མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀག་ཀྱང་མི་ཐུབ་པའི་ཉིས་སྟོང་བཅུ་གཉིས་སླེབས་སོང་།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༡/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཉིས་སྟོང་བཅུ་གཉིས། ༢༠༡༢ལོ་འདི་ནི་ལོ་ངོ་གཞན་དག་དང་འདྲ་བར་བཀག་ཀྱང་མི་ཐུབ་པར་ང་ཚོའི་མིག་མདུན་དུ་སླེབས་ཡོད། མིག་མདུན་དུ་སླེབས་མ་ཐག་པའི་ལོ་འདི་ལ་འཛམ་གླིང་གི་མི་མི་ཉུང་བ་ཞིག་གིས་ཆེས་སེམས་ཁྲལ་བྱེད་སའི་ལོ་ཞིག་ཀྱང་ཆགས་མྱོང་ཡོད། དེ་ཡི་ཆེད་དུ་སྙན་གྲགས་ཅན་གྱི་གློག་བརྙན་དང་སྙན་གྲགས་ཅན་གྱི་རྩོམ་པ་པོ་སོགས་ཆེས་མི་ཉུང་བ་ཞིག་གིས་ཉིས་སྟོང་བཅུ་གཉིས་ལ་སྔོན་བརྡ་གྲངས་མེད་ཅིག་རྒྱགས་མྱོང་ཡོད། གང་ལྟར། དེ་རིང་ནི་ཉིས་སྟོང་བཅུ་གཉིས་ཀྱི་སྤྱི་ཟླ་དང་པོའི་ཚེས་གཅིག་གི་འགོ་བཟུང་མ་ཐག་ཡིན། ངས་ལོ་འདིའི་འགོ་བཟུང་མ་ཐག རང་ཉིད་བོད་མི་ཞིག་ཡིན་པའི་ངོས་ནས་ཐོག་མར་བོད་མི་དག་ལ་ང་ཚོ་ཡང་འཛམ་གླིང་སྤྱི་མཚུངས་ཀྱི་མི་ཞིག་བྱེད་པའི་ཐོབ་ཐང་དང་འོས་འགན་ཚང་མ་ཡོད་པར་བསྐུལ་འདེད་གཏོང་གི་ཡིན།

ཉིས་སྟོང་བཅུ་གཉིས་ནི་ལོ་ངོ་གཞན་དག་དང་འདྲ་བར་ང་ཚོས་དེ་རིང་བསྐྱེལ་མ་བྱེད་བཞིན་པའི་ཉིས་སྟོང་བཅུ་གཅིག་བཞིན་ང་ཚོའི་ལག་ནང་ནས་མ་ཤོར་གོང་དེར། ངས་འདི་ནས་འཛམ་གླིང་གི་ཉིས་སྟོང་བཅུ་གཅིག་ཁྲོད་ཀྱི་ཉམ་མྱོང་དང་འཛམ་གླིང་གཞན་དག་ནས་གཉིད་ལས་སད་པའི་ཁ་ཆེ་མི་རིགས་ཆེས་མང་བོ་ཞིག་གི་གསར་བརྗེ་ཡི་མདུན་བསྐྱོད་དང་མི་མང་གི་སྙིང་སྟོབས་ཀྱི་བཞུར་བའི་ཁྲག་དམར་པོའི་འཇིག་རྟེན་སོགས་ལ་བསམ་བློ་ཞིབ་དུ་བཏང་ནས། མི་རིགས་ཤིག་གི་བདེ་སྡུག་ནི་མི་རིགས་རང་ཉིད་ཀྱི་ཐག་གཅོད་བྱེད་དགོས་པ་ལས་གཞན་ཞིག་གི་སྣེ་ཁྲིད་པར་རེ་སྟོང་ནམ་ཡང་བཅིངས་མི་རིང་བར་བརྡ་སྐུལ་དེ་ལ་ཡང་བསམ་གཞིགས་ནན་པོ་བྱེད་དགོས་པའི་སྐུལ་འདེད་ནི། ཉིས་སྟོང་བཅུ་གཅིག་གིས་བྱས་རྗེས་དང་ཉིས་སྟོང་བཅུ་གཉིས་བསུ་བའི་སྔོན་བརྡ་དང་། གསར་དུ་སླེབས་པའི་ཉིས་སྟོང་བཅུ་གཉིས་འདི་ལ། འཛམ་གླིང་ན་སེམས་ཚབ་བྱེད་པའི་སྒྲོམ་གྱི་ལུགས་ལྟར་ན། ཉིས་སྟོང་བཅུ་གཉིས། སྤྱི་ཟླ་བཅུ་གཉིས། ཚེས་ཉེར་གཅིག་ཉིན་འཛམ་གླིང་ཧྲིལ་བོར་འཇིག་པར་རློམ་གྱི་ཡོད་པ་རེད། ང་ནི་དེ་ལ་ཡིད་ཆེས་མི་བྱེད་མཁན་གྱི་གྲངས་དུ་གཏོགས་པ་ཡིན་དུས། ངས་ཀྱང་དེ་དག་གི་བསམ་ཚུལ་དེ་ཡང་ས་གནས་ས་ཁུལ་ཁ་ཤས་ཤིག་དང་འབྲེལ་བ་ཡོད་པར་ཏན་ཏན་ཁས་ལེན་བྱས་ཀྱང་མ་འགྲིག་པ་མེད། དེ་ཡིན་དུས་ས་གནས་ས་ཁུལ་དེ་དག་གང་དུ་ཡིན་མིན་ནི་ད་ལྟའི་འཆར་བཤད་ཐུབ་མེད་ཀྱང་། འཛམ་གླིང་འདིར་གོད་ཆག་ཉམས་རྒུད་ཅིག་མི་ཡོང་བར་འབད་འབུངས་བྱེད་རྒྱུ་ནི། གོ་ལའི་ཤར་ལྷོ་ནུབ་བྱང་ཚང་མར་འཚོ་བའི་འགྲོ་བ་མི་ཡོངས་རྫོགས་ལ་གཅིག་གྱུར་གྱི་འགན་ཞིག་ཡོད་པ་ལས། ཉིས་སྟོང་བཅུ་གཉིས་སླེབས་པ་དང་བསྒྲགས་ནས་གོ་ལ་ཧྲིལ་བོར་འཐོར་འགྲོ་བ་དེ་འདྲ་ཡང་གཏན་ནས་མིན། གོ་ལ་འདི་ཉིད་ནམ་ཞིག་འཇིག་པར་ཡིད་ཆེས་བྱེད་ཆོག་ན་ཡང་། ཉིས་སྟོང་བཅུ་གཉིས་ཀྱི་ལོ་འདི་ནི་གཏན་ནས་མིན་པར་ངས་འདི་ནས་བཤད་ཐུབ་ཀྱི་འདུག

འཛམ་གླིང་ཧྲིལ་བོ་འདི་ཇི་ལྟར་འཇིག་མིན་དེ་ནི་འགྲོ་བ་མིའི་རང་བྱུང་ཁོར་ཡུག་ལ་གནོད་ཚབ་ཇི་ཙམ་མང་དུ་བཏང་ན་དེ་ཙམ་ཐག་ཉེ་བར་འགྲོ་བར་བདག་གིས་ནི་ཡིད་ཆེས་བྱེད་རྒྱུ་ཡིན། དེ་ཡིན་དུས་རང་བྱུང་ཁོར་ཡུག་དང་རང་བྱུང་གཏེར་ཁ། རང་བྱུང་གི་སྐྱེ་དངོས་སྲོག་ཆགས་ཚང་མར་འགན་འཁུར་བྱེད་པའི་བདག་དབང་དེ་ཉིད་འགྲོ་བ་ཡོངས་ལ་ཡོད་པར་ངས་འདི་ནས་ཉིས་སྟོང་བཅུ་གཉིས་གསར་དུ་སླེབས་པ་དང་འགྲོག་ནས་དྲ་ཐོག་གི་སྤུན་ཟླ་དག་རྒྱུད་ནས། འགྲོ་བ་ཡོངས་དང་སྐྱེ་འགྲོ་བོད་ཀྱི་འཆི་གསོན་ལ་ངེས་ཤེས་རྙེད་པར་བོད་པ་ཡོངས་ལ་བརྡ་འདེད་ཅིག་ཞུས་པ་དང་ཉིས་སྟོང་བཅུ་གཉིས་ལ་ཁ་གཡང་ཞིག་ཀྱང་ཞོར་དུ་འབོད། ཉིས་སྟོང་བཅུ་གཉིས་ཀྱི་ལོ་འདི་ནི། འཛམ་གླིང་འདི་ན། མི་རིགས་ཀྱི་རང་དབང་གང་ན་མེད་པ་དང་། མི་རིགས་ཀྱི་བདག་དབང་སུ་ལ་མེད་པ། མི་རིགས་ཀྱི་འཆི་གསོན་ལ་ཉེན་ཁ་ཆེ་བ། མི་རིགས་ཀྱི་འདུ་ཤེས་ལ་གོ་རྟོགས་རྙེད་པར་བསམ་བློའི་ལང་ཚོ་སྨིན་པ་དང་། མི་རིགས་སུ་ལ་གང་ན་སྡུག་བསྔལ་ཡོད་པ་དེ་དག་སྡུག་བསྔལ་ལས་གྲོལ་བར་སྨོན་འདུན་གྲངས་མེད་ཞུ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཉིས་པའི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

ཆུ་ཚོད་ ༡༦ སྔོན་ལ།
Mobile App

རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་ཀྱིས་མུ་མཐུད་ངོ་རྒོལ་ལས་འགུལ་སྤེལ་གྱིན་འདུག

ཆུ་ཚོད་ ༡༧ སྔོན་ལ།
བོད་ཀྱི་རྒྱལ་ས་ལྷ་སར་སློབ་གསོའི་ཁ་གཏད་བོད་སྐྱོར་ལས་དོན་ཚོགས་འདུ་ཟེར་བ་ཞིག་འཚོག་སྐབས། དྲ་ལམ་གྱི་པར།
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་བཅའ་ཁྲིམས་ཟེར་བ་ལག་བསྟར་དང་དྲིལ་བསྒྲགས་ཀྱི་ཚ་རླབས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

གཟིམ་པ་མེད་པའི་མེ་ལྕེ། དཔའ་བོ་རང་བཙན་བློ་དགའ་དང་ཐུབ་བསྟན་དངོས་གྲུབ་དྲན་པ།

༢༠༢༦/༠༨/༢༢
ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠

མཆན། 2

  1. karmadentse says:
    ལོ་ 15 སྔོན།

    སླེབས་ནས་བཀླགས་ཡོད།
    ༢༠༡༢་ལོར་འགྲོ་བ་མི་དང་འགྲོ་བ་གཞན་པ་ཚང་མར་དཀའ་ངལ་འདྲ་མེད་པའི་སྨོན་ལམ།

    Reply
  2. tseringlhamo says:
    ལོ་ 15 སྔོན།

    དེ་རིང་ཟིན་བྲིས་རྣམས་མྱུལ་དུས་སྐཱུ་ཉིད་ནས་ཟིན་བྲིས་ཚང་མར་མཆན་བུ་རེ་བཞག་གནང་འདུག། དེ་དག་ལས་ཉིད་ཀྱི་ལྷག་བསམ་དཀར་པོའི་ཐུགས་རྒྱུད་ཅིག་མཚོན་ཐཱུབ་ཀྱི་འདུག།
    འདི་ནས་ཀྱང་སྐུ་ཉིད་ཕྱི་ལོའི་ལོ་གསར་ལ་འཚམས་འདྲི་ཞུ་འདོད་བྱུང་།
    བཀྲ་ཤིས་བདེ་ལེགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese