མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧རྒྱལ་བ་རིན་པོ་ཆེ་དང་དོལ་རྒྱལ་གཉིས་ལས་གཅིག་གདོམས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་༧གོང་ས་མཆོག་གིས་བོད་ནས་ཕེབས་པའི་ཆོས་ཞུ་བ་གཙོས་རྒྱ་ནག་རིགས་དང་། ཕྱི་རྒྱལ་ཁག་གི་ནང་པ་ཚོར་དོལ་རྒྱལ་སྐོར་ལ་བཀའ་སློབ་བསྩལ་སོང་།

དེ་རིང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣ པའི་སྟེང་གསུང་ཆོས་གྲུབ་མཚམས་༧གོང་ས་མཆོག་གིས་གསུང་ཆོས་ར་བའི་ནང་དད་ལྡན་ཆོས་ཞུ་བ་ ༡༨༠༠༠༠ བརྒལ་བར། དོལ་རྒྱལ་གྱི་བྱུང་རིམ་དང་ངོ་བོ། དེའི་བྱེད་ལས་སྐོར་ངོ་སྤྲོད་གནང་སྟེ། བོད་ནས་ཕེབས་པའི་ཆོས་ཞུ་བ་ཚོར་དམིགས་བསལ་བཀའ་སློབ་བསྩལ་དོན། “སྤྱི་ཡོངས་ཀྱི་ཆ་ནས་གདན་ས་གསུམ་གཙོས་པའི་དགོན་སྡེ་ཕལ་ཆེ་བའི་ནང་། ངས་བརྟག་དཔྱད་རིམ་པར་བྱས་ཏེ་ཐག་གཅོད་བྱས་པ་དེར་རྒྱུ་མཚན་མཐོང་སྟེ། ཤར་བསྐྱོད་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་། ཉུང་ཤོས་ཤིག་གིས་ཤེས་བཞིན་དུ་ཁྱད་གསོད་བྱས་ཏེ། དྲིན་ལན་ལོག་མཇལ་དང་གཤིས་ཀ་ལོག་ཏེ་བསྡད་ཡོད་པ་རེད། བོད་ནང་དུ་སྤྱི་ཡོངས་ཀྱི་གནས་ཚུལ་ཤེས་མཁན་ལྷ་ས་ཡིན་ནའང་འདྲ། ཁམས་ཁུལ་དུ་ཡིན་ནའང་འདྲ། རང་ཚུགས་བརྟན་པོར་བསྡད་དེ་ཡག་པོ་ཞེ་དྲག་རེད། མདོ་སྨད་ལྷ་མོ་གསེར་ཁྲི་དང་ཁམས་ཆབ་མདོ་ཁུལ་དུ་དོལ་རྒྱལ་ཤུགས་ཆེན་པོ་བསྟེན་གྱི་ཡོད་ལ། བྲག་གཡབ་དང་དམར་ཁམས། འདམ་མ་ཁུལ་གྱི་དགོན་པ་ཚོས་ཀྱང་དོལ་རྒྱལ་བསྟེན་གྱི་ཡོད་པ་རེད། ཁ་ཤས་ཀྱིས་མ་ཤེས་པར་བསྟེན་གྱི་ཡོད་པ་རེད། ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་དམ་དྲག་བྱེད་པ་དེ་དྲང་དོན་རེད། ངེས་དོན་མ་རེད་ཟེར་གྱི་ཡོད། རིགས་གཅིག་གིས་རྒྱལ་བ་རིན་པོ་ཆེས་ཤུགས་ལྡན་མུ་མཐུད་བསྟེན་གྱི་ཡོད་པ་རེད་ཟེར་བ་འདྲ་བོ། རིགས་གཅིག་གིས་རྒྱལ་བ་རིན་པོ་ཆེས་རྙིང་མར་ངོ་སོ་སྲུང་བ་རེད་ཟེར་བ་འདྲ་བོ། ཁ་ཤས་ཀྱིས་རྒྱལ་བ་རིན་པོ་ཆེ་དགེ་ལུགས་པ་མ་རེད། རྙིང་མ་ཆགས་ཚར་བ་རེད་ཟེར་གྱི་ཡོད། བསམ་བློ་ཐོངས་དཱ། དེ་ཚོ་ངོ་ཚ་ཡ་རེད། རི་བོ་དགེ་ལྡན་པ་ཟེར་བ་དེ་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བསྲེགས་བཅད་བརྡར་གསུམ་བྱས་པའི་ལེགས་བཤད་རྨད་དུ་བྱུང་བའི་པོ་ཊི་ ༡༨ ཡོད་པ་དེ་དག་ལ། ཐོས་བསམ་སློབ་གཉེར་དང་སྒོམ་སྒྲུབ་བྱེད་མཁན་ཆགས་ཡོད་པ་རེད། དགེ་ལུགས་པའི་བསྟན་པ་དེ་འདྲེ་ཞིག་ལ་གསོལ་བ་བཏབ་སྟེ་བརྩི་དགོས་བྱུང་ན་ངོ་ཚ་དགོས་པ་རེད། གང་འདྲ་བྱས་ཏེ་གསོལ་དགོས་པ་རེད། དཔལ་ཎཱ་ལན་ཌར་མཚོན་ནའང་། ཀླུ་སྒྲུབ་ཡབ་སྲས་ཀྱི་ཕུལ་དུ་བྱུང་བའི་ལེགས་བཤད་དཔྱད་གསུམ་རྣམ་པར་དག་པའི་དཔེ་ཆར་བསམ་བློ་བཏང་སྟེ། སྐད་གྲགས་ཆགས་པ་རེད་མ་གཏོགས། ཎཱ་ལན་ཌའི་སྲུང་མ་ཡིན་མཁན་གཅིག་ཀྱང་ཡོད་པ་མ་རེད། ༧གོང་ས་ལྔ་པ་ཆེན་པོའི་སྐབས་ནས་བྱུང་བའི་རྩོད་པ་ཅན་གྱི་འདྲེ་ཞིག་བསྟེན་གསོལ་བྱས་ན་ངོ་ཚ་རེད། ངས་དེ་རིང་ཁྱེད་ཚོར་མ་གོ་མ་ཐོས་པ་ཞིག་མེད་པའི་ཐོག་ནས་བཤད་ཡོད་”ཅེས་གསུངས་བྱུང་།

༧གོང་ས་མཆོག་གིས་མུ་མཐུད་དུ་གསུངས་རྒྱུར། “མདོ་དོན་སྙིང་པོ་ཁྱེད་ཚོས་ཡང་ན་༧རྒྱལ་བ་སྐུ་ཕྲེང་བཅུ་བཞི་པ་ང་རང་འདེམས་རྒྱུ་དང་། ཡང་ན་འཇིག་རྟེན་པའི་དྲེག་པ་ཞིག་འདེམས་དགོས་པ་རེད། དེང་སང་ཐའེ་ཝན་ནང་ལས་འགུལ་དེའི་རིགས་སྤེལ་གྱི་ཡོད་པའི་བཟོ་བོ་འདྲ་འདུག་ལ། རྒྱ་ནག་སྐམ་ས་ཆེན་མོར་ཡང་ཡོད་ས་རེད། སིང་གྷ་ཕོར་དུའང་ཤུགས་ཆེན་པོ་ཡོད་ས་རེད། ཨ་མི་རི་ཁ་དང་དབྱིན་ལན། ཡུ་རོབ་བཅས་ཀྱི་ནང་དུའང་གང་འཚམ་ཡོད་ས་རེད། དོལ་རྒྱལ་བསྟེན་དང་མ་བསྟེན་སོ་སོའི་འདོད་པ་རེད། གལ་སྲིད་བསྟེན་རྒྱུ་ཡིན་ན། དེང་ཕྱིན་ངའི་རྩར་མ་ཡོང་རོགས་ཞུ་རྒྱུ་ཡིན། ཚེ་འདི་ཡིན་ནའང་ང་དང་འབྲེལ་བ་རྩ་བ་ནས་གཅོད་རྒྱུ་རེད་ལ། ཚེ་ཕྱི་མར་ཡང་སྐྱབས་འཇུག་ཞུ་དགོས་ན་དོལ་རྒྱལ་ལ་ཞུས། ང་རང་ལ་མ་ལབ་རོགས། བོད་ནང་དུ་ཁ་ཤས་ཀྱིས་དོལ་རྒྱལ་སྐོར་༧རྒྱལ་བ་རིན་པོ་ཆེས་བཀའ་གནང་ཡོད་པ་མ་རེད། དེའི་འོག་ནས་སྡོད་མཁན་ཚོས་བཟོས་པ་རེད། ༧རྒྱལ་བ་རིན་པོ་ཆེས་བཀའ་ངོ་མ་གནང་ན། བསམ་བློ་གཏོང་གི་ཡིན་ཟེར་མཁན་ཡོད་ས་རེད། དེ་རིང་བོད་ནས་གསར་འབྱོར་མི་སྟོང་ཕྲག་ཁ་ཤས་ཤིག་བསླེབས་ཡོད་པ་རེད། གནས་ཚུལ་ཇི་མ་ཇི་བཞིན་ག་རེ་ཡིན་པ་དེ་ངས་གསལ་བཤད་བྱས་པ་ཡིན། དེ་སེམས་ལ་ངེས་པ་བྱོས། ལ་དྭགས་དང་ཀཱ་ཤ ཁུ་ནུ་དང་རྒྱ་རིགས་གྲོགས་པོ་ཚོས་ཀྱང་གནས་ཚུལ་དེ་ཤེས་པ་བྱ་དགོས་”ཞེས་ནན་གྱིས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན་གྱིས་རྡོ་རྗེ་གདན་ནས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༡༦ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༡༧ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༡༧ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༡༨ སྔོན་ལ།

མཆན། 25

  1. ལྷ་དབང་ says:
    ལོ་ 13 སྔོན།

    སྨར་ལུང་ལགས་ དེ་ག་རང་ཐུགས་བསམ་བཞེས་ན་ཡག་ཤོས་རེད་ འདོད་ན་བཙན་གྱིས་འགོག་པའི་དོན་ཡང་མེད་། མི་འདོད་ནན་གྱིས་བསྐུལ་བའི་དོན་ཡང་མེད་། ཆོས་དང་ཆབ་སྲིད་མཉམ་དུ་བསྲེས་པ་ལས། རང་གི་རང་དབང་རང་ལ་དག་ན་ལེགས།

    Reply
  2. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ཡ་གྲོགས་པོ་འདྲེ་དབང་ངམ་ལྷ་དབང་ལགས་སུ། ད་ཁྱོད་རང་གང་དགར་བྱོས་ཤིག བདུད་ལྷས་བྱིན་སྣང་བ་མ་དག་ན། ལྷ་ཐུབ་པ་སྐྱོན་གྱི་གོང་བུ་རེད།་ཅེས་པ་བཞིན་ཁྱོད་བུ་སྐྱེས་པ་གོ་ཆོད་མི་འདུག གོད་མགོ་གི་གཡང་རྟེན་བྱས་ན། གོས་སྲི་གི་རྒྱུན་མི་ཆད་པ་ཞིག་ལས་མི་འདུག་པས། གོང་ས་མཆོག་གི་བློས་བཏང་གནང་ནས་འདྲེ་རུ་བརྩི་ཕོད་ན་ཁྱོད་ཀྱིས་མི་ཕོད་པའི་གདེང་ཆེན་པོ་དེ་འདྲ་ཡོད་ན་དེས་ཆོག་གི། གང་དྲག་ཅི་དྲག་གྱིས་ཤིག བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གང་བྱེད་ན་གུས་པ་ལ་ནི་ཁྱད་པར་དེ་ཙམ་མེད་པ་གོ་བར་གྱིས་ཤིག རྒྱལ་འགོང་སྨྱོ་འདྲེས་རློམ་པའི་མི་དག་ལ། །གཏམ་གྱི་གླེང་མོལ་ཙམ་མ་ཡང་བྱ་ཞིག །དུས་ངན་སྙིགས་མ་བདོ་བའི་ཁུག་པ་འདིར། །བྱས་པ་དྲིན་བཟོ་ཤེས་པ་ཤིན་ཏུ་ཉུང་། ཞེས་པ་དང་མ་གོ་བ་ལ་གཏམ་མ་བཤད། མ་ཉན་པ་ལ་ཆོས་མ་བཤད་ཞེས་པ་ལས་མི་འདུག་པས་གདམ་བྱ་ཁྱོད་ལ་ཡོད་པ་གོ་བར་གྱིས་ཤིག

    Reply
  3. རྨེ་གླིང་གདོང་ནག says:
    ལོ་ 13 སྔོན།

    དེང་སང་ས་ཕྱོགས་གང་སར་དོལ་རྒྱལ་བརྟེན་གསོལ་བྱེད་མཁན་མི་ཉུང་བ་ཞིག་མཆིས། འོན་ཏང་། ཁོང་ཚོའི་ངོ་དབྱིབས་དང་གཤིས་ལུགས་ལ་བལྟས་བས་ང་ཚོས་དོལ་རྒྱལ་བརྟེན་དང་མི་བརྟེན་གྱི་སྤུ་རིས་འབྱེད་དཀའ་བར་བརྟེན། ཆོས་དང་ཟིང་ཟིང་གི་འབྲེལ་འདྲེས་བྱེད་ཀྱིན་ཡོད་མེད་ཀྱང་གསལ་བོ་ཤེས་དཀའ་བས་བཞུགས་ཕྱོགས་དོལ་རྒྱལ་མི་བརྟེན་མཁན་ཚོ་ལའང་ཁོང་ཚོ་ལས་ཐ་དད་དུ་འབྱེད་པའི་འབྱེད་ཆོས་མངོན་གསལ་དོད་པོ་ཞིག་བཟོ་རྒྱུ་གལ་ཆེ་བར་མཐོང་བས་རྣམ་པ་ཚོས་བསམ་གཞིགས་མཛོད།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    དྲ་བྱང་འདི་ན་གསར་འགྱུར་འདིའི་ཁ་སྣོན་ལྟ་བུར་རྒྱ་འདྲེ་འགོང་བོ་དེའི་སྐོར་མང་ཙམ་བཀོད་འདུག་ན། མཁྱེན་བློ་ཡོད་རིགས་ཚོས་གཟིགས་འཚལ།
    http://tibet.net/tibetan/2012/01/06/ྋགོང་ས་མཆོག་གིས་གནས་མཆ-6/

    Reply
  5. གཅན་བཟོད་རྒྱམ། says:
    ལོ་ 13 སྔོན།

    ཁ་བྱང་དང་ཧ་ཅང་ཐག་ཉེ་བའི་གསར་འགྱུར་ཚིག་ཉུང་དོན་འདུས་ཤིག་བྲིས་འདུག དངོས་གནས་གོ་བདེ་ཞིང་ཡིད་ལ་འཛིན་སླ་བ་ལ་དཔེ་རེད། ད་དུང་རྒྱ་འདྲེ་འགོང་བོ་དེས་རྒྱུད་བརླབ་པའི་མི་ངན་འགས་དགེན་དམ་བློ་བཟང་རྒྱ་མཚོ་སོགས་མི་གསུམ་བགྲོངས་པ་དང་། དགེན་དམ་པའི་མགུ་བ་སོགས་ལ་གྲིས་༡༧ བཙུགས་པའི་སྐོར་པར་རིས་བཅས་དམ་པ་ཁོང་གི་ཤག་ཏུ་ད་ལྟའང་མཐོང་རྒྱུ་ཡོད་པ་སོགས་བྲིས་ཡོད་ཚེ་གསར་འགྱུར་འདིས་ནུས་པ་དེ་བས་ཆེ་ཙམ་མི་འདུག་གམ།
    རྒྱལ་བསྟན་འབངས་དང་བཅས་བར་འཚེ་བྱེད་ན།།
    རྒྱ་འདྲེ་འཁོར་ཚོགས་ཐལ་བའི་རྡུལ་དུ་རློགས།།

    Reply
  6. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    (༧གོང་ས་མཆོག་ལ་དད་ལོགས་དུས་ནམ་ཡང་བྱེད་ཀྱི་མ་རེད་ཡིན་ཡང་བཀའ་བརྒྱ་ཆ་བརྒྱ་བརྩི་ཐུབ་བོད་མི་སུ་ཡང་ཡོད་མ་རེད་ལ་ངས་ཀྱང་བརྩི་ཐུབ་གྱི་མི་འདུག་ལགས) ཧ་ཧ་ཧ་དད་ལོགས་ཀྱི་མཚན་ཉིད་ནི་བླ་མའི་བཀའ་ལ་མ་ཉན་ན་དེ་དད་ལོགས་ཡིན་པའི་ཕྱིར། རྟགས་གྲུབ་ཏེ། ཁྱོད་བླ་མ་དངོས་ཀྱི་མཚན་ཉིད་མ་མཐོང་བའི་ཕྱིར། ཁྱོད་ཀྱིས་བླ་མ་ལ་མདོ་རྒྱུད་ནས་གསུང་པའི་མཚན་ཉིད་མ་ཚང་བ་ཞིག་མཐོང་ཕྱིན། ཁྱོད་ཀྱི་སྡུག་འདྲེ་དང་དུ་ལེན་པ་ལས་གཞན་ཤོད་རྒྱུ་ཞིག་ལྷག་འདུག་གམ། བླ་མའི་ཐུགས་ལ་གང་གནག་པ་དང་། འདི་ཕྱི་གཉིས་ཀར་ཕུང་བའི་གཞི། གདོན་འདྲེ་དོལ་རྒྱལ་ལས་མེད་པར་ཡང་ནས་ཡང་དུ་གསུང་པ་མ་ཚད། ཨ་སྲས་འཁྱམས་པོ་བསྟེན་ནས་བོད་ཀྱི་བསྟན་སྲུང་གཙོ་མོ་ཐུགས་འཁྲུགས། དེས་རྐྱེན་པས་བོད་ཀྱི་ནང་བསྟན་འཛིན་པའི་ཆོས་ལུགས་འདི་ཚོའི་ནང་དུ། ཐུགས་མི་འཐུན་པ་མང་པོ་ཞིག་འབྱུང་དང་འབྱུང་འགྱུར་ཡོད་པར་གསུང་པ་༧གོང་ས་མཆོག་གི་ཞལ་གསུང་དྲོན་མོ་དང་། དངོས་ཡོད་ཀྱི་གནས་ཚུལ་ཡང་ཡིན་པ་ཁྱོད་ཀྱིས་མ་མཐོང་མ་ཐོས་སམ། གདུག་འདྲེ་དོལ་རྒྱལ་མཆོད་བསྟོད་ཀྱི་དྲི་མ་མེད་ན་བོད་ཀྱི་ཆོས་བརྒྱུད་རྣམས་ཀྱང་གཅིག་གྱུར་ཆག་ཟིན་པའི་ཕྱིར།
    དེ་ཡོད་ཕྱིན་བོད་ཀྱི་ཆོས་ལུགས་ཕན་ཚུན་ནང་པ་ཡིན་པའི་འདུ་ཤེས་ཀྱང་བྲལ་བའི་བློ་དོགས་རང་གཞན་ཡོད་དོ་ལྕོག་གི་རྒྱུད་ལ་ཡིད་མི་བདེ་ཀམ་མེ་བ་ཆེན་པོ་ཞིག་ཡོད་པ་ཡང་ཁྱོད་ཀྱིས་མི་ཤེས་སམ། ཁྱོད་ཀྱིས་དོལ་རྒྱལ་གྱིས་དབང་དང་བཀའ་གཏད་ཞུ་ཚར་ན་ཆོས་ལུགས་གཞན་སུ་གི་བླ་མ་ལ་དད་གུས་མི་བྱེད་པ་མངོན་སུམ་ཚད་མ་ལས་མ་བསྙོན་ཞིག

    Reply
  7. ལྷ་དབང་ says:
    ལོ་ 13 སྔོན།

    སྨར་ཀླུང་ལགས་༧གོང་ས་མཆོག་ལ་དད་ལོགས་དུས་ནམ་ཡང་བྱེད་ཀྱི་མ་རེད་ཡིན་ཡང་བཀའ་བརྒྱ་ཆ་བརྒྱ་བརྩི་ཐུབ་བོད་མི་སུ་ཡང་ཡོད་མ་རེད་ལ་ངས་ཀྱང་བརྩི་ཐུབ་གྱི་མི་འདུག་ལགས

    Reply
  8. ལྷ་དབང་ says:
    ལོ་ 13 སྔོན།

    ངས་མཆན་སྔོན་རྗེས་གཉིས་བསྐུར་ཡིན་ཀྱང་འགོད་མ་སོང

    Reply
  9. སྨར་ཀླུང་དཔའ་ལ། says:
    ལོ་ 13 སྔོན།

    ལྷ་དབང་ཁྱོད་རང་ལ་གུས་པས་མིང་ཞིག་བཏགས་ན། (འདྲེ་དབང་)གྲོགས་པོ་ལགས། (གལ་སྲིད་དོལ་རྒྱལ་གདམ་པ་ཡིན་ན་དེ་སྔོན་ཆོས་འབྲེལ་ཞུས་པ་ག་རེ་བྱེད་དགོས་རེད་ བླ་སློབ་བརྩི་དགོས་དང་མི་དགོས་གསལ་པོ་གསུང་རོགས་གནང་) དེ་མ་ཏྲཾ་རུ་ཏྲར་འགྱུར་བ་ལས་སློབ་མ་ཞིག་གི་དྲི་ཙམ་ཡང་མེད་ཐག་ཆོད། དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་བ་ཞིག་གི་བླ་སློབ་ཀྱི་འབྲེལ་པ་དགོས་པ་ལས། དེ་རྩ་ཆད་ཡིན་པའི་ཕྱིར། དེ་རུ་ཏྲར་བརྗོད་དགོས་པའི་རྒྱུ་མཚན་ཡོད་ཏེ། ཁྱོད་བླ་མའི་བཀའ་དང་འགལ། མཆེད་གྲོགས་ཀྱི་དམ་ཚིག་ཉམས། མཚན་ལྡན་གྱི་བླ་མ་གངས་ཅན་ལྗོངས་ཀྱི་སྐྱབས་མགོན་ཡོད་ན་དེས་ཆོག མེད་དེས་ཕུང་གི་བླ་མ་སྤྱན་རས་གཟིགས་དང་རྣམ་དབྱེར་མེད་པ་ལ་རྒྱབ་བསྟན། ཕུང་འདྲེ་དོལ་རྒྱལ་དང་དུ་ལེན་ནས་མི་བསད་རྟ་བཅག བསྟན་དགྲ་རྒྱ་མི་དམར་པོའི་རྐུབ་གཡོག་རྒྱུག་བོད་ཀྱི་ཆོས་ལུགས་གོང་བུ་གཅིག་གྱུར་ལ་དུག་བཏབ། མི་རིགས་ཀྱི་ལ་རྒྱ་རལ། མཐུན་སྒྲིལ་གྱི་ལམ་བུ་བཅད། དངུལ་དང་བླ་མ་བརྗེ། འདྲེ་དང་ཁ་མཐུན་བྱེད། རྒྱ་ཟོག་ལ་ལ་འགྲོ་དུས། ཏོ་ལེས་བཅུར་འགྲོས་བྱེད་པ་ཡིན་པའི་ཕྱིར། ངོ་མི་ཚའམ། གླད་མེད་ཚོ། བསམ་བློ་ཡག་པོ་ཞིག་ཐོང་དང་།

    Reply
  10. རྟ་མགྲིན། says:
    ལོ་ 13 སྔོན།

    ལྷ་དབང་ཞེས་པ་འདིའི་སྙིང་ཁམས་གདོན་གྱིས་བརླན་འདུག ༸གོང་ས་མཆོག་ནི་བོད་གཉའ་ཁྲི་ནས། ཆོས་རྒྱལ་མེས་དབོན་རྣམ་གསུམ་གཙོས་༸གོང་ས་སྐུ་ཕྲེང་ན་རིམ་བར་བསམ་བཞིན་བོད་བསྟན་སྲིད་མི་རིགས་ལ་ལས་ཀྱིས་བསྐོས་པའི་ལྷ་སྐལ་དང་སྨོན་ལམ་ཐེབས་པའི་མགོན་པོ་ཡིན་ཚུལ། དགེ་འདུན་དཀོན་མཆོག་འབངས་ཀྱི་མདོ་སོགས་དང་། ལྷག་པར་ཁྱེད་ཀྱིས་རྩིས་ཐང་ཆེ་བའི་ཁྱབ་བདག་སྟག་ཕུ་བའི་གསུང་ལ་ལྟོས་དང་ཤེས་ནུས། བྱང་སེམས་གསོན་པོ་འདི་འདྲའི་གསུང་ལའང་ཡིད་མི་མགུ་བ་ཁྱེད་ནི་ཇི་འདྲའི་བསོད་ཟད་ཅིག་ཨང་། ངས་འདི་ནས་ཁྱེད་ལ་སྙིང་རྗེ་སྒོམ་བཞིན་ཡོད། ཁྱེད་ཀྱིས་ཤེས་རྒྱུད་གདོན་གྱིས་བརླན་ཏེ་མི་རིང་བར་དམྱལ་བ་མནར་མེད་དུ་འགྲོ་རྒྱུ་ཐེ་མི་ཚོམ་པས་གང་མགྱོགས་བཤགས་པ་བྱོས་དང་། ཁྱེད་ལ་གོ་སྐབས་ཤིག་ཡོད་པར་འདུག

    Reply
  11. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    ལྷ་དབང་ལགས། སྟག་བུ་དང་། ཕག་བུ། ཁྱི་བུ་ཅི་ཡིན་མི་ཤེས། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པར་ཤོག བོད་ལ་རང་བཙན་གཙང་མ་མྱུར་དུ་ཐོབ་པར་ཤོག

    Reply
  12. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལྷ་དབང་ལགས།
    གནས་ཆུང་བསྟེན་སྟངས་དང་། དོལ་རྒྱལ་བསྟེན་སྟངས་གཅིག་པ་མ་རེད།
    དཔེར་ན། ཨིང་ལེན་དགེ་བཤེས་རྫུན་མ་སྐལ་བཟང་ག་རེ་ས་ཁོས་དོལ་རྒྱལ་འགྲེལ་བཤད་ནང་ལ་དོལ་རྒྱལ་ནི་འཇམ་དཔལ་དབྱངས་དང་རྗེ་རིན་པོ་ཆེའི་རྣམ་སྤྲུལ་ཡིན་པ་ལོ་རྒྱས་རྫན་བཟོ་བྱས་ནས་བླ་མའི་རྣལ་འབྱོར་གསར་བཟོ་ནས་ཆོས་ཚོགས་ཁག་ལ་སྤེལ་བ་དེ་ཚོ་ཁྱེད་ཀྱི་Shugdhen.yuoutube ནང་ལ་གཟིགས་ན་མཁྱེན་ངེས་འདུག་ལགས།

    Reply
  13. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དཀར་ཕྱོགས་དྲེགས་པའི་ལྷ་གྲོགས་ཀྱི་ཚུལ་དུ་བསྟེན་རུང་ཡང་། སྐྱབས་ཡུལ་མིན་ནོ། སྨོན་ལོག་དོལ་རྒྱལ་ལྟ་བུ་བསྟེན་ན་འདི་ཕྱི་གཉིས་ཕོང་གི་རྒྱུ་ལས་མ་འདས། ཆོས་འབྲེལ་ཡོད་ནའང་། འདམ་ག་གཅིག་ལས་མེད། ལྷ་འདྲེ་མཉམ་གནས་ཡོང་ཐབས་མེད་དོ། སྨོན་ལོག་རྒྱལ་བའི་བསྟན་དགྲ་འདི། ལོ་དང་ཟླ་བ་མ་བཞག་པར། ཞག་དང་ཟ་མ་མ་བཞག་པར། སྐད་ཅིག་ཉིད་ལ་བརླག་པར་མཛོད།

    Reply
  14. ལྷ་དབང་ says:
    ལོ་ 13 སྔོན།

    དོལ་རྒྱལ་བསྟེན་མཁན་དང་ གནས་ཆུང་བསྟེན་མཁན་གཉིས་ བསྟེན་སྟངས་གཅིག་པ་རེད་གཙོ་བོ་བླ་མ་བསྒོམ་གཞུང་ཆེན་ཁག་ལ་ཐོས་བསམ་དང་ཡི་དམ་ཁག་ལ་བསྙེན་བསྒྲུབ་བྱེད་ཀྱི་རེད་མ་གཏོགས་དོལ་རྒྱལ་གཙོ་བོ་་བྱེད་ཀྱི་མ་རེད་ མ་གཞི་སྟག་བུ་དང་བདེ་ཆེན་སྙིང་པོ་ཡོངས་འཛིན་རྣམ་གཉིས་ཀྱི་མ་མཁྱེན་པ་ཞིག་གོང་ས་མཆོག་གི་མངོན་ཤེས་བསྒོམ་ཡིན་ནམ

    Reply
  15. ནད་པ says:
    ལོ་ 13 སྔོན།

    འདས་པའི་དུས་སུ་བསྐལ་བཟང་སངས་རྒྱས་སྟོང་རྩ་གཉིས་འཇིག་རྟེན་དུ་བྱོན་ནས་དད་ལྡན་སེམས་ཅན་གྲངས་ལས་འདས་པ་སྨིན་གྲོལ་གྱི་ལམ་ལ་བཀོད་ཡོད། དེ་བཞིན་རྒྱལ་བ་ཤྰ་ཀྱ་ཐུབ་པས་ཀྱང་གདུལ་བྱ་སེམས་གྲངས་མང་གྲོལ་བ་མཛད་མོད།

    གངས་ཅན་ལྗོངས་འདིར་མཚོན་ན་གདུལ་དམུ་རྒོད་ཅན་གྱི་ཞིང་ཁམས་གཅིག་ཡིན་སྟབས། འཕགས་མཆོག་ཕྱག་ན་པདྨོས་བསམ་བཞིན་སྲིད་པའི་ཚུལ་གྱི་རྒྱལ་བློན་དང་། ལོ་ཙྰ་བ། སེམས་དཔས་ཆེན་པོ། མཁན་སློབ་སོགས་ཀྱི་ཚུལ་བསྟན་ནས་སེམས་ཅན་འདུལ་བར་བྱེད་པ་ཡིན།

    དུས་ད་ལྟའང་འཕགས་མཆོག་ཕྱག་ན་པདྨོ་༸ གོང་ས་སྐྱབས་མགོན་ཡིད་བཞིན་ནོར་བུའི་སྐུ་ཡི་འཕྲེང་བ་བཅུ་བཞི་པའི་ཚུལ་གྱིས་འཛམ་གླིང་སྤྱི་དང་སྒོས་སུ་བོད་འབངས་ཐུགས་བརྩེའི་སྤྱན་རས་གཟིགས་ཀྱིས་དད་ལྡན་རྣམས་སམིན་གྲོལ་གྱི་ལམ་ལ་འགོད་བཞིན་པ་རེད།

    ཡིན་ནའང་ལས་དང་དང་བསོད་ནམས་དམན་ཞིང་ལྟ་བ་ལོག་པའི་བོད་མི་འགའ་ཤས་ཤིག་གི་བཀའ་སློབ་ལམ་སྟོན་འོག་ཤར་བསྐྱོད་བྱེད་ཐུབ་ཀྱིན་མེད་པ་དེ་ང་ཚོ་བོད་གངས་ཅན་ལྗོངས་ཀྱི་ནང་པ་ཞིག་གིས་ངོས་ན་བཤད་ན་ཧ་ཅང་གི་བློ་འཕང་བྱེད་དགོས་པ་ཞིག་རེད།

    ཡིན་ནའང་བསམ་བློ་ཕྱོགས་གཞན་གཅིག་ནས་བཏང་ནས་༸ ཀུན་གཟིགས་པཎ་ཆེན་སྐུ་འཕྲེང་ལྔ་པ་ཆེན་པོ་ཆོས་ཀྱི་རྒྱལ་མཚན་མཆོག་གིས་གསུང་ལྟར།
    སངས་རྒྱས་གྲངས་མེད་བྱོན་པས་མ་གདུལ་བ།།
    མ་རུང་གདུལ་དཀའི་སྙིགས་དུས་འགྲོ་བ་རྣམས།།
    བདེ་གཤེགས་ལམ་ལམ་ཇི་བཞིན་སྟོན་པ་ཡིས།།
    སྐྱབས་མགོན་ཐུགས་རྗེ་ཅན་ལ་གསོལ་བ་འདེབས།།

    ཞེས་པ་ལྟར་སྔར་ནས་ད་བར་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་མང་པོས་འདུལ་མ་ཐུབ་པའི་གདུལ་བྱ་མ་རུང་ཅན་ཡིན་ཙང་སྤྱན་རས་གཟིགས་ཀྱི་གདུལ་བྱར་བཟུང་ནས་འདུལ་ཐབས་གནང་བཞིན་ཡོད།

    དེར་བརྟེན་སྐྱབས་མགོན་ཐུགས་རྗེ་ཅན་འཕགས་མཆོག་སྤྱན་རས་གཟིགས་༸ རྒྱལ་བ་བསྟན་འཛིན་མཚོར་གསོལ་བ་བཏབ་བཏབ་བྱས་ན་གང་ཙམ་ཞིག་ནས་གཅིག་ནས་ལམ་ནོར་རྡོག་ཤེས་བྱས་ནས་བསམས་གཞིགས་ཐུབ་པའི་རེ་ཅུང་ཟད་མཆིས། ཨོཾ་མ་ཎི་པདྨེ་ཧུཾ།

    Reply
  16. དགེ་བཤེས་བྱམས་པ་བློ་བཟང་། says:
    ལོ་ 13 སྔོན།

    ལྷ་དབང་གི་དྲི་བ་ལ་ལྟོས་དང་། ༧རྒྱལ་བ་རིན་པོ་ཆེ་ཡི་བཀའ་སློབ་ཆ་ཚང་བ་ལ་དོ་སྣང་མི་བྱེད་པར་རང་རྟགས་ཀྱི་དྲི་བ་འདོན་པ་ངོ་མི་ཚ། ཁྱོད་རང་དོལ་རྒྱལ་གདམ་པ་ཡིན་ན་ཁྱོད་རང་དོད་པ་རེད་འོན་ཀྱང་ཉ་དང་ཉུང་མ་མ་འདྲེས་པ་བྱེད་དགོས།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ལྷ་དབང་ལགས་སུ།
    གནས་ཆུང་ཆོས་རྒྱལ་ཆེན་མོ་ནི། སློབ་དཔོན་རིན་པོ་ཆེ་སོགས་ཀྱིས་དམ་གཞག་བཀའ་སྒོས་གནང་ཟིན་པའི་དམ་ལྡན་གྱི་སྲུང་མ་ཞིག་རེད། དོལ་རྒྱལ་ཤུགས་ལྡན་ནི། སྨོན་ལོག་དམ་སྲི་སེམས་ཅན་ལ་གནོད་བཞིན་པའི་གདོན་འདྲེའི་ཡི་དྭགས་སུ་སྐྱེས་ནས་འདྲེ་གསར་ལོ་༤༠༠ཙམ་ལས་ཕྱིན་མེད་པ་གཉིས་ཀྱི་ཁྱད་པར་མི་མཁྱེན་ནམ། སྙིང་རྗེ་འདྲེ་ཁྱོད་དང་། ཁྱོད་ཀྱི་རྗེས་འབྲངས་པ་ཚོ། ལམ་ལོག་པ་ལས་མྱུར་དུ་ཐར་པའི་སྨོན་འདུན་དང་བཅས།

    Reply
  18. རིག་བཟང་། says:
    ལོ་ 13 སྔོན།

    བོད་མི་ཚོ་བསམ་བློ་མཐོང་ད་གོང་ས་མཆོག་གིས་དོ་རྒྱལ་འདི་ལྟར་ཤུག་ཆེར་དགག་དགོས་པ་ཅི་ཞིག་ཡིན་པ་རང་རང་སོ་སོའི་བསམ་མནོ་ལེགས་པར་གཏོང་རོགས་དོ་རྒྱལ་དྲེག་པ་ཡིན་པའི་རྒྱུ་མཚན་གཅིག་པུའི་ག་ལ་ཡིན་གར་སྲིག་དེ་ལྟར་ཡིན་ན་གོང་ས་མཆོག་གིས་ཕྱི་རོལ་པའི་ལྷ་ཁང་དུ་མི་ཕེབས་པ་དང་དེ་དག་ལ་འབྲེལ་བ་གནང་གི་མ་རེད་གང་ཡིན་ཟེར་ན་དེ་དག་གི་ལྷ་ཡང་དྲེག་པ་ཡིན་པ་རེད་

    Reply
  19. ནད་པ says:
    ལོ་ 13 སྔོན།

    གནས་ཁྱད་པར་ཅན་༸རྒྱལ་བ་ཤྰ་ཀྱ་ཐུབ་པ་མངོན་པར་རྫོགས་པའི་སངས་རྒྱས་ཀྱི་གནས་ཆེན་རྡོ་རྗེ་གདན་དང་། ཆོས་ཁྱད་པར་ཅན་གསང་བསྔགས་རྡོ་རྗེ་ཐེག་པ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་བཀའ་དབང་གཟབ་མོ། བླ་མ་ཁྱད་པར་ཅན་འཕགས་མཆོག་ཕྱག་ན་པདྨོའི་རྣམ་རོལ་གངས་ཅན་བོད་ཀྱི་ཚེ་རབས་འདི་ཕྱི་གཏན་གྱི་སྐྱབས་གནས་༸ གོང་ས་སྐྱབས་མགོན་རྒྱལ་བ་རིན་པོ་ཆེ་མཆོག་ནས་ད་རེས་ཡང་བསྐྱར་དམ་སྲི་འབྱུང་པོ་གདུག་པ་ཅན་དོལ་རྒྱལ་སྐོར་ལ་བཀའ་སློབ་ནན་པོ་གནང་དགོས་ཐུབ་པ་དེར་ཞིབ་ཏུ་བསམས་གཞིགས་བྱས་ན་ང་ཚོ་བོད་རིགས་ནང་པའི་མི་དམངས་ཀྱིས་ངོས་ནས་བཤད་ན་དངོས་གནས་ངོ་ཚ་དགོས་པ་གཅིག་དང་ཐབས་སྐྱོ་བའི་གནས་སྟངས་ཞིག་རེད།

    ནང་པ་སངས་རྒྱས་པ་ཞིག་ཡིན་ཕྱིན་སྟོན་པ་སངས་རྒྱས་ནས་བརྒྱུད་པའི་མགོན་པོ་ཀླུ་སྒྲུབ་ཡབ་སྲས་དང་། འཕགས་མེད་སྐུ་མཆེད། ས་ར་ཧ་ལུ་ཡི་བ། ཏེ་ལོ་ན་རོ་པ། ཞི་བ་ལྷ། ཀུ་ས་ལི་རྣམ་གཉིས། མཁན་སློབ་ཆོས་གསུམ། ས་ཆེན་གོང་མ་ལྔ། བཀའ་བརྒྱུད་གོང་མ་ལྔ། བཀའ་གདམས་གོང་མ་ཡབ་སྲས། རྗེ་ཙོང་ཁ་པ་ཡབ་སྲས། རྒྱལ་བ་པཎ་ཆེན་གོང་མ། ༸ གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་སྐྱབས་མགོན་ཡིད་བཞིན་ནོར་བུ་སྐུ་དངོས་བཅས་སུ་བརྒྱུད་པའི་བོད་རྒྱུད་ནང་བསྟན་གྱི་ཆོས་རྩ་ཆེན་འདི་འདྲ་ཞིག་ཡོད་བཞིན་དུ་སྐྱབས་གནས་འདྲེ་རུ་འཛིན་མཁན་དག་ལ་བསམས་ན་དངོས་ནས་སེམས་སྐྱོ་དགོས་པ་ཞིག་དང་། ངོ་དགོས་པ་ཞིག ཡ་ང་དགོས་པའི་ནང་པའི་མིང་ཙམ་འཛིན་ཞིག་མ་ཡིན་ནམ།

    ཡིན་ནའང་ལས་འབྲས་ཟེར་བ་དེ་གང་གིས་བྱས་པའི་འབྲས་བུ་དེ་གང་གི་ཐོག་ཏུ་མི་འདོད་དུ་བབས་ཏེ་ལས་་བསགས་པ་ཆུད་མི་ཟ་བས་ལས་འབྲས་རང་རང་སོ་སོས་མྱོང་དགོས་སྟབས་ང་ཚོ་ནང་པ་ཞིག་དང་། བོད་རིགས་ཞིག གངས་ཅན་ཆོས་ལྡན་ཞིང་གི་མེ་ཏོག་གང་ལ་ཕོག་པའི་ལྷ་རྒྱལ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་བཀའ་དགོངས་ལྟར་ལམ་མ་ནོར་སྟེང་དུ་འགྲོ་དགོས་པ་དེ་རང་རང་སོ་སོར་མཚོན་ན་ཚེ་རབས་འདི་ཕྱི་གཏན་གྱི་གནས་སྟངས་དང་འབྲེལ་བ་ཆེན་པོ་ཡོད།

    རབ་འབྱམས་རྒྱལ་བ་ཀུན་གྱི་མཛད་པའི་འཁུར།།
    སྙིང་སྟོབས་ཕྲག་པར་བཟུང་བའི་རླབས་ཆེན་གྱི།།
    འཕྲིན་ལས་ཀུན་ཕན་ནམ་མཁའི་སྙིང་པོ་ཅན།།
    བཞེད་པ་ཇི་བཞིན་ལྷུན་གྱིས་འགྲུབ་པར་ཤོག།

    Reply
  20. ཤེལ་དཀར་བློ་བཟང་། says:
    ལོ་ 13 སྔོན།

    ཁོ་བོ་བོས་དཀོན་མཆོག་དཔང་འཛུགས་ཀྱིས་བརྗོད་རྒྱུར། གདོན་འདྲེ་དེ་ལྟབུ་ལྟ་ཅི་ས་བཅུའི་དབང་ཕྱུག་དཔལ་ལྡན་ལྷ་མོ་དང་༸གོང་ས་སྐྱབས་མགོན་ཆེན་པོ་གཉིས་འདེམས་བཅུག་ན་༸མགོན་པོ་མཆོག་ཐེ་ཚོམ་མེད་པར་གདམ་གྱི་ཡིན།།
    འཕགས་མཆོག་ཕྱག་ན་པད་མོ་སྐུ་ཚེ་ཡུན་དུ་བརྟན་ཅིང་མཛད་འཕྲིནཕྱོགས་མཐར་འཕེལ་བའི་དད་གདུང་ཤུགས་དྲག་དང་བཅས།།

    Reply
  21. འབྲོང་བུ་སོག་ཚ། says:
    ལོ་ 13 སྔོན།

    རང་རེ་བོད་མི་འདི་རྣམས་བསོད་ནམས་ཟད་སྟངས་ལ་ལྟས་ན་༧སྐྱབས་མགོན་རིན་པོ་ཆེ་ལས། དོལ་རྒྱལ་འདྲེ་ངན་འདི་གདམ་ཉེན་འདུག་ད། གཟབ་གཟབ་གྱིས་བོད་པ་ཚོ།

    Reply
  22. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དེ་ག་རང་རེད ཆོས་དད་ཡོད་ན་གོང་ས་མཆོག་ལས་ལྷག་པའི་གཞན་ཞིག་དགོས་དོན་མི་འདུག ཆོས་དད་མེད་ན་འདྲེ་དད་དེ་བས་དགོས་དོན་མེད གཡུ་ལོ་སྤྲུལ་སྐུ་བཞིན་སྲོག་གཏད་ཞུས་ནས་ལོ་ངོ་བཞི་བཅུར་སོན་ལ་ཉེ་སྐབས དོད་འདྲེ་བསྟན་ཚམ་གཞག་ཀྱང་གནོད་ཅི་མ་བྱུང་འདུག་གོ།
    གོ་ཐོས་ལ་མདོ་སྨད་རེབ་གོང་ནས་ཡིན་པའི་དགེ་འདུན་བཟང་བོ་ཟེར་བ་ཞིག་གིས ཁོ་ད་ལོའི་དུས་དབང་སྦྱིན་བདག་ཡིན་ཟེར་ནས་བཤད་ཀི་འདུག་ཟེར ད་དུང་ཁོ་རང་གི་ཅི་ཞིག་གསོལ་བར་དོགས་གཞི་ཡོད་པ་འདྲ རྡོར་གདན་དུ་སླེབ་ཡོད་ན་་་་་????

    Reply
  23. ལྷ་དབང་ says:
    ལོ་ 13 སྔོན།

    གནས་ཆུང་དང་པེ་ཧར་སོགས་དམིགས་གསལ་ཡིན་ནམ

    Reply
  24. ལྷ་དབང་ says:
    ལོ་ 13 སྔོན།

    གལ་སྲིད་དོལ་རྒྱལ་གདམ་པ་ཡིན་ན་དེ་སྔོན་ཆོས་འབྲེལ་ཞུས་པ་ག་རེ་བྱེད་དགོས་རེད་ བླ་སློབ་བརྩི་དགོས་དང་མི་དགོས་གསལ་པོ་གསུང་རོགས་གནང་

    Reply
  25. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    དེ་བཞིན་དུ་འཇིག་རྟེན་དྲེགས་པའི་ལྷ་གང་ལ་ཡང་སྐྱབས་བཅོལ་མི་རུང་ཚུལ་དང། ལྷག་པར་དམར་མཆོད་རིགས་སྤོང་དགོས་ཚུལ་དང། ཆང་ཚོད་མེད་འཐུང་བ་དང་མ་ཅང་སོགས་ཀྱི་རྒྱལ་འཛུགས་ཆེན་པོ་བྱེད་པ་སོགས་ཀྱང་མི་ལེགས་ཚུལ་དང། དགོན་སྡེ་ཁག་གི་སྤྱི་ཐབ་ཏུ་དཀར་ཟས་ཁོ་ན་སྤེལ་བ་ལེགས་ཚུལ་དང། འབྲོག་པ་ཚོར་འཚོ་བའི་དགོས་དབང་གིས་ཤ་ཟ་དགོས་པས་སྒོ་ཕྱུགས་ཕམ་ཚོང་བྱེད་པའི་ཚུལ་ཡང་མི་འོས་ཚུལ་བཅས་ཀྱི་བཀའ་སློབ་ཟབ་མོ་གནང་བྱུང་བས། དེ་དག་ཀྱང་བཀའ་སློབ་ཆ་ཚང་འདིར་ཞིབ་འགོད་གནང་རྒྱུ་གལ་ཆེ་བར་མཐོང་ངོ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese