མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད། ནམ་ཡང་འཆི་མི་སྲིད།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྐྱ་མདའ།

རང་རེ་ནི་ལོ་ངོ་ཁྲི་སྟོང་གོང་ནས་འཛམ་གླིང་མཐོ་སྒང་དུ་གནས་གཞི་བཟུང་སྟེ་ས་ཁྱོན་དང་རིག་གནས། དཔལ་འབྱོར་དང་དམག་དོན་སོགས་ཀྱི་ཐད། དར་རྒུད་སྣ་ཚོགས་མྱངས་མྱོང་བ་དང་། དར་བའི་རྩེ་མོར་ཤར་ཕྱོགས་རྒྱ་དང་ལྷོ་ཕྱོགས་རྒྱ་གར། ནུབ་ཕྱོགས་ཁ་ཆེའི་ལུང་པ་སོགས་སུ་སྙོང་སྟོབས་ཀྱི་གོ་ཆ་བཙན་པའི་དམག་དཔུང་ཁྲི་ཕྲག་གིས་རྒོལ་འཛིང་དང་། རྒྱལ་ཁ་ཆེན་པོ་བླངས་མྱོང་བའི་བློ་རིག་ལྡན་པའི་མི་རིགས་རྙིང་པ་ཞིག་ཡིན། ཆེས་རྒུད་པའི་རྩེ་མོ་དེང་གི་དུས་སུ་ཡང་སྔོན་བྱོན་མེས་པོ་རྣམས་ཀྱིས་ལུས་སྲོག་ལོངས་སྤྱོད་འཕང་མེད་དུ་བཏང་སྟེ། མི་རིགས་ཀྱི་ཁྱད་ནོར་དུ་བཞག་པའི་ཤེས་རིག་གི་བང་མཛོད་འདི་ཀོས། འཛམ་གླིང་ཤར་ནུབ་ཀྱི་ས་ཁྱོན་ཧྲིལ་པོར་བོད་ཅེས་པའི་རྒྱལ་ཁབ་ཅིག་དང་། བོད་པ་ཞེས་པའི་བློ་རིག་བཀྲ་བའི་མི་རིགས་ཤིག་ཡོད་པ་བདེན་དཔང་བྱེད་དང་བྱེད་མུས་ཡིན།

བོད་རྒྱལ་ཁབ་ཧྲིལ་པོ་འཐོར་ཞིག་ཏུ་ཕྱིན་ནས་མི་ལོ་ཧྲིལ་པོ་དྲུག་ཅུར་ཟིན་ལ་ཉེ་ཡོད། དུས་རབས་ཕྱེད་ལྷག་ཙམ་གྱི་དུས་ཡུན་དེ་ནི་བོད་མི་རིགས་དང་རིག་གཞུང་། ཁོར་ཡུག་དང་བཅས་པར་ཤིན་ཏུ་ཚབས་ཆེ་བའི་གོད་ཆགས་ཕོག་པའི་ལོ་རྒྱུས་ཀྱི་ཉི་མ་ནག་པོ་དེ་ཡིན། བརྡ་འཕྲིན་ཅན་དང་གོ་ལ་གཅིག་གྱུར། ཞི་བདེ་མཉམ་གནས་སུ་འབོད་པའི་དེང་གི་དུས་སུ་ཡང་བོད་ཁམས་ན། དྲག་ཆས་དམག་མི་དང་ཉེན་རྟོག་རུ་མིས་བོད་ཀྱི་ས་ཁུལ་གང་ས་དང་། ལྷག་དོན་གྲོང་ཁྱེར་ཁག་ཏུ་མངོན་ལྐོག་གང་རུང་གི་ཐོག་ནས་བག་ཕེབས་ཀྱི་འཚོ་བ་རོལ་རྒྱུ་ལྟ་ཅི། ཐ་ན་མཁའ་རླུང་ཡང་ལྷོད་པོར་རྔུབ་ས་མེད་པའི་ཚོད་དུ་གནས་ཡོད།

ད་དུང་ཡང་དཔའ་ངར་ཞུམ་མེད་ཀྱིས་མི་རིགས་ཀྱི་བདེ་དོན་སླད། རང་ལུས་མེར་སྲེག་གི་དུད་ནག་ཁྲོད་དུ་ན་ཟུག་གི་འཁུན་སྒྲ་ཙམ་ཡང་མི་འབྱིན་པར། དེ་ལས་ལྡོག་སྟེ་བོད་མི་རིགས་ཀྱི་སྐྱིད་སྡུག་ཞུ་འབོད་དང་འབྱུང་འགྱུར་སྒྲོག་གིན་ཡོད། ནམ་ཡང་འཇིག་པ་མེད་པའི་བདེན་དོན་གྱི་མེ་ལྕེ་འདི་དག་ནི། བོད་མི་རེ་རེ་ཡི་སེམས་ཁུང་གི་ན་ཟུག་ལྕི་མོ་རེ་དང་དྲན་སྐུལ་གྱི་རྡོ་རིང་རེ་ཡིན། དངོས་པོ་གང་ཞིག་ལ་ཡང་དར་གུད་ཀྱི་ཀྱོག་མཚམས་རེ་ཡོད་པ་བཞིན། དབང་ཆ་གཅིག་བསྡུས་ཀྱི་ལམ་ལུགས་གང་ཞིག་ཀྱང་དུས་རབས་འདིར་ནམ་ཡང་འཚོ་གནས་མི་ཐུབ། དེ་ནི་ཨ་རབ་ཀྱི་ “དཔྱིད་ཀ” གསར་བརྗེ་འདིས་བདེན་དཔང་བྱས་ཡོད། སྡུག་རྩུབ་དང་དྲག་དཔུང་གི་འོག་ནམ་ཡང་ཆིག་སྒྲིལ་ཞིག་ཡོང་མི་ཐུབ་པ་ནི། མིའི་རིགས་ཀྱི་འཚོ་གནས་ཀྱི་དགོས་མཁོ་གཙོ་བོ་རེད། རྒྱ་ནག་ནང་དཔལ་འབྱོར་གྱི་མཐོ་རླབས་འཕྱུར་གྱིན་ཡོད་ཀྱང་། སྨྲེ་ངག་དང་སྐྱོ་ཤས་ཀྱི་ངུ་འབོད་འདོན་མཁན་ཇེ་མང་རེད། དོན་དངོས་རྒྱ་ནག་གི་ཡར་རྒྱས་ནི་མཐོ་རིམ་དཔོན་རིགས་དང་ཁོ་ཚོའི་གཉེན་ཉེ། ད་དུང་ཁོང་ཚོ་དང་འབྲེལ་ཡོད་ཀྱི་ཚོང་པ་ཚོ་ཡིན་པ་ལས་མི་དམངས་རྣམས་མིན།

སྤྱི་ལོ་༢༠༡༡ ལོ་འདིར་བོད་ཀྱི་ལོ་རྒྱུས་ནང་ཆབ་སྲིད་ཀྱི་འགྱུར་འགྲོས་རླབས་ཆེན་ཞིག་བྱུང་ཡོད། དེ་ནི་རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དགའ་ལྡན་ཕོ་བྲང་གི་གཞུང་སྲིད་ཆ་ཚང་མི་དམངས་ཀྱི་ལག་ཏུ་འཇོག་གནང་བ་དེ་རེད། དེ་ཡང་བཙན་བྱོལ་ནང་གི་མི་རབས་གསར་པ་ཚོས་འགན་ལེན་ཐུབ་ཀྱི་ཡོད་པས་ཡིན། འོན་ཀྱང་དེ་སྔ་དང་མི་འདྲ་བར་བོད་མི་རེ་རེར་ཡང་རང་ཁུར་གྱི་འགན་འཁྲི་ཇེ་ཆེར་ཕྱིན་ཡོད། དེ་སྔོན་གོང་ས་མཆོག་ཞི་བདེའི་དེད་དཔོན་ཞིག་དང་ནང་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཅིག་གི་ངོས་ནས། གྲོས་ཚོགས་གང་སར་ཞབས་ཀྱིས་བཅག་སྟེ་ལྷན་ཅིག་ཏུ་བོད་ཀྱི་འདས་དང་ད་ལྟ། འབྱུང་འགྱུར་གྱི་སྐོར་བཀའ་སྡུར་གནང་ཐུབ་ཀྱི་ཡོད། ད་ལྟའི་སྲིེད་སྐྱོང་མཆོག་ལ་གོ་སྐལ་དེ་འདྲ་རེག་མི་སྲིད་ཀྱང་། སྔར་གྱི་ལམ་བུ་དང་གཞོན་སྐྱེས་ཞིག བསམ་བློ་གསར་པ་ཞིག་དང་དམ་བཅའ་དང་ཆོད་སེམས་གཏན་པོ་ཞིག་གིས་ཉམ་དམས་སུ་འགྲོ་མི་སྲིད།

ལོ་ངོ་བཅུ་ཕྲག་གཅིག་གོང་ཙམ་ནས་བཙན་བྱོལ་སྤྱི་ཚོགས་ནང་ཀྱོག་མཚམས་ཀྱི་དུས་རིམ་ཞིག་བསུ་གིན་ཡོད། དེ་ནི་མི་རབས་གསར་པའི་སྡེ་མང་པོ་ཞིག་ནུབ་ཕྱོགས་སུ་ཚང་ཁ་ཤིག་ཤིག་གིས་འགྲོ་བཞིན་པ་དེ་རེད། སྤྱི་ཡོངས་ནས་འཕོ་འགྱུར་དེ་དགེ་མཚན་ཞིག་ལས་ཕམ་ཁ་ཞིག་གཏན་ནས་མིན། མི་རབས་འདི་དང་ལྷག་དོན་མི་རབས་རྗེས་མ་ཚོར་དམིགས་བསལ་གྱིས་གོ་སྐབས་རེ་ཐོབ་ཀྱི་ཡོད། ནུབ་ཕྱོགས་སུ་བསྐྱོད་དང་སྐྱོད་བཞིན་པའི་བོད་པ་རེ་རེས། མ་མཐར་ཡང་བོད་མི་ཞིག་ཡིན་པའི་འོས་འགན་རེ་ཁུར་ནས་འགྲོ་གི་ཡོད། སྡུག་ས་ནས་བཤད་ན་བོད་ཀྱི་སྐད་ཡིག་སྟེང་ནས་ཁོང་ཚོར་གོ་སྐལ་ཧ་ཅང་ཉུང་བ་དེ་རེད། འགག་སྒོ་དེར་དབུས་བོད་མིའི་སྒྲིག་འཛུགས་དང་ལྷག་དོན་བཀའ་ཤག་གསར་པོའི་ངོས་ནས། ནུབ་ཕྱོགས་སུ་ལས་འཆར་གསར་པ་དང་གོམས་སྟབས་གསར་པ་ཞིག་སྤོ་དགོས་ངེས་རེད། ཇི་ཙམ་དཔལ་འབྱོར་དང་ཤེས་རིག་དར་རྒྱས་ཀྱི་ཕྱོགས་སུ་སླེབས་ན། དེ་ཙམ་གྱིས་རང་འགུལ་དང་འཐབ་རྩོད་ཀྱི་ནུས་པ་ཇེ་རྒྱས་སུ་འགྲོ་ངེས་རེད།

དེང་དཔལ་འབྱོར་དང་ཤེས་རིག ལ་ཞེན་དང་ཧུར་བརྩོན་མེད་ན་ལོ་རྒྱུས་བཤད་པས་ཅི་ཡང་མི་ཕན། ལོ་རྒྱུས་ནི་སྟོབས་དབང་ལྡན་པའི་རིགས་ལ་མ་གཏོགས་དགོས་མཁོ་མེད། ཐ་ན་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ལ། ལ་དྭགས་དང་མོན་གྱི་ལོ་རྒྱུས་བཤད་ཀྱང་ནམ་ཡང་ཉན་འཇོག་བྱེད་མི་སྲིད། དེ་ལས་རང་ཁུར་མི་འདོར་བའི་སྟེང་ནས་ཆིག་སྒྲིལ་དང་དཔལ་འབྱོར། ཤེས་ཡོན་ལ་འབད་དགོས་པ་དེ་ནུས་པ་རླབས་ཆེ་ཤོས་དེ་ཡིན། ད་ལྟའི་རྒྱ་ནག་གཞུང་འདི་འབར་རྫས་ཤིག་གི་སྟེང་རྐང་པ་བཞག་ནས་ཡོད་པ་དང་གཅིག་མཚུངས་ཡིན། གལ་ཏེ་ཁྱེད་ཀྱི་རྐང་པར་ལྷོད་ཡངས་ཅུང་ཙམ་བྱུང་ན་འབར་རྫས་དེ་གས་ངེས་རེད། ད་ལྟའི་དུས་རབས་འདིར་དྲིལ་བསྒྲགས་སྙན་པོ་ཞིག་དང་དངུལ་ལོར་གྱི་བསླུ་བྲིད་ཀྱིས་གནས་སྐབས་ཙམ་མ་གཏོགས་འཁྱོལ་ཐབས་མེད། རྒྱ་ནག་འཛམ་གླིང་གི་མདུན་ཐད་དུ་འགྲོ་གི་ཡིན་ཟེར། ལམ་དེར་བསྐྱོད་པར་སྒོ་མོ་འབྱེད་དགོས་པ་ལས་ནམ་ཡང་ཐར་ཐབས་མེད། སྒོ་མོ་དེ་ནས་འཛུལ་འོང་བའི་རླུང་བུ་རེ་རེ་དབང་ཆ་གཅིག་བསྡུས་ཀྱི་དམར་པོའི་མེ་ལྕེ་འཇོམས་པའི་རྡུལ་ཕྲན་རེ་རེ་རེད།།

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༢༡ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༢༡ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༢༢ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

༢༠༢༦/༠༣/༡༡
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་པ་དུས་ནི་ནམ་ཡང་འཆི་བ་མེད། །
    བོད་མི་གར་ས་གར་ལ་ཁྱབ་ནས་ཡོད། །
    བོད་རིགས་རྡོག་རྩ་ཆིག་སྒྲིལ་དྲིལ་ནས་ཡོད། །
    བོད་ནི་བོད་པའི་ས་གཞི་ཨ་མ་རེད། །
    བོད་པ་བོད་མི་བོད་རིགས་བོད་ལ་འཛོམས། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese