མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸རྒྱལ་བ་ཆེད་དུ་མཇལ། རྣ་བ་ཆེད་དུ་འགེབས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྫ་ཚེ་རིང་བཀྲ་ཤིས།

དུས་དབང་སྔ་མའི་སྐབས་སུ་ཨམ་སྐད་གསུང་སྒྱུར་ཟེར་བ་ཞིག་བཙུགས་པ་དང་། ད་ཆ་ཁམས་སྐད་ལ་ཡང་གསུང་སྒྱུར་བཞག་འདུག ལས་ཀ་འདི་འཕྲལ་དུ་ཕན་ཡང་ཕུགས་སུ་གནོད་པ་ཞིག་རེད། གསུང་ཆོས་སྐབས་བོད་པ་ནང་ཁུལ་ལ་སྐད་སྒྱུར་བརྒྱུད་ནས་བརྡ་ཕྲོད་པ་འདིར་ཉེས་དམིགས་ཆེན་པོ་གསུམ་ཡོད། དང་པོ་ནི་མི་རིགས་དང་རིག་གཞུང་གི་བར་ཐག་རིང་དུ་བཏང་ནས་བོད་པ་ནང་ཁུལ་གྱི་མི་འདྲ་བའི་འདུ་ཤེས་ཆེ་རུ་གཏོང་བ་ཡིན།

གཉིས་པ་ནི། ༸གོང་ས་མཆོག་གི་གསུང་གི་བག་ཆགས་རང་རྒྱུད་ལ་གཏན་པོར་ཉར་བར་འགོག་རྐྱེན་བཟོ་གི་རེད། གསུམ་པ་ནི། བོད་སྐད་གཅིག་གྱུར་གྱི་བརྒྱུད་ལམ་ཡག་ཤོས་སམ་མ་མཐའ་ཡང་ཆོལ་གསུམ་སྤུན་ཟླ་ཕན་ཚུན་སྐད་ཆ་ཤོད་ཐུབ་པའི་ལམ་ཁ་ཡག་ཤོས་དེ་འགོག་གི་ཡོད།ྋགོང་ས་མཆོག་གི་གསུང་སྐད་དང་པོ་ཚང་མ་མི་གོ་མཁན་ཞིག་ཡིན་ན་ཡང་བཀའ་སློབ་ཡིག་ཐོག་ཏུ་ཡོད་པ་དང༌། སྒྲ་བརྙན་ཕབ་ཀྱི་འཁོར་ལོ་བརྒྱུད་ནས་འདྲེས་གང་ཐུབ་བྱེད་པ་གཙོ་བོ་བྱེད་རོགས། རིན་པོ་ཆེས་བཀའ་ཆོས་གསུང་སྐབས་རྣ་ཉན་ཡོ་ཆས་ཤིག་གིས་རྣ་བ་བཀབ་བསྡད་ན་ཕལ་ཆེར་ལུང་ཙམ་ཡང་ཨེ་ཐོབ་མི་ཤེས།

བོད་ནས་ཕེབས་མཁན་རྣམས་ནས་ཀྱང་རང་རང་གིས་རྒྱལ་བ་རིན་པོ་ཆེའི་གསུང་རང་ལ་ཉན་རོགས། རྒྱལ་བ་རིན་པོ་ཆེའི་གསུང་སྐད་དང་བཞད་མོ་དེས་བོད་སྐད་གཏན་ནས་མི་གོ་ཞིང་ཆོས་དད་ཀྱང་མེད་མཁན་གྱི་འཛམ་གླིང་གི་མི་ས་ཡ་མང་པོའི་སྣང་བ་བསྒྱུར་ཐུབ་གྱིན་ཡོད། ཚང་མས་རྒྱལ་བ་རིན་པོ་ཆེའི་བཞད་མོ་ཐོས་པ་ཙམ་གྱིས་སེམས་ལ་བདེ་སྐྱིད་ཀྱི་སྣང་བ་ཆེན་པོ་ཐོབ་ཀྱིན་ཡོད། གསུང་དེ་འདྲ་ཞིག་དངོས་སུ་ཉན་པའི་གོ་སྐབས་དེ་ཡང་ཡང་ཐོབ་ནི་མ་རེད། བོད་ནས་དཀའ་ལས་རྒྱབ་ནས་སྐུ་མདུན་དུ་ཐོན་པ་དང་རྣ་བ་རང་གི་རྣ་བ་རང་གིས་མི་འགེབས་རོགས།

 

འདིའི་ཐད་ ༢༠༠༦ ལོའི་དུས་འཁོར་དབང་ཆེན་སྐབས་བོད་ནས་ཕེབས་མཁན་འབྲོག་པ་རྒད་པོ་ཞིག་གིས་༼རྣམ་ཅུ་དབང་ལྡན་༽ཚགས་པར་དུ། མ་གོ་ནའང་༸རྒྱལ་བ་རིན་པོ་ཆེ་རང་གི་གསུང་སྐད་ཉན་ནས་སྡོད་རྒྱུ་ཡིན་ཞེས་ལབ་པ་དེ་ཧ་ཅང་འགྲིག་པ་རེད། ཁོས་བཅོས་མིན་གྱི་དུང་སེམས་དེར་འཐད་པ་ཡོད། འོན་ཀྱང་བསྡད་པ་ཙམ་གྱིས་ཀྱང་མི་འགྲིག་པས་གསུང་ཆོས་གོ་སྒྲིག་ཚན་པ་ལྟ་བུ་འབྲེལ་ཡོད་སྡེ་ཁག་གིས་ཀྱང་ཉིན་རེའི་བཀའ་སློབ་ཁག་འོད་སྡེར་དང་ཤོག་ཐོག་ཏུ་ཕབ་ནས་དུས་ཐོག་འགྲེམ་སྤེལ་གནང་རོགས།

 

མི་མང་གིས་ཀྱང་དེ་ལ་ཞིབ་ཏུ་གཟིགས་རོགས། ཡི་གེ་མི་ཤེས་མཁན་ཞིག་ཡིན་ན་མི་ལ་ཀློག་ཏུ་འཇུག་པ་ཚུན་ཆད་ཀྱི་ཐབས་ཤེས་བཏོན་ཏེ་བཀའ་ཆོས་ཀྱི་ནང་དོན་ལ་བསམ་བློ་ངེས་པར་དུ་གཏོང་རོགས། སྐད་ཡིག་གི་ཚོགས་པ་ཡིན་ཟེར་མཁན་ཚང་མས་འདི་ལ་བརྡ་ལན་རེ་འབུལ་རོགས། ཚགས་པར་ལས་ཁུངས་ཁག་གིས་ཀྱང་འདི་ལ་ཤུགས་སྣོན་རྒྱག་རོགས། གལ་ཏེ་སྐད་བསྒྱུར་ཅིས་ཀྱང་དགོས་ན། དགོང་མོ་དང་ཞོགས་པ་སོགས་སུ་སྒྲ་སྡུད་ཡོ་ཆས་བརྒྱུད་ནས་རྒྱང་བསྲིང་གནང་རོགས། གོ་སྒྲིག་ཚོགས་པ་དང་ཚགས་པར་ཁག་གིས་ཀྱང་དེ་ལྟར་བྱས་ནས་གསུང་ཆོས་ཀྱི་གོ་རྟོགས་མཐུས་ཤོར་དུ་མི་འགྲོ་བ་དང་། རིགས་གཞུང་ཁ་བྲལ་རིང་ལུགས་པ་ཞིག་ཀྱང་ཆགས་མི་དགོས་པ་ཡིན།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 6

  1. མི་ཆུང་། says:
    ལོ་ 14 སྔོན།

    བོད་མི་རིགས་ཀྱི་གཅིག་གྱུར་གྱི་སྐད་ཡིག་གཉིས་འཐོར་ཞིག་གི་སྔ་ལྟས་རེད། ད་ལྟ་མདོ་ཁམས་གཉིས་སུ་སྐད་སྒྱུར་རེ་དགོས་ན། རིམ་གྱིས་མདོ་ཁམས་ཀྱི་ལུང་ཚན་སོ་སོ་དང་། ད་དུང་དབུས་ཀྱི་ལུང་ཚན་སོ་སོར་ཡང་སྐད་སྒྱུར་རེ་མི་དགོས་ཐབས་མེད་རེད།

    མདོར་ན་སྐད་སྒྱུར་མི་དགོས་པ་གཅིག་པུ་དེ་ལྷ་ས་བ་དང་དེའི་ཉེ་འཁོར་གྱི་ལུང་ཚན་ཇི་སྙེད་ཅིག་ལས་མེད། རིམ་གྱིས་དེ་ལྟར་མདུན་སྐྱོད་བྱེད་ཀྱིན། ཉིན་ཞིག་དེང་གི་འབྲུག་པའི་ཡི་གེ་ལྟར་ཚུར་རྡ་དག་ལ་མ་ལྟོས་པར། ཕར་ལུང་སྐད་ལ་ཕྱོགས་ཏེ་བོད་ཡིག་ལས་ཐ་དད་པར་འགར་ངེས་རེད།

    ད་གཟོད་བོད་པ་དང་བོད་ཡིག་གང་ཞིག་ལ་ངོས་འཛིན་དགོས། འདི་ཀོ་ནི་འཐོར་ཞིག་དང་རྩ་བ་རྨེག་མེད་དུ་འགྱུར་བའི་སྔ་ལྟས་ལས་མ་འདས།

    འོན་ཀྱང་མཇུག་འབྲས་ལ་མི་བསམ་པའི་དྲ་འབུ་འགས་བསམ་ཚུལ་དེར་སྣང་མེད་དམ་ཁྱད་གསོད་བྱས་འདུག་པས། ངོ་མ་ཡ་མཚར་རེད།

    Reply
  2. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ང་ག་དུས་ཡིན་ན་ཕྱོགས་རེ་ལས་མི་མཐོང་ཞིང་. དེར་བསམ་མཁན་ཚོས་དེའི་ཞེ་འདོད་གཙོ་བོ་མ་ངེས་པའི་ཟོར་འདྲ་ཡང་ཡང་ཡོང་དོན་ཅི་ཡིན་ནམ. རྫ་ཚེའི་ཞེ་འདོད་ནི་གསུང་ངོ་མ་ཐོས་ན་ལེགས་པ་དང. སྐད་སྒྱུར་མེད་ན་ཐེང་ཁ་ཤས་ནས་གོ་འགྲོ་བ. དེས་སྤྱི་སྐད་ཅིག་འབྱུང་རེ་དེ་རེད་འདོད.
    དེར་དྲི་བ་ནི. གོ་དོན་རྟོགས་ན་ལེགས་སམ་སྒྲ་ཙམ་ཐོས་བས་དགའ.
    བློ་བརྟན་གྱི་ཆོལ་གསུམ་འགལ་ཟླ་བྱུང་བ་དང་དེའི་རྐྱེན་གང་ཡིན་བསམ་པ་དེ་ངེས་ལེན་ཐབས་མེད་པའི་རྒྱུ་མཚན་ལྟར་སྣང་འབའ་ཞིག་ཏུ་འདོད་དོ

    Reply
  3. གཡུ་དྲུག་དཀར། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན། མི་ཤེས་ན་འང་བཤད་ལ་དགའ་བའི་མི་འདི་དག་སྙིང་རེ་རྗེ། རྗེ་རིན་པོ་ཆེས། མཛད་པ་ཀུན་ལས་གསུང་གི་ནི།། མཛད་པ་མཆོག་ཡིན།། གསུང་བའི་ཚིག་འདིའི་དོན་ཡང་གོ་མེད་པ་འདྲ། སྙིང་རྗེ།

    Reply
  4. སྙིང་རྩ་སྤར་འཛིན། says:
    ལོ་ 14 སྔོན།

    རྩོམ་ཡིག་འདིའི་ཁ་བྱང་ལ་རྒྱལ་བ་ཆེད་དུ་མཇལ་ཟེར། རྒྱལ་བ་དང་ཆེད་དུ་མཇལ་གཉིས་ལ་ཨམ་སྐད་དང་དབུས་སྐད་ལས་ཀྱང་བར་ཐག་ཕྱེས་འདུག མི་མཛའ་ནིའི་མཁས་བཤད་ཅིག་ད་དུང་གཡུག་གིན་འདུག གཏམ་རྒད་པོས་བཤད་རྒྱུ་རྒན་མོས་བཤད་ཅེས་བ་དེ་འདི་རེད། རྒྱལ་བ་བྱེད་པ་པོ་རེད་དམ་བྱ་བའི་ཡུལ་རེད། དེ་རེ་རེ་ལ་སྟོན་བྱེད་ཀྱི་ཕྲད་རེ་ཡོད་བ་རེད། ངས་ཁ་བྱང་མཐོང་ནས་གླེན་བཤད་ཅིག་ཡིན་པ་དེ་ག་རང་ནས་ཤེས་ཏེ་བཀླགས་མེད། 

    Reply
  5. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ངས་ཀྱང་རྒྱལ་བའི་གསུང་དབྱངས་ཡན་ལག་དྲུག་ཅུ་མ་བོ་ཐད་ཀར་གསན་ལེགས་པར་འདོད. དབང་ལ་སྐད་གོ་མཁན་ཚོ་ཡང་ལེགས་པོ་ཞིག་ཐོབ་མིན་ཐེ་ཚོམ་རེད. གང་ཞེ་ན་རྣམ་གཡེང་དང་བྲེ་མོའི་གཏམ་གྱིས་བར་ཆད་ཡོད་ཡོད་འདྲ་ཞིག་རེད.
    སྔོན་འགྲོའི་གསུང་ཆོས་ལ་སྐད་སྒྱུར་ངེས་པར་ཡོད་ན་ལེགས.
    སྐད་གཅིག་གྱུར་དང་བོད་པ་ནང་ཁུལ་ལ་མི་ལེགས་པར་ཁོ་བས་མི་འདོད་དོ།།

    Reply
  6. བློ་བཟང་བརྟན་པ says:
    ལོ་ 14 སྔོན།

    རྫ་ཚེ་རིང་བཀྲིས་ལགས། ཁྱེད་རང་གིས་དགོངས་ཆར་དེ་ཕྱོགས་གཅིག་ནས་ཡག་པོ་རེད། ཡིན་ནས་ཡང་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་རྣམས་དོན་དང་བདེན་པར་གོ་ཐུབ་ན་ཡག་གི་རེད། འཛམ་གླིང་གི་མི་མང་པོས་༧གོང་ས་མཆོག་གི་བཀའ་ཆོས་རྣམས་དོན་དང་བདེན་པར་རྟོགས་ནས་ཁོང་རྣམ་པས་ཀུན་འདུན་ལ་གུས་ཞབས་དང་དགའ་སུས་བྱེད་ཀྱི་ཡོད་རེད། དེ་མ་གཏོགས་བོད་སྐད་རང་ལ་མིན། གཉིས་ནས་བོད་ཆོལ་ཁ་གསུམ་ལ་སྤྱི་སྐད་ཅིག་མེད་པ་ནི་བདེན་པ་རེད། ཡིན་ནས་ཡང་སྤྱི་ཡིག་ཡོད་པ་དངོས་ཡོད་རེད། བོད་དབུས་གཙང་ཕྱོགས་དང་བཙན་འབྱོལ་དུ་ཡོད་པའི་བོད་མི་སྐད་གདངས་དེ་བོད་ཤར་ཕྱོགས་ཀྱི་མདོ་སྟོད་སྨད་དང་ལོགས་སུ་ཡིན་པ་དངོས་ལེན་བྱེད་དགོས་པ་མ་ཟད། དེ་དག་ཉམས་པ་སླར་བཟོ་དང་མི་ཉམས་གོང་འཕེལ་བྱེད་པ་དེ་འགལ་ཆེན་རེད། སྔར་བོད་ཆོལ་གསུམ་དུ་འགལ་ཟླ་བྱུང་བ་ནི་ཕན་ཚུན་གྱི་མཐུན་མོང་མ་ཡིན་པའི་སྐད་གདངས་དང་གོམས་གཤིས་སོགས་དངོས་ལེན་མ་བྱེད་པ་དང་རྩི་མཐོང་མ་བྱེད་པའི་རྐྱེན་གྱི་ཡིན་པར་བསམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese