མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀྲུའུ་ཝུའེ་ཆོན་གྱི་འཁྱོག་བཤད་ལ་རྒོལ་བ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༤
Share on FacebookShare on TwitterShare on EmailShare on Whatsapp

དབུ་མའི་ལམ་གྱི་དྲུང་ཆེན་སྤྱི་འཐུས་རྨོག་རུ་བསྟན་པ།  

རྒྱ་ནག་གཞུང་གི་དཔོན་རིགས་ཚོས་ག་དུས་ཡིན་ཡང་མིག་གཅིག་ཞར་བ་དང་རྣ་གཅིག་འོན་པ་བྱས་ནས་མང་ཚོགས་ལ་མགོ་བསྐོར་དང་། རྒྱལ་ཁབ་གཞན་དག་བསླུ་བྲིད། མི་ཆོས་རིང་ལུགས་དང་། མི་རིགས་ས་གནས་རང་སྐྱོང་གི་ཁྲིམས་ཡིག རྒྱལ་སྤྱིའི་ཁྲིམས་ཀྱི་གནས་ལུགས་དང་འགལ་བའི་བྱ་སྤྱོད་ལག་བསྟར་བྱས་ཏེ་དོན་དངོས་གཡོལ་ཐབས་བྱེད་ཀྱིན་ཡོད། འདི་ནི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་རྩ་འཛུགས་ཀྱི་སྒྲོམ་གཞིའི་ཁྲིམས་ཡིག་གི་དགོངས་དོན་དང་འགལ་བ་མ་ཟད། རྒྱ་ནག་མི་སེར་རྒྱལ་ཁབ་ཆེན་པོའི་མཚན་མཐོང་ནག་བསུབ་དང་། ཡིད་ཆེས་རྩ་བརླག ཧོའོ་ཅིན་ཐོ་ཡི་སྤྱི་ཚོགས་འཆམ་མཐུན་གྱི་དགོངས་དོན་དང་ཡོངས་སུ་རྩ་འགལ་ཆགས་ཡོད། རྒྱ་ནག་གུང་ཁྲན་ཏང་གི་ཏང་ཡོན་རྒན་པ་དང་། དམར་ཕྱོགས་ཚོགས་པའི་མེས་པོ་ཏིན་ཞོ་ཕིང་གིས་ཕྱི་ལོ་ ༡༩༧༩ ལོར་སྐུའི་གཅེན་པོ་རྒྱལ་ལོ་དོན་འགྲུབ་ལགས་སུ་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་བཙན་བྱོལ་བོད་གཞུང་གི་ངོས་ནས་བོད་རང་བཙན་མ་ཡིན་པའི་སྐད་ཆ་ག་རེ་ཡིན་ཀྱང་བཤད་ཆོག་པའི་དགོས་འདུན་བཏོན་ཡོད། དགོས་འདུན་དེ་ནི་ཕྱི་ལོ་ ༡༩༥༡ ལོར་པེ་ཅིང་གྲོང་ཁྱེར་དུ་བཙན་དབང་གིས་འཇོག་བཅུག་པའི་ཆིངས་ཡིག་དོན་ཚན་བཅུ་བདུན་གྱི་ནང་དོན་དང་མཐུན་པ་ཞིག་ཡིན་པ་མ་ཟད། ཕྱི་ལོ་ ༡༩༦༠ རེ་གྲངས་ལོ་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཀྱང་རྒྱ་ནག་གཞུང་དང་གྲོས་མོལ་གནང་ཕྱོགས་ཐད་བོད་རང་བཙན་མ་ཡིན་པའི་ཐབས་ལམ་གཞན་གྱི་ཐོག་ལ་དགོངས་བཞེས་གནང་ཡོད།  

ཕྱི་ལོ་ ༢༠༠༡ ལོ་ནས་བོད་རྒྱའི་གྲོས་མོལ་གྱི་སྒོ་མོ་སླར་ཡང་ཕྱེས་ཏེ་སྐུ་ཚབ་ཚོགས་པ་སྔ་ཕྱིར་གཏོང་གནང་གིས་འབྲེལ་མོལ་རྒྱུན་འཁྱོངས་བྱས་ཡོད། དེ་བཞིན་མཁས་དབང་བཀའ་ཁྲི་ཟུར་བ་ཟམ་གདོང་བཀའ་ཤག་གིས་རྒྱ་ནག་གཞུང་གི་རྩ་ཁྲིམས་དང་མཐུན་པའི་ལངས་ཕྱོགས་མང་པོ་ཞིག་ལ་བསྟུན་ཤེས་གནང་ཡོད་པ་མ་ཟད། བཙན་བྱོལ་བོད་གཞུང་ངམ་ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་རྒྱ་ནག་གཞུང་ལ་གནོད་གཞིའི་རིགས་ཀྱི་ལས་འགུལ་མཚམས་འཇོག་གནང་ཡོད། དེ་བཞིན་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་སོགས་ཕུལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་། དགོས་འདུན་ཁག་ཕྱི་གསལ་ནང་གསལ་གྱིས་གསལ་འདོན་བྱས་ཡོད། ཡིག་ཆ་དེའི་ནང་རྒྱ་ནག་གཅིག་གི་ལངས་ཕྱོགས་ལ་བརྩི་བཀུར་ཞུ་རྒྱུའི་གནས་ལུགས་གསལ་ཡོད་པ་མ་ཟད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིར་འགྱུར་བ་གང་ཡང་གཏོང་མི་དགོས་པའི་གནས་བབ་གསལ་ཡོད།  

ཡིན་ནའང་། ཕྱི་ལོ་ ༢༠༡༡།༡༢།༦ ཉིན་ཀྲུའུ་ཝུའེ་ཆོན་གྱིས་མཉམ་སྡེབ་སློབ་སྦྱོང་ཚོགས་འདུ་ཐེངས་ལྔ་བ་ལྷ་སར་འཚོགས་སྐབས་དབུ་མའི་ལམ་ནི་བོད་རང་བཙན་ཡིན་པ་གསལ་པོར་མཐོང་ཐུབ་ཅེས་པའི་འཁྱོག་བཤད་སྤེལ་ཡོད། བློ་ཕམ་པ་ཞིག་ནི་བོད་མིའི་སྒྲིག་འཛུགས་སམ་༸གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་སྔ་ཕྱིར་ཕེབས་སྐབས་གྲོས་མོལ་གྱི་འབྲེལ་བ་བྱེད་ས་གཙོ་བོ་ནི་རྒྱ་ནག་དབུས་གཞུང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེའུ་ཆོན་ཡིན་མོད། ཁོ་རང་གིས་སྔ་ཕྱིར་ཕེབས་པའི་སྐུ་ཚབ་ཚོའི་གཏམ་བཤད་དང་། གྲོས་མོལ་ཉན་འཇོག་གང་ཡང་མ་བྱས་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱིས་ཕུལ་བའི་ཡིག་ཆའི་དགོངས་དོན་ལ་ལྡོག་ཕྱོགས་ནས་གོ་བ་བླངས་ཏེ་འགྲེལ་བཤད་བསྐྱོན་པ་འདིས་བོད་རྒྱ་གཉིས་ཀྱི་ཞི་འགྲིག་ཐད་བློ་ཡངས་བྱེད་པའི་བསམ་ཤེས་མང་པོ་ཞིག་ལ་རྒྱ་ནག་དང་འཆམ་མཐུན་གྱི་འདུ་ཤེས་རྡོག་རོལ་དུ་བཏང་ཡོད། ཀྲུའུ་ཝུའེ་ཆོན་གྱིས་དབུ་མའི་ལམ་ནི་རང་བཙན་ཡིན་པ་གསལ་པོར་མཐོང་ཐུབ་ཅེས་རྒྱུ་མཚན་དྲུག་བགྲང་དེ་གཏམ་བཤད་བྱས་འདུག གོང་དུ་བགྲང་བའི་རྒྱུ་མཚན་དེ་དག་ནི་དབུ་མའི་ལམ་རང་བཙན་ཡིན་པའི་སྒྲུབ་བྱེད་དུ་འགྲོ་ཐབས་མེད་པར། མང་གཙོ་དང་རང་དབང་ལྡན་པའི་རྒྱལ་ཁབ་ཚང་མའི་ནང་ས་གནས་མི་རིགས་ཀྱིས་རང་ས་རང་བདག་དང་། ཁོར་ཡུག་གཅེས་སྤྲས། མི་རིགས་རང་གི་སྐད་དང་ཡི་གེ ཆོས་དང་གོམས་གཤིས་སོགས་ལ་བདག་སྐྱོང་གནང་ཆོག་པའི་ཐོབ་ཐང་ཡོད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཆ་རྐྱེན་འདི་ནི་ས་གནས་མི་རིགས་རང་སྐྱོང་གི་ཐོབ་ཐང་དང་འོས་བབ་ཡིན། 

ཀྲུའུ་ཝེ་ཆོན་གྱིས་ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་རྒྱ་ནག་གི་མངའ་ཁོངས་ཡིན་པར་ཁས་ལེན་དགོས་པར་བཤད་པ་དེ་ནི་ཧམ་བཤད་གཡག་འདྲ་བ་ཞིག་ཡིན། ལོ་རྒྱུས་ཀྱི་གནས་བབ་ནས་གླེང་ན་རྒྱ་གཞུང་གིས་བོད་ས་ཡོངས་སུ་དབང་མ་བསྒྱུར་བའི་སྔོན་དུ་བོད་ནི་ཁྲིམས་མགོ་རང་བཙན་པའི་རྒྱལ་ཁབ་ཅིག་ཡིན་པ་ལོ་རྒྱུས་ཀྱི་ར་སྤྲོད་བྱས་ཡོད་པས། དངོས་ཡོད་དང་ལོ་རྒྱུས་ལ་འཁྱོག་བཟོ་དང་ཧམ་བཤད་བྱེད་རྒྱུ་ནི་དོན་དངོས་ལ་ཁ་ཕྱོགས་པའི་འཛམ་གླིང་དཀར་ངོགས་འདི་རུ་རང་ཤེད་ཅན་གྱི་རྒྱལ་ཁབ་རེ་ཟུང་གི་སྒེར་གཅོད་ཙམ་དུ་ལྷག་ཡོད་པས་༸གོང་ས་ཏཱ་ལའི་བླ་མ་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཁས་ལེན་བྱེད་མི་ཐུབ་པ་ཞིག་ཡིན། དེང་གི་དུས་འདིར་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ནི་དཔལ་འབྱོར་གྱིས་ཆབ་སྲིད་ཀྱི་ཁེ་ཕན་བསྒྲུབ་བཞིན་གོ་ལ་ཟླུམ་པོའི་ཡང་རྩེ་ཡི་མཚན་སྙན་ལ་རེ་ལྟོས་བྱེད་བཞིན་པའི་མི་འབོར་དུང་ཕྱུར་བཅུ་གསུམ་གྱི་རྒྱལ་ཁབ་ཅིག་ཆགས་ཡོད། ངོ་གནོང་བ་ཞིག་ནི། སྤྱི་མཐུན་རྒྱལ་ཁབ་ཅེས་པའི་ཁ་གཡང་ཁྲོད་ན་ཀྲུའུ་ཝེ་ཆོན་ལྟ་བུའི་ཕར་བཤད་གོ་བ་མི་ལོན་པ་དང་། ཚུར་བཤད་གྲོས་ཐག་མི་འཛིན་པའི་དཔོན་རིགས་སྐུ་ཚབ་ཅིག་ཡོད་པ་ནི་ཀྲུང་གོ་ཁྱིམ་ཚང་ཆེན་པོའི་ཞབས་འདྲེན་དང་ངོ་ཚ་ཡིན།  

དབུ་མའི་ལམ་ནི་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་ནང་བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་ཡོང་ཐབས་བྱ་རྒྱུ་དེ་ཡིན། འདི་ནི་བོད་རྒྱ་ནག་དང་ཁ་བྲལ་དུ་འགྲོ་མ་དགོས་པའི་ཀྲུང་གོ་མེས་རྒྱལ་གྱི་ཁྱིམ་ཚང་ཆེན་པོར་ཁེ་ཕན་ཡོད་པ་ཞིག་དང་། བོད་རིགས་ཡོངས་ལ་མིང་དོན་མཚུངས་བའི་རང་ས་རང་བདག་དང་། རང་སྲིད་རང་སྐྱོང་འོག་བོད་ཀྱི་ཆོས་དང་རིག་གཞུང་གཅེས་འཛིན་གྱི་ཁེ་ཕན་ཡོད་པའི་གཉིས་སྨན་གྱི་ཐབས་ལམ་ཞིག་ཡིན། རྣམ་དཔྱོད་དང་གོ་བ་ལྡན་པའི་མི་བུ་སུ་འདྲ་ཞིག་གིས་བལྟས་ཀྱང་དབུ་མའི་ལམ་དང་རང་བཙན་གཉིས་ལ་བར་ཁྱད་དང་ཧེ་བག་ཆེན་པོ་ཡོད་པ་ཤེས་ཐུབ། ཡིན་ནའང་། ཀྲུའུ་ཝུའེ་ཆོན་གཙོ་བོས་རྒྱ་ནག་གཞུང་གི་དཔོན་རིགས་མང་པོ་ཞིག་གི་བསམ་བློའི་ནང་ལ་རང་ཁེ་རང་རྒྱལ་ཁོ་ནས་ནད་ཡམས་ཀྱིས་ཁྱབ་ཡོད་པ་ལས། མི་མང་གི་ཁེ་ཕན་དང་། མི་མང་གི་བདེ་སྡུག རྒྱ་ནག་མི་མང་གི་ལ་རྒྱ་དང་། ཀྲུང་གོའི་འཆམ་མཐུན་བཅས་སུ་བསམ་བློ་རྩ་ནས་འཁོར་ཐུབ་ཀྱིན་མེད་པ་གསལ་པོ་ཡིན།  

ཕྱི་ལོ་ ༢༠༡༡།༡༢།༡༢ ཉིན་ཀྲུའུ་ཝེའེ་ཆོན་གྱིས་ཡུ་རོབ་བྷེལ་ལྗམ་དུ་བོད་དོན་དང་འབྲེལ་བའི་དོན་ཆེན་གསུམ་ཞེས་པའི་ཐད་གཏམ་བཤད་བྱས་ཡོད། དེ་ནི་ཁ་བརྒྱ་སྟོང་ལ་གཏམ་བཤད་གཅིག་སྟེ་རྒྱ་ནག་དཔོན་རིགས་ཚོ་ཕྱིའི་རང་དབང་དང་མང་གཙོ་ལྡན་པའི་རྒྱལ་ཁབ་ཁག་ཏུ་སྐྱོད་སྐབས་རྩ་འཛུགས་ཀྱི་འཁྱོག་གཟུགས་རི་མོ་ཙམ་ཡིན་པས་ལན་འདེབས་བྱེད་དགོས་ཀྱི་གནས་བབ་མ་མཐོང་མོད། དོན་ཆེན་གསུམ་པ་ཞེས་པའི་ནང་བོད་ལྗོངས་སུ་དཔལ་འབྱོར་གྱིས་ཡར་རྒྱས་བཏང་རབས་གླེང་ཡོད། དུས་རབས་ཀྱི་འགྲོས་དང་བསྟུན་ཏེ་སྤྱི་ཚོགས་ཡར་རྒྱས་སུ་འགྲོ་བ་ནི་ཆོས་ཉིད་ཅིག་ཡིན་ལ། རྒྱ་གཞུང་གིས་བོད་ཡར་རྒྱས་སུ་བཏང་བའི་རྩིས་ཉོག་དེ་དག་གླེང་དགོས་ན། བོད་ཀྱི་དགོན་སྡེ་ཁག་གཙོ་བོས་བོད་ས་ཡོངས་སུ་ལོ་ངོ་སྟོང་ཕྲག་མང་པོའི་རིང་གི་གསེར་དངུལ་ལ་སོགས་པའི་རིན་ཆེན་གཅེས་ནོར་གྱི་ཁྱིམ་མཛོད་ཚང་མ་རྐུ་འཕྲོག་བཅོམ་གསུམ་གྱིས་ཁྱེར་བའི་རིན་འབབ་གླེང་མི་དགོས་པ་གང་ཡིན་ནམ། ལོ་ངོ་དྲུག་བཅུའི་རིང་བོད་ཀྱི་ས་ཁྱོན་ཡོངས་སུ་རྫོགས་པར་གཏེར་ཁ་བསྔོག་འདོན་གྱིས་རིན་ཆེན་ཡོངས་སུ་རྫོགས་པའི་ཁེ་འབབ་ས་གནས་མི་མང་ལ་གང་ཡང་མེད་པར་རྒྱ་ནག་ཏུ་འབོར་འདྲེན་བྱེད་བཞིན་པའི་རིན་འབབ་རྩིས་རྒྱག་མི་དགོས་པ་ག་རེ་ཡིན་ནམ། ཀྲུའུ་ཝེའེ་ཆོན་གྱིས་སྐད་གསེང་མཐོན་པོས་བཤད་ཡོད་པ་ནི་ཕར་བཏང་གྱི་འགྲོ་སོང་ཙམ་ཡིན་མོད། ཚུར་ཡོང་གི་ཁེ་བཟང་སྐོར་ལ་ཟུར་ཙམ་ཡང་མ་བཤད་པ་ནི་གཅིག་བྱས་ན་བློ་ཡུལ་དང་ཚོད་དཔག་ལས་བརྒལ་བས་ཡིན་སྲིད། འབུམ་རམས་པ་བློ་བཟང་སེང་གེ་ཡི་བཀའ་ཤག་གིས་ཀྱང་དབུ་མའི་ལམ་གྱི་སྲིད་བྱུས་རྒྱུན་འཁྱོངས་གནང་བཞིན་ཡོད་ལ། དབུ་མའི་ལམ་གྱི་ལངས་ཕྱོགས་འདི་ནི་དམར་ཕྱོགས་ཚོགས་པའི་དབུ་ཁྲིད་ཁག་ཅིག་ཕུད། རྒྱ་ནག་ཤེས་ལྡན་པ་དང་མི་མང་གིས་འདོད་ཚུལ་དང་མཐུན་པ་མ་ཟད། རང་དབང་དང་མང་གཙོའི་སྐལ་བཟང་གི་བདུད་རྩི་མྱོང་བཞིན་པའི་ཕྱིའི་རྒྱལ་ཁབ་ཁག་གི་སྲིད་གཞུང་དང་། གྲོས་ཚོགས་འཐུས་མི། དེ་བཞིན་མི་མང་བཅས་ཀྱིས་དྲང་བདེན་གྱི་ལངས་ཕྱོགས་ཐོག་ནས་དངོས་ཡོད་ལ་རྒྱབ་སྐྱོར་བྱེད་བཞིན་ཡོད།  

ཀྲུའུ་ཝུའེ་ཆོན་གྱིས་བཤད་པ་ལྟར། རྒྱ་གཞུང་གི་དཔོན་རིགས་ཚོས་མེས་རྒྱལ་གཅིག་གྱུར་དང་། རྒྱལ་ཁབ་བདེ་འཇགས། བོད་ཀྱི་ཡུན་རིང་བདེ་འཁོད་བཅས་སུ་བསམ་བློ་གཏོང་གིན་ཡོད་ན། ཕྱི་ལོ་ ༢༠༠༨ ནས་བཟུང་བོད་ཀྱི་ས་ཁུལ་གང་སར་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱེད་བཞིན་པའི་དངོས་ཡོད་ལ་བསམ་ཞིབ་བྱེད་དགོས་པ་དང་། ཕྱི་ལོ་ ༢༠༡༡ ལོར་བོད་ས་སྟོད་སྨད་ཀུན་ནས་བོད་རིགས་གཞོན་སྐྱེས་བཅུ་གཉིས་ཀྱིས་རང་ལུས་མེ་བསྲེགས་བཏང་བའི་དགོས་འདུན་ཁག་ངེས་པར་བསྒྲུབ་ཐུབ་པ་བྱེད་དགོས་པ་ཡིན། དེ་མིན་དམག་ཤུགས་དང་དྲག་ཤུགས་ཅི་ཙམ་ཆེ་ནའང་། རྒྱ་ནག་ནང་ཁུལ་དུ་གསར་འགྱུར་རྫུན་འགེབས་ཇི་ལྟར་བྱས་ན་ཡང་། བོད་རིགས་ཚང་མའི་སྙིང་ལ་གས་ཆགས་བཟོས་པའི་ལོ་རྒྱུས་བསུབ་ཐབས་མེད་ལ། བོད་མི་རེ་རེ་ཡི་ཚེ་སྲོག་གི་མཆོད་འབུལ་ཁྲོད་ན་བདེན་པ་དང་ལ་རྒྱ་སྲུང་བའི་ལས་འབྲས་ཀྱི་འོད་སྣང་འབྱུང་བར་སུས་ཀྱང་ཡིད་ཆེས་བྱེད་ཆོག་པ་ཡིན། 

འབྲེལ་ཡོད་གསར་འགྱུར།

བོད་དོན་ལས་འགུལ་འཇམ་དབྱངས་བསྟན་འཛིན་ལགས་དྷ་མ་ས་ལ་འབྱོར། ༢༠༢༥།༠༥།༢༥ དུས་བབ་ཀྱི་པར།
Mobile App

རྒྱ་གར་ཧི་མ་ཅལ་མངའ་སྡེའི་ནང་བོད་དོན་དྲིལ་བསྒྲགས་གནང་བཞིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
Mobile App

བཙན་འོག་གི་གྲོས་མཐུན་དོན་ཚན་ ༡༧ ནུས་མེད་ཆགས་པ་རྒྱལ་སྤྱིའི་ཐོག་ཁ་གསལ་བཟོ་དགོས།

༢༠༢༥/༠༥/༢༣
དབྱིན་ཇིའི་རྒྱལ་ཁབ་སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལངས་ཕྱོགས་གསལ་བོ་བཟོས་འདུག བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༢༣
Mobile App

སི་ཀོ་ཊི་ལན་ཌིས་༧གོང་ས་མཆོག་གི་ཡང་སྲིད་ཀྱི་བདག་དབང་ཐད་ལངས་ཕྱོགས་བརྟན་པོ་བཟོས་འདུག

༢༠༢༥/༠༥/༢༣
ཧཱ་ཝར་ཌི་གཙུག་ལག་སློབ་གཉེར་ཁང་། དྲ་ལམ་གྱི་པར།
Mobile App

ཧཱ་ཝར་ཌི་གཙུག་ལག་སློབ་གྲྭར་རྒྱལ་སྤྱིའི་སློབ་མ་བཀག་སྡོམ་གནང་འཆར་ཡོད་འདུག

༢༠༢༥/༠༥/༢༣
དྷ་ས་ས་གནས་མགོ་འཛིན་དཀོན་མཆོག་མིག་དམར། དུས་བབ་ཀྱི་པར། ༢༠༢༢།༦།༤
Mobile App

དཀོན་མཆོག་མིག་དམར་ལགས་བསྐྱར་དུ་དྷ་ས་ས་གནས་མགོ་འཛིན་དུ་འདེམས་ཐོན་བྱུང་།

༢༠༢༥/༠༥/༢༣
བོད་ཀྱི་གནས་མཆོག་གངས་རིན་པོ་ཆེ། དྲ་ལམ་གྱི་པར།
Mobile App

རྒྱ་གར་གྱི་གནས་མཇལ་བ་ ༧༥༠ གངས་རིན་པོ་ཆེར་གནས་མཇལ་དུ་གཏང་རྒྱུ་ཡིན་འདུག 

༢༠༢༥/༠༥/༢༢

མཆན། 5

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    འདིར་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེའི་མིང་ཐོག་ནས་ལན་བསློགས་པར་ཡང་ནུས་པ་ལོས་ཡོད་མོད། སྤྱིར་ཡིན་ན་རྒྱ་ནག་གཞུང་འབྲེལ་མི་སྣས་ཆེད་དུ་ལོག་པར་སྨྲ་བའི་རིགས་ལ་རང་གཞུང་གིས་ཀྱང་དེ་བཞིན་ལན་སློག་རྒྱུ་འོས་སུ་ཆེ་སྙམ་པས་དེ་དོན་འབྲེལ་ཡོད་དབུ་ཁྲིད་རྣམ་པས་དགོངས་འཇགས་འཚལ།

    Reply
  2. སྨྲ་བརྗོད་རང་དབང་། says:
    ལོ་ 13 སྔོན།

    བོད་ཀྱི་རྒྱལ་ལྷ་ས་རུ་བོད་མི་འབོར་བརྒྱ༩༢ཟིག་གི་ཡོད་ཚེ། བོད་སྐད་ཡིག་གི་འཁོར་བསྐྱོད་ཆེ་བའི་གྲོང་ཁྱེར་ཞིག་ཡིན་དགོས་མོད། ད་ལྟ་ངའི་ནང་མི་དག་ལྷ་ས་ན་ཡོད་ཁོང་ཚོས་བཤད་ན་ལྷ་ས་ནས་རྒྱ་སྐད་མ་གཏོགས་འགྲོ་ཀི་མི་འདུག་ཟེར། ད་དུང་ཁོང་ཚོ་སེར་འབྲས་དགའ་གསུམ་ལ་མཇལ་སྐོར་བྱེད་སྐབས་གྲྭ་ཉུང་ཤས་ཤིག་མ་གཏོགས་མི་འདུག་ཟེར། སྔོན་མ་དགུ་བཅུའི་ལྷ་སར་ཡོང་སྐབས་གདན་ས་གསུམ་ན་གྲྭ་དམར་ཤིག་སེ་ཡོད་པས་སྙམས་དགའ་སྤྱད་ཅིག་ཡིན་མོད། དེ་རིང་སྔོན་གྱི་ལྷ་སའི་ཁ་དོགས་འགྱུར་འདུག་ཟེར། ངའི་ཨ་ཕ་ནི་འབྲོག་པའི་འཚོ་བ་ཁོ་ན་རོལ་མཁན་ཞིག་དང་ཆབ་སྲིད་ཀྱི་ལྷན་ཅུང་ཙམ་ཡང་ཞུགས་མེད་མཁན་ཞིག་ཡིན། ཁོང་གི་སྐད་ཆ་དེ་དག་བཤད་སྐབས་མགྲིན་པ་བརྣང་ནས་ངག་འཁྲོལ་དཀའ་ཙམ་འདུག ༼ཀྲུའུ་ཝེ་ཆོན་༽གྱིས་བོད་ཀྱི་རྒྱལ་ས་ལྷ་ས་ནི་བོད་རིགས་ཀྱི་སྡོད་གནས་གཙང་མ་ཞིག་ཡིན་ཟེར་བ་བདེན་ཚེ། སྔོན་མའི་གདན་ས་ཁག་གི་གྲྭ་བ་དེ་དག་གང་ལ་བུད་སོང་བ་རེད། ཁོང་ཚོ་སྡོད་མ་འདོད་པ་རེད་དམ་སྡོད་མ་ཐུབ་པ་རེད། ད་དུང་ངའི་ཨ་ཕས་བཤད་རྒྱུར་དེང་སང་ལྷ་ས་མཐོང་ན་སེམས་སྐྱོ་སྤྱད་ཅིག་རེད་ཟེར། ཆབ་སྲིད་ཀྱི་ལྷད་ཀྱི་མ་གོས་པའི་དད་ལྡན་གྱི་འབྲོག་པ་ཞིག་ཅིའི་ཕྱི་ད་ལྟའི་ལྷ་སའི་རྣམ་པ་མཐོང་ནས་སེམས་སྐྱོ་བ་རེད།

    Reply
  3. ཏྲེ་ཧོར་ཐུབ་བསྟན་གྱི་ཟིན་བྲིས། says:
    ལོ་ 13 སྔོན།

    སྐུ་ཞབས་རྨོག་བསྟན་པ་ལགས་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་ལན་འདེབས་རྒྱུ་མཚན་ལྡན་པ་ཞིག་གནང་འདུག་པར་སྙིང་ནས་བཀའ་དྲིན་ལེགས་གསོལ་ཞུ་རྒྱུ་ཡིན།

    Reply
  4. རྭ་ལོ། says:
    ལོ་ 13 སྔོན།

    དེ་འདྲ་ཡིན་ཚེ། ང་ཚོས་ཅིའི་ཕྱིར། ( ཆིངས་ཡིག་དོན་ཚན་བཅུ་བདུན་)ལག་བསྟར་བྱེད་དགོས་པའི་ཆ་རྐྱེན་མི་འདོན་པར་ཚིག་འགྲོས་ཡར་སྐོར་མར་སྐོར་བྱས་ནས་ཕན་ཐོགས་ཅི་ཡོད་པ་རེད་པ་རེད། ཀྲུའུ་ཝེ་ཆོན་ལ་ལན་འདེབས་བྱེད་བསམ་ན་ཁོ་ལ་སྡིག་དམོད་བྱས་ན་ཕན་ཐོགས་ཡོད་པ་མ་རེད། དབུ་མའི་ལམ་ལས་འགུལ་ཁང་གི་ལས་དོན་ལ་རྗེས་སུ་ཡི་རངས་ཡོད་ཀྱང་ཚོད་རྩིས་དམའ་དྲག་ན་ཕན་གནོད་ཀྱང་གང་ཡིན་ཤེས་གསལ་ལྟར་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཀྲུའུ་ཝེ་ཆོན་ལགསཀྱིས།
    ་་་་། དེ་མདོར་བསྡུས་ནས་བཤད་ན་དོན་ཆེན་གསུམ་བསྒྲུབས་ཡོད་དེ། དོན་ཆེན་དང་པོ་ནི་༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང༌། དུས་དེ་ནས་བཟུང་སྟོབས་ཤུགས་གང་རུང་ཞིག་གིས་བོད་ལྗོངས་དང་ཀྲུང་གོ་གཉིས་ཁ་ བྲལ་དུ་གཏོང་འདོད་པའི་བསམ་དོན་དེ་ནམ་ཡང་འགྲུབ་མི་སྲིད་པར་གྱུར། ཞི་བས་བཅིངས་འགྲོལ་བཏང་བ་ནི་བོད་མིའི་ཐོབ་ཐང་བྱ་གཞག་སྟེང་གི་ཡར་རྒྱས་ཆེན་ པོ་ཞིག་ཡིན། རྒྱུ་མཚན་ནི་མིའི་ཐོབ་ཐང་རྨང་གཞི་བྱས་པའི་ཀྲུང་གོ་རྒྱལ་ཁབ་ཀྱི་བདག་དབང་ལ་ ཁག་ཐེག་ཐོབ། ལོ་རྒྱུས་སུ་ཡང་གལ་སྲིད་བཙན་རྒྱལ་རིང་ལུགས་པ་གང་གིས་བཙན་འཛུལ་ དང༌། གཉའ་གནོན་བཏང་ཙ་ན། བོད་མིའི་ཐོབ་ཐང་གི་བྱ་གཞག་ཞེས་པ་ཡང་ཡེ་ནས་མེད་ཅེས་གསལ་བོར་འཁོད་ཡོད།

    ༡༽ ༡༩༥༡ལོར་བོད་ཞི་བས་བཅིངས་འགྲོལ་བཏང་མ་ཐུབ་པར་དྲག་པོས་དམག་གིས་བཅོན་འཛུལ་བཙན་ཤེད་མི་བསད་ཁྲག་སྦྱོར་བྱས་པ་དང་། གཡོ་དང་ཧམ་བཤད་ཀྱིས་བོད་གཞུང་དམ་ཕྲུག་རྫུན་པ་བཟོས་ནས་དམ་ཕྲུག་རྫུན་མ་དེ་ང་ཕོད་ངག་དབང་འཇིགས་མེད་ལགས་ལ་རྒྱབ་དུ་བཅུག་པའི་ལོ་རྒྱུས་དེ་ཤོད་མི་ཕོད་པ་འདི་ཅི་ཡིན་ནམ། ཀྲུའུ་ཝེ་ཆོན་ལགས།

    དོན་ཆེན་གཉིས་པ་ནི་༡༩༥༩ལོར་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་བ་གཙོ་བྱས་པའི་ གོང་རིམ་དབང་བསྒྱུར་ཚོགས་པ་ཉུང་ཤས་ཤིག་གིས་ངོ་ལོག་ཟིང་འཁྲུག་བསླངས་པ་ཞི་འཇགས་སུ་བཏང་རྗེས། བོད་ལྗོངས་སུ་དམངས་གཙོ་བཅོས་བསྒྱུར་མངོན་དུ་གྱུར་ནས་ལོ་བརྒྱ་ཕྲག་རིང་ལ་རྒྱུན་བསྐྱངས་པའི་ཆོས་སྲིད་ཟུང་འབྲེལ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ ལུགས་རྩ་གཏོར་དུ་བཏང༌། དུས་དེ་ནས་བཟུང་བོད་ལྗོངས་དེ་ཉིད་ཀྲུང་གོའི་ས་ཁུལ་གཞན་དག་དང་འདྲ་བར་སྤྱི་ ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གསར་བར་ཞུགས། དེའི་ཕྱིས་སུ་བོད་ལྗོངས་སུ་བཀས་བཀོད་རྒྱུད་འཛིན་གྱི་ཞིང་བྲན་ལམ་ལུགས་སླར་གསོ་བྱེད་འདོད་ཀྱང་ནམ་ཡང་སྲིད་པ་མིན།

    དམངས་གཙོ་བཅོས་བསྒྱུར་བརྒྱུད་དེ་ ཞིང་བྲན་ཁྲི་ཚོ་ལ་མིའི་ཐོབ་ཐང་ཐོབ། དེ་ནི་ཀྲུང་གོ་དང༌། འཛམ་གླིང་གི་འགྲོ་བ་མིའི་ཐོབ་ཐང་སྟེང་ཧ་ཅང་གལ་ཆེ་ཞིང༌། ཤུགས་རྐྱེན་ཆེན་པོ་ཐེབས་པའི་དོན་དག་གལ་ཆེན་ཞིག་ཡིན།

    ༢༽ ༡༩༥༩ལོར་༸ཏཱ་ལའི་༸བླ་མ་༸སྐུ་ཕྲེང་བཅུ་བཞི་པ་ཆན་པོ་མཆོག་གཙོ་དབུས་པའི་གོང་རིམ་འགའ་དང་བཅས་བོད་མི་སྟོང་ཕྲག་༨༠བརྒལ་བ་རང་སྲོག་འབེན་ལ་བཙུགས་ནས་རྒྱ་བལ་ཕྱོགས་སུ་བཙན་གྱིས་བྲོས་བྱོལ་མ་ཕེབས་ཀ་མེད་བཟོ་མཁན་མ་འོ་དང་ཅ་འོ་སོགས་རྒྱ་རིགས་སྤྲང་ཕྲུག་དཔོན་རིགས་མི་ངན་དེ་ཚོའི་སྐོར་ལ་ཞིབ་འཇུག་བྱེད་མཁན་འགས་བརྗོད་པ་ལྟར་ན་གུང་ཕྲན་གྱེན་ལང་མི་བསད་ཁྲག་སྦྱོར་སྐབས་མི་ས་ཡ་༤༠བཞི་བཅུ་ཤི་བསད་བྱུང་བའི་ལོ་རྒྱུས་ཁྲག་འཛར་འདི་དུས་ད་དུང་ཡང་སྦས་འདོད་ཡོད་པ་འདི་ཅི་ཡིས་ཚུལ་རེད།
    ཨུ་རུ་སུའི་སི་ཏ་ལིན་གྱི་རོ་ཕྱིར་འདོན་ཟིན་པ་ལྟར། དུས་ད་ལྟ་ཡང་མ་འོའི་རོ་ལ་ཤི་འཐམ་རོ་འཐམ་བྱས་ནས་ད་དུང་སྡོད་རྒྱུ་ཡིན་ནམ། དེས་མ་ཟད་གཡི་རག་གི་སྲིད་འཛིན་རྒྱལ་ཁམས་གཅིག་བསྡུས་པ་དཔོན་ངན་ས་དམ་ཧུ་སིན་གྱིས་རང་གི་འདྲ་དཔར་དངུལ་ལོར་ལ་སྤར་བ་ལྟར་། མ་འོ་ཤི་འདྲེའི་དཔར་དེ་མ་འོའི་རོ་དེ་རོ་སྒམ་ནང་ནས་དང་། དངུལ་ལོར་སྟེང་གི་མའོའི་འདྲ་རིས་དེ་ག་དུས་གད་སྙིགས་ནང་ལ་གཡུག་བགྱི་ཡིན་པེ། ཀྲུའུ་ཝེ་ཆོན་ལགས།

    དོན་ཆེན་གསུམ་པ་ནི། ང་ཚོས་བོད་ལྗོངས་སུ་མི་རིགས་ས་ཁུལ་རང་སྐྱོང་ལམ་ལུགས་བཙུགས་པ་དང༌། དུས་རབས་ཕྱེད་ཙམ་གྱི་རིང་ལ་བོད་ལྗོངས་ཀྱི་དཔལ་འབྱོར་དང༌། སྤྱི་ཚོགས་མགྱོགས་པོར་འཕེལ་བ་དང༌། འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁག་གི་འགན་སྲུང་དང་དེ་ཇེ་ལེགས་སུ་གཏོང་བ་ མངོན་དུ་གྱུར་ཡོད།

    ༣༽ ད་དུང་ཁྱེད་ཚོས། བོད་ལྗོངས་ཡོངས་སུ་རྒྱ་མི་རིགས་ཀྱི་མི་སེར་སྤེལ་བའི་ལམ་ལུགས་བཙུགས་པ་དང༌། དུས་རབས་ཕྱེད་ཙམ་གྱི་རིང་ལ་བོད་ལྗོངས་ཀྱི་སྔ་སྲོལ་ཞིང་འབྲོག་དཔལ་འབྱོར་ཉམས་རྒུད་དང༌། སྤྱི་ཚོགས་ནང་ཆང་རག་ ཤོ་བག རྒྱན་རྩེད་ཆང་སང་། བཤང་ཁང་གང་མང་མང་མགྱོགས་པོར་སྤེལ་བ་དང༌།
    བོད་ནང་ལ་འགྲོ་བ་མིའི་ཐོབ་ཐང་གི་བྱ་གཞག་ཁག་གི་འགན་སྲུང་མེད་པ་དང་། བོད་མི་བོད་པར། ལ་རྒྱ་ཅན་དང་ཤེས་ཡོན་ཅན་ཚོར་གདུག་རྩུབ་མངོན་ལྐོག་བརྒྱུད་གསུམ་གྱིས་ཐབས་ལམ་དེ་ཇེ་ལེགས་སུ་གཏོང་བ་ མངོན་གསལ་དོད་པོ་ཡོད་འདི་ལ། ཁྱེད་ད་ལྟའི་རྒྱ་གཞུང་ལས་བྱེད་རྣམས་ངོ་མི་ཚའམ་། ཀྲུའུ་ཝེ་ཆོན་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese