མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཊ་ལེ་བྷན་གྱིས་ཨ་རི་དང་གྲོས་མོལ་བྱ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་མིག་དམར་ཉིན་ཊ་ལེ་བྷན་ཤོག་ཁག་གིས་ཨ་རིའི་གཞུང་དང་ཞི་མཐུན་གྲོས་མོལ་མགོ་འཛུགས་རྒྱུར་མོས་མཐུན་ཡོད་པ་བསྒྲགས་འདུག

ཕྱི་ཚེས་ ༣ ཉིན་ཊ་ལེ་བྷན་ (Taliban) ཤོག་ཁག་གིས་ཨ་རིའི་གཞུང་དང་གྲོས་མོལ་བྱ་རྒྱུར་མོས་མཐུན་ཡོད་པ་མ་ཟད། རྒྱལ་སྤྱི་རང་བཞིན་གྱི་ལས་ཁུངས་གསར་འཛུགས་བྱ་འཆར་ཡོད་པའི་ཁྱབ་བསྒྲགས་བྱས་འདུག ཐེངས་འདིར་ཊ་ལེ་བྷན་ཤོག་ཁག་གིས་ཨ་རི་དང་མཉམ་དུ་ཞི་མཐུན་གྲོས་མགོ་འཛུགས་རྒྱུར་མོས་མཐུན་ཡོད་པར་བསྒྲགས་པ་དེ་ནི་ཨ་རིར་ ༩༡༡ ་དོན་རྐྱེན་བྱུང་རྗེས་ཀྱི་ལོ་ ༡༠ རིང་ཚུར་གྲོས་མགོ་བཏོན་པ་ཐོག་མ་ཆགས་ཡོད་ཅིང་། ཨབ་གྷན་ནང་གི་ཊ་ལེ་བྷན་ཤོག་ཁག་གི་མགྲིན་ཚབ་པ་ཡིན་ཟེར་མཁན་མུ་ཇ་ཧེ་ཌི(Mujaheed) ཞེས་པ་ཞིག་གིས་ཁོང་ཚོས་ཁཱ་ཊར་(Qatar) ཚུད་པའི་འབྲེལ་ཡོད་སྲིད་གཞུང་ཁག་ཅིག་དང་གྲོས་བསྡུར་བྱས་ཟིན་པ་ལྟར། རྒྱལ་སྤྱི་རང་བཞིན་གྱི་ལས་ཁུངས་ཤིག་གསར་འཛུགས་བྱ་འཆར་ཡོད་པ་དང་། གཅིག་བྱས་ན་ལས་ཁུངས་དེ་ཁཱ་ཊར་ནང་འཛུགས་རྒྱུ་ཡིན་པར་བརྗོད་འདུག་ལ། དེ་བཞིན་ཊ་ལེ་བྷན་ཤོག་ཁག་གིས་ཨ་རི་དང་ཞི་མཐུན་གྲོས་མགོ་འཛུགས་རྒྱུར་ཆ་རྐྱེན་གཅིག་བཏོན་ཏེ། ཕྱོགས་གཉིས་བར་གྱི་ཞི་མཐུན་གྲོས་མོལ་ཡོང་རྒྱུར་ད་སྔ་ཨ་རིས་འཛིན་བཟུང་བྱས་ཡོད་པའི་ཊ་ལེ་བྷན་ཤོག་ཁག་གི་མི་རྣམས་གློད་དགོས་པ་བརྗོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

༸གོང་ས་མཆོག་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐུགས་དགོངས་དང་འབྲེལ་བའི་བགྲོ་གླེང་འཚོགས།

ཆུ་ཚོད་ ༨ སྔོན་ལ།
tttt
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས། 

ཆུ་ཚོད་ ༩ སྔོན་ལ།
tibettimes
Mobile App

༸སྐུའི་གཅུང་པོ་མངའ་རིས་རིན་པོ་ཆེ་མཆོག་དགོངས་པ་རྫོགས་པར་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས།

ཆུ་ཚོད་ ༡༠ སྔོན་ལ།
ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕོ་བྲང་པོ་ཏ་ལར་གསེར་ཁྲི་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༢།༢༢ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གསེར་ཁྲིར་མངའ་གསོལ་ཞུས་ཏེ་ལོ་ངོ་ ༨༦ འཁོར་བའི་མཛད་སྒོ་འཚོགས།

༢༠༢༦/༠༢/༢༢
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་ཕུལ་བའི་གཟེངས་རྟགས་ཁག

༢༠༢༦/༠༢/༢༢
བསམ་ཚུལ།

ཨ་མ་ངེད་གཉིས་ཀྱི་གླེང་མོལ།

༢༠༢༦/༠༢/༢༢

མཆན། 6

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    ད་ལན་ཏ་ལི་བྷན་གྱིས་ཨ་རི་དང་ལྷན་དུ་ཞི་བའི་གྲོས་མོལ་བྱ་རྒྱུའི་གྲོས་འདུན་སྟོན་པ་དེས། ང་ཚོ་བོད་ཀྱི་གནད་དོན་དེ་ཞི་བའི་ལམ་ནས་མ་གཏོགས་སེལ་མི་ཐུབ་པའི་རྣམ་པ་ཞིག་ཤུགས་ཀྱིས་མངོན་པ་མ་ཡིན་ནམ། དེ་ལྟར་ཡིན་ན་གཞོན་ལྷན་གྱི་གྲོས་ཆོད་ཁག་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ན་མ་གཏོགས་མ་འོངས་པར་དཀའ་ངལ་ཞིག་འཕྲད་མི་ཡོང་ངམ་སྙམ། ལྷག་བསམ་གྱིས་ཞེན་སྐུལ་ཙམ་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐོ་རེངས་ཀྱི་དག་སྣང་དེ་སྲོད་རུབ་དུས་སུ་འཇའ་མ་ཡལ་བའི་རེ་སྨོན་ཡོད་ལགས།

    Reply
  3. ཐོ་རེངས། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས། བདག་ལ་ཨ་རི་དང་རྒྱ་ནག་གཉིས་ལ་དམིགས་བསལ་ཆགས་ལྡང་བྱེད་དགོས་དོན་གང་ཡང་མེད་མོད།
    ཉིད་ཀྱིས་རང་སྣང་དགྲ་རུ་ལང་ནས་འཛམ་གླིང་ན་ཆེས་རྩེར་སོན་པའི་རྒྱལ་ཁབ་གཉིས་ལ་ཟུར་ཟ་བྱེད་འདོད་ན་དེ་བཞིན་གྱིས།
    དེ་མིན་ཁྱེད་ཀྱི་མིག་སྔོན་ན་ཡག་པོ་གཅིག་ཀྱང་མེད་པ་དེ་རང་གི་སྣང་བ་ཕྱི་རོལ་ལ་ཤར་བའི་གཟུགས་བརྙན་ཉིད་རེད་ལགས། །

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐོ་རེངས་ལགས།
    ངས་ག་དུས་བསམས་ཀྱང་ཨ་རི་ལ་གདུག་རྩུབ་དཀར་པོ་དང་། རྒྱ་ནག་ལ་གདུག་རྩུབ་ནག་པོ་ཡོད་པ་ཙམ་མ་གཏོགས་གཉིས་ཀ་ལ་གདུག་རྩུབ་ཅན་ཡིན་པ་གཅིག་མཚུངས་སུ་ལྟ་བཞིན་ཡོད། འོན་ཀྱང་ནོར་སྲིད་པ་རེད་ལགས།

    Reply
  5. ཐོ་རེངས། says:
    ལོ་ 14 སྔོན།

    ཀརྨ་རྡོ་རྗེ་ལགས། ཐུགས་རྗེ་ཆེ། ཨ་རིའི་སྲིད་གཞུང་ལ་སེམས་ཁུར་བྱ་རྒྱུ་འདི་ནི། རྫི་བོ་ལྟ་བུའི་སེམས་བསྐྱེད་རེད། བོད་མི་སྐྱབས་བཅོལ་བ་ཞིག་གི་ངོས་ནས་མཚོན་ན།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཊ་ལེ་བྷན་ཤོག་ཁག་གིས་ཨ་རིའི་གཞུང་དང་ཞི་མཐུན་གྲོས་མོལ་མགོ་འཛུགས་རྒྱུར་མོས་མཐུན་བྱས་པ་ནི། ཤིན་ཏུ་འོས་དང་ཨ་རིའི་ངོས་ནས་ཀྱང་དྲང་བདེན་ཁྲིམས་ཐག་གཅོད་སྟངས་མ་ནོར་དགོས་ངེས་ཆེ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese