མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་དོན་རྐྱེན།

བོད་ཀྱི་དུས་བབ།
༢༠༡༢/༠༡/༡༤
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ་མདོ་སྨད་རྔ་པ་རྫོང་ཐོག་ཏུ་མི་སྐྱ་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་རང་ལུས་མེར་བསྲེགས་བཏང་ཡོད་འདུག

རྡོར་གདན་དུས་དབང་ནས་ཕྱིར་ལོག་བཞིན་པའི་ཀིརྟི་དགོན་པའི་བོད་ནས་འབྲེལ་མཐུད་པ་གྲྭ་ཚེ་རིང་ལགས་ཀྱིས་ཁ་པར་བརྒྱུད་གནས་ཚུལ་བརྗོད་གསལ་ལ། དེ་རིང་ཉིན་གུང་བོད་ནང་གི་ཆུ་ཚོད་ ༡།༣༠ ཙམ་ལ། རྔ་པ་རྫོང་ཐོག་ཏུ་མི་སྐྱ་རང་ལོ་ཉི་ཤུ་ཡས་མས་ཅན་ཞིག་གིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་སྒྲོག་བཞིན་རང་ལུས་མེར་བསྲེགས་བཏང་ཡོད་འདུག འོན་ཀྱང་། སྐབས་དེའི་ཁོང་གི་འབོད་ཚིག་གི་ནང་དོན་ཅི་ཡིན་དང་། མིང་དང་ལོ་རྒྱུས་ས་ཆ་གང་ནས་ཡིན་པ་སོགས་ད་སྔ་ཤེས་ཐུབ་མ་སོང་ཟེར།  

དེ་མ་ཐག་རྒྱ་ནག་གི་ཉེན་རྟོག་པ་དང་དམག་མི་མང་པོ་འབྱོར་ཏེ། ལྕག་མདུང་གི་སྣེ་རུ་ལྕག་གི་འཛེར་མ་མང་པོ་བསྟར་ཡོད་པའི་མཚོན་ཆ་སོགས་ཀྱིས་ཕྱོགས་སོ་སོ་ནས་རུབ་རྡུང་བྱས་སྐབས། ས་གནས་བོད་རིགས་མང་པོ་འདུ་འཛོམས་ཀྱིས་རེ་ཟུང་གིས་སྐད་འབོད་རྒྱག་པ་དང་རེ་ཟུང་གིས་ཞུ་བ་བྱས་ཏེ། མེར་བསྲེགས་གཏོང་མཁན་དེ་ཚུར་ལེན་ཐབས་བྱས་ཀྱང་དམག་མི་དང་ཉེན་རྟོག་པ་ཧ་ཅང་མང་བའི་དབང་གིས་ལོན་ཐུབ་མི་འདུག

སྐབས་དེར་མང་ཚོགས་དང་ཉེན་རྟོག་པའི་བར་འཁྲུག་འཛིང་ཤོར་ཏེ་མི་སྐྱ་གཉིས་དང་བཙུན་མ་གཅིག་འཛིན་བཟུང་བྱས་ཡོད་པ་དང་། ལོ་ན་ཅུང་ཐོ་བའི་བུད་མེད་ཅིག་ལ་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་ཤི་ཟིན་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག ས་གནས་སོ་སོ་ནས་བོད་རིགས་སྐྱ་སེར་ཧ་ཅང་མང་པོ་འཛོམས་ཏེ་གནས་ཚུལ་སྔར་ལས་ཛ་དྲག་ཏུ་ཕྱིན་སྐབས། རྒྱ་དམག་གིས་མང་ཚོགས་ཁྲོད་དུག་རླངས་གཏོར་ཏེ་མི་མང་པོ་ས་རུ་འགྱེད་ཡོད་པ་མ་ཟད། དེའི་རྗེས་མང་ཚོགས་ཁྲོད་གང་བྱུང་དུ་མེ་མདའ་བརྒྱབ་སྟེ། མང་ཚོགས་ཀྱིས་མཐོང་ས་ནས་ཕོ་གསར་གཅིག་དང་བུད་མེད་གཅིག་བཅས་མི་གཉིས་ལ་མེ་མདའ་ཕོག་ཡོད་ཅིང་། བུད་མེད་དེར་རྨས་སྐྱོན་ཚབས་ཆེན་ཕོག་སྟེ་གདོང་པ་ཁྲག་གིས་གཡོག་ཡོད་པ་མང་པོ་ཞིག་གིས་མཐོང་འདུག

རྙོག་དྲ་དེ་བྱུང་མ་ཐག་རྒྱ་གཞུང་གིས་རྔ་པ་ཀིརྟི་དགོན་པའི་སྒོ་ཆེན་བརྒྱབ་ཡོད་ཀྱང་། དགེ་འདུན་པ་མང་པོ་ཞིག་ཡུལ་དངོས་ལ་འབྱོར་ཡོད་འདུག་ལ། དེ་མིན། དགོན་པ་གཞན་དག་དང་རྫོང་ཉེན་འཁོར་གྱི་བོད་རིགས་མང་ཚོགས་ས་གནས་དེར་འཛོམ་བཞིན་ཡོད་འདུག ད་ལྟ་ཕྱོགས་གཉིས་ཀའི་མི་འབོར་མང་དུ་འགྲོ་བཞིན་ཡོད་སྟབས་གནས་ཚུལ་ཛ་དྲག་ཆགས་ཡོད་འདུག

 

འབྲེལ་ཡོད་གསར་འགྱུར།

The people involved in the brawl received administrative penalties on Friday. Photo: Handout (SCMP)
Mobile App

རང་བཙན་ནམ་འཇིགས་སྐུལ་བའི་དོགས་གཞིའི་འོག་མི་ ༣༡ འཛིན་བཟུང་བྱས།

ཆུ་ཚོད་ ༡༡ སྔོན་ལ།
The Ministry of Civil Affairs of the People’s Republic of China (PRC) released the 5th list of names geolocating locations in the Indian state of Arunachal Pradesh, 11th May 2025.
Mobile App

རྒྱ་ནག་གཞུང་གིས་ཨ་རུ་ན་ཅལ་མངའ་སྡེའི་ས་ཁུལ་དང་རི་ཆུ་ ༨༩ ལ་མིང་གསར་པ་བཏགས།

ཆུ་ཚོད་ ༡༢ སྔོན་ལ།
བོད་ཕྲུག་ཁྱིམ་སྡེའི་འཛིན་རིམ་བཅུ་གཉིས་དང་བཅུ་བའི་རྒྱལ་ཡོངས་ཡིག་རྒྱུགས་ཀྱི་གྲུབ་འབྲས་གསལ་བསྒྲགས། དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༥།༡༥
Mobile App

བོད་ཕྲུག་ཁྱིམ་སྡེའི་སློབ་མ་ ༣༠ ཡིས་ཡིག་རྒྱུགས་ཁྲོད་བརྒྱ་ཆ་ ༩༠ ཡན་བླངས།

ཆུ་ཚོད་ ༡༣ སྔོན་ལ།
Advertisement for App

ནོར་གླིང་མཐོ་སློབ་ཏུ་སྐབས་བཅུ་གཅིག་པའི་སློབ་འཇུག་གསལ་བསྒྲགས།

ཆུ་ཚོད་ ༡༦ སྔོན་ལ།
གཏན་ཉིན་སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་པ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༤
Mobile App

སློབ་གྲྭ་ཁག་གི་ལུས་རྩལ་དགེ་རྒན་རྣམས་ལ་ཟབ་སྦྱོང་སྤྲོད་བཞིན་འདུག

༢༠༢༥/༠༥/༡༤
Mobile App

བཙན་བྱོལ་གྱི་སྐྱེས་མ་དང་རྩོམ་རིག་ཅེས་པའི་དཔྱད་རྩོམ་དཔེ་དེབ་ཅིག་དབུ་འབྱེད་གནང་སོང་།

༢༠༢༥/༠༥/༡༤

མཆན། 24

  1. ཤར་མདའ། says:
    ལོ་ 13 སྔོན།

    བོད་མི་རིགས་ཀྱི་རྩ་དོན་ཆེད་དཔའ་ངར་དང་སྙིང་སྟོབས་ལྡན་པའི་སྤུན་ཟླ་རྣམས་འདི་ལྟར་ཚེ་སྲོག་གི་བདེན་དཔང་གནང་པ་ནི་གཟི་བརྗིད་དུ་མི་མཐོང་མཁན་སུ་ཡང་མེད་འོན་ཀྱང་ད་སྐབས་ཀྱི་འགྱུར་བ་ལས་འུ་ཚོས་གནས་སྟངས་ལ་གཟི་བརྗིད་མངོན་མི་ལུས་རིན་ཆེན་འདི་མི་རིགས་ཤིག་གི་ཆེད་དུ་གཏོང་པ་འདིའི་སྐྱེ་བུ་དམ་པའི་རང་གཤིས་ཤིག་ཡིན་པར་མ་ཟད་དམ་པ་གོང་མ་རྣམ་གྱི་རང་ལས་གཞན་གཅེས་ཀྱི་ཆོས་ཕྱོགས་ཀྱི་བསམ་བློ་རྣམ་དག་ཞིག་ཡིན་པ་ཡང་སྒྲུབ་དུ་རུང་བ་ཞིག་ཡིན་ཇི་ལྟར་ཁྱེད་ཚོས་མཛད་རྗེས་ལ་དུས་ནམ་གུས་བཀུར་དང་ཡི་རིང་ཡོད།

    Reply
  2. འབྲི་གུང་སྤྲོ་ཚེ། says:
    ལོ་ 13 སྔོན།

    ང་ཚོ་ནི་གཅིག་རྗེས་གཉིས་མཐུད་ངང་འདི་འདྲ་འགྲོ་དགོས་པའི་ལས་དབང་ཡོངས་རྫོགས་ཉོས་ཟིན་པ་རེད། དེ་ནི་ཞི་བདེར་དགའ་བའི་མི་བུ་ཞིག་གིས་རང་ཉིད་ཀྱི་ལུས་པོ་མཆོད་མེར་སྒྲོན་ནས་རང་རིགས་ལ་ཞི་བདེ་ཡོང་བའི་ཆེད་དུ་རེད། ང་ཚོའི་མི་རིགས་འདི་ཉིད་རྫོགས་ཚར་ན་དེ་ནས་མི་རིགས་གཞན་པ་ལ་ཞི་བདེ་ཞིག་ཐོབ་པར་ངེས། གཤེགས་ཟིན་པའི་སྤུན་ཟླ་ལགས་ཁྱེད་རང་གི་ལྷད་མེད་ལྷག་བསམ་དེ་ངས་དུས་ནམ་ཡང་བརྗེད་མི་སྲིད་ལ་ཁྱེད་ཉིད་ངའི་སེམས་ཁོང་ནས་ནམ་ཡང་ཡལ་མི་སྲིད།

    Reply
  3. གཟི་མིག་༣པ says:
    ལོ་ 13 སྔོན།

    བོད་ནང་གི་དཔའ་བོ་ཚོ་ལ་ངས་བོད་མི་ཡུལ་གྱར་ཡོངས་ཀྱི་ཚབ་ཞུས་ནས་སྙིང་ཐག་པ་ནས་དགའ་བསུ་དང་བསྔགས་བརྗོད་སྨོན་ལམ་ཞུ་བཞིན་ཡོད་
    ད་གཞུང་སྒེར་ཚང་མའི་ལས་སྣེ་ཚོས་མི་དམངས་ཀྱི་སྣེ་འཁྲིད་ནས་ལས་འགུལ་མཐའ་ཁྱོལ་ཤིག་སྤེལ་དགོས་པའི་དུས་ལ་བསླེབས་ཡོད་གལ་སྲིད་བོད་ནང་གི་བོད་མི་ཚོའི་ཐུགས་བློ་མ་ཁེངས་པ་ལ་སོགས་བྱུང་ན་དངོས་ནས་བཙན་བྱོལ་ངན་ཅི་བྱས་ཀྱང་པན་ཐོགས་གང་ཡང་མེད་ད་བོད་མི་དམངས་ཀྱི་ལས་འགུལ་དེ་གཞི་ལ་བཞག་ནས་སྒེར་གཞུང་གཉིས་ཅིག་བསྒྲིལ་ངང་ལས་འགུལ་ཇི་སྲིད་བོད་ཀྱི་ཉི་མ་མ་བསལ་བ་དེ་སྲིད་དུ་ལས་འགུལ་མཐའ་ཁྱོང་ཞི་བདེ་ངང་བོད་མི་ཚོ་འདོད་པ་ཁེངས་པའི་ལས་འགུལ་ངེས་པར་དུ་སྤེལ་དགོས་་
    བོད་རྒྱལ་ལོ་

    Reply
  4. འཇིགས་མེད says:
    ལོ་ 13 སྔོན།

    དབུ་འཁྲིད་རྣམ་ཚོས་ལས་འགལ་སྤེལ་དང། ང་ཚོ་ཡོང་ཆོག་ཆོག་ཡིན། ནམ་ཡིན་ང་ཚོ་གྲ་འགྲིག་ཡིན། ཁྱེད་ཚོ་གྲ་འགྲིག་ཡིན་ནམ། ཆར་གཞི་ཡོད་དམ། ཛ་དྲག་གི་གནས་ཚུལ་འདི་ཁྱེད་ཚོས་གསན་གྱི་ཡོད་དམ། རྒྱ་ནག་གི་ཀླད་པ་རྡོ་ལྟར་མཁྲེགས་ན། ང་ཚོས་ལས་འགན་ཆུ་ལྟར་བཞུར།

    Reply
  5. གངས་རིའི་ཤེལ་དཀར། says:
    ལོ་ 13 སྔོན།

    ཀ་དག་དྲི་མེད་ཐུགས་གཙང་དྲ་གྲོགས་རྣམས། །ཁ་བར་གཞིས་གནས་གདོང་དམར་སྙིང་སྟོབས་ཀྱིས། །ག་དུས་ཡིན་ན་སྐུ་ལུས་མཆོད་མེ་སྤར། །ང་ཡིས་སྙིང་གཟེར་སྡུག་གིས་མིག་ཆུ་འཁོར། །ང་ཚོས་གཞིས་ལུས་བོད་ཀྱི་སྤུན་ཟླའི་ཆེད། །ག་ཎ་སྦྱོར་མཆོད་ཚོགས་ཀྱིས་འཁོར་ལོ་བསྐོར། །ཁ་ཙམ་མིན་པའི་དོན་ལ་ཁད་པའི་ཆེད། །ཀ་བ་རང་གཟུགས་འགྱུར་མེད་གཏན་པོར་མཛོད། །

    Reply
  6. ཟླ་བ་དོན་གྲུབ། says:
    ལོ་ 13 སྔོན།

    དེ་རིང་དུས་བབས་དེབ་སྐྱེལ་ཐུབ་པའི་དགའ་ཚོར་དང་། སྤུན་ཟླ་མེར་བསྲེག་བཏང་བར་མཐོང་པའི་སྡུག་བསྔལ་གཉིས་མཉམ་དུ་འདྲེས་ནས་བརྗོད་མི་ཤེས་པའི་ཚོར་བ་ཞིག་བྱུང་།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རིག་པའི་རལ་གྲིས།
    བཀའ་བློན་བསོད་ཆེན་བློ་བཟང་སེང་གེའི་ཁྲི་རབས་འདི། དངོས་གནས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད། བོད་ཀྱི་སྲིད་སྐྱོངས་སམ་སྲིད་འཛིན་གྱི་ལས་འགན་ཁྱེར་བ་ནས་བཟུང་རྒྱ་གཞུང་ལ་ཡང་སེམས་ཁོངས་ནས་མི་བཟོད་པའི་ན་ཟུག་སྤྲད་ཐུབ་སོང་ལ། རྒྱ་གཞུང་གིས་བརྫུན་བཟོས་ཆབ་སྒྲགས་ཀྱིས་འཛམ་གླིང་གང་སར་བརྫུན་གྲིབ་ཀྱིས་སྒྲིབས་ཤིང་རང་རེ་བོད་ཀྱི་བདེན་དོན་མོག་མོག་པོར་བསྒྱུར་བའི་སྐབས་འདིར། བོད་མིའི་སྙིང་སྟོབ་དང་དབུ་ཁྲིད་ཀྱི་བསོད་ནམས་དང་མཁྱེན་རབ་ཀྱི་ཤུགས་ཀྱིས། སྒྲིབ་གཡོག་ཇི་ཙམ་འཐུག་ཀྱང་འཛམ་གླིང་སྐྱེ་བོའི་ཁྲོད་དུ་མངོན་གསལ་དོད་པོས་ར་འཕྲོད་པར་བྱེད་པ་འདིས་ང་ཅག་བོད་ཀྱི་གཞོན་སྐྱེས་རྣམས་ལ་འཆི་ནད་ཕོག་པའི་མིར་སྲོག་འཐུད་ཐུབ་པའི་གསར་འགྱུར་ནང་བཞིན་གཞིའི་བྱེས་བོད་མིར་སྙིང་སྟོབས་སྤྲད་མཁན་གྱི་སྨན་པ་ཟླ་མེད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད

    སྐུ་ལུས་སྒྲོན་མེར་མཆོད་ནས་བོད་ཡུལ་མུན་པའི་སྨག་རུམ་རྩད་ནས་འཇོམ་པའི་ལས་འགུལ་ལ་ཞུགས་དང་ཞུགས་བཞིན་པ་ཁྱེད་རྣམས་ནི། བོད་ཀྱི་ཆོས་རྒྱལ་ཆེན་པོ་རྣམས་དང་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་ཁྱེད་རྣམ་པ་ནང་བཞིན་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་མཛད་རྗེས་གནང་མེད་པར་མ་ཟད་ཁྱེད་རྣམས་ནི་འཛམ་གླིང་ཆེ་གེ་མོ་འདིའི་ཐོག་ཏུ་ལོ་རྒྱུས་སུ་འཁོད་ཆོག་པའི་དཔའ་བོ། རང་ལས་གཞན་གཅེས་ཀྱི་སྙིང་སྟོབ་ཅན་གྱི་བྱང་ཆུབ་སེམས་དཔའ། རྒྱ་གཞུང་གི་བརྫུན་བཟོས་འཇོམ་པའི་རྡུལ་ཕྲན་མཚོན་ཆ་ངོ་མ་དེ་ཡིན། ་་་་་་
    གསུངས་པ་འདི་ལ་རྒྱབ་སྐྱོར་དང་སྐྱར་ཟློས་བྱ་འདོད་བྱུང་ལགས།

    Reply
  8. འཇིགས་མེད says:
    ལོ་ 13 སྔོན།

    དབུ་འཁྲིད་རྣམ་པ་ཚོས་གོ་སྐབས་མ་ཤོར་བ་བྱས་ནས་
    མི་མང་གི་འགོ་འཁྲིད་དང་། ལས་འགལ་སྤེལ་དང་། ང་ཚོའི་ཕོ་གསར་དང་མོ་གསར་སོགས་གཙོའི་མི་མང་ལ་སེམས་ཤུགས་ཡོད། གོ་སྐབས་མ་ཤོར་བ་བྱས་ནས འགོ་འཁྲིད་དང་། ལས་འགལ་སྤེལ་དང་། མགྱོགས་པོ་ལས་འགུལ་སྤེལ་དང་། མྱུར་དང་སྤེལ་དང།་
    ལས་འགལ་ལས་འགལ་ ལས་འགལ་སྤེལ་དང་།

    Reply
  9. འཇིགས་མེད says:
    ལོ་ 13 སྔོན།

    ང་ཚོས་གཞུང་དང་ཚོགས་པ་སོགས་ཀྱིས་གང་བྱེད་མིན་ལ་བལྟས་ནས་བསྡད་ན་ཡོང་ཐབས་ཁག་པོ་རེད། ད་ལྟ་བར་འཛམ་གླིང་སྒང་ལ་ཅུང་ཁྱབ་བསྒྲགས་བྱེད་ཐུབ་པ་འདི་ཚོ་བོད་ཕྱི་ནང་གི་དཔའ་བོ་དཔའ་མོ་ཚོའི་བཀའ་དྲན་ཁོ་ན་ཡིན། ད་དུང་ཡང་ང་ཚོ་ལ་མགོ་འཁྲིད་མཁན་ཡོད་ན། སྒེར་གཞུང་མཉམ་འགུལ་བྱེད་པར་ཡིད་ཆེས་ཡོད། ང་ཚོ་དུས་དང་བསྟུན་ནས་འགོ་འཁྲིད་ཐུབ་ཀྱི་མི་འདུག མགོ་འཁྲིད་དང་། སེམས་ཤུགས་མ་ཆགས་དང་།

    Reply
  10. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    བཀའ་བློན་བསོད་ཆེན་བློ་བཟང་སེང་གེའི་ཁྲི་རབས་འདི། དངོས་གནས་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་རེད། བོད་ཀྱི་སྲིད་སྐྱོངས་སམ་སྲིད་འཛིན་གྱི་ལས་འགན་ཁྱེར་བ་ནས་བཟུང་རྒྱ་གཞུང་ལ་ཡང་སེམས་ཁོངས་ནས་མི་བཟོད་པའི་ན་ཟུག་སྤྲད་ཐུབ་སོང་ལ། རྒྱ་གཞུང་གིས་བརྫུན་བཟོས་ཆབ་སྒྲགས་ཀྱིས་འཛམ་གླིང་གང་སར་བརྫུན་གྲིབ་ཀྱིས་སྒྲིབས་ཤིང་རང་རེ་བོད་ཀྱི་བདེན་དོན་མོག་མོག་པོར་བསྒྱུར་བའི་སྐབས་འདིར། བོད་མིའི་སྙིང་སྟོབ་དང་དབུ་ཁྲིད་ཀྱི་བསོད་ནམས་དང་མཁྱེན་རབ་ཀྱི་ཤུགས་ཀྱིས། སྒྲིབ་གཡོག་ཇི་ཙམ་འཐུག་ཀྱང་འཛམ་གླིང་སྐྱེ་བོའི་ཁྲོད་དུ་མངོན་གསལ་དོད་པོས་ར་འཕྲོད་པར་བྱེད་པ་འདིས་ང་ཅག་བོད་ཀྱི་གཞོན་སྐྱེས་རྣམས་ལ་འཆི་ནད་ཕོག་པའི་མིར་སྲོག་འཐུད་ཐུབ་པའི་གསར་འགྱུར་ནང་བཞིན་གཞིའི་བྱེས་བོད་མིར་སྙིང་སྟོབས་སྤྲད་མཁན་གྱི་སྨན་པ་ཟླ་མེད་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད

    སྐུ་ལུས་སྒྲོན་མེར་མཆོད་ནས་བོད་ཡུལ་མུན་པའི་སྨག་རུམ་རྩད་ནས་འཇོམ་པའི་ལས་འགུལ་ལ་ཞུགས་དང་ཞུགས་བཞིན་པ་ཁྱེད་རྣམས་ནི། བོད་ཀྱི་ཆོས་རྒྱལ་ཆེན་པོ་རྣམས་དང་བོད་ཀྱི་དཔའ་བོ་དཔའ་མོ་རྣམས་ཀྱིས་ཀྱང་ཁྱེད་རྣམ་པ་ནང་བཞིན་ལྷག་བསམ་དང་སྙིང་སྟོབས་ཆེན་པོའི་མཛད་རྗེས་གནང་མེད་པར་མ་ཟད་ཁྱེད་རྣམས་ནི་འཛམ་གླིང་ཆེ་གེ་མོ་འདིའི་ཐོག་ཏུ་ལོ་རྒྱུས་སུ་འཁོད་ཆོག་པའི་དཔའ་བོ། རང་ལས་གཞན་གཅེས་ཀྱི་སྙིང་སྟོབ་ཅན་གྱི་བྱང་ཆུབ་སེམས་དཔའ། རྒྱ་གཞུང་གི་བརྫུན་བཟོས་འཇོམ་པའི་རྡུལ་ཕྲན་མཚོན་ཆ་ངོ་མ་དེ་ཡིན།
    རང་རེའི་བཙན་བྱོལ་དུ་གནས་པའི་གཏད་སོ་གང་ཡང་མེད་མི་འཁྱམས་འདི་རྣམས་ནི་ཁ་རོ་ལ་གཏད་ནས་མི་ངུ་ནས་གྱང་ལ་གཏད་ནས་ངུ་བའི་ངང་ནས་མི་ཚེ་འདའ་བཞིན་པ་རེད།

    ད་དུང་དཀྱིལ་ཤར་ཡུལ་གྲུ་ནང་བཞིན་གྱི་གཞན་ལ་འཚེ་བའི་ལས་སུ་མི་ཞུགས་པའི་དམ་བཅའ་རྡོ་ལ་རི་མོ་བྲིས་པ་ནང་བཞིན་བརྟན་ཅིང་། འཛམ་གླིང་སྐྱེ་བོ་ཡོངས་ལ་ཐུགས་ཁུར་བཞེས་པའི་ཀུན་ཁྱབ་ཀྱི་ལྷག་བསམ་སྙིང་དུ་འཆང་། ཤིན་ཏུ་ཡ་ངའི་གནས་སུ་ལྷུང་བའི་བོད་དང་བོད་ཀྱི་ཆོས་དང་རིགས་གཞུང། འཛམ་གླིང་སྐྱེ་བོ་མང་པོར་འདི་ཕྱི་གཉིས་ཕན་གྱི་མཐུན་འགྱུར་སྩོལ་ནུས་པ་རྩ་མེད་གཏོང་བ་སེམས་ཀྱིས་མ་བཟོད་ནས། རང་གིས་ཆེས་བརྩེ་རང་གི་སྲོག། རང་གི་མིག རང་གི་མགོ་བཅས་གཞན་ཁོ་ནའི་ཁྱེད་དུ་གཏོང་མཁན་ཁྱེད་རྣམས་བྱང་ཆུབ་སེམས་དཔའ་མིན་ན་སུ་ཡང་བྱང་ཆུབ་སེམས་དཔའ་ཟེར་འཇོག་རྒྱུ་མི་བརྙེད་སེམས་ཐག་ཡིན།
    ང་ནི་ཁྱེད་རྣམས་པའི་མཛད་རྗེས་ལ་རྗེས་སུ་ཡིད་རངས་ཡོད་ལ། ཚེ་ལུས་གྲངས་མེད་རྗེས་ཡོད་ཀྱང་ད་ལྟའི་ཁྱེད་རྣམས་ཀྱི་མི་ཚེ་འདི་ནང་བཞིན་བྱང་ཆུབ་སེམས་དཔའི་སྤྱོད་པ་བརླབ་བྱེད་ཐུབ་པ་ཞིག་དེ་སྔོན་བྱེད་ཐུབ་མེད་པ་ཁོ་ཐག་ཆོད
    དེ་དང་མཉམ་དུ་དྲྭ་འབུ་ཀླད་སྟོང་རང་གཞུང་དང་རྡ་རམ་ས་ལའི་གཞུང་ལ་རྒྱ་གུང་ཁྲན་ཚང་ལས་སྡང་ཞེན་ཆེ་ཙམ་ཟིན་མཁན་འདི་རྣམས་ལ་དངོས་གནས་སྙིང་ན་གི།
    མདོར་ན་བོད་མིའི་སྐུ་ལུས་མཆོད་མེར་སྦར་བའི་མེ་སྟག་ཆུང་རུང་། རྒྱ་གཞུང་གི་བརྫུན་བཟོས་ལོ་རྒྱུས་དང་། ངན་གཡོའི་རྩ་ཕུངས་རི་ཙམ་སྲེག་པ་གདོན་མི་ཟ། བོད་ཀྱི་མི་རིགས་འདི་སྲེག་ནས་སྟོང་ན་འདྲ། རྒྱ་གཞུང་གིས་ངན་ཇུས་ཀྱིས་སྟོང་ན་འདྲ་སྟོང་ཚུལ་གཅིག་པ་རེད། འོན་ཀྱང་སྲེག་ནས་འཛམ་གླིང་སྐྱེ་བོས་སྟོང་མི་བཅུག་ངེས་ཅན་རེད་ལ། རྒྱ་གཞུང་གི་ངན་གཡོས་སྟོང་བ་ཐེ་ཚོམ་མེད་གལ་སྲིད་རང་རེས་མཁྱེན་རབ་ཀྱི་འཕྲུལ་མདའ་བེད་སྤྱད་མ་བྱས་ན། ད་ཡིན། ང་ཚོ་བོད་པ་ཚོ་དཔའ་བོ་ཡིན་ན་ད་ཡིན། རྒོད་པོ་ཡིན་ན་ད་ཡིན། རང་ལས་གཞན་གཅེས་ཀྱི་བྱང་སེམས་ཡིན་ད་ཡིན།

    Reply
  11. ཁུག་རྟ། says:
    ལོ་ 13 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ།བདེ་བ་ཅན་ཞིང་ཁམས་སུ་སྐྱེས་བར་ཤོག
    བཙན་བྱོན་གཞུང་དང་ཚོགས་སྡེ་ཁག་ལས་འགུལ་སྤེལ་བ་ཉུང་ཉུང་རེད།
    མ་དགོས་ཚོགས་པ་ཁག་རེ་ཟུར་འགན་འཛྀན་སྐབས་འཚོལ་རིང་ལུགས་པས་གཞུང་དངོས་ཟས་ཐབས་དང་སྤུན་ཉེ་རྣམས་ལ་ལས་ཀ་དང་གླ་ཆ་ཡག་བ་སྤྲོད་ཐབས་བྱེད་ཀྱིས་འདུག་ག་།སྐྱོ་པོ་རེད།

    Reply
  12. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ང་ཚོ་བཙན་བྱོལ་ཅི་འདྲ་ཐབས་སྐྱོ་བ་ལ། ཉེ་ཆར་མི་གསུམ་རང་ལུས་བསྲེགས་དུས་ལས་འགུལ་ཅི་ཡང་སྤེལ་མ་སོང་། ད་རེ་ཡང་གང་ཡང་བྱེད་ས་མ་རེད། དངོས་གནས་ཡིད་ཐང་ཆད་སོང་། ཡིད་སྐྱོ་སོང་།ངོ་ཡང་ཚ། རང་བཙན་ནས་དབུ་མ། དབུ་མ་ནས་དོན་ཚན་ལྔ་རྩིས་མེད། ད་ནི་ལས་འགུལ་གང་ཡང་མི་སྤེལ་བའི་དབུ་ལམ་མིང་ཙམ་དོན་སྟོང་ཞིག་ཡིན་པ་འདྲ།
    བཙན་བྱོལ་གཞུང་དམངས་གཉིས་ཀྱི་གདུང་སེམས་མཉམ་སྐྱེད་མ་གནང་པར། འཇམ་ཅག་གེར་བསྡད། རྣམ་འགྱུར་འདིར་བལྟས་ན། ཕལ་ཆེར་རང་ལུས་སྲེག་པའི་དོན་རྐྱེན་དེ། སྣང་མེད་དུ་འཇོག་པར་ཚད་ཀྱིས་མི་འདུག། ན་ནིང་གི་ལོར་རང་ལུས་བསྲེགས་མཁན་བསྟུད་མར་ཐེངས་བཅུ་གཉིས་བྱུང་བ་དེ་ལ། བློ་ཡིད་ཚིམ་པའི་ལས་འགུལ་དང་། ནུས་པ་ལྡན་པས་རྒྱལ་སྤྱི་ཐོག་དྲིལ་བསྒྲགས་བྱེད་ཐུབ་མེད། ད་དུང་ཡང་དེར་མུར་བསྡད་པ་ཡིན་ན། བོད་ནང་གི་བོད་མི་ཚོ། ཡིད་ཐང་རྦད་དེ་ཆད་དེ། ང་ཚོས་བོད་ཕྱི་ནང་གང་ལའང་རེ་བ་རྒྱག་ས་མེད་པ་འགྱུར་ཉེན་འདུག བཙན་བྱོལ་བས། གཞུང་མི་དམངས་ལ་ཡིད་ཐང་ཆད། མི་དམངས་གཞུང་ལ་ཡིད་ཐང་ཆད་དེ། གཞུང་མི་དམངས་གཉིས་ཁ་ཐག་ཇེ་རིང་ལ་སོང་སྟེ། མ་མཐར་རང་བཙན་ལག་དེབ་ཀྱི་དངུལ་འདུ་མཁན་ཇེ་ཉུང་དུ་འགྲོ་སྲིད། དེ་ཙམ་མ་ཚད་ཕྱི་རྒྱལ་ཁག་གིས་བོད་དོན་ལ་དོ་སྣང་ཆུང་དུ་འགྲོ་བ་མ་ཚད་རོགས་དངུལ་ཡང་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་ཉེན་འདུག ད་དངོས་གནས་བོད་བསྟན་སྲིད་ཆེད་དུ་མིན་ནའང་སོར་སོས་ལྟོ་ཕོགས་ཆེད་དུ་རྩ་དོན་འཐབ་རྩོད་བྱ་དགོས་པ་སེམས་སོ།། དངོས་གནས་བྱེད་ན་བོད་ནང་དོན་རྐྱེན་བྱུང་མིན་ལ་མ་ལྟོས་པར་ཕྱི་སྡོད་བོད་མི་རྣམས་ཀྱིས། ནམ་རུང་སྐད་འབོད་དང་བོད་དོན་ཁྱབ་སྒྲོག་བྱེད་དགོས་པ་དེ་ཕྱི་སྡོད་བོད་མིའི་ལས་འགན་ཡིན། དེ་ལས་ལྡོག་སྟེ་ཕྱི་རྒྱལ་ལ་ཡོད་པའི་ ཁག་ཅིག་རྩ་དོན་གྱི་ལས་འགུལ་ཕར་ཞོག རྒྱའི་གཞུང་ཚབ་ཁང་དུ་གཅིག་རྒྱུག་གཉིས་འཐུད་དུ་རྒྱུག་སྟེ། རྩ་དོན་ལས་འགུལ་ནམ་མཁའི་སྐར་མ་ཡིན་པ་འདྲ། བོད་རིགས་མཐུན་ཚོགས་ཡང་གཙང་མ་མིན་པའི་སྐད་ཆ་དེ་འདྲ་གོ་རྒྱུ་འདུག། ད་དངོས་གནས་བློ་ཕམ་ཡོད་དོ།།

    Reply
  13. འཇིགས་མེད says:
    ལོ་ 13 སྔོན།

    ད་གཞུང་མང་གཉིས་ཀ གཟིམ་རན་མ་། བཞེངས་རན་རེད། ཡར་བཞེངས་ན་ཐབས་བྱུས་གནང་རན་རེད། བོད་ནང་དུ་ཇི་ལྟར་ངར་བ་དེ་ལྟར། ང་ཚོས་ཀྱང་རྒྱབ་སྐྱོར་བྱེད།
    ཁོང་ཚོ་རང་སྲོག་གཏོང་ཕོད་ན། ང་ཚོས་སྐད་འབོད་རྒྱག་ལོས་ཕོད།

    Reply
  14. འཇིགས་མེད says:
    ལོ་ 13 སྔོན།

    ཉིས་སྟོང་བརྒྱད་ཀྱི་ལོ་ནང་བཞིན་བྱས་ན་གྲ་སྒྲིག་ཡོད་ཟེར་བ་དེ་འོས་ཤོག་གི་ཆེད་མིན་ན། ད་ཐུགས་བསམ་ཞིག་བཞེས་རན་རེད་ལ། བཀའ་སྤྱི་སོགས་གཙོ་བས་མི་མང་མཉམ་འཛོམས་ཀྱི་ད་གང་བྱེད་ཀྱི་དགོས་རྒྱུ་འདུག་ཁ་ནང་ལ་འཁོར་ནས་བསམ་བློ་གཏོང་རན་རེད་འདུག་ལགས། ད་རྒྱུ་ཡོད་ན་རྒྱུ་ངོམ་བྱེད་རན་རེད། བྱུས་ཡོད་ན་ཐབས་བྱུ་བསྟོན་རན་རེད།

    Reply
  15. ཐོ་རེངས། says:
    ལོ་ 13 སྔོན།

    བཀའ་ཁྲི་བོད་ཡིག་སྟེང་གི་སེངྒེ་དང་། དབྱིན་ཡིག་སྟེང་གི་སངས་རྒྱས། དོན་ངོ་མ་གོ་རྒྱུ་མེད་པའི་སེམས་ཅན།
    གཅིག་བསྒྲིལ་དང་། གསར་གཏོད། རང་མགོ་རང་ཐོན་གསུམ་གྱི་དགོང་འཆར་གང་དུ་སོང་པ་རེད།
    ལོ་སྔོན་མ་བོད་ནང་ལ་དེ་འདྲའི་ཛ་དྲག་གི་གནས་ཚུལ་བྱུང་ནའང་། འཛམ་གླིང་ན་དོན་སྐྱེན་ཆེ་བའི་གནས་ཚུལ་བཅུའི་གྲལ་དུ་འཇོག་མ་ཐུབ་པ་ཆེ་ཤོས་དེ་ཆགས་ཡོད། ཁྱེད་ཀྱི་རྩ་དོན་གསུམ་དེ་རང་གི་སྐྱེ་དམན་དང་ཕྲུ་གུ་སྐྱོང་ཚུལ་ཞིག་ཡིན་པ་འདྲ།

    Reply
  16. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ཀརྨ་པས་ཉེ་ཆར་རྡོ་རྗེ་གདན་ནས་གསར་འགྱུར་ཁྲི་ལྷག་ལ་བོད་ནང་གི་བོད་མི་གཞིས་ལུས་རྒྱ་ཆེ་མིང་དེ་བོད་མི་བཅོས་མ་ཡིན་པ་སྙིང་སྟོབས་དང་ལྷག་བསམ་ཆེན་པོ་རེད་ཤག་་་་ང་ཚོ་བཙན་བྱོལ་ལ་བསླེབས་ནས་བསྡད་་རྣམས་བོད་མི་བཅོས་མ་མ་ཡིན་པའི་རང་གཤིས་བརླགས་ནས་་་གཡོ་རྒྱུ་དང་ཕྲག་དོག་ཆེ་རུ་སོང་ཡོད་པའི་ཚོར་སྣང་ཡོང་གི་འདུག་གསུངས་འདུག་སྐད་ཆ་དེས་བོད་གཞིས་བྱེས་གཉིས་ཀྱི་བསམ་བློའི་བར་ཆད་ལ་སྡོམ་ཏག་ཏག་བརྒྱབ་འདུག་་་་བོད་ནང་གི་མི་འདི་ཚོ་མི་རིགས་ཀྱི་དོན་དུ་སྙིང་སྟོབས་དང་ལྷག་བསམ་ཆེ་དྲགས་པས་ཚེ་སྲོག་ཡང་གཏོང་ཐུབ་པ་རེད་་་་བཙན་བྱོལ་ནང་གི་བོད་དོན་ཟེར་བའི་སྐད་ཆ་དེ་ཚོ་མགྲིན་པ་ཡན་ཆད་མ་གཏོགས་དོན་ངོ་མའི་ཚོར་སྣང་ཞིག་སུ་ལ་ཡང་ཡོད་པ་མ་རེད།
    རྡ་སའི་སྐབས་འཚོལ་བ་འདི་ཚོས་བོད་དོན་ཟེར་བ་དེ་རང་གི་ཁེ་ཕན་ཆེད་དུ་ཚོལ་ལས་ཤིག་ལས་གཞན་དམིགས་ཡུལ་གང་ཡོད་པ་མ་རེད་་་་་་་ད་མི་བཤད་་་ཨ་ཁ་ཁ་་་་་་

    Reply
  17. ཀུན་དགའ། says:
    ལོ་ 13 སྔོན།

    བཙན་བྱོལ་སྒྲིག་འཛུགས་དང་བཙན་བྱོལ་ཚོགས་སྡེ་ཁག ལྷག་པར་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་སྤྱི་མཐུན་ཚོགས་པ། ས་གནས་གཞོན་ནུ། བུད་མེད་ལྷན་ཚོགས་སོགས་ཀྱི་འགན་འཁུར་བ་དང་འགོ་འཁྲིད་མཁན་ཚོ། ཁེ་བཟང་ཅུང་ཙམ་དང་རྐུབ་ལྕགས་རྩོད་ལེན་སྐབས་སེམས་ཤུག་དང་འཇོན་ཐང་ཡོད་ཟེར་བ་བདེན་ན། ད་ཆ་བོད་ནང་ཛ་དྲག་དང་། རྒྱལ་སྤྱིས་དོ་སྣང་བྱེད་བཞིན་པའི་གལ་ཆེའི་གོ་སྐབས་འདི་ལྟ་བུ་དམ་བཟུང་བྱས་ཏེ་མི་མང་གི་སྣེ་ཁྲིད་ནས་དོན་སྨིན་གྱི་ལས་འགུལ་འདྲ་མིན་གང་མགྱོགས་ངང་སྤེལ་ཐུབ་དགོས། ངེས་པར་སྤེལ་དགོས། མགྱོགས་པོར་སྤེལ་དགོས། འདི་ལས་གཞན་རྒྱལ་ཁབ་དང་མི་རིགས་ཀྱི་ལས་དོན་ནམ་རྩ་དོན་གལ་ཆེ་བ་དང་རྩ་ཆེ་བ་གང་ཡོད། བཙན་བྱོལ་རང་དབང་བའི་བོད་པ་ཚོ།

    Reply
  18. རྒྱལ་ཁམས་པ། says:
    ལོ་ 13 སྔོན།

    དཔའ་བོ་ཁོང་རྣམས་ལ་སེམས་གཏིང་ནས་གུས་འདུད་ཞུ། ཁྱེད་ཚོ་ནམ་ཡང་སེམས་ཤུགས་མ་ཆག་དང་ང་ཚོ་དུས་རྟག་ཏུ་ཁྱེད་ཚོའི་རྒྱབ་ལ་ཡོད།

    Reply
  19. ཅང་མེད། says:
    ལོ་ 13 སྔོན།

    འགྱོད་སེམས་དང་བཅས་བཀའ་དྲིན་ཆེ། ཁྱེད་རྣམ་པ་བོད་མི་རིགས་ཀྱི་ཆེད་དུ་ཚ་གཟེར་ལ་མ་འཛེམ་པར་སྐུ་སྲོག་མེ་དཔུང་ཁྱོད་ནས་ཤི།

    ཡ་ང་བ་ཞིག་ལ། དེ་ལས་ལྡོག་ཕྱོཊ་ཀྱི་ལས་ཞིག་ལ་་་་་་ རྡོར་གདན་དུ་ཞབས་བྲོ་དང་གླུ་གར་གྱི་འཚམས་ཆད་ཀྱི་མི་འདུག དེ་ནི་ཆེས་སྐྱག་བྲོ་བའི་ལས་དཀའ་ཞིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད།

    Reply
  20. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    ང་ཚོ་བཙན་བྱོལ་བ་ལ་ དངུལ་མ་རག་ན། བོད་ནང་རྩ་དོན་གྱི་ལས་འགུལ་ཅི་འདྲ་སྤེལ་ནའང་དགའ་སྡུག་ཅི་ཡང་མེད། མ་ཚད། ཐོབ་དང་གོ་ས་ཕྱོགས་ལྷུང་གིས་དུས་འདའ་བཞིན་ཡོད།  ཁྱོད་ཚོས་བོད་ནང་མུ་མཐུད་ནས་ལས་འགུལ་སྤེལ་ནའང་བཙན་བྱོལ་གཞུང་དམངས་ལ་རེ་བ་མ་བྱེད། རབ་བྱུང་ན་མེ་སྲེག་གི་ལས་འགུལ་འདི་མཚམས་འཇོག་གནང་སྟེ། རང་རེའི་སྤྱི་ཚོགས་ཀྱི་སྣེ་ཁྲིད་གནང་ན་ཅི་མ་རུང་ངོ་།།

    Reply
  21. ལྗང་སྨྱུག says:
    ལོ་ 13 སྔོན།

    བོད་ནང་གི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱིས། སོ་སོའི་མི་རིགས་དང་རིག་གཞུང་གི་ཆེད་དུ། ལུས་སྲོག་མེར་སྒྲོན་ནས་སྐད་འབོད་ངོ་རྒོལ་རིགས་མཚམས་འཇོག་མེད་པར་མུ་མཐུད་ཛ་དྲག་ཏུ་འགྲོ་བཞིན་ཡོད་ཀྱང་། དེ་ལས་ཟློག་སྟེ་བཙན་བྱོལ་དུ་ཡོད་པའི་བོད་རིགས་དག་གིས་ཁོང་རྣམ་པའི་རླབས་ཆེན་གྱི་མཛད་རྗེས་དེ་དག་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་ལ་ལྟས་ཏེ། མཇལ་ཅག་གེར་གནས་པ་ལས། གལ་ཆེའི་ལས་འགུལ་དང་ངོ་རྒོལ་སོགས་འཛམ་གླིང་སྒུལ་ཐུབ་པའི་ཁོང་རྣམ་པར་རྒྱབ་སྐྱོར་དང་ཕྱག་རོགས་ཞུ་པའི་སྤོབས་པ་མེད་དོན་ཅི་ཡིན་ནམ།

    Reply
  22. བསྟན་འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དཔའ་རྒོད་ཚོ་ཏོག་ཙམ་སྒུག་རོགས ང་ཚོར་བྱ་ལོང་བྱེད་ལོང་ཞིག་སྤྲོད་རོགས. ཕྱི་བོད་ཚོ. སོ་སོའི་རྒྱལ་ཁབ་ནང་ནས་གྲོགས་པོ་དང་. ཚོགས་པ. ཆོས་ལུགས འོས་འཕེན་སོགས་རྒྱུད་ལམ་གང་ཡོང་སྤྱད་དེ་རྒྱ་དམར་ཁེར་རྐྱང་་སོགས་གནོན་ཤུགས་ཨེ་ཐུབ་ལ་འབད་རན་རེད

    Reply
  23. པོ་ཏཱ་ལ says:
    ལོ་ 13 སྔོན།

    ང་ཚོས་བོད་ནང་འཐབ་རྩོད་ཛ་དྲག་ཇི་ཙམ་ཕྱིན་པ་དེ་ཙམ་གྱིས་ཤུགས་རྒྱབ་ནས་ལས་འགུལ་གང་འགྱོག་དང་ཤུགས་ཆེན་སྤེལ་དགོས་་་བོད་པ་ཚོ་ད་འགྱོགས་པར་ལང་ཤོག་་་དམིགས་ཡུལ་དང་ཐབས་ལམ་མ་ནོར་བའི་སྒོ་ནས་འགྱོགས་པར་ཤོག

    Reply
  24. པོ་ཏཱ་ལ says:
    ལོ་ 13 སྔོན།

    གཙན་བྱོལ་གཞུང་གི་ལས་འགུལ་་ངེས་པར་འགྱོགས་པར་སྤེལ་དགོས།
    རྒྱལ་སྤྱི་འབོད་བསྐུལ་དང་་་རྒྱ་གཞུང་ལ་ངོ་རྒོལ་་་བོད་ཀྱི་རྩ་དོན་གསལ་ཁ་ཡོད་པའི་སྒོ་ནས་སྐད་འབོད་དང་སྦྱར་ཡིག་བཀྲམ་པ་་་་སོགས་འགྱོག་པར་བྱེད་རོགས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese