མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོ་ལོག་ཏུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༠༨
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་དུ་གནས་སྡོད་མགོ་ལོག་པ་སྐར་ཁྲི་བཙན་ལགས་ཀྱིས་འདི་གའི་གསར་འགོད་པར་བརྗོད་པ་ལྟར་ན། དེ་རིང་བདག་གིས་ཕ་ཡུལ་དུ་ཁ་པར་བཏང་སྟེ་གོ་གསལ་ལྟར་ན། དེ་རིང་ཞོགས་པ་སྔ་བོར་མགོ་ལོག་དར་ལག་རྫོང་ཐོག་གི་ལམ་འགྲམ་ནས་དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་བཏང་སྟེ། སྐུ་ཕུང་ཡོངས་སུ་མེར་འཚིགས་ཡོད་འདུག སྐབས་དེར་རྫོང་ཉེན་རྟོག་པ་ཡོང་སྟེ་སྐུ་ཕུང་འཁྱེར་ཡོད་ཀྱང་། ས་གནས་བོད་པ་མང་པོ་ཞིག་འདུ་འཛོམས་ཀྱིས་སྐད་འབོད་བརྒྱབ་སྟེ་སྐུ་ཕུང་ཕྱིར་འཕྲོག་འདུག ཁོང་ཚོས་བརྗོད་གསལ་ལ། དགེ་འདུན་པ་དུས་ཐོག་མར་གཞུང་ལམ་སུམ་མདོའི་གློག་སྡོང་ཆེན་པོ་ཞིག་གི་མདུན་ནས་སྐུ་ལུས་མེར་བསྲེགས་བཏང་འདུག་ལ། མེར་བསྲེགས་གཏོང་མཁན་དོ་བདག་དེ་ནི་མགོ་ལོག་དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་ཡིན་པར་ཚོད་དཔག་བྱེད་ཀྱི་འདུག་ཟེར། 

ཡང་གནས་ཚུལ་ཡོང་ཁུངས་གཞན་ཞིག་གིས་ཁ་པར་བརྒྱུད་བརྗོད་པ་ལྟར་ན། དེ་རིང་ཞོགས་པ་སྔ་བོ་བོད་ནང་གི་ཆུ་ཚོད་ ༦ སྟེང་། དགའ་བདེ་རྫོང་སྟོང་སྐྱོབ་དགོན་པའི་བླ་མ་བསོད་བྷ་མཆོག་གིས་སྐུ་ལུས་ལ་ས་སྣུམ་མང་པོ་བླུགས་ཤིང་། ཞལ་དུ་ཡང་ས་སྣུམ་མང་པོ་མཆོད་དེ་མེར་སྒྲོན་ཡོད་པ་དང་། སྐབས་དེར་ཉེ་འཁོར་གྱི་མི་མང་པོས་འཛིན་ཐབས་བྱས་ཀྱང་། ཁོང་གིས་ཕྱག་ཏུ་བོད་པའི་རྒྱལ་དར་ཆེན་པོ་ཞིག་འཕྱར་བཞིན་” བོད་རང་བཙན་ཡིན། རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས” ཅེས་ཀྱི་འབོད་ཚིག་སྒྲོག་བཞིན་ཁྲོམ་ལམ་དུ་བརྒྱུགས་ཏེ་སར་འགྱེད་ཡོད་པ་དང་། དེ་མ་ཐག་རྫོང་གི་ཉེན་རྟོག་པ་མང་པོ་འབྱོར་ནས་སྐུ་ཕུང་འཁྱེར་རྩིས་བྱེད་སྐབས། ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་སྐད་འབོད་སྒྲོག་པ་སོགས་བྱས་ཏེ་སྐུ་ཕུང་ཉེན་རྟོག་པའི་ལག་ནས་ཕྱིར་འཕྲོག་ཡོད་ཀྱང་། བོད་པའི་རྒྱལ་དར་དེ་འཕྲོག་ཐུབ་ཡོད་མི་འདུག

སྐར་ཁྲི་བཙན་ལགས་ཀྱིས་གོ་ཐོས་ལྟར་ན། ཐེངས་འདིར་བསོད་བྷོ་ལགས་ཀྱིས་རང་ལུས་མེར་བསྲེགས་གཏོང་དོན། བླ་མ་བསོད་བྷ་མཆོག་གིས་ཉེ་ལམ་དགའ་བདེ་རྫོང་ཉེན་རྟོག་ལས་ཁུངས་སུ་ཕྱིན་ཏེ། ཐེངས་འདིའི་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་ཞུ་བར་སྐྱོད་ཆེད་ཐོངས་མཆན་ཞུས་སྐབས། འབྲེལ་ཡོད་ལས་བྱེད་ཚོས་ཁྱེད་རང་སྔོན་རྒྱ་གར་ལ་ཐེངས་ཁ་ཤས་ཕྱིན་མྱོང་མཁན་ཞིག་རེད་ཅེས་ཆབ་སྲིད་ཀྱི་ལས་ཀ་འདྲ་མིན་བྱས་ཡོད་པའི་ཉེས་འཛུགས་འོག་ལག་འཁྱེར་མ་སྤྲད་སྟབས། ཉིན་དེར་ཁོང་ཚོའི་བར་ཁ་རྩོད་ཤོར་ཏེ། བླ་མ་བསོད་བྷ་ལགས་ཀྱིས་ཐེངས་འདིར་ཁྱེད་ཅག་གིས་ང་ལ་ལག་འཁྱེར་མ་སྤྲད་ཚེ་ངས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་གཞན་གྱིས་ཐོས་ཡོད་འདུག་ཟེར།

སྐར་ཁྲི་བཙན་ལགས་ཀྱིས་བརྗོད་དོན། “དགེ་འདུན་པ་དེས་རང་ལུས་མེར་བསྲེགས་གཏོང་སྟངས་དང་། ཁོང་སུ་ཡིན་མིན་ཐོག་སྐད་ཆ་འདྲ་མིན་ཞིག་ཡོང་གི་འདུག ངས་ཀྱང་དེ་རིང་ཕ་ཡུལ་ལ་ཁ་པར་བཏང་སྟེ་གོ་པ་ཡིན། ད་དུང་འདིར་ཡོད་པའི་མགོ་ལོག་དགའ་བདེ་ཕྱོགས་ཀྱི་ཆོས་ཞུ་བ་གཞན་སྐོར་ཞིག་གིས་ཀྱང་ཁྱིམ་ལ་ཁ་པར་བཏང་སྟེ་གོ་འདུག གལ་སྲིད་བླ་མ་བསོད་བྷ་ཁོང་ཡིན་ཚེ་ང་ཁོང་ལ་རྒྱུས་མངའ་ཆེན་པོ་ཡོད། ཁོང་གི་འཁྲུངས་ཡུལ་མགོ་ལོག་དགའ་བདེ་རྫོང་གོང་སྟོད་ཡུལ་ཚོ་དང་། སྟོང་སྐྱོབ་དགོན་པའི་བླ་མ་རེད། ད་ཆར་དགུང་ལོ་ ༤༠ ཙམ་ཡིན། སྟོང་སྐྱོབ་དགོན་དུ་གདེང་འཇོག་ཆེན་པོ་ཡོད་པ་མ་ཟད། རྨ་ཉིན་སྲིབ་གཉིས་ཀྱི་སེར་སྐྱ་མི་མང་གིས་ཧ་ཅང་བརྩི་གུར་དང་དད་གུས་ཆེན་པོ་ཞུ་ས་ཞིག་རེད” ཅེས་བརྗོད་བྱུང་།

འབྲེལ་ཡོད་གསར་འགྱུར།

FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

ཆུ་ཚོད་ ༦ སྔོན་ལ།
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

ཆུ་ཚོད་ ༩ སྔོན་ལ།
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

ཆུ་ཚོད་ ༩ སྔོན་ལ།
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩
Rubin Museum's photo taken by Tenzin Dorjee
Mobile App

ཁ་དོག་སྒྱུ་རྩལ་མཐུན་ཚོགས་ལ་ཧི་མ་ལ་ཡའི་སྒྱུ་རྩལ་བྱ་དགའ་ཐོབ།

༢༠༢༥/༡༠/༠༩

མཆན། 15

  1. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    ང་ཚོས་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་པོ་མཉམ་ཁུར་བྱས་ཏེ། དཀའ་སྡུག་གང་འདྲ་ཞིག་བྱུང་ན་ཡང་གཡུལ་ས་དེ་ལས་རྣམ་པར་རྒྱལ་རྒྱུ་ནི་ང་ཚོའི་བཟློག་མེད་ཀྱི་འགན་འཁྲི་ཡིན།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ་ཁ།
    དཀོན་མཆོག་མཁྱེན།

    Reply
  3. གཡུ་སྒང་འཇིགས་མེད says:
    ལོ་ 14 སྔོན།

    ཁྱོད་ཚོས་འདི་ལྟར་གནང་བ་གཟི་བརྗིད་ལ་ཆེ།།
    ཁྱེད་ཚོ་འདི་ལྟར་ཕེབས་པ་འོད་རླབས་ཆེ།།
    ཁྱེད་ཚོ་གངས་ཅན་བོད་ལ་བཀའ་དྲིན་ཆེ།།
    ཁྱེད་ཚོ་འབར་བའི་མེ་ལྕེ་ཤིན་ཏུ་ཆེ།།

    ཁྱེད་ཚོའི་མཚན་སྙན་ནམ་ཡང་ཡལ་བ་མེད།།
    ཁྱེད་ཚོའི་ནམ་ཡང་བོད་ཀྱིས་བརྗེད་ཐབས་མེད།
    ཁྱེད་ཚོའི་མཛད་རྒྱས་འདི་ལས་ཆེ་བ་མེད།
    ཁྱེད་ཚོ་ས་སྟེང་འདི་ན་འགྲན་ཟླ་མེད།།

    གཞན་དོན་བསྒྲུབ་པའི་དཔའ་བོ་ཁྱེད་ཚོ་རེད།།
    བསྟན་འགྲོ་དགོངས་མཁན་དཔའ་བོ་ཁྱེད་ཚོ་རེད།།
    བོད་འདི་དངོས་གནས་བསམ་མཁན་ཁྱེད་ཚོ་རེད།།
    རྒྱལ་སྲས་བྱང་ཆུབ་སེམས་དཔའ་ཁྱེད་ཚོ་རེད།།
    མ་ཎི་ཡིག་དྲུག་ཁྱེད་ཚོའི་དོན་དུ་འདོན།།
    མཆོག་གསུམ་སྐྱབས་འཇུག་ཁྱེད་ཚོའི་དོན་དུ་ཞུ།།
    སླར་ཡང་གངས་ཅན་བོད་ལ་སྐྱེ་བར་ཤོག།
    སྐྱེས་ནས་བསྟན་འགྲོའི་འགྲོ་དོན་བསྒྲུབ་པར་ཤོག།

    Reply
  4. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    བར་དོའི་སྐྱེལ་མ།

    མེ་རྟག་ཕྲ་མོ་ལུས་ལ་ཕོག་ཀྱང་བཟོད་མེད་ཚོར་བའི་ན་གཟུགས་ཤིག།

    དུས་གསུམ་ཁ་ཟས་དུས་ཐོག་མ་རག་བཟོད་མེད་ཕོ་བའི་ངར་སྐད་ཅིག།

    སེམས་ཞུམ་དམན་པའི་ལྟ་བ་དེ་ལས་རང་ལུས་གཅེས་པའི་དཔང་རྟགས་ཤིག།

    འོན་ཀྱང་རླབས་ཆེན་ཁྱེད་ཀྱི་སྟོབས་ནི་བདག་གི་བསམ་པའི་ཡུལ་ལས་འདས།།

    སྔོན་དུས་སུམ་གཉིས་མངའ་དབང་བསྒྱུར་དུས་ཡ་མེད་དཔའ་རྒོད་བརྗོད་མི་དགོས།།

    ལྷ་སྒྲུང་གེ་སར་བློན་པོར་ཡ་མེད་དཔའ་བའི་སྙིང་སྟོབས་ཚད་མེད་གདའ།།

    བར་སྐབས་སིལ་བུའི་དུས་སུ་རིགས་མཐུན་གཅེས་སྲོག་འཕྲོག་པའི་ལག་དམར་མང་།།

    འོན་ཀྱང་དེང་དུས་རླབས་ཆེན་སྙིང་སྟོབས་མེ་ལྕེས་གསལ་སྟོན་བྱེད་བཞིན་འདུག།

    སེམས་ཀྱི་དཀའ་སྡུག་སེམས་ཀྱི་སེམས་ནས་སེམས་ནུས་ཡོད་དགུ་བྱིན་ཟར་བཏབ།།

    ལུས་ཀྱི་དཀའ་སྡུག་ཇི་ལྟར་ཆེ་ཡང་བྱིན་ཟའི་ཚོགས་ལ་ཕངས་མེད་བཏབ།།

    སེམས་ལུས་ལྟ་བ་མཐུན་པའི་ཡོད་ཚད་བདེ་སྐྱིད་ཆོལ་གསུམ་ཆེད་དུ་ཕུལ།།

    ཁྱེད་ཀྱི་སྙིང་སྟོབས་ནམ་ཡང་མི་བརྗེད་བདག་གི་ཡིད་ཀྱི་དྲན་གདུང་ཉིད།།

    Reply
  5. འབྲི་གུང་སྤྲོ་ཚེ། says:
    ལོ་ 14 སྔོན།

    ཞུམ་མེད་ཀྱི་སྙིང་སྟོབས་དེ་ལྟ་བུ་ཡོད་པ་ནི་དངོས་གནས་སུམ་གཉིས་ས་ཡི་ཁྱོན་ལ་མངའ་དབང་བསྒྱུར་བའི་མི་རིགས་ཤིག་གི་དཔའ་རྟགས་ངོ་མ་རེད།
    ཁོང་དང་ཁོང་འདྲ་བའི་སྐྱེས་བུ་རྣམས་ལ་ངས་སེམས་གཏིང་ནས་དཀའ་དྲིན་རྗེས་དྲན་དང་མ་འོངས་པར་ཁོང་རྣམས་ཀྱི་བསམ་དོན་མྱུར་འགྲུབ་ཡོང་བའི་གཏམ་བཟང་ལ་མཉམ་སྒུག་བྱེད་ངེས་ཡིན།
    རྒྱལ་གཅེས་ཀྱི་དཔའ་རྒོད་ཁྱོད་ལ་གུས་བཀུར་ཞུ།

    Reply
  6. པོ་ཏཱ་ལ says:
    ལོ་ 14 སྔོན།

    སྟག་སྣ་འཇིག་མེད་ནས་་་ཡིན་ནའང་མི་རིགས་ཀྱི་འཐབ་རྩོད་ཆ་ནས་ཞི་དྲག་ཡག་པོ་རེད།།།།ཅེས་དང་་་སླད་ཕྱིན་ཁོང་རྣམས་པའི་སྙིང་ལ་སློབ་སྦྱོང་བྱས་ཏེ་་ཚེ་སྲོག་འཕྲོ་བརླག་མ་སོང་བའི་ཐོག་རྒྱ་གཞུང་ལ་ངོ་རྒོལ་བྱ་དགོས་པ་རེད་་་གསུང་་་་་་་་་་་་་་་་་་་གོ་བྱུང་བས་བོད་པ་ཚོ་་་་ཤེས་བྱུང་བས་བོད་པ་ཚོ་་་་་

    Reply
  7. པོ་ཏཱ་ལ says:
    ལོ་ 14 སྔོན།

    འགྲོ་འདུག་རང་དབང་བྲལ་བའི་སྲིད་དབང་དེས་འོག་ནས།
    མི་བཟོད་སྡུག་གི་མནར་གཅོད་བར་མེད་དུ་མྱོང་དུས།
    སེམས་ནས་བླ་མ་དྲན་པའི་སྐྱོ་བ་དང་འགྲོགས་ཏེ།
    འཇིག་རྟེན་མི་ཡུལ་འདུག་པའི་མདུན་པ་དེ་བྲལ་སོང་།

    ད་སྔོན་གཅེས་པར་སྐྱོང་བའི་དལ་འབྱོར་གྱི་ལུས་རྟེན།
    ད་ལྟ་བཟོད་དཀའི་མེ་ལྕེའི་མཚོན་ཁ་ན་གཡོ་བཞིན།
    ཞུམ་མེད་རང་དབང་དགོས་པའི་གད་རྒྱངས་ཀྱི་ཁྲོད་ནས།
    མདོ་སྨད་གཙན་པོ་བུ་ཁྱེད་མི་ཡུལ་ནས་ཕེབས་སོང་།

    Reply
  8. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    རྒྱལ་སྲས་མཆོག་གི་སྤྱོད་པ་རླབས་པོ་ཆེ་འཁུར་དུ་ལེན་པ་ལ་ཆེས་ཆེར་སྤྲོ་བ། ཉམ་ཐག་འགྲོ་བའི་སྐྱོ་གདུང་སེལ་བའི་སྙིང་རྗེའི་སྨན་མཆོག་གི་ཀ་ཆེན་དགུང་དུ་འདེགས་པའི་སེམས་དཔའ་ཆེན་པོ། མགོ་ལོག་ཁུལ་གྱི་བླ་མ་དམ་པ་སྐྱབས་རྗེ་བསོད་བྷོ་རིན་པོ་ཆེ་ཁོང་ནི་འདི་ལྟ་བུའི་བླ་མ་རླབས་ཆེན་ཞིག་ཡིན་པ་དེ། གཞན་དོན་དུ་གཤེགས་ཚར་བའི་རྗེས་སུ་མ་གཏོགས་མ་ཤེས་བ་ནི་ལས་རེ་ངན་ལ་ཕངས་རེ་ཆེ་ཨང་།
    ཁོང་ཙམ་མིན་པར་ད་དུང་བོད་ཀྱི་ལྷག་བསམ་ཅན་དང་བྱང་ཆུབ་སེམས་དཔའ་ཁྲི་ཕྲག་མང་པོ། བགྲོངས་བའི་རྗེས་སུ་མ་གཏོགས་བཀའ་དྲིན་དང་ཁོང་ཚོའི་ཡོན་ཏན་རྟོགས་ཐུབ་ཀྱི་མེད་པ་འདི་ཧ་ཅང་བློ་ཕམ་པོ་རེད། བོད་ཀྱི་དཔའ་བོའམ་སེམས་དཔའ་ཆེན་པོ་རྣམ་པ་ལགས། ཁྱེད་རྣམས་ཀྱིས་བདག་གཞན་མཉམ་བརྗེའི་སྤྱོད་པ་རླབས་པོ་ཆེའི་བློ་སྟོབས་ཕ་རོལ་ཏུ་སོན་ཡོད་ནའང་། བསྟན་དང་འགྲོ་བའི་ཆེད་དུ་འཇིག་རྟེན་འདིར་འཚོ་བཞེས་གནང་རོགས་ཞུ། བཞི་བཅུ་ཞེ་གྲངས་ནས་བཟུང་། དཔའ་བོ་ཁྲི་ཕྲག་མང་པོའི་སྲོག་ཤོར་དང་འཆོར་བཞིན་ཡོད། དེ་རིང་བར་རྒྱལ་སྲས་ཀྱི་སྤྱོད་པ་རླབས་པོ་ཆེར་ཞུགས་ཏེ་ཉིན་རེ་ནས་ཉིན་རེ་རང་ལུས་ཞུགས་འབུལ་གྱིས་གཞན་དོན་དུ་གཤེགས་བཞིན་ཡོད། ང་ཚོ་བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས། ཁྱེད་ཚོས་དགོངས་དོན་སྒྲུབ་པ་ལྟ་ཞོག ཐོབ་གོ་ས་དང་། ཕྱོགས་རེའི་འཐེན་འཁྱེར་ཁོ་ནས་ནང་ལ་འཁྲུག་རྩོད་བྱེད་བཞིན་བསྡད་ཡོད། གལ་སྲིད་ལྷག་བསམ་ཅན་ཚོ་མུ་འཐུད་དེ། གཤེགས་སོང་ན། ང་ཚོའི་ཁ་སྟབས་ནི་མ་ནི་རེ་མོས་ལ་མ་མོས་ཀྱིས་འདོན་པ་ལས།ལས་དོན་གང་ཡང་བསྒྲུབ་ཐུབ་ཀྱིན་མེད་པ་མ་ཟད་ཁྱོད་ཚོ་གཤེགས་དོན་རྒྱལ་སྤྱིར་ཁྱབ་སྒྲོག་ཙམ་ཡང་བྱེད་ཐུབ་ཀྱི་མེད་པར་བརྟེན། ཁྱེད་ཚོ་འཚོ་ཞིང་བཞེས་ནས་སྤྱིའི་དོན་སྒྲུབ་ན་དགེ་མཚན་ཧ་ཅང་ཆེ་བར་འདུག་པས། བདག་གིས་ཞུ་བ་ནན་ཀྱི་ཕུལ་ལོ།།
    ཞོར་དུ།
    ཡང་སྐྱག་ཤོར་གཞུང་དང་ཡུལ་བྱོལ་པ་ཚོས་དམ་པ་ཁོང་གི་མེ་དཔུང་འབར་བའི་ཀློང་དཀྱིལ་གྱི་བདེན་པའི་འབོད་ཚིག་དག་ལ་བཅོས་ལྷད་མི་གཏོང་བའི་རེ་སྐུལ་ཡང་ནན་གྱིས་ཐལ་ལོ།།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    རང་ཅག་གངས་ཅན་པའི་དཔའ་རྒོད་ཁྱེད་ཚོའི་སྙིང་སྟོབས་ནི་ནམ་ཡང་ཞུམ་པ་མེད་པར་རྒྱལ་བསྟན་སླར་འདེགས་ཀྱི་མེ་ལྕེ་ཕྱོགས་ཀུན་སྤྲོས་པ་ནི་ཁ་བ་གངས་ཅན་པ་རྣམས་ཀྱི་མི་བརྗེད་པར་སྙིང་དབུས་བཅང་རྒྱུ་དང་། འདས་པོ་དེ་རྣམས་གནས་སྐབས་བར་དོའི་འཇིག་སྐྲག་ཡ་ང་བ་ལས་ཐར་ཏེ། རྣམ་མཁྱེན་གྱི་རྟེན་བཟང་མྱུར་དུ་སྒྲུབ་པའི་སྨོན་འདུན་གྲངས་མེད་ཞུ། བོད་རྒྱལ་ལོ།

    Reply
  10. བཀྲ་ཤིས། says:
    ལོ་ 14 སྔོན།

    དངོས་གནས་དཔལ་རྒོད་ཚོད་རང་ལུས་མེ་རུ་བསྲེགས་ནས།
    འཛམ་གླིང་མི་མང་ཚོ་ལ་བདེན་པའི་རོགས་སྐྱོར་གྱི་རེ་སྒུག་རེ་ཞུས། རྒྱ་དམར་བཙན་པོའི་ཁྲིམ་བཅད་འོག་ལ་ཤི་གསོན་གཉིས་ལས་ཤི་བ་འདམ་པ་ནི། རྒྱ་ཡིས་བོད་ལ་བཟོས་པའི་སྡུག་བསྔལ་གྱི་རྒྱ་མཚོ་དེ་ཡིན།

    Reply
  11. ཁྱུང་དཀར says:
    ལོ་ 14 སྔོན།

    བཙན་གནོན་དང་སྡུག་ཡུས་ཀྱི་མནར་གཅོད་ལ་ཚེ་སྲོག་གིས་རྒོལ་ལན་སློག་པའི་མི་བུ་བསོད་བྷ་ཁོང་དང་ཁོང་ལྟ་བུའི་སེམས་དཔའ་ཆེན་པོ་དག་ལ་བཟོད་གསོལ་དང་དགོངས་དག་ཞུ་ཀི་ཡོད། མྱ་ངན་དང་གུས་འདུད་ཀྱང་ཞུ་ཀི་ཡོད།

    Reply
  12. ཚང་མ། says:
    ལོ་ 14 སྔོན།

    དགའ་བདེ་རྫོང་ནི་རྭ་རྒྱ་དགོན་པའི་ཉེ་འཁྲིས་སུ་ཆགས་ཡོད་པ་ཞིག་གོ་ཐོས་བྱུང་།

    Reply
  13. རྟ་མགྲིན། says:
    ལོ་ 14 སྔོན།

    རྕོམ་སྒྲིག་པ་ལགས། དགེ་འདུན་པ་ཞིག་གིས་རང་ལུས་མེར་བསྲེགས་ཟེར་རྒྱུའི་དོད་དུ་སྤྲུལ་སྐུ་ཞིག་གིས་རང་ལུས་མེར་བསྲེགས་ཞེས་བཏགས་ན་འོས། དམ་པ་ཁོང་ནི་དར་ལག་རྫོང་ཁྲོད་ཀྱི་དགོན་པ་ཞིག་གི་སྤྲུལ་སྐུ་ཡིན་ཚུལ་དང་། དར་ལག་རྫོང་དུ་རྒན་གསོ་ཁང་ཞིག་ཀྱང་བཙུགས་ཡོད་པ། ཁོང་གི་དགོས་འདུན་དང་སྐུ་པར་སོགས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་དྲ་ཚིགས་ན་འདུག་པས་བརྒྱུད་འགོད་ཐུབ་ན་བཟང་།

    Reply
  14. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 14 སྔོན།

    དཀོན་མཆོག་མཁྱེན། དངོས་ནས་བསམ་བློ་གཏོང་གིན་གཏོང་གིན། གཞིས་ལུས་བོད་མི་དག་གི་སྙིང་སྟོབས་ཀྱི་མེ་ལྕེ་འདི་མཆེད་སྟངས་ལ་སེམས་པ་སྐྱོ་བ་དང་མིག་ཆུའི་བྲང་ཁོག་བརླན་ཞོར་དུ། ཁོང་ཚོའི་རྣམ་ཤེས་དག་པའི་ཞིང་དུ་སྐྱེ་བར་སྨོན་ལམ་དང་། རིགས་རུས་གཅིག་པའི་སྤུན་ཟླ་ཡོངས་ཀྱིས་ཕྱིས་སུ་འདི་འདྲའི་ཚེ་སྲོག་གོད་ཆག་བསྟུད་མར་མི་བྱུང་བར་འགན་འཁུར་དང་བསམ་ཤེས། དང་ལེན་བཅས་བྱེད་ཐུབ་པར་རེ་སྐུལ་ནན་པོ་ཞུ། ང་ཚོ་གསོན་པའི་ཆེད་དུ་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་དུས། ང་ཚོ་མི་གཅིག་ཡིན་ཡང་། གཏན་ནས་ཤི་མི་རུང་། ཤི་ལས་གསོན་པ་ནི་བདེན་པའི་འཐབ་རྩོད་བྱེད་པའི་ལམ་ཁ་ཆེས་མང་བ་ཡིན། ལྷག་དོན་དུ་བོད་དོན་ལ་སེམས་ཤུགས་མེ་ལྟར་འབར་བའི་དབའ་རྒོད་དག་འདི་ལྟར་གཅིག་རྗེས་གཉིས་མཐུད་དུ་ཕེབས་མི་རུང་གི གཞུགས་དགོས་ཀྱི་འདུག གསོན་དགོས་ཀྱི་འདུག གསོན་པ་དེ་ཡང་༧གོང་ས་རྒྱལ་བའི་དབང་བོའི་དུས་དབང་དུ་གསུངས་མ་ཐག་པ་བཞིན། འཚེ་མེད་ཞི་བའི་ལམ་ཁོ་ནར་བསྟེན་ནས་ང་ཚོའི་བདེན་པའི་འཐབ་རྩོད་བྱེད་དགོས་པ་ཡིན། ངས་འདི་ནས་ལག་ཟུང་སྙིང་གར་སྤྱར་ནས་བོད་མི་སེམས་ཤུགས་མེ་ལ་འཕུད་པར་གྲྭ་སྒྲིག་བྱེད་མཁན་དག་ལ་ཞུ་བ་བྱེད། རང་ལུས་མེ་ལ་མ་བསྒྲོན་རོགས། མེ་ཡིས་ང་ཚོ་ལ་རང་དབང་མི་སྤྲོད། མེ་ཡིས་ང་ཚོའི་སྙིང་སྟོབས་ཚིག་པ་རེད། སྐུ་མཁྱེན། མེ་ལ་མ་སྒྲོན་རོགས། ཞུ་བ་བྱེད། ཞུ་བ་བྱེད། བོད་རིགས་སྤུན་ཟླ་ཚོ། ངའི་སྙིང་ཁོང་རུས་པའི་གཏིང་ནས་ཞུ་བ་བྱེད། ང་ཚོ་གསོན་དགོས། གསོན་པའི་ཆེད་དུ་ང་ཚོའི་བདེན་པའི་འཐབ་རྩོད་བྱེད་ཀྱི་ཡོད་པ་རེད་ལགས།

    Reply
  15. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་། ཉིན་དེར་ཁོང་ཚོའི་བར་ཁ་རྩོད་ཤོར་ཏེ། བླ་མ་བསོད་བྷ་ལགས་ཀྱིས་ཐེངས་འདིར་ཁྱེད་ཅག་གིས་ང་ལ་ལག་འཁྱེར་མ་སྤྲད་ཚེ་ངས་རང་ལུས་མེར་བསྲེགས་གཏོང་རྒྱུ་ཡིན་ཚུལ་བརྗོད་པ་གཞན་གྱིས་ཐོས་ཡོད་འདུག གཉིས་པ། ཁ་སང་ཕྱི་དྲོར་བླ་མ་བསོད་པ་དར་ལག་རང་ཁྱིམ་དུ་བཞུགས་ཡོད་ཀྱང་། དེ་རིང་ཞོགས་པ་ནས་གར་སོང་ཆ་མེད་ཆགས་ཡོད་འདུག་ལ། ནང་མི་གཉེན་འབྲེལ་ཚོས་འཚོལ་ཞིབ་བྱེད་སྐབས་ཁོང་གི་ལག་ཐོགས་ཁ་པར་ཡང་སྒོ་བརྒྱབ་ཡོད་འདུག ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese