མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡེ་ཤུའི་འཁྲུངས་སྐར་ཉིན་གྱི་དྲག་སྤྱོད་བྱ་འགུལ།

བོད་ཀྱི་དུས་བབ།
༢༠༡༡/༡༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སྟོན་པ་ཡེ་ཤུའི་འཁྲུངས་སྐར་ཉིན་ནེ་ཇེ་རེ་ཡའི་ནང་དྲག་སྤྱོད་པས་འགད་རྫས་གཏོར་ཏེ་མི་ ༤༠ ཙམ་དམར་གསོད་དང་། མི་མང་པོ་ཞིག་ལ་རྨས་སྐྱོན་བཟོས་ཡོད་འདུག

ཕྱི་ཚེས་ ༢༥ ཉིན་ཏེ་སྟོན་པ་ཡེ་ཤུའི་འཁྲུངས་སྐར་ཉིན་ནེ་ཇི་རེ་ཡའི་ (Nigeria) རྒྱལ་ས་ཨ་བྷུ་ཇཱ་ (Abuja) ཡི་ཉེ་འགྲམ་གྱི་ཡེ་ཤུའི་ལྷ་ཁང་ཞིག་ལ་དྲག་སྤྱོད་པས་འགད་རྫས་གཏོར་ཏེ་མི་ ༣༥ རྐྱེན་ལམ་དུ་བཏང་ཡོད་པ་དང་། དེ་བཞིན་ས་གནས་གཞན་འགར་ཡང་འགད་རྫས་གཏོར་ཏེ་མི་ ༤ དང་ཉེན་རྟོག་པ་ ༡ བཅས་ཉིན་དེར་ཁྱོན་མི་ ༤༠ ཙམ་འགས་གཏོར་ཁྲོད་རྐྱེན་ལམ་དུ་བཏང་ཡོད་འདུག

དྲག་སྤྱོད་པས་འགས་གཏོར་དོན་རྐྱེན་དེ་བྱུང་རྗེས་ནེ་ཇི་རེ་ཡའི་སྲིད་འཛིན་ཇོ་ནཱ་ཐན་ (Gooodluck Jonathan) གྱིས་དྲག་སྤྱོད་པའི་བྱ་འགུལ་འདི་ནི།  ཉེན་བརྡ་མེད་པར་རྒྱལ་ཁོངས་གཅིག་སྒྲིལ་གྱི་བདེ་འཇགས་དང་རང་དབང་ལ་གཏོར་རྒོལ་བྱས་པ་ཞིག་ཡིན་སྟབས། ནེ་ཇི་རེ་ཡའི་མི་མང་ཚང་མས་དྲག་སྤྱོད་པ་ཕམ་པར་རྒྱག་རྒྱུར་རྡོག་རྩ་གཅིག་སྒྲིལ་བྱ་དགོས་པར་བརྗོད་འདུག་ལ། དོན་རྐྱེན་དེའི་ཐན་ཨ་རིའི་གཞུང་དང་ཧྥ་རན་སིའི་སྲིད་འཛིན། དེ་བཞིན་དབྱིན་ཇིའི་ཕྱི་སྲིད་དྲུང་ཆེ་བཅས་ཀྱིས་ཀྱང་ནེ་ཇི་རེ་ཡའི་མི་མང་ཐུགས་གསོ་དང་རྐྱེན་འདས་སུ་གྱུར་པ་རྣམས་ལ་མྱ་ངན་ཞུ་ཚིག་ཕུལ་ཡོད་པ་མ་ཟད། དྲག་སྤྱོད་པར་སྐྱོན་བརྗོད་ཀྱང་བྱས་འདུག

ཐེངས་འདིའི་འགད་རྫས་གཏོར་མཁན་ནི་བྷོ་ཁོ་ཧཱ་རམ་(Boko Haram) དྲག་སྤྱོད་དམག་གི་སྒྲིག་འཛུགས་ཀྱི་བྱ་འགུལ་ཞིག་ཡིན་ཞིང་།སྒྲིག་འཛུག་དེ་ནི་ནེ་ཇི་རེ་ཡའི་ཁ་ཆེ་རང་ལུགས་པ་ཁག་ཅིག་གིས་༢༠༠༢ལོར་གསར་འཛུགས་བྱས་པ་ཞིག་དང་།ཁོང་ཚོའི་ལངས་ཕྱོགས་ནི་ཁ་ཆེ་སྤྱི་ཚོགས་ནང་ནུབ་ཕྱོགས་པའི་ཤེས་ཡོན་དང་ཤུགས་རྐྱེན་ལ་འགོག་རྒོལ་ཐོག  ཁ་ཆེ་ཆོས་ལུགས་གཞིར་བཟུང་གིས་ཡུལ་གྱི་ཁྲིམས་ལུགས་གཏན་འབེབ་དང་སྤྱི་ཚོགས་རྒྱུན་གནས་བྱ་དགོས་པ་དེ་ཡིན་འདུག

གཞན་ཡང་། ཉིན་དེར་ཨབ་གྷན་གྱི་བྱང་ཤར་ཊ་ལོ་ཁན་ (Taloqan) ས་གནས་སུའང་རང་སྲོག་བློས་གཏོང་གི་དྲག་སྤྱོད་པ་ཁག་ཅིག་གིས་འགད་རྫས་གཏོར་ཏེ། གྲོས་ཚོགས་འཐུས་མི་ཞིག་ཚུད་པའི་མི་ ༢༢ ཙམ་དམར་གསོད་དང་མི་ ༥༠ ་ཙམ་ལ་རྨས་སྐྱོན་བཟོས་ཡོད་འདུག འགད་རྫས་གཏོར་མཁན་སུ་ཡིན་ཁ་གསལ་ཤེས་རྟོགས་བྱུང་མེད་ཀྱང་། དོགས་གཞི་ཆེ་ཤོས་ནི་ཨབ་གྷན་གྱི་བྱང་ཤར་ས་ཁུལ་དུ་ཊ་ལེ་བྷན་གྱི་ཕྱོགས་གཏོགས་ཁ་ཆེ་དྲག་སྤྱོད་པའི་སྒྲིག་འཛུགས་བསྡུས་མིང་ལ་ “ཨའེ་ཨེམ་ཡུའུ” (IMU) ཞེས་པ་ཞིག་ཡོད་པ་དེ་ཡིན་པར་ཚོད་དཔག་བྱེད་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣
ཨོ་གླིང་དང་བླངས་བོད་དོན་ཞུ་གཏུག་རུ་ཁག་གི་ལེའུ་རིམ་གསལ་བསྒྲགས།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་ཐད་མཁས་པའི་གཏམ་བཤད་འཚོགས།

༢༠༢༦/༡༠/༠༡
Mobile App

རྒྱ་ནག་གིས་སློབ་གསོའི་སྡེ་ཁག་སྤྱད་ནས་དབྱིན་ཇིར་གསང་ཉུལ་བྱེད་བཞིན་འདུག

༢༠༢༦/༡༠/༠༡
རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར། ༢༠༢༦།༡༠།༡


Mobile App

རྒྱ་ནག་གཞུང་ཚབ་མདུན་ཐང་དུ་རྒོལ་མཆོངས་ལས་འགུལ་སྤེལ། 

༢༠༢༦/༡༠/༠༡
མ་རྩོམ་གྱི་པར།
Mobile App

གསེར་བུམ་དཀྲུག་འདོན་གྱི་གསང་བ་ཡང་བསྐྱར་ཕྱིར་བསྟན་པ།

༢༠༢༦/༠༩/༣༠
ཨ་རིའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༦།༩།༣༠
Mobile App

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མིའི་ཚབ་བྱས་ནས་སྐད་ཆ་བཤད་རྒྱུར་སྤོབས་པ་ཡོད་ཅེས་གསུངས།

༢༠༢༦/༠༩/༣༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    དྲང་བདེན་དང་བྱམས་བརྩེ་མེད་ན། དྲག་སྤྱོད་རང་བཞིན་གྱིས་མེད་པར་ཆགས་མི་སྲིད་དེ་ཡང་ཤེས་དགོས་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese