མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིས་བོད་མིའི་རང་ལུས་མེར་བསྲེགས་ཐད་དོ་སྣང་གནང་གི་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༣
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལོ་གསར་བའི་ནང་སྔ་ཕྱིར་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་ལ་མུ་མཐུད་ངོ་རྒོལ་བྱས་པའི་ཐད། ཨ་རིའི་གཞུང་གིས་རྒྱ་གཞུང་ལ་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་མཚམས་འཇོག་བྱས་ཏེ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པ་ནན་སྐུལ་བྱས་འདུག 

ལོ་སྔོན་མར་བོད་ནང་སྔ་ཕྱིར་བོད་མི་ ༡༢ ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་ལས་འགུལ་རིམ་པར་སྤེལ་བ་མ་ཟད། འདི་ལོའི་ལོ་གསར་བའི་ནང་དུའང་མདོ་སྨད་རྔ་པའི་ཚུལ་ཁྲིགས་དང་བསྟན་ཉི། མགོ་ལོག་གི་བླ་མ་བསོད་ནམས་དབང་རྒྱལ་བཅས་བོད་མི་སྐྱ་སེར་ ༣ གྱིས་རང་ལུས་མེར་བསྲེགས་བཏང་སྟེ་མུ་མཐུད་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱས་ཡོད་སྟབས། ཨ་རིའི་གཞུང་གིས་བོད་མི་རྣམས་ཀྱི་དཀའ་སྡུག་གནས་སྟངས་ཐད། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་ཇུས་དེ་མཚམས་འཇོག་དགོས་པའི་ཛ་དྲག་འབོད་སྐུལ་དང་། བོད་རྒྱ་གཉིས་བར་དོན་ཕན་ལྡན་པའི་གྲོས་མོལ་གནང་དགོས་པ་ནན་བརྗོད་བྱས་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་དངོས་ཡོད་གནས་སྟངས་ཁས་ལེན་མ་བྱས་པར། སྔར་བཞིན་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བསྐྱར་ཟློས་བྱས་ཡོད་པ་རེད། 

ཟླ་འདིའི་ཕྱི་ཚེས་ ༩ ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་གསར་འགོད་ལྷན་ཚོགས་ཐོག གསར་འགོད་པས་ཉེ་ཆར་བོད་ནང་འབྱུང་བཞིན་པའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐད་བཀའ་འདྲི་བྱས་སྐབས། ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ལྕམ་ནུའུ་ལན་ཊི་(Victoria Nuland )ལགས་ཀྱིས། “ ང་ཚོས་ཉེ་བའི་ཉིན་འགའི་ནང་བོད་མི་ ༣ གྱིས་རང་ལུས་མེར་བསྲེགས་བཏང་པའི་གནས་ཚུལ་ཐད་དོ་སྣང་ཤུགས་ཆེན་པོ་བྱེད་བཞིན་ཡོད། ཨ་རིའི་གཞུང་གིས་སྔ་རྗེས་སུ་བོད་མིའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེ་རྒྱ་ནག་གཞུང་ལ་ཐད་ཀར་གླེང་སློང་བྱས་ཡོད་ལ། ཉེ་བའི་གནས་ཚུལ་དེ་དག་གིས་རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བཀག་སྡོམ་ནན་མོ་བྱེད་བཞིན་པའི་བྱ་སྤྱོད་དེར་བོད་མི་རྣམས་ཀྱིས་མི་འདོད་པའི་རྣམ་འགྱུར་ཤུགས་ཆེན་པོ་སླེབས་བཞིན་པ་གསལ་སྟོན་བྱས་ཡོད།” ཅེས་བརྗོད་དེ། བོད་ནང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་འབྱུང་བཞིན་པ་དེ་དག་ནི། རྒྱ་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་བཀག་སྡོམ་ནན་མོ་བྱས་པའི་རྐྱེན་གྱིས་ཡིན་པ་གསལ་འདོན་བྱས་པ་མ་ཟད།   ལྕམ་ནུའུ་ལན་ཊི་ལགས་ཀྱིས་ཨ་རིའི་གཞུང་གིས་རྒྱ་གཞུང་གིས་བོད་མི་དང་མཉམ་དུ་དོན་ཕན་ལྡན་པའི་གྲོས་མོལ་བྱ་དགོས་པ་ནན་སྐུལ་བྱས་ཡོད་པ་དང་།  དེ་དང་དུས་མཚུངས་སུ་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། དེ་བཞིན། ཉམས་ཞིབ་པ་དག་གིས་དངོས་ཡོད་བདེན་པའི་གནས་ཚུལ་ཕྱིར་བསྒྲགས་དང་། རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་སྤྱི་དམངས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་བྱ་དགོས་པའི་སྐོར་བརྗོད་ཡོད་པ་རེད།  

ཕྱི་ཚེས་ ༡༡ ཉིན་རྒྱ་གཞུང་གིས་གསར་འགོད་ལྷན་ཚོགས་ཤིག་བསྐངས་ཏེ། གཟའ་ཟླ་བའི་ཉིན་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་ཨ་རིའི་གཞུང་གིས་བོད་མིའི་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ལ་དོ་སྣང་ཤུགས་ཆེན་གནང་གི་ཡོད་པའི་བརྡ་ལན་སྤྲད་པ་དེར། རྒྱ་གཞུང་གིས་ཨ་རིའི་གཞུང་གིས་ཆོས་ལུགས་ལས་དོན་བེད་སྤྱད་དེ་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་གྱི་རྣམ་འགྱུར་བསྟན་ཡོད་པ་རེད།  རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མཱན་གྱིས་གསར་འགོད་ལྷན་ཚོགས་ཐོག བོད་ནང་བསྐྱར་དུ་བོད་མི་སྐྱ་སེར་འགའི་རང་ལུས་མེར་བསྲེགས་བྱས་པའི་དོན་རྐྱེན་དེ་ནི། ཞི་བདེ་ལྷིང་འཇགས་ལ་རེ་བའི་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་འདུན་དང་འཚམ་གྱི་མེད་སྐོར་དང་།    རྒྱ་ནག་གཞུང་གིས་མི་རིགས་སོ་སོའི་ཆོས་དད་རང་དབང་ཚུད་པའི་གཞི་རྩའི་ཁེ་དབང་སྣ་ཚོགས་ལ་སྲུང་སྐྱོབ་དང་དོ་གལ་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག 

ཨ་རིའི་ཝ་ཤིན་ཊོན་དུ་རྟེན་གཞི་བྱས་པའི་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཚོགས་པའི་ཚོགས་གཙོ་ལྕམ་མཱར་ཁའེ་(Mary Beth Markey)ལགས་ཀྱིས་གསར་འགོད་པའི་བཅར་འདྲིའི་སྐབས། “བོད་མིའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་མུ་མཐུད་ཇེ་མང་དུ་འཕར་སྣོན་བྱུང་ཏེ། ད་ལྟ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་བྱེད་དགོས་ངེས་ཀྱི་ཚད་ལ་སླེབས་འདུག རྒྱ་གཞུང་གིས་རྒྱལ་སྤྱིའི་སྟེང་རྒྱ་ནང་འགྲོ་བ་མིའི་རང་དབང་ཐོབ་ཐང་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ཐད་ཀྱི་རྒྱལ་སྤྱིའི་ཁྲིམས་གཞི་ཁག་ལག་བསྟར་བྱེད་བཞིན་ཡོད་སྐོར་དྲིལ་བསྒྲགས་བྱེད་བཞིན་པ་དེ་ནི་དོན་དངོས་དང་མཐུན་གྱི་མི་འདུག རྒྱ་གཞུང་གིས་ད་དུང་གནད་དོན་འདི་དག་སྦས་གསང་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་མི་ཡོང་བ་བྱ་རྒྱུའི་རེ་ངན་འཆིང་བཞིན་ཡོད་པ་རེད། ཡིན་ནའང་། ཨ་རི་དང་རྒྱལ་ཁབ་གཞན་མང་པོ་ཞིག་གིས་འཛམ་གླིང་གི་ཡུལ་ཕྱོགས་གང་སར་གཅིག་མཚུངས་ཀྱིས་དོ་སྣང་སླེབས་ཀྱིན་ཡོད།” ཅེས་བརྗོད་འདུག

ལྕམ་མཱར་ཁའེ་ལགས་ཀྱིས་གསར་ལམ་ཁག་ཏུ། ཨ་རིའི་གཞུང་གིས་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་གནད་དོན་དེའི་ཐད་དོ་སྣང་གནང་བཞིན་པ་གསལ་འདོན་བྱས་པ་དེ་ནི། ཨ་རིའི་གཞུང་གིས་རྒྱ་ནག་མི་མང་གི་འགྲོ་བ་མིའི་ཐོབ་ཐང་ཐད་འཛིན་པའི་སྲིད་ཇུས་ཀྱི་ལངས་ཕྱོགས་དང་འགན་ལེན་གྱི་རྣམ་འགྱུར་ཞིག་ཡིན་པ་དང་། རྒྱ་གཞུང་གིས་རང་ཉིད་འཛམ་གླིང་སྒང་མགོ་བོ་ཡར་འདེགས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཅིག་གི་སྣང་བརྙན་བསྐྲུན་ཐབས་བྱེད་ཀྱི་ཡོད་ནའང་། རྒྱ་གཞུང་གིས་དོན་དངོས་ཐོག་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་དེ་དག་ནི་ནོར་འཁྲུལ་གྱི་ལངས་ཕྱོགས་ཤིག་ཡིན་པ་མ་ཟད། རྒྱ་གཞུང་གི་བྱ་སྤྱོད་མཐའ་དག་ནུས་མེད་ཀྱི་རྒྱལ་ཁབ་ཐ་ཤལ་བ་ཞིག་དང་མཚུངས་པ་ལས། འཛམ་གླིང་སྤྱི་ལ་འགན་ལེན་སྣེ་འཁྲིད་བྱེད་ཐུབ་མཁན་གྱི་རྒྱལ་ཁབ་ཞིག་གི་སྣང་བརྙན་མིན་པའི་སྐོར་བརྗོད་ཡོད་པ་རེད།

ཉེ་ཆར་ལོ་གསར་བའི་ནང་མདོ་སྨད་རྔ་པ་དང་མགོ་ལོག་ཁུལ་དུ་སྔ་ཕྱིར་བོད་མི་ ༣ ཀྱིས་རང་ལུས་མེར་བསྲེགས་བཏང་ཡོད་ལ། ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་སྔ་ཕྱིར་ཁྱོན་བསྡོམས་བོད་མི་སེར་སྐྱ་ ༡༦  རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་དྲག་སྤྱོད་དབང་སྒྱུར་སྲིད་ཇུས་ལ་ཞི་བའི་ངོ་རྒོལ་བྱས་ཡོད་པ་རེད།

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་དབྱིན་ཇིའི་ཆོས་དཔོན་ས་ར་མུ་ལ་ལི་ལགས་སུ་འཚམས་འདྲི་མཛད།

ཆུ་ཚོད་ ༡༢ སྔོན་ལ།
Sikyong Penpa Tsering Extends Sincere Congratulations to Nepal’s New Prime Minister, Honourable Balendra Shah. Photo Credit: tibet.net
Mobile App

སྲིད་སྐྱོང་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པ་བྷ་ལེན་དྷ་ར་ལགས་སུ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

བལ་ཡུལ་གྱི་སྲིད་བློན་དང་ནང་སྲིད་བློན་ཆེན་ཟུར་བ་གཉིས་འཛིན་བཟུང་བྱས།

ཆུ་ཚོད་ ༡༣ སྔོན་ལ།
TTTT
Mobile App

བོད་མི་དུད་ཚང་ ༨༥༠ ལ་གཞིས་སྤོར་ས་ཁང་བགོ་འགྲེམས་བྱས་ཟིན་ཡོད་འདུག

ཆུ་ཚོད་ ༡༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༣།༢༧
Mobile App

བོད་ཕྲུག་གཅིག་པུར་དམིགས་པའི་སློབ་གྲྭ་ཁག་ཅིག་དགོས་གལ་ཆེ།

༢༠༢༦/༠༣/༢༧
Nepal to get new railway line with India as RSP gov’t takes office, its Tibet railway lagging. Edited by tibettimes
Mobile App

རྒྱ་གར་དང་བལ་ཡུལ་བར་མེ་འཁོར་ལྕགས་ལམ་འཛུགས་སྐྲུན་བྱ་འཆར་འདུག

༢༠༢༦/༠༣/༢༧

མཆན། 11

  1. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རང་ས་རང་ལ་འཐོབ་སླད་དང། རང་རིགས་ཁྱིམ་གཅིག་འདུ་ཕྱིར་དང། ཆོས་རིག་དར་སྤེལ་ཞི་བདེའི་གཞི། སྟོན་མཛད་དབུ་མའི་སྟོན་པར་འདུད།
    ལོ་སྟོང་སྔོན་གྱི་རང་བཙན་དང། ད་ལྟའི་ཆོལ་གསུམ་དུམ་བུ་གཉིས། གནམ་སའི་ཆེ་ཆུང་ཤོར་བ་འདི། སྙོམ་ཐབས་དབུ་མའི་ལམ་བུར་སྐྱོད།
    གངས་ལྗོངས་རང་དབང་རང་བཙན་དང། རང་ས་རང་རིགས་སྤྱི་དོན་ཆེད། ལུས་སྲོག་ལོངས་སྤྱོད་འབུལ་མཁན་གྱི། རྒྱལ་གཅེས་དཔའ་བོ་རྣམས་ལ་བསྟོད།
    ལ་ལས་དབང་དང་ལ་ལས་རྒྱུ། ལ་ལས་ངག་དང་ལ་ལས་ལག བོད་དོན་རྒྱབ་སྐྱོར་གནང་མཁན་གྱི། རྒྱབ་དཔུང་རྣམས་ལ་བཀའ་དྲིན་ཞུ།

    Reply
  2. ནད་པ says:
    ལོ་ 14 སྔོན།

    ཨ་རིའི་ལྷ་ལྕམ་མཛེས་མ་ནུ་ལན་ཌ་མཆོག་གིས་བོད་པའི་ཕོ་རྒོད་ཚོའི་ཆེད་དུ་ཐུགས་འཁུར་འདི་འདྲ་གནང་བར་དེར་སྙིང་ནས་བཀའ་དྲིན་ཆེ།

    སྐུ་སྐྱེ་མ་ཁྱེད་ཀྱི་ཐུགས་འདོད་ལྟར་ང་ཚོའི་ཕོ་གསར་ཚོས་གང་མགྱོགས་ནུས་ཤུགས་རབ་དང་རིམ་པ་བཏོན་ནས་ཉིན་གཅིག་ལྕམ་ཁྱེད་རང་ཐུགས་ལྷོད་ལྷོད་ངང་ངལ་གསོའི་བདེ་བ་གསར་པ་ཞིག་བསྟེར་ངེས་ཡིན།

    Reply
  3. ཤིང་ལོ། says:
    ལོ་ 14 སྔོན།

    རང་ཉིད་འཛམ་གླིང་ནང་སྐད་གྲགས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་ན། དོན་དངོས་གནས་སུ་ལའང་གཟིགས་རྟོགས་བྱེད་དགོས་ཀྱི་རེད་ལ། འབྱུང་འགྱུར་ཉམས་རྒུད་དམ་གནས་ཚུལ་འདྲ་མིན་བྱུང་ན་ལག་གཡུག་དང་། མིག་གིས་ལྟ་ས་དགོས་ཀྱི་རེད། ཆབ་སྲིད་ཐད་ཀྱི་ལས་ཀ་ཡིན་བྱིན་ཁེ་བཟང་ལོས་འཚོལ།

    Reply
  4. གཟི་མིག་༣པ says:
    ལོ་ 14 སྔོན།

    ཧཱ་ཧཱ་དེ་ནི་ལོ་གསར་པའི་ནང་ཨ་རིས་བོད་མི་དང་བོད་ཀྱི་ལས་སྣེ་ཚོ་ལ་ཨ་རི་་འཛམ་གླིང་ནང་བོད་དོན་ལ་དོ་སྣང་ཆེ་ཤོས་ཡིན་ཁུལ་གྱི་ངོ་ཕྱེད་ཀ་དཀར་པོོ་དང་ངོ་ཕྱེད་ཀ་ནག་པོའི་ཆབ་སྲིད་གཡོ་རྒྱུ་ཅན་དེ་འཛམ་གླིང་ལ་སྟོན་པ་རེད་དོན་ངོ་མར་ཨ་རི་ཁོ་ཚོར་ཁེ་ཕན་ཆེ་བ་མེད་ན་ཨ་རིས་རྒྱལ་ཁབ་སུ་འདྲ་ཞིག་ལ་ཡང་རོག་པ་བྱ་མི་སྲིད་པ་རེད་

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མཱན་གྱི་དཔར་ལ་བལྟས་ན་མི་འཐོམ་འཁྱེར་ཅིག་རེད་འདུག ཁྱེད་ཀྱི་དམར་འཐོམ་མྱུར་དུ་སེལ་བའི་སྨོན་ལམ་ཡང་ཡོད།

    Reply
  6. པོ་ཏཱ་ལ says:
    ལོ་ 14 སྔོན།

    སྤུན་ཟླ་ཚོ་་་་་ད་ལྟ་ཨ་རིས་གཙོའི་རྒྱ་ཁབ་མང་པོའི་བོད་ཀྱི་སྐོར་དོ་སྣང་སླེབས་པ་འདི་་་བོད་མི་རང་ལུས་མེ་བསྲེགས་གཏང་བུ་འབྲས་བུ་ཁཽ་ན་རེད་་་་་ཁ་ཤས་ཀྱིས་ཕན་འབྲས་མེད་པ་སོགས་ཀྱི་སྒོ་ནས་སེམས་ཤུགས་ཉམས་པ་དེ་ཚོས་སླར་ཡང་ཐུགས་བསམ་བཞེས་རོགས་ཞུ་་་་་སྐབས་འདིར་བོད་དོན་གླེང་ཕྱོགས་ཤུགས་ཆེ་ཤོས་སླེབས་པ་ཪེད

    Reply
  7. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས། ཉིད་ཀྱིས་དོ་སྣང་དང་དོགས་འདྲི་གནང་བར་དགའ་བསུ་ཡོད། ཕྱི་ཚེས་ ༡༡ ཉིན་རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མཱན་གྱིས་བརྗོད་པའི་སྐད་ཆ་དེ་རྒྱལ་སྤྱིའི་གསར་ལམ་ཁག་གང་སར་ཐོན་འདུག ཉིད་ཀྱིས་དྲ་རྒྱའི་སྟེང་འཚོལ་བཤེར་གནོངས་དང་ས་ཁྱབ་རྡོ་ཁྱབ་རེད།

    Reply
  8. བསྟན་འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    རྒྱ་དམར་ལ་བརྟེན་དགོས་འདྲ་ཡོད་པ་དག་ཀྱང་ཚོང་འབྲེལ་ཁོ་ན་ལས. རོགས་སྐྱོར་གཅིག་བུར་བརྟེན་པ་མེད་པར་སྣང.
    དེ་ལས་ལྡོག་སྟེ། ཨ་རིས་ལོ་ལྟར་རྒྱ་དམར་ལ་ཨ་སྒོར་ས་ཡ་ཉིས་བརྒྱས་རོགས་སྐྱོར་གནང་བཞིན་པས. ང་ཚོས་རྒྱ་དམར་ཁེར་རྐྱང་ལ་ཕུད་ཐུབ་ངེས་རེད. གཏན་ནས་བློ་ཞུམ་མི་རུང་བར་འདོད་དོ།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་། རྒྱ་ནག་ཕྱི་འབྲེལ་མགྲིན་ཚབ་པ་ལིག་ཝེ་མཱན་གྱིས་གསར་འགོད་ལྷན་ཚོགས་ཐོག བོད་ནང་བསྐྱར་དུ་བོད་མི་སྐྱ་སེར་འགའི་རང་ལུས་མེར་བསྲེགས་བྱས་པའི་དོན་རྐྱེན་དེ་ནི། ཞི་བདེ་ལྷིང་འཇགས་ལ་རེ་བའི་བོད་ཁུལ་གྱི་རྒྱ་ཆེའི་མང་ཚོགས་ཀྱི་འདོད་འདུན་དང་འཚམ་གྱི་མེད་སྐོར་དང་། རྒྱ་ནག་གཞུང་གིས་མི་རིགས་སོ་སོའི་ཆོས་དད་རང་དབང་ཚུད་པའི་གཞི་རྩའི་ཁེ་དབང་སྣ་ཚོགས་ལ་སྲུང་སྐྱོབ་དང་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་སྐོར་བརྗོད་འདུག ་་ཟེར། འདི་བདེན་པ་ཡིན་ནམ།

    Reply
  10. ཀུན་དགའ། says:
    ལོ་ 14 སྔོན།

    གསར་འགོད་པས་དུས་ལྟར་གསར་གནས་སྤེལ་པར་ཐུགས་རྗེ་ཆེ།
    འོན་ཀྱང། གཟབ་ནན་གནང་དགོས་པ་ཞིག་ལ། ༼ཕྱི་ལོ་ ༢༠༠༩ ལོ་ནས་ད་ལྟའི་བར་བོད་ནང་སྔ་ཕྱིར་ཁྱོན་བསྡོམས་བོད་མི་སེར་སྐྱ་ ༡༥ རང་ལུས་མེར་བསྲེགས་བཏང་༽ཞེས་པའི་གྲངས་ཀ་དེ་ ༡༥ མ་རེད། ༡༦་རེད། འདིའི་ཐད་ལ་རྩོམ་པ་པོ་འོད་ཟེར་ལགས་ཀྱིས་ཀྱང་ཐེངས་མང་གསུངས་གི་འདུག ལྷག་པར་གཞུང་འབྲེལ་དྲ་རྒྱ་དང་ཚགས་པར། དབོན་རིགས་ཚོས་གཏམ་བཤད་གསར་བསྒྲགས་སྐབས་ལྟ་བུར་ཐུགས་སྣང་དོ་ཁུར་གནང་དགོས་པར་སེམས།

    Reply
  11. ཐོ་རེངས། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ་ཞུ། ནུབ་ཨ་རི་ལྟ་བུའི་དམང་གཙོ་ཆ་ཚང་ཡོད་པའི་རྒྱལ་ཁབ་ཞིག་གི་དབུ་འཛིན་པ་ཞིག་ཡིན་ན། ལུང་པ་གཞན་དང་ཚོགས་པ་གཞན་པ་ལ་རོགས་རམ་དང་སེམས་ཁྲལ་ཡོད་ཅེས་ཁྱབ་བསྒྲགས་བྱེད་རྒྱུ་ཧ་ཅང་དཀའ་མོ་རེད།
    དེ་གང་ཡིན་ཞེ་ན་ནམ་རྒྱུན་མང་ཚོགས་ཀྱི་བསམ་བློ་དང་བསྟུན་དེ་སྐད་ཆ་ཞིག་མ་བཤད་ན་རང་ཉིད་ཀྱི་ཐོབ་ཐང་ལ་ཉེན་ཁ་ཡོད། མ་ཟད་དེང་དུས་སུ་རྒྱ་ནག་དཔལ་འབྱོར་དང་ཤེས་ཡོན་གཉིས་ཀྱི་ཆུ་ཚད་མཐོ་རུ་འགྲོ་སྐབས་འདིར། ལུང་གཞན་ཀྱིས་ངོ་རྒོལ་དང་ཁ་གཏད་ཀྱིས་སྤོབས་པ་ཉིན་རེ་ནས་ཉིན་རེ་བཞིན་དམའ་རུ་འགྲོ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese