། ཇག་པ་མེད་དམ། སྐབས་དེ་ཡི་མི་ལ་གཡོ་སྒྱུ་མེད་དམ། ངས་འདི་ལྟར་བསམ་བློ་བཏང་ནས་དེང་དུས་ཀྱི་ནུབ་ཕྱོགས་པའི་བཤད་ཚུལ་གསར་བ་ཞིག་ལ་ཉན། ནུབ་ཕྱོགས་པ་དག་གིས་གནའ་མི་ཚོ་གླེན་པ་ཡིན། འཕྲོད་བརྟེན་མེད། ཚེ་ཐུང་ཐུང་ཡིན་ཟེར་བ་སོགས། གནའ་མི་ལས་དེང་དུས་ཀྱི་མི་རྣམས་གང་ཅིའི་ཆ་ནས་བཟང་བར་གླེང་གི་ཡོད།

 

དེས་ན་བཤད་ཚུལ་ཤར་ནུབ་གཉིས་ནས་གང་ལ་ཆ་འཇོག་དགོས་པ་ཡིན་ནམ། ངས་བསམ་ན་རང་ཉིད་གང་ནས་སྐྱེ་བ་དེ་ནས་སྐད་ཆའི་བྲོ་མ་ཉམས་པར་རང་གི་རྒྱུད་དུ་འཛུལ་ཡོད་དུས། ངས་དེ་ནས་གླེང་ན་འོས་པ་ཡིན་ངེས། གནའ་མི་དག་ནི་དངོས་ནས་ཡ་རབས་པོ་དང་གཞུང་དྲང་ཚུལ་ལྡན། ཁྲེལ་དང་ངོ་ཚ། མི་ཆོས་དང་ལས་རྒྱུ་འབྲས་བརྩི་མཁན་ཤ་སྟག་ཡིན་ནམ། རང་ཉིད་ཀྱི་འཚར་ལོངས་ཀྱི་རྒྱུད་རིམ་ནས་ཕྱིར་མིག་རེ་བལྟས་ན། ལོ་ངོ་བརྒྱ་ཕྲག་གོང་གི་གནའ་མི་དག་ནི་བདག་གིས་མ་མཐོང་ལ། དེ་དག་གི་ཤུལ་རྗེས་རི་མོ་དེ་དག་ཡང་ཕྲ་ཞིང་ཞིབ་པ། ཚགས་ཚུད་པོ་དེ་འདྲ་བདག་ལ་བཤད་རྒྱུ་མེད་ཀྱང་། ལོ་ངོ་བཅུ་ཕྲག་ཁ་ཤས་ལ་ཕྱིར་འདང་ཞིག་བརྒྱབས་དུས། དངོས་ནས་ཁྲེལ་གཞུང་དང་ཕྱི་ཐག མི་ཆོས་དང་རྒྱུ་འབྲས། གུས་བཀུར་དང་བརྩི་མཐོང་། ཆེ་བཀུར་ཆུང་བྱམས་ཀྱི་གོམ་གཤིས་ལ་དངོས་ནས་ཉམ་ཆག་འགྲོ་བཞིན་འདུག

 

ང་ཆུང་ཆུང་ཡིན་དུས་ཤིག་ལ། ང་རང་གི་འགྲམ་དུ་ཨ་མ་རྒན་མོ་ཞིག་སྐོར་ནས་འགྲོ་བཞིན་འདུག ངས་ཨ་མ་ཁོང་ལ་ཁྱེད་དེ་འདྲའི་ཐག་རིང་བོ་སྐོར་ནས་གང་བྱེད་ཅེས་དྲིས་པ་ན། ཁོ་མོས་གྲྭ་བ་ཞིག་གི་གྲིབ་མ་ཙམ་ལ་ཡང་བརྒལ་ན་ཉེས་པ་ཡོད་པ་རེད། གྲྭ་བ་ནི་དངོས་ནས་སངས་རྒྱས་ཀྱི་རྗེས་མཇུག་སློབ་མ་ཡིན་དུས་དེ་ལ་གུས་པ་ནི་སངས་རྒྱས་ལ་གུས་པ་དང་གཅིག་པ་ཡིན་ནི་རེད་ཅེས་གསུངས་མྱོང་བའི་སྐད་ཆ་དེ་ཡི། གནའ་མི་དག་གི་སེམས་ནང་གི་སངས་རྒྱས་ལ་བཅིངས་པའི་དད་པ་དང་། དགེ་སྡུག་དང་ཡ་རབས་ཀྱི་འདུ་ཤེས་བཅས་ལ་དངོས་ནས་ཁ་ཞེ་གཉིས་མེད་ཡིན་པ་བསྟན་འདུག དེས་ན་དེང་དུས་སུ་གྲྭ་བ་ཞིག་གི་གྲིབ་མ་ལ་བརྒལ་མིན་ཕར་ཞོག གྲྭ་བའི་ན་བཟའ་དང་གྲྭ་བའི་བཞུགས་གདན་སོགས་ཀྱི་སྟེང་དུ་ཡང་འདྲ་མཉམ་དུ་བསྡོད་ཀྱི་ཡོད། འདི་ནི་གནའ་མི་དང་ད་ལྟའི་མི་རབས་བར་གྱི་ཁྱད་པར་རེད་འདུག འདི་ལ་བཟང་ངན་གྱི་ལེགས་ཉེས་ཇི་འདྲ་ཡོད་མེད་དེ་ཡི་སྐོར་ལ་སྤུན་ཟླ་ཁྱེད་ཅག་གི་བསམ་གཞིགས་ལྷུག་པོ་ཞིག་གནང་ནས་བསམ་ཚུལ་རེ་གསུང་རོགས་ཞུ། གཅིག་བྱས་ན་འུ་ཅག་གིས་དངོས་ནས་གནའ་མི་དག་ལ་དམིགས་དཔེ་བལྟ་དགོས་པའི་བྱ་བ་གལ་ཆེན་རེ་བརྗེད་ཀྱི་ཡོད་པ་འདྲ།

འབྲེལ་ཡོད་གསར་འགྱུར།

Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

ཆུ་ཚོད་ ༡༨ སྔོན་ལ།
Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

༢༠༢༦/༠༩/༠༩
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

༢༠༢༦/༠༩/༠༩
Mobile App

རྒྱ་ནག་གི་དྲ་ལམ་དུ་མངོན་པའི་གཞོན་སྐྱེས་ལས་ཤོར་བའི་དཀའ་ངལ།

༢༠༢༦/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese