མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སར་ལོ་གསར་བའི་ཁ་བ་ཐོག་མ་བབས་བྱུང་།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་དྷ་སར་ལོ་གསར་བའི་ཁ་བ་ཐོག་མ་བབས་པར་མ་ཟད། འདི་ལོ་ཀཱང་ར་ཕར་རྒྱབ་ཀྱི་རི་སྒང་ཆུང་ཆུང་དག་ཀྱང་ཁ་བས་གཡོགས་ཏེ་ལོ་ལྟར་མཐོང་དཀོན་པའི་ཡིད་འོང་གི་ཁ་བའི་མཛེས་ལྗོངས་ཤིག་སྐྲུན་འདུག

དྷ་རམ་ས་ལར་ལོ་རེར་ཁ་བ་ཐེངས་རེ་འབབ་པའི་སྲོལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༧ ཉིན་འདི་ལོའི་ཁ་བ་ཐོག་མ་དེ་བབས་བྱུང་། ལོ་ལྟར་རི་བོ་རྡོ་ལ་དྷར་གྱི་རི་རྐེད་དུ་ཆགས་པའི་མོག་གྷན་དང་གངས་སྐྱིད་གཡས་གཡོན་ཙམ་མ་གཏོགས། རི་ཤོད་ཀྱི་དྷ་རམ་ས་ལའི་གྲོང་རྡལ་དང་། རི་འདབས་ཀྱི་ཀ་ཅ་རི་དང་ནོར་གླིང་སོགས་སུ་ཁ་བ་འབབ་སྲོལ་མེད་མོད།  ད་ལོ་ཁ་བས་ཁེབས་ཚད་ནི་གྷ་གྷལ་དང་ཀཱང་ར་བརྒལ་ཏེ་ཕར་འདབས་ཀྱི་རི་སྒང་ཆུང་ཆུང་དག་ཀྱང་ཁ་བས་ཡོངས་སུ་བཀླུབས་ཏེ་མིག་གིས་ཟིན་ཚོད་ཀྱི་ས་གཞི་ཡོད་ཚད་དཀར་ལམ་ལམ་དུ་བསྒྱུར་འདུག  མོག་གྷན་གྱི་ཁ་བ་མཐུག་སར་ཁྲི་གང་ལྷག་དང་དྷ་ཤོད་སོགས་སུ་ཁ་བའི་མཐུག་ཚད་ལ་མཐོ་གང་ཙམ་ཡོད་པ་དང་།  འདས་པའི་ལོ་བཅུ་གྲངས་འགའི་རིང་དྷ་རམ་ས་ལའི་ཉེ་ཁུལ་དུ་ཁ་བའི་ཁེབས་ཚད་ཤུགས་ཆེ་ཤོས་ཤིག་ཆགས་ཡོད་འདུག 

ལོ་ལྟར་ཁ་བ་འབབ་ཐེངས་རེར་ཉིན་གཅིག་གཉིས་རིང་མོག་གྷན་དང་གངས་སྐྱིད་བར་འགྲུམ་འགྲིལ་ཐད་དཀའ་ཕྲན་ཙམ་འཕྲད་ཀྱི་ཡོད་པ་ལྟར།  ཁ་སང་ཕྱི་ཚེས་ ༧ ཉིན་ཁ་བས་རྐྱེན་པས་དྷ་རེ་དང་དྷ་ཤོད་བར་གྱི་གཞུང་ལམ་སྟེང་དུའང་འགྲུལ་སྐྱེལ་རླངས་འཁོར་གྱིས་གཙོས་པའི་རླངས་འཁོར་ཆེ་ཆུང་མང་པོ་འཁེགས་ཡོད་པ་དང་།  ཉིན་དེར་ས་ཁུལ་ཡར་མར་དུ་ཕྱོགས་བསྐྱོད་བྱེད་མཁན་དག་ལ་འགྲུལ་བཞུད་ཐད་དཀའ་ངལ་འཕྲད་ཀྱིན་འདུག  ལྷག་པར་དུ་ཁ་བའི་ལྗིད་ཁོགས་མ་ཐེགས་པར་སྡོང་བོའི་ཡལ་ག་རྣམས་ཆག་ཏེ་ལམ་གཞུང་སྟེང་ལྷུང་ཡོད་པ་མ་ཟད། ལམ་འགྲམ་གཡས་གཡོན་དུ་འཐེན་པའི་གློག་སྐུད་དང་ཁ་པར་དར་སྐུད་སོགས་བཅད་ཡོད་པར་བརྟེན། དྷ་ཤོད་གྲོང་རྡལ་གྱི་གཡས་གཡོན་ཁུལ་དང་། གངས་སྐྱིད། མོག་གྷན་སོགས་སུ་གློག་ཆད་དེ།   ས་གནས་མང་ཚོགས་ཀྱི་རྒྱུན་ལྡན་གྱི་འཚོ་བའི་ཐད་གློག་དང་བརྡ་འཕྲིན་གྱི་དཀའ་ངལ་ཏོག་ཙམ་འཕྲད་ཀྱིན་འདུག་ལ། ལྷག་པར་དུ་དྲ་རྒྱ་བརྒྱུད་རྡོ་གདན་དུ་༸གོང་ས་མཆོག་གིས་གསུང་བཞིན་པའི་དུས་དབང་ལ་གསན་མཁན་རྣམས་དང་། དུས་དབང་དང་འབྲེལ་བའི་གསར་འགྱུར་ལ་མིག་གྱེར་མཁན་དག་ལ་བར་ཆད་བཟོས་ཆེན་པོ་ཞིག་ཡོད་པ་རེད།

དེ་རིང་ཕྱི་ཚེས་ ༨ ཉིན་དྷ་ཤོད་ནས་གངས་སྐྱིད་བར་གྱི་གཞུང་ལམ་སྟེང་གི་ཁ་བ་ཞུར་ཏེ་འགྲུམ་འགྲིལ་རྒྱུན་ལྡན་སླར་གསོ་བྱུང་ཡོད་ནའང་།  གངས་སྐྱིད་ནས་མོག་གྷན་བར་གྱི་གཞུང་ལམ་སྟེང་རླངས་འཁོར་བསྐྱོད་མ་ཐུབ་པར་མང་ཚོགས་རྣམས་རྐང་ཐང་ལ་འགྲུལ་བཞུད་བྱེད་བཞིན་འདུག་ལ།  གློག་སྐུད་དང་ཁ་པར་དར་སྐུད་སོགས་ད་དུང་བསྐྱར་གསོ་བྱེད་མ་ཐུབ་པར་བརྟེན་དྷ་ཤོད་གཡས་གཡོན་དང་། གངས་སྐྱིད། མོག་གྷན་སོགས་སུ་གློག་དང་བརྡ་འཕྲིན་གྱི་དཀའ་ངལ་སྔར་བཞིན་འཕྲད་ཀྱིན་འདུག 

ལོ་རེར་དྷ་ས་ཁུལ་དུ་ཁ་བ་ཐེངས་གཅིག་མ་གཏོགས་འབབ་ཀྱིན་མེད་སྟབས། ལོ་རྟག་པར་ས་གནས་ཡུལ་མི་གཙོས་ཉེ་འདབས་ས་ཁུལ་ཀཱང་ར་དང་པ་ཊན་གོ་ཊི། ཅཱན་དྷི་གྷར་སོགས་ནས་མི་མང་པོ་ཁ་བར་ལྟ་གཟིགས་དང་ཁང་རྩེད་བྱེད་དུ་ཡོང་གིན་ཡོད་པར་བརྟེན།  ཉིན་གཅིག་གཉིས་རིང་མོག་གྷན་གྱི་སྲང་ལམ་གང་སར་ཕྱོགས་ཡོང་གི་མགྲོན་པོ་དང་ཁངས་རྩེད་བྱེད་མཁན་གྱིས་ཁེངས་ཏེ་ལས་སླ་བོའི་ངང་ཡར་མར་དུ་འགྲུལ་བསྐྱོད་བྱེད་རྒྱུ་ཁེགས་པོ་ཡོད་མོད།  འདི་ལོ་གཅིག་ནས་དྷ་ས་ཁུལ་གྱི་བོད་མི་ཕལ་ཆེ་བ་རྡོ་གདན་དུ་༸གོང་ས་མཆོག་གི་དུས་དབང་ཞུ་བར་བསྐྱོད་ཟིན་པར་བརྟེན། ནམ་རྒྱུན་དྷ་ས་ཁུལ་འདུས་སྡོད་བོད་མི་ཉུང་ཙམ་མ་གཏོགས་ལྷག་མེད་པ་དང་། གཉིས་ནས་འདི་ལོར་དྷ་སའི་ཉེ་འདབས་ཀཱང་ར་སོགས་ས་ཁུལ་མང་པོ་ཞིག་ལ་ཁ་བ་བརྒྱབ་ཡོད་སྟབས།  མོག་གྷན་དུ་ཆེད་དམིགས་ཁ་བར་ལྟ་གཟིགས་དང་ཁངས་རྩེད་ཆེད་ཡོང་མཁན་ཉུང་བར་བརྟེན། ཁ་བའི་ཁྲོད་ཀྱི་མོག་གྷན་དུ་ལོ་ལྟར་གྱི་ཁ་བའི་དུས་ཚིགས་ནང་བཞིན་འཁྲུག་ཆ་དོད་པོ་མི་འདུག  ཡིན་ནའང་། ཁ་བའི་དབུས་ཀྱི་མོག་གྷན་གྲོང་རྡལ་དང་ཉི་ཟེར་འོག་དཀར་འོད་ལམ་ལམ་བྱེད་པའི་རྡོ་ལ་དྷར་རི་རྒྱུད་ཀྱིས་ཕྱོགས་ཡོང་གི་མགྲོན་པོ་དག་ལ་རང་བྱུང་ཁམས་ཀྱི་མཛེས་ཉམས་ཡིད་དུ་འོང་བ་ཞིག་མིག་གི་ལོངས་སྤྱོད་དུ་སྦྱིན་བཞིན་འདུག 

ཁ་བའི་ཁྲོད་ཀྱི་མོག་གྷན།

 

དྷ་སའི་གངས་སྐྱིད་རི་ཁུལ།

དྷ་ཤོད་ཀ་ཊ་རིའི་སྲང་ལམ།

དྷ་སའི་མཐའ་འདབས་ཀྱི་གྲོང་རྡལ།

མོག་གྷན་སུམ་མདོའི་སྣང་བརྙན།

ཁ་བར་ལྟ་གཟིགས་སུ་ཕེབས་མཁན་གྱི་མགྲོན་པོ།

ཁ་བའི་ཁྲོད་འཐུམ་པའི་མོག་གྷན་གྱི་གླ་གཏོང་རླངས་འཁོར་རྣམས།

གསར་འགོད་པ་དང་པར་བ། ཚེ་རིང་རྒྱལ།

 

འབྲེལ་ཡོད་གསར་འགྱུར།

Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢༤ སྔོན་ལ།
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠
དགེ་འདུན་པ་ཨོ་རྒྱན་བྱང་ཆུབ། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

དགེ་འདུན་པ་ཨོ་རྒྱན་བྱང་ཆུབ་ལགས་འཛིན་བཟུང་བྱས་ཏེ་གཅར་རྡུང་བྱས།

༢༠༢༦/༠༣/༢༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

༢༠༢༦/༠༣/༢༨
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

༢༠༢༦/༠༣/༢༨

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ང་ཚོ་ཡར་ཡར་འགྲོ་དུས། །
    ཁ་བ་མར་མར་བབས་བྱུང་། །
    ཞེས་པའི་གླུ་དེ་ཡང་དྲན་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese