མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གི་སྐུ་ཕྱྭར་གནོད་འཚེ་བྱ་འཆར་གྱི་ཉེན་བརྡ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

དུས་དབང་ཐེངས་ ༣༢ པའི་སྐབས་དང་བསྟུན་ནས་རྒྱ་གཞུང་གི་གསང་ཉུལ་བ་དང་དྲག་སྤྱོད་པ་མང་པོ་རྒྱ་གར་ནང་འཛུལ་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་གཞུས་ཆགས་ཁག་ལ་རྒྱུས་ལོན་བྱ་འཆར་ཡོད་པ་མ་ཟད། ༸གོང་ས་མཆོག་ལ་གནོན་འཚེ་གཏོང་འཆར་གྱི་ཉེན་བརྡ་ཐོན་འདུག

དུས་དབང་གསུང་ཆོས་ཉིན་གཉིས་པ་སྟེ། ཕྱི་ཚེས་ ༢ ཉིན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་མཆོག་གིས་གསར་འགོད་པར། ཐེངས་འདིའི་དུས་དབང་སྐབས་རྒྱ་ནག་གི་གསང་ཉུལ་བ་ ༡༠༠༠ ནས་ ༡༥༠༠ བར་སླེབས་ཡོད་པའི་གནས་ཚུལ་འབྱོར་པ་ལྟར་དོགས་གཞི་ཡོད་པ་དང་། གསང་ཉུལ་བ་དེ་ཚོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མགོ་ཁྲིད་ཚོ་དང་ཁོང་ཚོའི་ལས་དོན་སྒྲུབ་ཕྱོགས་ལ་རྒྱུས་ལོན་གྱིས་རྒྱ་གཞུང་ལ་ཡར་ཞུ་བྱ་རྒྱུ་ཡིན་ཡང་།  བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་རིགས་ཕྱི་གསལ་ནང་གསལ་ཡིན་པས་དེ་དག་ལ་གནད་འགག་མེད་ལུགས་བརྗོད་ཡོད་འདུག

ཕྱི་ཚེས་ ༦ ཉིན་རྡོར་གདན་ས་གནས་ཉེན་རྟོག་ལས་ཁུངས་ལ་རྒྱ་གར་ནང་སྲིད་ལས་ཁུངས་ནས་ཐེངས་འདིའི་དུས་དབང་སྐབས་༸གོང་ས་མཆོག་གི་སྐུ་ཕྱྭ་ལ་གནོད་འཚེ་གཏོང་མཁན་ཡོང་ཉེན་ཡོད་པའི་བཀའ་རྒྱ་ཕེབས་པ་ལྟར། གཞུང་གི་གསང་བའི་མི་སྣ་དང་ས་གནས་མཐོ་རིམ་ཉེན་རྟོག་པ་བརྒྱ་ཕྲག་ལྷག་རྡོར་གདན་དང་གྷ་ཡ། གསུང་ཆོས་ར་བའི་ཕྱི་ནང་གང་སར་འགྲེམས་འཇོག་གིས་སྐུ་སྲུང་ལ་དོ་དམ་ཤུགས་ཆེན་པོ་བྱས་ཡོད་འདུག གྷ་ཡ་ཉེན་རྟོག་མགོ་དཔོན་སྐུ་ཞབས་ཀུ་མར་(Vinay Kumar) ལགས་ཀྱིས་ “༸གོང་ས་མཆོག་གི་སྐུའི་བདེ་འཇགས་ཆེད་ང་ཚོའི་མི་སྣ་ཡག་ཤོས་དག་ལ་འགན་སྤྲད་ཡོད།”ཅེས་བརྗོད་འདུག

དེ་བཞིན་ཉིན་འགའི་གོང་མུམ་བྷ་ཡེའི་རྒྱ་གར་གསང་པའི་ལས་ཁུངས་ཀྱི་མི་སྣས། ཐེངས་འདིའི་དུས་དབང་སྐབས་དང་བསྟུན་ནས་རྒྱ་རིགས་མང་པོ་ཞིག་རྒྱ་གར་ནང་འཛུལ་ཐབས་བྱེད་ཀྱི་ཡོད་པའི་ཁྲོད། བོད་མི་བཀྲ་ཤིས་ཕུན་ཚོགས་ཟེར་པ་ཞིག་གཙོས་པའི་རྒྱ་གཞུང་གི་གསང་ཉུལ་པ་མི་དྲུག་རྒྱ་གར་ནང་འཛུལ་ཐབས་བྱས་ཡོད་པ་དང་། ཁོ་ཚོ་ནི་རྒྱ་གཞུང་གི་གསང་པའི་མི་སྣ་ཡིན་ཞིང་། རྒྱ་གར་ནང་རྒྱ་ནག་གཞུང་གི་གསང་ཉུལ་བ་བསྡུ་སྐུང་གིས་གསང་པའི་ལས་དོན་བསྒྲུབ་འཆར་ཡོད་པ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱཱར་གནོད་འཚེ་གཏོང་འཆར་ཡོད་པའི་ཉེན་བརྡ་བཏང་ཡོད་པ་དང་། དེ་བཞིན། རྒྱ་རིགས་གཞོན་སྐྱེ་མང་པོ་ཞིག་གིས་ཚོང་ལས་ཀྱི་མིང་ཐོག་ནས་ཐོངས་མཆན་ཞུས་ཏེ་རྒྱ་གར་ནང་འཛུལ་ཐབས་བྱེད་ཀྱི་ཡོད་པ་དེ་དག་ཀྱང་། རྒྱ་ནག་གཞུང་གི་གསང་ཉུལ་པའི་ལས་དོན་སྒྲུབ་མཁན་ཡིན་པའི་དོགས་གཞི་ཡོད་པར་བརྗོད་འདུག་ལ། དེ་བཞིན་རྒྱ་ནག་གཞུང་གི་གསང་ཉུལ་བ་རྣམས་རྒྱ་གར་ནང་གི་བོད་མིའི་གཞིས་སྒར་ཁག་ལ་འགྲོ་ཉེན་ཡོད་པའི་ཉེན་བརྡ་ཡང་སྤྲད་འདུག

གཞན་ཡང་། རྒྱ་གར་གསང་བའི་ལས་ཁུངས་ཀྱི་མི་སྣས་ཐེངས་འདིའི་དུས་དབང་སྐབས་སུ་དོལ་རྒྱལ་ཚོགས་པའི་མི་རྣམས་ལ་ལྟ་རྟོག་ནན་མོ་བྱ་དགོས་ལུགས་ཀྱང་བརྗོད་ཡོད་འདུག

ཐེངས་འདིའི་༸གོང་ས་མཆོག་གི་སྐུའི་བདེ་འཇགས་དང་འབྲེལ་ཏེ་མུམ་བྷ་ཡེའི་ཉེན་རྟོགས་པས་གསར་ལམ་ཁག་ཏུ། བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་དང་གསང་པའི་ལས་ཁུངས་ཀྱི་ཡན་ལག་ཁག དེ་བཞིན། མུམ་བྷ་ཡེའི་ས་གནས་ཉེན་རྟོག་པ་བཅས་ཀྱིས་༸གོང་ས་མཆོག་མུམ་བྷ་ཡེའི་ནང་ཆིབས་བསྒྱུར་གནང་སྐབས་སྐུའི་བདེ་འཇགས་ལ་དོ་སྣང་བྱ་དགོས་པ་དང་། དེ་བཞིན་༸གོང་ས་མཆོག་མུམ་བྷ་ཡེ་གྲོང་ཁྱེར་དུ་ག་དུས་ཆིབས་བསྒྱུར་བསྐྱངས་སྐབས།  མི་ཚོགས་དང་ལྷག་པར་དུ་དབུལ་ཕུངས་སྡོད་ཡུལ་(Slum area) དག་ལ་གཟིགས་སྐོར་གནང་གི་ཡོད་སྟབས། རྒྱ་གར་ས་གནས་ཡུལ་མི་ཚོས་ཀྱང་དོ་ཁུར་བྱ་དགོས་པའི་གསལ་བསྒྲགས་དང་འབོད་སྐུལ་ཞུས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

ཆུ་ཚོད་ ༡༣ སྔོན་ལ།
ཉིན་གསུམ་རིང་གི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་ཆེན་གྱི་མཇུག་སྡོམ་མཛད་སྒོ་འཚོགས། ༢༠༢༦།༣།༩། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

འཛམ་གླིང་ཡོངས་ཀྱིས་བོད་དོན་ཐོག་ཆུ་ཚོད་མང་པོ་བཏང་ནས་ལས་ཀ་བྱེད་དགོས་སྐོར་གསུངས།

༢༠༢༦/༠༣/༠༩
Photo Credit: UYGHUR HUMAN RIGHTS PROJECT
Mobile App

ཨི་ཊ་ལིས་རྒྱལ་མཚམས་ལས་བརྒལ་བའི་དྲག་གནོན་བྱེད་མཁན་རྒྱ་རིགས་ ༨ ཕྱིར་ཕུད་བཏང་།

༢༠༢༦/༠༣/༠༩
Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩
Mobile App

རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་དམིགས་བསལ་ཚོགས་འདུ་དབུ་འཛུགས་གནང་སོང་།

༢༠༢༦/༠༣/༠༧
བོད་དོན་རྒྱབ་སྐྱོར་བ་ཝི་ཇི་ཀ་རིན་ཏི་ལགས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་དཔེ་དེབ་ཅིག་དབུ་འབྱེད་གནང་། ༢༠༢༦།༣།༠༦ དུས་བབ་ཀྱི་པར།
Mobile App

བོད་དུ་རྒྱ་ནག་གི་མི་སེར་སྤེལ་བའི་རྩེད་མོ་ཞེས་པའི་དེབ་ཅིག་བཏོན།

༢༠༢༦/༠༣/༠༦

མཆན། 10

  1. གྲྭ་རྐྱང་། says:
    ལོ་ 14 སྔོན།

    ང་ཚོ་བོད་རིགས་ཡོངས་ལ་གོང་ས་མཆོག་གི་སྐུ་ཡི་སྲུང་སྐྱོབ་བྱེད་རྒྱུའི་འགན་་འཁྲིད་ཟབ་མོ་ཡོད་པས་ང་ཚོས་གཞུང་དམངས་གཉིས་ཀས་དུས་རྒྱུན་དུ་འགན་ཁུར་དང་དོ་སྣང་ནན་མོ་བྱེད་གལ་ཆེ།

    Reply
  2. ལྷ་དབང་ says:
    ལོ་ 14 སྔོན།

    ༧གོང་ས་སྐུ་ཕྲེང་༡༤བར་ཤུགས་ལྡན་རྗེས་འཇུག་པས་བཀྲོང་བའི་ལོ་རྒྱུས་མེད་དུས་ནམ་ཡང་སེམས་ཁྲལ་མ་བྱེད་ལོ

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དོལ་རྒྱལ་ཤུགས་ལྡན་སྐོར་ལ། ༧རྒྱལ་མཆོག་ལྔ་པ་ཆེན་པོས།

    དམ་མིན་དམ་བརྫུ་གྲགས་པ་རྒྱལ་མཚན་ཞེས། །
    སྨོན་ལམ་ལོག་པའི་དམ་སྲིན་འབྱུང་པོ་འདིས། །
    བསྟན་དང་འགྲོ་བ་ཀུན་ལ་འཚེ་བྱེད་ན། །
    མགོན་སྐྱབས་དཔུང་གཉེན་མ་མཛད་ཐལ་བར་རློགས། །

    Reply
  4. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    འདི་ཕྱི་གཉིས་ཀྱི་སྐྱབ་གནས། རྒྱ་བ་ཡིད་བཞིན་ནོར་བུ་སྐུ་ཚེ་ཁྲི་ཁྲག་བརྟན་པར་ཤོག།
    གངས་རིའི་ར་བའི་སྐོར་བའི་ཞིང་ཁམས་སུ།
    ཕན་དང་བདེ་བ་མ་ལུས་འབྱུང་བའི་གནས།
    སྤྱན་རེད་གཟིགས་དབང་བསྟན་འཛིན་རྒྱ་མཚོ་ཡི།
    ཞབས་པད་སྲིད་མཐའི་བར་དུ་བརྟན་པར་ཤོག།

    Reply
  5. པོ་ཏཱ་ལ says:
    ལོ་ 14 སྔོན།

    འབོད་བསྐུལ་ཞུ་རྒྱུ་་་༧གོང་ས་མཆོག་སྐུ་ཕྱའི་བདེ་འཇག་ཆེད་རྒྱ་གར་གཞུང་ལ་འབོད་བསྐུལ་ནན་ཆེར་ཞུ་རྒྱུ་དེ་ཐབས་ལམ་ཡག་ཤོས་མཐོང་།
    ངེས་པར་རེ་བ་ཞུ་་དགོས།་་་་་གཞུང་དམངས་གཉིས་ཀྱི་ངོས་ནས་ཞུ་དགོས

    Reply
  6. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    བསམ་སྦྱོར་ངན་པས་འཇུག་པ་མ་ལུས་པ།
    མཆོག་གསུམ་བདེན་མཐུས་རྩད་ནས་ཆོད་གྱུར་ཅིག

    Reply
  7. པོ་ཏཱ་ལ says:
    ལོ་ 14 སྔོན།

    དོལ་རྒྱལ་ཚོགས་པ་ཡིན་ན་འདྲ་རྒྱ་མིས་གསང་མྱུལ་ཡིན་ན་འདྲ་།
    བོད་མི་ཤ་ཁྲག་ཅན་ཞིག་ཡིན་ན་་གནད་ལ་སླེབས་ཚེ་མི་རིགས་ཀྱི་ཞབས་འདྲེན་མི་ཞུ་བའི་རེ་བ་བྱེད་གུ་ཡོད

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་མི་བཀྲ་ཤིས་ཕུན་ཚོགས་ཀྱི་འདྲ་དཔར་བླངས་ནས་མི་མང་དཀྱིལ་དུ་འགྲེམས་སྤེལ་ཐུབ་པ་བྱ་རྒྱུ་དེ་བོད་མི་ལ་རྒྱ་ཅན་ཚང་མས་འགན་འཁུར་དུ་མཐོང་བས་་་་་་་
    སྨོན་ལམ་ལོག་པའི་རྒྱལ་བའི་བསྟན་པ་ལ། །
    འཁུ་བའི་ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ། །
    བསམ་སྤྱོར་ངན་པའི་འཇིགས་པ་མ་ལུས་པ། །
    མཆོག་གསུམ་བདེན་པའི་རྩ་ནས་གཅོད་གྱུར་ཅིག །

    Reply
  9. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    ངེས་པར་ཅན་གཟབ་ནན་བྱེད་དགོས། བོད་མི་བཀྲ་ཤིས་ཕུན་ཚོགས་ཟེར་བ་ཞབས་འདྲེན་དེ་ཚར་གཅོད་གཏོང་དགོས་ངེས་རེད། ད་དུང་ཁོའི་ཕ་ཡུལ་དང་ཕ་མ་སོགས་གསལ་པོ་ཤེས་མཁན་ཡོད་ན་གསལ་བཤད་བྱས་ན་ལེགས་པོ་འདུག བཙན་བྱོལ་བོད་པ་ཚོས་གཟབ་ནན་བྱེད་དགོས། ལྷོད་ཡེངས་མ་ཤོར་རོགས།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ༸གང་སྐུའི་༸སྐུ་ཚེ་ཡུན་བརྟན་ཤོག །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese