ངས་རྩོམ་ཡིག་འདི་འབྲི་སྐབས། ད་ལོའི་བོད་མི་ ༣ ཐེ་བའི་བོད་ནང་བོད་མི ༡༦ གིས་རང་ལུས་མེར་བསྲེགས་བཏང་ཡོད། ཡིན་ཡང་ཚེས་༡༤ ཉིན། ཡང་བསྐྱར་རྔ་བ་ནས་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་བཏང་བའི་གནས་ཚུལ་ཐོན། དེ་ལྟར་ན། ད་ནི་བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་ཁ་གྲངས་༡༧ བར་སླེབས་ཤིང་། ད་ལོའི་ལོ་མགོ་ཚེས་ཤར་གྱི་དུས་ཐུང་ཉི་ ༡༤ ནང་ཚུན་དུ་བོད་མི་ ༤ ཡིས་རང་ལུས་མེར་བསྲེགས་བཏང་ཡོད།
བཀའ་བློན་ཁྲི་བས་ག་རེ་བྱས་ནས་བཀྲ་བྷེའི་མིང་མ་བཀླགས་པ་ཡིན།
ཟླ་༡ ཚེས་ ༤ ཉིན། དུས་དབང་ཉིན་བཞི་བའི་སྔོན་འགྲོའི་གསུང་ཆོས་གྲུབ་རྗེས། གསར་དུ་འོས་འདེམས་བྱས་པའི་བཀའ་བློན་ཁྲི་བ་(བཙན་བྱོལ་བོད་པའི་སྲིད་བློན།) བློ་བཟང་སེང་གེ་ལགས་ཀྱིས་གསུང་བཤད་གནང་། ཁོང་གིས་བོད་ནང་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མིའི་དཀའ་སྡུག་མནར་གཅོད་གསེད་བཀྲོལ་གནང་བར་བཀའ་དྲིན་དང་། རང་ལུས་མེར་སྲེག་གཏོང་མཁན་ཚོའི་མཚན་དང་། དགུང་ལོ་སོགས་རེ་རེ་བཞིན་བཀླགས་པ་ལའང་ཐུགས་རྗེ་ཆེ་ཞུ། ༧གོང་ས་ཏྰ་ལའི་བླ་མའི་ཞལ་ལ་སྐབས་དེར་ཆེས་སྐྱོ་གདུང་གི་ཉམས་ཤིག་མངོན་པ་ནི་ཇི་འདྲིའི་སེམས་ལ་གཡོ་འགུལ་ཐེབས་པ་ཞིག་རེད། ཡིན་ཡང་ཧ་ཅང་གལ་གནད་ཆེ་བའི་འདུ་འཛོམས་འདིའི་ཐོག བཀའ་བློན་ཁྲི་བས་༢༠༠༩ ལོར་བོད་ནང་བྱུང་བའི་རང་ལུས་མེར་སྲེག་གི་དོན་རྐྱེན་ཐོག་མ་དེ་གླེང་མ་སོང་ལ། ཁོང་གིས་བཀླགས་པའི་མཚན་གཞུང་ནང་དུའང་། བོད་ནང་རང་ལུས་མེར་སྲེག་གཏོང་མཁན་གྱི་བོད་མི་ཐོག་མ་སྟེ། བཀྲ་བྷེ་མི་འདུག
ངས་རང་ཅག་གི་བཀའ་བློན་ཁྲི་བ་མཆོག་ལ་འདྲི་རྒྱུར། འདི་དོན་ངོ་མར་ག་རེ་བྱས་ནས་རེད།
བཀའ་བློན་ཁྲི་བས་མ་ཤེས་པ་ཡིན་ནམ། ཁོང་ལོ་སྔོན་མའི་ཟླ་ ༡༡ ཟླ་མཇུག་ཏུ་ཡུ་རོབ་ནང་གཟིགས་སྐོར་དུ་ཕེབས་ཏེ་བོད་ནང་གི་གནས་སྟངས་སྙན་སྒྲོན་ཞུས་སྐབས། བོད་མིའི་རང་ལུས་མེར་སྲེག་གི་གྲངས་ཀ་གཅིག་ཉུང་བཤད་བྱས་ཡོད། སྐབས་དེར་ངས་དྲ་ཟིན་དང་ངོ་དེབ་བརྒྱུད་ནས་དྲན་སྐུལ་བཏང་བ་ཡིན། བོད་ནང་གི་རང་ལུས་མེར་སྲེག་གི་དོན་རྐྱེན་དང་པོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ ཚེས་ ༢༧ ཉིན་བྱུང་བ་དང་། རང་ལུས་མེར་སྲེག་གནང་མཁན་ཐོག་མ་ནི། ཨ་མདོ་རྔ་བ་ཀིརྟི་དགོན་པའི་དགུང་ལོ་ ༢༠ ལ་སོན་པའི་དགེ་འདུན་པ་བཀྲ་བྷེ་རེད། ཁོས་རང་སྲོག་བློས་བཏང་བ་ལ་སྣང་ཆུང་མ་གནང་རོགས། ཁོང་གི་རང་ལུས་མེར་སྲེག་སྐབས་རྒྱ་དམག་གིས་མེ་མདའ་བརྒྱབས་པ་དང་ཡ་ངའི་མནར་གཅོད་བཏང་ཡོད། དེ་རིང་བར་གར་སོང་ཆ་མེད་དང་། ཤི་གསོན་ངེས་མེད་ཆགས་ཡོད། སྐུ་མཁྱེན། བཀྲ་བྷེ་མ་བརྗེད་པ་གནང་རོགས།
སྐབས་དེར་བྱེས་བཞུགས་སྤུན་ཟླ་ཞིག་གིས་དྲ་ལམ་ནས་ང་ལ། ངའི་དྲན་སྐུལ་དེ་དག་བཀའ་བློན་ཁྲི་བར་བརྡ་ལན་སྤྲད་ཟིན་ཚུལ་དང་། བཀའ་བློན་ཁྲི་བས་ཀྱང་དེ་དོན་མཁྱེན་ཆུབ་བྱུང་བའི་རྣམ་འགྱུར་བསྟན་སོང་ཟེར། དེས་ང་ལ་སེམས་གསོ་ཞིག་ཐེབས་ཤིང་། རང་ཅག་གི་བཀའ་བློན་ཁྲི་བས་ཁོང་གི་གསུང་སྟངས་ལ་བཟོ་བཅོས་གནང་ངེས་ཡིན་པའི་ཡིད་ཆེས་བྱས། རྒྱུ་མཚན་ཁོང་གི་ཞལ་སྔ་ནས་ཀྱང་། བོད་མིའི་རང་ལུས་མེར་སྲེག་ནི་‘‘གྲངས་ཀ་ཙམ་མིན་པར། དེས་ཚེ་སྲོག་མཚོན་གྱི་ཡོད།’’ཅེས་གསུངས་མྱོང་ཡོད་པས་ཡིན། ཟླ་གཅིག་ལྷག་འགོར་རྗེས། བཀའ་བློན་ཁྲི་བས་ཐེངས་འདིའི་གལ་ཆེའི་བསྔོ་སྨོན་མཆོད་འབུལ་གྱི་མཛད་སྒོའི་ཐོག བོད་ནང་གི་རང་ལུས་མེར་སྲེག་གནང་མཁན་ཚོའི་མཚན་གཞུང་ཀློག་སྐབས། དེ་སྔའི་གསུང་སྟངས་ལ་བཟོ་བཅོས་བྱས་ཡོད་པ་དངོས་འབྲེལ་ཡིན་ནའང་། ‘‘༢༠༡༡ ལོ’’ ཁ་སྣོན་ཙམ་བྱས་ནས་དུས་བཅད་བཟོས་ཡོད། བཟོ་བཅོས་བྱེད་སྟངས་འདིས་མུ་མཐུད་ནས་བཀྲ་བྷེ་ཟུར་ལ་བཏོན་ཡོད། འདི་ལ་དམིགས་བསལ་སྐྱོན་སེལ་མ་བྱས་ཀྱང་འགྲིག རྒྱུ་མཚན། ༢༠༡༡ ལོའི་རང་ལུས་མེར་སྲེག་གི་གྲངས་འབོར་ལ་བཀའ་བློན་ཁྲི་བས་གསུང་ནོར་ཐེབས་མེད། འོན་ཀྱང་། བཟོ་བཅོས་བྱེད་སྟངས་འདིས་ཏག་ཏག་གྲངས་ཀའི་སྒང་ནས་གླེང་གཞི་བཟོ་བཞིན་ཡོད་པ་མིན་ནམ། འདིས་རང་ལུས་མེར་སྲེག་གནང་མཁན་གྱི་སྤུན་ཟླ་ཚོ་གྲངས་ཀ་མང་ཉུང་གི་ངོ་བོར་བསྒྱུར་བཞིན་ཡོད་པ་མིན་ནམ།
ངས་འདྲི་འདོད་པ་ནི། བཀའ་བློན་ཁྲི་བས་ག་རེ་བྱས་ནས་བཀྲ་བྷེ་ཟུར་འདོན་བྱེད་པར་ཨུ་ཚུགས་མཐར་སྐྱེལ་གནང་གི་ཡོད་པ་རེད། བཀྲ་བྷེ་བོད་དོན་ཆེད་རང་སྲོག་བློས་གཏོང་བྱས་པའི་ཚེ་སྲོག་ཅིག་མ་ཡིན་ནམ། བཀྲ་བྷེ་ ༢༠༡༡ ནས་༢༠༡༢ བར་བོད་ནང་རང་ལུས་མེར་སྲེག་གནང་མཁན་༡༥ བྱུང་ཡོད་པ་དག་གི་ཆེས་ཐོག་མའི་མིག་དཔེ་དེ་མ་ཡིན་ནམ། བཀྲ་བྷེའི་ནང་མི་དང། ཕ་ཡུལ་གཅིག་པ། ཆོས་གྲོགས་ཚོས་ངང་སྒུག་དང་རེ་སྨོན་ལྟར། རང་ཅག་གི་བཀའ་བློན་ཁྲི་བས་༧གོང་ས་མཆོག་དབུ་བཞུགས་ཀྱིས་བླ་སྤྲུལ་འདུས་སྡེ་སར། བཀྲ་བྷེའི་མིང་བཀླག་པ་ཡིན་ན་ཁོང་ལ་ཐོབ་དགོས་ངེས་ཀྱི་ངོས་འཛིན་དང་། ཆེ་མཐོང་། བསྔོ་སྨོན་ཞིག་མ་ཡིན་ནམ། བཀའ་བློན་ཁྲི་བར་མཚོན་ན། བཀྲ་བྷེ་མིང་བཀླག་རྒྱུ་དེ་ཞལ་ལྕེ་མང་ཙམ་འགུལ་རྒྱུའི་དཀའ་ངལ་ལས་མེད། བོད་ནང་གི་བཀྲ་བྷེའི་ནང་མི་དང་གཉེན་ཉེ་ཚོར་མཚོན་ན། དེ་ནི་བཀྲ་བྷེའི་རང་སྲོག་བློས་གཏོང་གི་རིན་ཐང་དང་། ཁོང་ཚོ་ལའང་ཧ་ལས་པའི་སེམས་གསོ་ཞིག་ཆགས་ཡོད། ཡིན་ནའང་ག་རེ་བྱས་ནས། ངེད་ཅག་གི་བཀའ་བློན་ཁྲི་བས་འདི་ལྟར་གསུང་ཚིག་འགའ་འདོན་པར་སེར་སྣ་བྱས་ནས། བཀྲ་བྷེའི་ནང་མི་དང་། ཕ་ཡུལ་གཅིག་པ། ཆོས་གྲོགས་ཚོར་ཁོང་བརྗེད་ཚར་བའི་ཚོར་སྣང་སྤྲད་པ་མ་ཡིན་ནམ།
ངས་བསམ་ན། བཀའ་བློན་ཁྲི་བས་འདྲེན་ཐུབ་པའི་གནས་ལུགས་གཅིག་བུ་ནི། བཀྲ་བྷེས་རང་ལུས་མེར་བསྲེགས་ནས་ལོ་གསུམ་འགོར་སོང་། ད་མ་གླེང་ནའང་འགྲིག་ཅེས་པ་འདི་ཡིན། ཡིན་ཡང་དུས་ཚོད་ཕྱིར་དྲན་དང་དྲན་གསོ་མེད་བརླག་ཏུ་གཏོང་བའི་རྒྱུ་མཚན་དུ་འདྲེན་རུང་ངམ། གལ་སྲིད་ལོ་གསུམ་སྔོན་དུ་བློས་གཏོང་ཆེན་པོ་གནང་མཁན་གྱི་དཔའ་རྒོད་ཅིག་འདི་ལྟར་གླེང་རིན་མེད་པར་འཇོག་ན། དུས་རབས་ཕྱེད་ཀའི་རིང་བོད་མི་རིགས་ཆེད་རང་སྲོག་བློས་གཏོང་གནང་མཁན་གྱི་དཔའ་བོ་དེ་ཚོ་ཡང་། དུད་སྤྲིན་ཡལ་བ་ལྟར། ད་སེམས་ནང་མ་ཉར་ན་འགྲིག་གམ།
གཅིག་བྱས་ན། བཀའ་བློན་ཁྲི་བས་དུས་ཚོད་ལ་ཚད་ཐིག་བརྒྱབས་ནས་རང་ལུས་མེར་སྲེག་གཏོན་མཁན་ཚོར་སྡོམ་རྩིས་བརྒྱག་རྒྱུ་གཅིག་པུ་བསམ་པ་ཡིན་སྲིད། དེས་ན་ང་ཚོས་ད་ལྟ་ནས་འདི་ལྟར་བཤད་ཆོག ༢༠༡༢ལོར་བོད་ནང་བོད་མི་གསུམ་གྱིས་རང་ལུས་མེར་བསྲེགས་བཏང་། འདི་ལྟར་བཤད་ཚེ། ༢༠༡༡ ལོའི་རང་ལུས་མེར་སྲེག་གཏོང་མཁན་༡༢ གླེང་མ་དགོས་པ་མིན་ནམ། དེ་ལས་ཀྱང་༢༠༠༩ ལོའི་བཀྲ་བྷེ་གླེང་མ་དགོས་པ་མིན་ནམ།
དོན་གནད་འདིའི་ཐད། གལ་སྲིད་ངེད་ཅག་གི་བཀའ་བློན་ཁྲི་བས་མུ་མཐུད་ཨུ་ཚུགས་མཐར་སྐྱེལ་གྱིས་བཀྲ་བྷེ་མི་གླེང་ཚེ། དེས་ན། དགོངས་དག ངས་ཀྱང་འདི་ནས་ཇི་སྲིད་དོན་དངོས་འདི་བསྐྱར་གླེང་མ་བྱུང་བར་དུ་མཚམས་མི་འཇོག་པར་མུ་མཐུད་འབྲི་ངེས་ཡིན།
དེས་ན་ང་ཚོས། བྱེས་འབྱོར་བོད་མིའི་ཁྲོད། དགུང་ལོ་༦༠ ལོན་པའི་ཐུབ་བསྟན་དངོས་གྲུབ་ཀྱིས་ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ལྡི་ལི་གསར་པར་རང་ལུས་མེར་བསྲེགས་བཏང་ནས་འདས་གྲོངས་སུ་ཕྱིན་པ་དང་། ན་ནིང་ཕྱི་ཟླ་ ༡༡ ནང་། བལ་ཡུལ་ཀ་ཊ་མན་ཌི་དང་རྒྱ་གར་ལྡི་ལི་གསར་པ་རང་ལུས་མེར་བསྲེགས་ཀྱིས་རྨས་སྐྱོན་ཕོག་པའི་དགེ་འདུན་པ་བུ་ཕྲུག་དང་། མི་སྐྱ་མིག་དམར་ཚེ་རིང་ཡང་སེམས་ནང་མ་བརྗེད་པར་བརྟན་པོར་ཉར་དགོས།
སྒྱུར་མཆན། « བཀའ་བློན་ཁྲི་བས་ག་རེ་བྱས་ནས་བཀྲ་བྷེའི་མིང་མ་བཀླགས་པ་ཡིན། » རྩོམ་ཡིག་ཨ་མའི་ཁ་བྱང་འདི་རེད། དྲ་ངོས་ལ་འཇོག་བདེ་ཆེད་གོང་གི་ཁ་བྱང་བདམས་པ་ཡིན། རྩོམ་ཡིག་སྤྱི་ཁོག་གི་འགྱུར་ལ་དག་མིན་བྱུང་ཡོད་ཚེ་འབྲེལ་ཐག་ནང་ཡོད་པའི་མ་རྩོམ་ལ་གཞི་བཅོལ་དགོས། ཟླ་བ་ཚེ་རིང་གིས།
http://woeser.middle-way.net/2012/01/blog-post_15.html
ད་དུང་ཡང་བཀའ་ཁྲི་མཆོག་གི་ལན་འདེབས་མེད་པ་གང་ཡིན་ནམ་་་་་།
མཛངས་མ་ཚེ་རིང་འོད་ཟེར་ལགས། རྩོམ་པ་པོ་ཁྱེད་ཀྱིས་ལོ་མང་རིང་ང་ཚོའི་བོད་ཀྱི་རྩོམ་ཡིག་བྲིས་པ་བཀའ་དྲིན་ཆེ། ཡིན་ན་ཡང་ཁྱེད་ལ་རྩོམ་ཡོན་ཅི་ཙམ་ཞིག་འབབ་ཀྱིན་པ་བོད་མི་ཚཽས་ཤེས་ཀི་ཡོད་མདོག་མེད་པས། ཁྱེད་རང་རྒྱལ་ནང་གི་རྒྱལ་ས་པེ་ཅིན་དུ་བདེ་ཞིང་སྐྱིད་པར་བཞུགས་ཏེ། བོད་མི་ཚོའི་ཁ་ཤ་བསྔོགས་ཏེ་རྩོམ་ཡིག་ཐུང་ཐཱུང་ཞིག་བྲིས་ཀྱང་། ཨེ་ཤེ་ཡི་རླུང་འཕྲིན་ཁང་གི་རིན་བབ་ཅི་ཙམ་སྤྲོད་ཀྱིན་ཡོད་པ་བོད་མི་ཚོས་ཤེས་ཀྱིན་མེད། ཁྱེད་ཨེ་ཤ་ཡའི་གསར་འགོད་པ་བྱེད་དེ་སྡད་ཀྱང་ད་དུང་ཁྱེད་བཟའ་ཚང་གཉིས་བདེ་བར་བཞུགས་ཅིང་། ད་དུང་ཁྱེད་བཟའ་ཚང་གཉིས་ཀྱིས་བོད་རྩོམ་མ་བྲིས་ཚེ་འཚོ་རྟེན་མེད་པའི་བདེན་ལུགས་ལ་འཛེམས་སོན་རེ་བཞེས་རོགས། ཁྱེད་ཀྱི་འཚོ་རྟེན་གཙོ་བོ་བོད་དོན་ཐོག་རྩོམ་འབྲི་རྒྱུུ་ཡིན་པ་དང། ཁྱེད་ལ་གནས་ཚུལ་སྤྲད་པའི་བོད་མི་ཚོར་ཁྱེད་ཀྱིས་རིན་འབབ་དེ་ཚོའི་ཉུང་ཚམ་རེ་ཡང་སྤྲོད་མྱོང་མེད། ཁྱེད་ཀྱིས་ཁྱོ་ཀ་ཝང་ཡི་ངན་སྐོལ་འོག་བོད་མི་མང་གི་ཡིད་ཆེས་བླངས་རྗེས། ད་ལྟ་ན་གཞོན་པ་བོད་མི་ཁྲི་ཚོ་འགས་གདམས་པའི་བཀའ་ཁྲི་བློ་བཟང་སེང་གེ་ལགས་ལ་ཧམ་བཤད་དང་བློ་བཟང་སེང་གེ་ལགས་ལ་མ་དགའ་བའི་མི་རྣམས་ཕུགས་ཀྱི་མདའ་མོ་ལ་བཟུང་ཏེ།་་བོད་མིའི་བར་དུ་དཀྲུག་ཤིང་འཕེན་རྒྱུ་དེ་འདྲའི་མགྱོགས་པོ་གྱུར་བ་ང་ཚོ་པེ་ཅིང་དུ་ཡོད་པའི་བོད་མི་ཚོའི་བློ་ཡུལ་ལ་ཤར་མེད། ང་ཚོས་བོད་རྩོམ་རེ་འཁྱོངས་ཚེ་སྐུར་རྒྱུར་ཡང་ཞེད་འདར་རྒྱག་དགོས་ས་ནས། ཁྱེད་ཀྱིས་བྱེད་ཚུལ་དང་ལྷག་དོན་དུ། རྒྱ་མི་ཝང་ཡི་ངན་སྐོལ་ལ་ང་ཚོ་སྔོན་ནས་རྣམ་རྟོགས་གཏིང་ཟབ་ཡོད།
དཔྱད་གཏམ་རིང་ཡང་འདི་ནས་མཚམས་འཇོག པེ་ཅིང་ནས་ཡུ་རོབ་ཏུ་སྐུར
སྤྱིར་བཏང་ང་ཚོས་སོ་སོའི་ཆབ་སྲིད་ཀྱི་འགོ་འཁྲིད་ཚོར་དགའ་ཞེན་བྱེད་དགོས། ཡིན་ནའང་ཁོང་ཚོས་ཁ་ནས་གང་བཤད་དེ་ལག་ལེན་དུ་བསྟར་གྱིན་ཡོད་མེད་ལའང་དེ་མཚུངས་ཀྱི་དོ་སྣང་བྱེད་དགོས།
ལྷག་དོན་མི་རབས་གསར་པའི་འགོ་འཁྲིད་ཡིན་ནའང་འདྲ། མི་རབས་རྙིང་པའི་འགོ་འཁྲིད་ཡིན་ནའང་འདྲ་གང་ལྟར་ང་ཚོས་ཁོང་ཚོས་བྱས་པའི་ལས་ཀ་གང་ཞིག་ཚགས་ཚུད་དང་ཞིབ་ཚགས་ཡིན་ཚེ་ངེས་པར་དུ་བསྟོད་བསྔགས་བྱེད་དགོས་ལ་ཚགས་ཚུད་དང་ཞིབ་ནན་མེད་པའི་ལས་ཀ་ཟ་རི་ཟི་རེའི་རིགས་གང་ཞིག་ཐོན་ཀྱང་དེར་དུས་ཐོག་སྐྱོན་བརྗོད་བྱེད་ཐུབ་པ་དགོས།
འགོ་འཁྲིད་དམངས་གཙོའི་ལམ་ནས་བདམས་སྟབས་དམངས་ལ་སྐྱོན་བརྗོད་བྱེད་པའི་དབང་ཆ་ཡོད་ལ་འགོ་འཁྲིད་མི་དམངས་ཀྱིས་བདམས་པར་བརྟེན་འགོ་འཁྲིད་ལ་གུས་ཞབས་ཀྱང་བྱེད་དགོས།
བློ་བཟང་སེང་གེར་རང་སྐྱོན་ངོས་ལེན་བྱེད་ཐུབ་པའི་བློ་ཁོག་འདུག་གམ།
དྲ་འབུ་དག་གིས་སྲིད་སྐྱོང་བློ་སེང་ལ་མ་གུས་པ་གཅིག་པུ་མ་རེད་ལ་དོན་རྐྱེན་འདི་རྩོད་གཞི་ངོ་མ་དེ་མ་རེད། དོན་རྐྱེན་འདིར་ཁག་འཇོག་ས་ཞིག་རེད། དོན་རྐྱེན་འདི་གོ་སྐབས་ཤིག་ཏུ་བཟུང་ནས་སྲིད་སྐྱོང་གི་སྟེང་དུ། ྄ཝ་བརྒྱལ་བརྒྱལ་དང་། ཁྱི་ཟུག་ཟུག་བྱས་ནས་རང་སེམས་ཀྱི་སྙིང་ནད་ཅིག་སངས་ཐབས་དང་། སྲིད་སྐྱོང་གི་ངོ་གདོང་ལ་ཉེས་སྐྱོན་གྱི་རྨ་ཤུལ་ཞིག་གཏོད་འདོད་པ་དེ་རེད། དེ་ནི་རྒྱབ་ལྗོངས་ཅན་གཡོ་ལས་ཤིག་རེད། ཡིན་ན་ཡང་། འོད་ཟེར་ལགས་ནི་ལྷག་བསམ་རྣམ་དག་གིས་སྐུལ་བ་ཞིག་རེད། དྲ་འབུ་མུག་འདྲེ་འདི་དག་དང་ནམ་ཡང་བསྡུར་མི་འོས།
དྲ་འབུ་དག་གིས་སྐུར་འདེབས་སྣ་ཚོགས་བྱེད་བཞིན་འདུག མདོ་རྩ་མ་འགྲིག་ས་དེ་ཆོལ་ཁོངས་མ་འགྲིག་པ་རེད། སུ་ཡིན་ན་རེད་ཉེ་ཆར་བྱུང་བའི་གནས་ཚུལ་གཙོ་བོ་བྱེད་ཀྱི་རེད། ཉེ་ཆར་བྱུང་བའི་དཔའ་བོ་རྣམས་ཀྱི་མཚན་ཀློག་ཏེ་དཔའ་བོ་ཡོངས་ལ་བཀའ་དྲིན་རྗེས་དྲན་བྱེད་དགོས། དཔའ་བོ་ཡོངས་ཀྱི་མཚན་ཀློག་དགོས་ན་དུས་ཚོད་ཐུང་ངུའི་ནང་ཁག་པོ་རེད།
ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་བསླབ་བྱ་ཡག་པོ་གནང་འདུག ཡིན་ནའང་འུ་ཚང་གི་མི་རབས་གསར་བའི་དབུ་ཁྲིད་ཚོ་ད་དུང་འདི་ལྟ་བུའི་ཚད་ལ་སླེབས་ཡོད་པ་མ་རེད། ཁོང་ཚོ་ད་དུང་མི་མངོན་ས་ན་ཀླད་རྙིང་སྤྱི་ཚོགས་ཀྱི་རུལ་དྲི་སྐྱུར་དྲི་མང་པོ་ཁ་ནས་ཡོད་པ་རེད།
在我的经历中,永远把自己说成“伟大、光荣、正确”(简称“伟光正”)的是中国共产党。很遗憾,我没有在民主社会生活过,但是以我对民主的了解,我相信民主社会应该没有“伟光正”,尤其是,民主首先该做的就是监督领导人。民选领导人随时可以被民众批评,领导人则不敢傲慢只能谦卑,媒体不是迎合领导人的,而是会用放大镜找他们的毛病……如果不是这样,怎么会是民主?
实话说,作为生活在专制及殖民统治下,没有尝到过民主甘露的境内藏人,我很害怕境内藏人寄予无限期望的流亡西藏的领导层中,出现我们熟悉并且厌恶的专制特征——吹捧造神、逢迎权势、打压批评等。为此,恭请境外同胞原谅,如果流亡西藏政府、组织和媒体,坚持继续省略2009年境内第一位自焚的阿坝僧人扎白,那么,我会在这个话题上持续发声,直至事实被还原。
བཀའ་བློན་ཁྲི་བ་ནས་བོད་ཀྱི་གསར་འགོད་བརྒྱུད་ལམ་ཁག་ནས་ནོར་འཁྲུལ་ཤོར་བ་ལ་བརྟེན་རྒྱལ་སྤྱིའི་གསར་འགྱུར་རྒྱུད་ལམ་ཁག་ཏུའང་གྲངས་ཀ་འདྲ་མིན་ཐོན་འོང་གི་འདུག ཐོག་མ་ནས་འདི་ལ་བཟོ་བཅོས་གནང་ཡོད་ན་འདི་ལྟ་བུ་འབྱུང་དགོས་དོན་མེད་ཟེར་ཞིང་། རང་ཉེས་ངོས་ལེན་བྱེད་མ་འདོད་པའི་སྒམ་ཚུགས་ཙམ་པོ་བ་ལ་བརྟེན་ནས་ད་ཐེངས་ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མགྲིན་ཚབ་པས་བོད་དོན་ལ་སེམས་ཁུལ་ཆེ་རབ་བྱེད་དུས་ཀྱི་མི་མགོ་གྲངས་ཀའང་ནོར་དགོས་བྱུང་ཡོད། ཐོག་མ་ནས་སྒམ་ཚུགས་ཙམ་པོ་བ་སྤངས་ཐབས་བྱས་ནས་དེ་དག་བཅོས་བྱས་ཡོད་ཚེ། གནས་ཚུལ་འདི་འདྲ་འབྱུང་དོན་ཡོད་མ་རེད་ཅེས་སོ།།
ཨ་ཅེ་འོད་ཟེར་ལགས་ནས་མགོ་ཁྲིད་ལ་རང་ཉེས་ངོས་ལེན་གནང་བ་ལ་ངེས་པར་དུ་གསར་འགོད་དང་སྨྱན་བྱེད་བརྒྱུད་ལམ་ཁག་གིས་གོང་མར་བསྟུན་ཐབས་ཙམ་མ་ཡིན་པར་ཤུགས་རྒྱག་དགོས་ཚུལ་གྱི་འབོད་སྐུལ་ཞུ་བཞིན་འདུག
བཀྲ་བྷེས་ཤུགས་རྐྱེན་གལ་ཆེན་ཞིག་ཐེབས་ཡོད་ཅིང་། ཁོང་གི་རིན་ཐང་དང་བློས་བཏང་ནི་དུས་དབང་གིས་གཞན་ལས་སྔོན་དུ་ཐོན་ཡོད་ཟེར།
སྨྱན་བྱེད་ཁག་གིས་དག་ཐེར་རེ་བྱེད་རྒྱུ་གལ།
དང་པོ་ཨ་ཅག་འོད་ཟེར་ལ་འཚམས་འདྲི་དང་དྲི་བ་འདི་འདྲའི་ཚ་བོ་སྔ་ཕྱི་གཉིས་ལ་བཏང་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་ལ།
སྲིད་དོན་པ་ཚོར་ནོར་འཁྲུལ་ཡོང་ངེས་པ་དང་། མཚམས་རེར་ནོར་འཁྲུལ་ལ་ལྟོས་དུས། ཨོ་ད། སྲིད་དོན་པ་ཚོར་ལར་ཞེན་ཟེར་བ་ཞིག་ཨེ་ཡོད་ན་བསམས་པའི་དོགས་པའང་ཡོང་གི་རེད། སྐབས་དེར་བོད་པའི་སྐད་ཆ་བཤད་སྟངས་ཤིག་ལ་ཀུན་སློང་ལ་དོགས་པ་ཡོད་ཟེར་རྒྱུ་འདིས་ཅང་ཕན་ཚོད་མི་འདུག་པས།
ནོར་འཁྲུལ་ལ་ནོར་འཁྲུལ་དུ་གཟིགས་ནས་བརྒྱུད་ལམ་ཆེ་ས་ཞིག་ནས་བཟང་སྤྱོད་ལྡན་པའི་གསལ་བཤད་དམ་དགོངས་སེལ་ཞུས་པ་ཡིན་ན་དེ་རང་གཞན་རོགས་གསུམ་ལ་ཕན་ཐག་ཆོད་ཅིག་ལ། རྩ་དོན་ལ་ཕན་ཐག་ཆོད་རེད།
དེ་ལ་སྒྲུང་ཞིག་ཡོད། སྔ་ལོར། ཐའེ་ཝན་ནས་ཆེས་མཐོའི་དཔོན་རིགས་བཟའ་ཚང་ཅན་ཞིག་གིས་བུ་མོ་མཛེས་མ་ཞིག་ཟུར་བསྟེན་བྱེད་བཞིན་པའི་གསང་བ་གསར་འགོད་པ་ཚོས་ཤེས་རྟོགས་བྱུང་བ་རེད། ཤེས་རྟོགས་བྱུང་ནས་བདུན་ཕྲག་གཅིག་ཙམ་ལ་བརྙན་འཕྲིན་གསར་འགྱུར་དང་ཚགས་པར་སོགས་སུ་གསར་འགྱུར་འཕགས་ཤོས་དོན་དག་དེ་ག་རང་རེད། དེ་ཡིན་དུས། མཐའ་མར་ཁོང་གིས་རང་ཉིད་གཞུང་གི་དཔོན་རིགས་ཤིག་ཡིན་པའི་ཆ་ནས་མི་མང་གི་ཡིད་ཆེས་བརླག་པར་བརྙན་འཕྲིན་བརྒྱུད་ལམ་ནས་དགོངས་སེལ་ཞུས་པ་རེད། དགོངས་སེལ་ཞུས་རྗེས་མགོ་སྒུར་ཏེ་སྐར་མ་གཅིག་ཙམ་བསྡད་པ་རེད།
དེ་ལ་མི་མང་པོས་ལག་པ་རྡབ་སོང་། ཐ་ན་ལམ་བར་ཟས་རིགས་ཙག་ཙིག་བཙོང་མཁན་དང་ཐང་ཚོང་ཚོས་ཀྱང་དགོངས་སེལ་ཞུས་པ་དེ་འགྲིག་རབ་བཤད་སོང་།
དེ་ཡིན་དུས། བྱ་སྤྱོད་དེ་འུ་ཚོས་ཚུར་ལེན་ཐུབ་ན་ཡག་གི ལྷག་པར་སྲིད་དོན་དབུ་ཁྲིད་ཚོར་གོམས་གཤིས་འདི་འདྲ་ཞིག་འཇགས་ཐུབ་པ་ཡིན་ན། བོད་ཀྱི་སྲིད་དོན་ལོ་རྒྱུས་སྟེང་ཀུན་སྤྱོད་གསར་པ་ཞིག་སྐྱེ་སོང་བ་རེད།
གྲོགས་པོ་ལགས་བསམ་གཞིགས་དགོས་རྒྱུ་ཤིན་ཏུ་གལ་ཆེན་པོ་ཡིན། འོན་ཏང་བཀའ་ཁྲི་མཆོག་གིས་དུས་བཀག་མེད་པར་རྒྱལ་གཅེས་པ་ཚོའི་མིང་ཐོ་གནས་དེ་ནས་བསྒྲགས་སྦྱོང་བྱས་པ་ཡིན་ན། ཁྱེད་ཀྱིས་བཤད་པའི་གཏམ་དེ་བཀའ་ཁྲི་མཆོག་གི་ངན་མཚང་དུ་འགྲོ་རྒྱུ་ཡིན་པ་སྨོས་མེད་ཡིན་མོད། ཡིན་ན་ཡང་། ཁོང་གིས་དུས་བཀག་བྱས་ཏེ་རྒྱལ་གཅེས་པ་ཚོའི་མིང་ཐོ་བསྒྲགས་སྦྱོང་བྱས་རབས་དེར་བཞུགས་ཀྱི་མི་ཀུན་ལ་གྲགས་ཤིང་གྲུབ་པའི་གཏམ་དུ་སྣང་། དེར་རྟེན་སྐུ་ཉིད་ཀྱིས་བསམ་ཤེས་མཛོད།
སེམས་ནང་གང་དྲན་སྙིང་གཏམ་དང་ཁ་ནས་གང་བརྗོད་བཀའ་སློབ་ཟེར་ན་ད་ལྟའི་དུས་ཚོད་འདི་ལ་ཕལ་ཆེར་འགྲིག་མིན་བཤད་དཀའ་དྲ་གྲོགས་རྣམས་ཐུགས་བསམ་བཞིས་དགོས་བསམ།
མི་གཅིག་གི་མིང་སྔོན་ལ་སྟོན་མིན་གྱི་རྩོད་གཞི་ལ་གུས་པས་ནམ་ཡང་ཧང་བསམ་ནས་རྩོད་པ་མི་རྒྱག།
རྒྱལ་གཅེས་པ་ཚེ་རིང་འོད་ཟེར་ལགས། ཁྱེད་ཀྱིས་སྲིད་སྐྱོང་བློ་སེང་ལགས་ཀྱིས། རྒྱལ་སྲས་སེམས་པ་ཆེན་པོའི་གྲྭ་ཊ་བྷེའི་མཚན་མ་བཀློགས་པར་དོགས་དྲི་གནང་བར་རྗེས་སུ་ཡི་རང་དང་། བསྔགས་བརྗོད་ཞུའོ། འོན་ཀྱང་དྲ་འབུ་དག་གིས་ཁྱེད་ཀྱི་དྲི་བ་འདིའི་སྐབས་དང་བསྟུན་ཏེ། རང་རེའི་སྲིད་སྐྱོང་མཆོག་ལ་སྐུར་འདེབས་ཞུ་བཞིན་འདུག་པས། ཁྱེད་ཀྱིས་ཐབས་མཁས་གནང་ན་མ་གཏོགས། ཕུ་ནུ་མཐུན་འབྲེལ་ལ་གནོད་ཚབས་ཆེ་ཉེན་འདུག་གོ། ཡིན་ཡང་ཁྱེདཀྱིས་གང་འབྲི་འདོད་པ་དེ་ངེས་པར་དུ་འབྲི་དགོས། དྲ་འབུ་དག་ལ་ལྟོས་ཏེ་འབྲི་རྒྱུ་མཚམས་འཇོག་མི་རུང་། གང་ཡིན་ཟེར་ན་ཁྱེད་ཀྱི་བྲི་བཞིན་པའི་ཡིག་འབྲུ་རེ་རེ་ནི་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམ་སྟེ། ལྷག་བསམ་གཡོ་མེད་ཀྱི་ཡིག་འབྲུ་ཡིན་པས་སོ།
ཕྱོགས་ཞེན་བྲལ་བའི་གཞིས་སྡོད་བོད་མིའི། ཁྱེད་འདྲ་བས་རང་རེ་སྤྱི་ཚོགས་ལ་ཐེར་འདོན་དང་སྐྱོན་བརྗོད་གནང་ན་ཕན་ཐོགས་ངེས་སོ།
“དོན་དག་ཆུང་ཚག་གང་ཟག་སྒེར་གྱི་སྙིང་ཉེ་བ་ཞིག་ལ་ཉིན་གླ་མཚམས་འཇོག་པའི་རྐྱེན་ངན་ཙམ་ཡང་བཟོད་པར་མི་ནུས་ནས། བྱེ་བ་དྲུག་གི་ཚབ་མཚོན་ནུས་ངེས་ཤེས་པས་ལོ་ནས་ལོ་བསྟུད་བསྲེག་བཅད་བརྡར་པའི་གསེར་བཞིན་ཡང་ནས་ཡང་དུ་བརྟག་ཅིང་དཔྱད་ནས་གདེམས་བསྐོས་བྱས་པའི་བཀའ་ཁྲིར་ཁྱད་གསོད་བྱས་རྐྱང་བྱེད་པ་འདི་དག་ནི། ཤེས་ལྡན་དག་གི་ལས་ཀ་མིན” ཟེར་ནས་རིག་པའི་རལ་གྲི་ཞེས་པས་སླར་ཡང་གནད་དོན་འདི་དྲུད་ནས་སླེབས་བྱུང་ལ། ད་དུང་དོན་དག་ཆུང་ཚགས་དང་ཉིན་གླ་མཚམས་འཇོག་ཙམ་དང་ཁྱད་གསོད་བྱས་ཟེར་བའི་ཚིག་དག་དག་སྤྱད་འདུག
བདེན་དོན་ལ་མངོན་སུམ་དུ་བསྙོན་དོན་ཅི་ཡིན་ཆ་མ་འཚལ་ན་ཡང། དེ་ནི་ཉིན་གླ་ཙམ་གྱི་གནད་དོན་ཞིག་མིན་པ་གཟུ་བོར་གནས་པ་ཚོས་ལོས་ཤེས། ཉིན་གླའི་ལས་ཀ་ནས་མཚམས་བཅད་པ་གཅིག་པུ་ཡིན་ན་དེ་ལ་གླེང་གཞི་ཆེན་པོ་ཞིག་ཡོང་དགོས་དོན་མེད། དེ་ལྟར་ཐག་བཅད་པས་ཆོག་ན་ཡང་བཅད་མེད། དེ་ནི་རྩོམ་པ་པོའི་རང་དབང་སྨྲ་བརྗོད་ལ་ཚད་བརྒལ་གྱི་ཉེས་ཆད་བཏང་བ་ཞིག་ཡིན། ཉེས་པ་མེད་པའི་ཉེས་ཆད་ཅིག་ཡིན། འདི་རྩོམ་པ་པོ་མང་པོར་ཕོག་ཐུག་འགྲོ་ཉེན་ཞིག་ཡིན། དེ་བས་དེ་དོན་ཆུང་ཞིག་ཀྱང་མིན། ཉེས་ཆད་དེ་འདྲ་འབབ་ཀྱི་མི་འདུག དེ་མི་འགྲིག་གི་ཞེས་བཤད་པ་ཙམ་ལ་ཁྱད་གསོད་ཅེས་པའི་ཐ་སྙད་འདི་གཏན་ནས་འཇུག་ས་མེད།
རྒྱལ་གཅེས་པ་ཚེ་རིང་འོད་ཟེར་ལགས། ཁྱེད་ཀྱིས་སྲིད་སྐྱོང་བློ་སེང་ལགས་ཀྱིས། རྒྱལ་སྲས་སེམས་པ་ཆེན་པོའི་གྲྭ་ཊ་བྷེའི་མཚན་མ་བཀློགས་པར་དོགས་དྲི་གནང་བར་རྗེས་སུ་ཡི་རང་དང་། བསྔགས་བརྗོད་ཞུའོ། འོན་ཀྱང་དྲ་འབུ་དག་གིས་ཁྱེད་ཀྱི་དྲི་བ་འདིའི་སྐབས་དང་བསྟུན་ཏེ། རང་རེའི་སྲིད་སྐྱོང་མཆོག་ལ་སྐུར་འདེབས་ཞུ་བཞིན་འདུག་པས། ཁྱེད་ཀྱིས་ཐབས་མཁས་གནང་ན་མ་གཏོགས། ཕུ་ནུ་མཐུན་འབྲེལ་ལ་གནོད་ཚབས་ཆེ་ཉེན་འདུག་གོ། ཡིན་ཡང་ཁྱེདཀྱིས་གང་འབྲི་འདོད་པ་དེ་ངེས་པར་དུ་འབྲི་དགོས། དྲ་འབུ་དག་ལ་ལྟོས་ཏེ་འབྲི་རྒྱུ་མཚམས་འཇོག་མི་རུང་། གང་ཡིན་ཟེར་ན་ཁྱེད་ཀྱི་བྲི་བཞིན་པའི་ཡིག་འབྲུ་རེ་རེ་ནི་ཚེ་སྲོག་གི་ཉེན་ཁ་ལ་མ་འཛེམ་སྟེ། ལྷག་བསམ་གཡོ་མེད་ཀྱི་ཡིག་འབྲུ་ཡིན་པས་སོ།
ཕྱོགས་ཞེན་བྲལ་བའི་གཞིས་སྡོད་བོད་མིའི། ཁྱེད་འདྲ་བས་རང་རེ་སྤྱི་ཚོགས་ལ་ཐེར་འདོན་དང་སྐྱོན་བརྗོད་གནང་ན་ཕན་ཐོགས་ངེས་སོ།
སྤྱིར་འོད་ཟེར་ལགས་ཀྱིས་རྩོམ་འབྲི་མཛད་པ་ནི་དགའ་བསུ་ཞུ་བཞིན་ཡོད། ཁོང་གི་རྩོམ་འདི་ལ་མི་འགྲིག་པ་མིན་འདུག ཁོང་གི་བོད་རྩ་དོན་སེམས་བཅངས་ཀྱིས་དཔྱད་རྩོམ་མཛད་པ་ནི་ཁོང་གི་སྒེར་གྱི་གཞི་རིམ་ཐོབ་ཐང་ཡིན། འོན་ཀྱང་། འགའ་རེས་དེ་ཆོལ་ཁ་ཆོས་ལུགས་ཀྱི་གནད་དོན་དང་མཉམ་བསྲེས་བྱེད་པ་ནི་སྤྱི་ཚོགས་ཀྱི་འགན་ཁུར་མེད་པའི་སྐད་ཆ་ཞིག་ཡིན། བྱས་ཙང་། ད་ཕྱིན་སྐད་ཆ་ཉ་ག་ཉོ་གེ་འདིའི་རིགས་འཁྱེར་མ་ཡོང་རོགས།
སྤྱིར་དབུ་ཁྲིད་ལ་སྐྱོན་བརྗོད་ཆོག་པ་དང་། སྨྲ་བརྗོད་རང་དབང་ཡོད་པ་དེ་མང་གཙོ་ཚད་ལྡན་ཀྱི་རྒྱལ་ཁབ་དང་སྤྱི་ཚོགས་ཡོངས་ལ་ཡོད་པ་དེ་འདིར་བསྐྱར་བཟློས་མི་དགོས་ལ།
བཀའ་བློན་ཁྲི་བས་”ལོ་སྔོན་མ་གཅིག་པུར” ཞེས་གསལ་གསལ་ཐིག་ཐིག་དཔེར་མཚོན་དུ་སྨྲས་བཞིན་དུ། འདྲི་བ་འདི་འདྲ་བཀོད་ན། འོད་ཟེར་ལགས་ཀྱིསབཀའ་བློན་ཁྲི་བས་ག་རེ་བྱས་ནས་ཐུབ་བསྟན་དངོས་གྲུབ་ལགས་ཀྱི་མིང་མ་སྨོས་པ་ཡིན་ནམ་ཟེར་མ་དྲིས་པའི་རྒྱུ་མཚན་ཅི་ཡིན་ནམ།
ད་དུང་གཏམ་བརྗོད་ལ་རང་དབང་མེད་པ་ཕྱི་གསལ་ནང་གསལ་ཡིན་པའི་། དམྱལ་བ་མི་ཡུལ་དུ་འཕོས་པ་ཟེར་གོང་ས་མཆོག་མན་ཆོད་ཀྱིས་མ་ཎི་འདོན་བཞིན་སྐྱོར་སའི་ས་ཆ་ནས་མང་གཙོ་ཚད་ལྡན་གྱི་ལུང་པར་ཆོག་པ་ནང་བཞིན་པའི་བཀའ་བློན་ཁྲི་བར་དྲི་བ་འདི་འདྲ་འདྲི་ཆོག་པ་འདི་དངོས་ནས་ངོ་མཚར་རེད། ། རང་རེས་རྒྱ་ནག་ནང་ཁུལ་དང་། བོད་ནང་གི་བོད་མིར་གཏམ་བརྗོད་ལ་རང་དབང་ཡོད་མ་རེད་ཟེར་འཛམ་གླིང་སྐྱེ་བོའི་ཁྲོད་དུ་ཇི་ཙམ་སྨྲས་པ་དེ་དག་སྒྲིབ་པའི་སྒྲིབ་ཤིང་འཁོར་ལོ་ཞིག་མིན་པའི་རེ་སྨོན་ཞུ་བཞིན་ཡོད།
དེ་དང་སྐྱོན་ཆུང་ཚག་ཐེར་འདོན་བྱས་ནས། མང་གཙོ་ཚད་ལྡན་ཡོད་པའི་རྒྱལ་ཁབ་ཀྱི་རྗེས་འཇུག་བྱེད་པར་རློམས་ན། སྤྱི་མཐུས་ཞིག་གི་ལམ་གྲོན་གྱིས་རྐྱེན་པས་སྤྱི་འཐུས་གྲོས་ཚོགས་གཏོར་། གོང་ས་མཆོག་གི་ཐུགས་དགོངས་དཀྲུགས། གཞི་བྱེས་བོད་མི་ཡོངས་ཀྱི་སེམས་ལ་རྨ་ཁ་བཟོས་པ་ནང་བཞིན་ཆགས་སྲིད་ཀྱི་རེད།
སྤྱིར་ཤེས་ལྡན་ཞིག་ཡིན་པའི་དབང་དུ་གཏོང་ན། རང་རེ་སྤྱི་ཚོགས་འདི་ད་ལྟ་གང་འདྲ་ཞིག་ལ་སླེབས་ཡོད་མེད་དང་། རང་རེའི་སྤྱི་ཚོགས་འདིའི་བསམ་གནོའི་ཁྱེར་སོ། ལྟ་གྲུབ་འཛིན་ཚུལ། ཆོས་ལུགས་དང་ལུང་ཚན་གྱི་ཕྱོགས་ཞེན་གྱིས་ཇི་ཙམ་དབང་བསྒྱུར་བྱེད་ཀྱི་ཡོད་མེད་ཟུར་བལྟས་ལེབ་མཐོང་ཕར་བལྟས་ཚུར་གསལ་ལགས་ན། དེ་དང་མཚམས་པའི་བསམ་ཚུལ་ལས། ལྟོ་འབྲངས་ཉི་མས་དྲོས་ཚེ། ལྷག་བསམ་ཆེ་མདོག དྲངས་པོ་ཡོད་མདོག མི་རིགས་ལ་ཤ་ཞེན་ཆེ་མདོག བོད་དོན་གྱི་འཐབ་རྩོད་ཤི་འཐབ་བཟོ་མདོག་སྟོན་ཅིང་། དོན་དག་ཆུང་ཚག་གང་ཟག་སྒེར་གྱི་སྙིང་ཉེ་བ་ཞིག་ལ་ཉིན་གླ་མཚམས་འཇོག་པའི་རྐྱེན་ངན་ཙམ་ཡང་བཟོད་པར་མི་ནུས་ནས། བྱེ་བ་དྲུག་གི་ཚབ་མཚོན་ནུས་ངེས་ཤེས་པས་ལོ་ནས་ལོ་བསྟུད་བསྲེག་བཅད་བརྡར་པའི་གསེར་བཞིན་ཡང་ནས་ཡང་དུ་བརྟག་ཅིང་དཔྱད་ནས་གདེམས་བསྐོས་བྱས་པའི་བཀའ་ཁྲིར་ཁྱད་གསོད་བྱས་རྐྱང་བྱེད་པ་འདི་དག་ནི། ཤེས་ལྡན་དག་གི་ལས་ཀ་མིན།
རང་གི་དབུ་ཁྲིད་ལ་རང་གི་མིས་སྐྱོན་བརྗོད་པ་དེ་ཤ་ཚ་བའི་གཏམ་ཡིན། ཡང་གཅིག་བཤད་ན་དམངས་གཙོ་ཞེས་པའི་རང་དབང་སྨྲ་བརྗོད་ཀྱི་ཁྱད་ཆོས་དེ་རེད། འདི་ཙམ་གྱིས་ཆོལ་ཁའི་བར་དང་གཞུང་དམངས་བར་ལ་འགལ་བ་དང་ཆིག་སྒྲིལ་ལ་ཉེན་ཁ་ཡོང་བསམ་ན་བསམ་མཁན་དེ་རིགས་ཀྱི་བློ་ཁོག་གུ་དོག་དྲགས་པ་རེད།
ངའི་བསམ་ཚུལ་ལ་འདི་ལྟར་དུས་ཐོག་ཆར་བ་ལྟར་དུ་ལེགས་ཉེས་བླང་དོར་གསལ་འབྱེད་གནང་བ་འདི་རིགས་དགེ་མཚན་ཆེ་བར་མཐོང་གི་ཡོད། སྐྱོན་མེད་སར་སྐྱོན་བཙལ་བ་དང་སྐྱོན་ཆུང་བ་ཞིག་ཆེ་བར་བཏང་ན་མི་འགྲིགས་ལ། ལྷག་པར་དུ་ཡང་མི་དཀར་ལ་ཞྭ་ནག་གཡོག་ན་གཏན་ནས་མི་འགྲིགས། འདི་ལ་མི་ཆེ་ཆུང་དང་བཟང་ངན་གྱི་དབྱེ་བ་མེད།
སྐབས་དོན་སྐབས་དེའི་བཀའ་ཁྲིའི་གསུང་དུམ་བུ་ཞིག་དྲངས་ན།
“སྔ་ལོ་ཕྱི་ཟླ་གསུམ་པ་ནས་བཟུང་རྔ་པ་ཁུལ་དང་རྟའུ། གསེར་རྟ།
ཆབ་མདོ་སོགས་སུ་བོད་མི་མང་པོ་འཛིན་བཟུང་བཀག་ཉར་གྱི་གནས་སྟངས་ཛ་དྲག་ཇི་ཆེར་སོང་ཡོད། སྔ་ལོ་གཅིག་པུར་ང་ཚོས་ཤེས་རྟོགས་བྱུང་བར་བོད་རིགས་ན་གཞོན་བཅུ་གཉིས་ཀྱིས་རང་ལུས་མེར་སྲེག་བཏང་བའི་ཡིད་སྐྱོ་བའི་གནས་ཚུལ་བྱུང་ཡོད། དེ་ཡང་ ༡།དགེ་འདུན་པ་བློ་བཟང་ཕུན་ཚོགས་རང་ལོ་ ༢༡ དང༌། ༢།དགེ་འདུན་པ་ཚེ་དབང་ནོར་བུ་རང་ལོ་ ༢༩། ༣།དགེ་འདུན་པ་བློ་བཟང་སྐལ་བཟང་རང་ལོ་ ༡༨། ༤།དགེ་འདུན་པ་བློ་བཟང་དཀོན་མཆོག་རང་ལོ་ ༡༨། ༥།དགེ་འདུན་པ་བློ་བཟང་དབང་ཕྱུག་རང་ལོ་ ༡༧། ༦།མཁའ་དབྱིངས་རང་ལོ་ ༡༨། ༧།ཆོས་འཕེལ་རང་ལོ་ ༡༩། ༨།ནོར་བུ་དགྲ་འདུལ་རང་ལོ་ ༡༩། ༩།བཙུན་མ་བསྟན་འཛིན་དབང་མོ་རང་ལོ་ ༢༠། ༡༠།དགེ་འདུན་པ་ཟླ་བ་ཚེ་རིང་རང་ལོ་ ༣༨། ༡༡།བཙུན་མ་དཔལ་ལྡན་ཆོས་བཟང་རང་ལོ་ ༣༥། ༡༢།བསྟན་འཛིན་ཕུན་ཚོགས་རང་ལོ་ ༤༠ བཅས་ཡིན། ཡིད་སྐྱོ་བའི་དོན་རྐྱེན་དེ་དག་ལ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ཀྱང་ཐུགས་འཚབ་ཆེན་པོ་མཛད་ཀྱི་ཡོད་པ་མཁྱེན་གསལ་རེད། ང་ཚོའི་ངོས་ནས་ཀྱང་སེམས་འཚབ་དང་སྦྲགས་བོད་ཀྱི་རྩ་དོན་མུ་མཐུད་གནས་པར་ཁོང་ཚོ་འཚོ་གནས་དགོས་པའི་ངོས་འཛིན་ཞུ་བཞིན་ཡོད། དེར་བརྟེན་བོད་ཕྱི་ནང་གཉིས་སུ་འཁོད་པའི་བོད་རིགས་སྤུན་ཟླ་རྣམས་ཀྱིས་བོད་མིའི་ཕུགས་རྒྱང་རིང་པོའི་ཁེ་ཕན་ཆེད་ཤེས་ཡོན་ཐོག་ནུས་ཤུགས་སྒྲིལ་དགོས་པའི་འབོད་སྐུལ་ཞུ་གི་ཡོད། གོང་གསལ་རང་ལུས་མེར་སྲེག་གཏོང་མཁན་བཅུ་གཉིས་ནས་བདུན་འདས་གྲོངས་སུ་གྱུར་ཟིན་པ་དང་ལྔའི་གནས་སྟངས་གར་སོང་ཆ་མེད་ཀྱི་གནས་སྟངས་སུ་གྱུར་འདུག
སྤྱིར་བསྟན་སྲིད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་བློས་གཏོང་མཁན་ཡོངས་དང་ཡང་སྒོས་གོང་གསལ་འདས་གསོན་རྣམས་དང་ཁོང་ཚོའི་ཕ་མ་གཉེན་ཉེ་གཙོ་བོ་གྱུར་བའི་འཛིན་བཟུང་བཙོན་འཇུག་གི་དམ་བསྒྲགས་འོག་ཚུད་ཡོད་པའི་གཞིས་བཞུགས་སེར་སྐྱ་མི་མང་ཡོངས་ལ་གདུང་སེམས་མཉམ་སྐྱེ་ཞུ་ཆེད་དང༌། བོད་དོན་བདེན་མཐའ་མྱུར་དུ་སེལ་བར་སྤྱི་མཐུན་གྱི་བསོད་ནམས་གོང་མཐོར་སྤེལ་སླད་དེ་རིང་རེས་གཟའ་ལྷག་པའི་ཉིན་བདག་ཅག་སྟོན་པ་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་མཆོག་རྡོ་རྗེ་གདན་གྱི་རྟེན་མཆོག་སྤྱན་སྔའི་དྲུང་དུ་མཆོག་གསུམ་རྒྱལ་བ་རྒྱ་མཚོའི་ཐུགས་རྗེས་བསྐུལ་བའི་མཆོད་འབུལ་སྨོན་ལམ་རྒྱས་པ་འདིེ་གཞུང་དམངས་གཉིས་ནས་གོ་སྒྲིག་ཞུས་པ་ཡིན།”
གོང་གསལ་འདི་ལས་བཀྲ་བྷེའི་མཚན་མ་བརྗོད་པ་དེ་བསམ་བཞིན་དང་བརྗེད་སོང་བ་སོགས་ཀྱི་ནོར་འཁྲུལ་མིན་པ་གསལ་རྟོགས་ཐུབ། འདི་ནི་སྔ་ལོ་གཅིག་པུ་དཔེ་མཚོན་ལ་དྲངས་པ་ཞིག་རེད། འདི་ལ་མ་འོས་པ་གང་ཡང་མི་འདུག གལ་ཏེ་རྒྱལ་གཅེས་དཔའ་བོ་སྤྱི་དང་ལྷག་པར་རང་ལུས་མེ་བསྲེགས་བཏང་མཁན་ཁོ་ནའི་གནས་བབ་ཅིག་གླེང་བ་ཡིན་ན་དེ་དང་འབྲེལ་ཡོད་ཀྱི་མགོ་མཇུག་ཚང་མ་ཚང་དགོས་ཟེར་ན་འོས་པ་ཞིག་རེད།
ངས་འདི་ལྟར་གསལ་བཤད་བྱེད་དོན། ཆེད་དུ་ང་ཚོའི་ཁྱིམ་ཁ་གསུམ་པོར་ཕྲ་མ་བྱེད་མཁན་དང་བསམ་མ་ཤེས་པར་རི་བོང་ཅལ་འདྲོགས་བྱེད་མཁན་ཚོར་གོ་བརྡ་ཞིག་སྤྲད་པ་ཡིན།
མདོར་བསྡུས་ན། བཀའ་ཁྲིའི་སྐབས་འདིའི་གསུང་བཤད་ལ་སྐྱོན་ཆེན་པོ་མེད་པ་མ་ཟད་འོད་ཟེར་ལགས་ཀྱིས་དགོངས་འཆར་གནང་བ་དེ་ཡང་འགྲིག་པ་ཞིག་རེད། གླེང་སྟངས་འདི་རིགས་ནི་གུང་ཁྲན་ཏང་ལ་མེད་པའི་ང་ཚོའི་དམངས་གཙོའི་གཏམ་བརྗོད་ཀྱི་གཟི་བརྗིད་ཡིན་ཞེས་སྨྲ་བར་སྤོབས་སོ།
བོད་དུས་ལགས།་ཨ་ཁུ་སྟོན་པ་ཟེར་བས་བྲུས་ཡོད་པའི་རང་སྲེག་དཔའ་རྒོད་ཕོ་མོ་ཚོའི་ཐོ་གཞུང་ནང་དུ། རང་སྲེག་གིས་ཚེ་འདས་སུ་གྱུར་བ་ཨང་ཉེར་གཅིག་པ་དེའི་མཚན་དང་ལོ་གྲངས། ས་གནས་བཅས་གང་མགྱོགས་འགོད་རོགས་ཞུ
གཞན་བྱུང་ན་དེ་དག་གི་ལོ་རྒྱུས་སྙིང་བསྡུས་རེ་ཡང་་་་།་བཀའ་དྲིན་ཆེ། བདེ་མོ བྱོས།
བསྟན་འཛིན་ཆོས་རྒྱལ་ལགས་ལ་ཡིད་ཆེས་ཡོད་མེད་གཙོ་བོ་མ་རེད། གཞིས་བཞུགས་སྤུན་ཟླ་ཚོའི་དྲན་སྐུལ་བྱས་པ་བརྩི་འཇོག་བྱས་ནས་བཀྲ་བྷེ་ཞེས་ཁ་ལྕེ་ཞིག་འགུལ་རྒྱུ་དེ་དངོས་གནས་བྱས་ན་ལས་སླ་མོ་ཞིག་རེད།
ནོར་འཁྲུལ་ཤོར་བ་དེ་ཙམ་ནོར་འཁྲུལ་མེད་ཀྱང་ནོར་འཁྲུལ་ངོས་ལེན་མེད་པ་ནི་ཆེས་ཆེ་བས་ནོར་འཁྲུལ་ཞིག་དང་བཟང་སྤྱོད་ལས་འདས་པའི་གནད་དོན་ཞིག་རེད་འདོད།
བཀའ་ཁྲིས་བརྗེད་གཏན་ནས་མི་སྲིད་པར་བདག་ལ་ཡིད་ཆས་གཙང་མ་ཡོད དེ་བཞིན་་རྣམ་པ་ཚོས་ཀྱང་ཡིད་ཆས་གནང་རོགས. དེ་བཞིན་ཉིས་སྟོང་བཅུ་གཅིག་གི་ལོ་རང་ནས་རྩིས་པ་རེད་སྙམ. ཡིན་ཡང་རྗེས་ཕྱོགས་ནས་བཟབ་ནན་གནང་རོགས་གནོངས་ཞེས་དཔལ་ལྡན་སྲིད་སྐྱོང་བ་མཆོག་ལའང་རེ་སྐུལ་ཞུ་འདོད་བྱུང་ངོ།།
བཀའ་ཁྲི་མཆོག་ནས་ནས་ཡོ་རོབ་ཀྱི་གསུངས་བཤད་ལ་ནོར་འཁྲུལ་བྱུང་བ་ངེས་ལེན་གནང་ནས་ཁ་སེང་དུས་དབང་སྐབས་ཡོ་སྲངས་གནང་བ་ནི་དངོས་གནས་མི་སྤྱོད་དང་མཐུན་པ་མ་ཟད་བསྔགས་འོས་པ་ཞིག་རེད། འོན་ཀྱང་ཡོ་སྲང་གནང་ལུགས་ནི་རྣམ་དཔྱོད་ལྡན་པ་ཞིག་མ་བྱུང་བ་དེ་བློ་ཕན་རང་རེད། འོན་ཀྱང་མི་ལ་སྐྱོན་དང་ཤིང་ལ་མཛེར་པ་མེད་པ་ཞིག་མེད་པ་མཁྱེན་པ་མཛོད་ཞུ་རྒྱུ་དང་། བཀའ་ཟུར་སློབ་དཔོན་ཟབ་མདོང་མཆོག་ནས་གཞུང་གི་ལས་ཀྱི་སྣེ་མོ་བའི་ནོར་འཁྲུལ་ལ་ཡོ་བསྲང་དང་ཐེར་འདོན། སྒྲིག་འཛུགས་ཀྱིས་མི་རིགས་དང་སྤྱི་ཚོགས་ལ་བསྐུར་བའི་ལས་དོན་ཐོག་འབད་འབུང་བྱ་རྒྱུ་བཅས་ནི་མང་ཚོགས་ལ་འཁྲི་བའི་ལས་འགན་རེད། གསུང་པ་དེ་ཡང་མི་མང་ཚང་མས་སེམས་ལ་བཞག་ཐུབ་པ་ཞིག་དགོས།
ངས་གུས་བརྩི་ནམ་ཡང་ཞུ་སའི་འོད་ཟེར་ལགས་ཀྱིས། སྔོན་མོ་རང་གི་ཁྱོ་ག་ཝང་ལིང་ཞུས་ཀྱིས། བཙན་བྱོལ་གྱི་བོད་རྣམས་ལ་སྙིང་སྟོབས་འཇོམ་པའི་འདྲ་ཆགས་ཆགས་ཀྱི་ལན་འདེབས་དེ་དག་དྲན་ལམ་དུ་འཆར་བཅུག་སོང་ལ། དེ་རིང་གི་འོད་ཟེར་ལགས་ཀྱི་བརྩམས་ཐུང་འདི། བཙན་བྱོལ་དུ་མཆིས་པའི་སྡོང་པོ་དོར་ནས་ཡལ་ག་ལ་དམ་དུ་འཁྱུད་པའི་ཀླད་སྟོང་རྣམས། འུར་ཟིང་གིས་རི་བོང་ཅལ་བ྄ོས་ཀྱིས་རང་རེའི་དབུ་ཁྲིད་ལ་དམའ་འབེབ་དང་། བཀའ་བློན་ཁྲི་བའི་ལྟ་གྲུབ་དང་པོ་དེ་གཏོར་གཤིགས་བྱེད་པའི་འདྲ་ཆགས་ཆགས་ཀྱི་བརྩམས་ཡིག་ཞིག་ཏུ་མཐོང་གི་ཡོད། འཆོལ་གསུམ་གཅིག་སྒྲིལ་ཡང་དག་པར་ཁ་ཁོག་གཉིས་བྲལ་མེད་པའི་ཉེར་ལེན་གྱིས་བོད་རྒྱ་འོག་ཏུ་ཤོར་ཡོད་། སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་ཐུགས་རྗེ་དང་མཁྱེན་རབ་ཐབས་མཁས་ཀྱིས་ཆིག་སྒྲིལ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོད་ལ། ཆིག་སྒྲིལ་ནི། བོད་དོན་འཚོ་བའི་ཚེ་སྲོག་ཡིན། ཚེ་སྲོག་ལ་འཚེ་བའི་ངན་ཇུས་ནི། ཕྱི་ནང་སུས་བརྩམས་ནའང་བཟློག་པར་བྱ་བ་འབའ་ཞིག་ཡིན། དྲྭ་གྲོགས་རྣམས་ལ་ཡང་བསྐྱར་གསལ་འདེབས་ཞུ་རྒྱུར། སྤྱིར་ཆོས་རྗེ་ས་སྐྱ་པན་ཆེན་གྱི་ཞལ་སྔ་ནས། རི་དྭགས་རྔ་མ་མ་བསྟན་ན། ་བོང་ཤ་གཙོང་བར་མི་ནུས་ལྟར། གསུངས་པ་བཞིན། སྔོན་རྗེས། ཕྱི་ནང་། རང་གཞན་སུས་རྣམ་དཔྱོད་ཀྱི་དཔྱད་འབྲས་བཏོན་ན། ཞིབ་འཇུག་ཡང་དག་པར་བྱེད། རི་དྭགས་རྔ་མ་སྟོན་ནས་བོང་ཤ་གཙོང་བ་རེད་འདུག་གམ། རི་དྭགས་ཀྱི་རྔ་མ་སྟོན་ནས་རི་དྭགས་ཀྱི་ཤ་ངོ་མ་གཙོང་གིན་འདུག་བལྟ་དགོས་རྒྱུ་དེ་གལ་ཆེན་པོ་རེད་དྲན་གྱི་ཡོད
དྲ་གྲོགས་ཚོས་བཤད་ན་བཀྲ་བྷེ་བརྗེད་སོང་མིན་དང་བཀའ་ཁྲི་ཞིབ་ཚགས་ཡིན་མིན་སོགས་རེད། ཡིན་ནའང་གནད་དོན་གཙོ་བོ་ཡོ་རོབ་ཁག་ནས་གསུང་བཤད་དེ་ནོར་འཁྲུལ་ཤོར་སོང་བ་དེ་ད་རེས་༢༠༡༡་གིས་ཁ་གསབ་བྱས་དེ་ཡོལ་ཐབས་བྱས་བ་དེ་རེད།། ལོ་ཚིགས་དེ་ཁ་སྣོན་བྱེད་པ་ལས་དཔའ་བོ་ཁོང་གི་མཚན་བཀླགས་ཡོད་ན་བསམ་གྱིན་འདུག་ནོར་འཁྲུལ་ཤོར་བ་དེ་ཡོལ་སྟངས་ནས་བཀའ་ཁྲིའི་ཀུན་སློང་གནད་དོན་ཡོད་པའི་དོགས་པ་འདུག །
ཕལ་ཆེར་ཚེ་རིང་འོད་ཟེར་གྱིས་དྲ་ངོས་འདི་ཀློག་གིན་ཡོད་མེད་མི་ཤེས། འོན་ཀྱང་ཞུ་རྒྱུ་ལ། བཙན་བྱོལ་བོད་མི་རྣམས་ཀྱིས་ཀྲ་བྷེ་ལགས་དུས་ནམ་ཡང་བརྗེད་སྲིད་ཀྱི་མ་རེད། ཁོང་ཙམ་དུ་མ་ཟད། བོད་དོན་དུ་རང་སྲོག་བློས་གཏོང་གནང་མཁན་སུ་ཡིན་རུང་གནས་ཡུལ་གྱི་ཁྱད་པར་མེད་པར་དུས་ནམ་ཡང་བརྗེད་མི་སྲིད། འདི་ནི་བློ་ཐག་ཆོད་པོས་ཐོག་ནས་བཤད་ཐུབ། བོད་རྒྱལ་ལོ། །
གཞུང་གི་ལས་ཀྱི་སྣེ་མོ་བའི་ནོར་འཁྲུལ་ལ་ཡོ་བསྲང་དང་ཐེར་འདོན། སྒྲིག་འཛུགས་ཀྱིས་མི་རིགས་དང་སྤྱི་ཚོགས་ལ་བསྐུར་བའི་ལས་དོན་ཐོག་འབད་འབུང་བྱ་རྒྱུ་བཅས་ནི་མང་ཚོགས་ལ་འཁྲི་བའི་ལས་འགན་རེད། ཁྲི་ཟུར། ཟམ་གདོང་རིན་པོ་ཆེའི་གསུང་ཕབ་བཤུས།
དུས་དབང་སྐབས་ཀྱི་སྨོན་ལམ་ཆེན་མོ་འདི་འདྲའི་སྐབས་སུ་ཉེ་ལམ་གྱི་སྐུ་གཤེགས་དཔའ་བོ་རྣམ་པས་གཙོས་བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་བཏང་བ་ཚང་མར་བསྔོ་བ་སྨོན་ལམ་བརྒྱབ་ཡོད་ངེས་ཡིན། དེ་བས་བཀའ་ཁྲིས་བཀྲ་བྷེ་ལགས་ཀྱི་མཚན་སྨྲས་མེད་པ་དེས་བོད་མི་མང་པོའི་སེམས་ལ་དོ་ཕོག་མི་འབྱུང་སྙམ། འོད་ཟེར་ལགས་ཀྱིས་འདི་ལྟར་ཞིབ་ཚགས་ཀྱིས་གནད་དོན་གསལ་བརྗོད་གནང་བར་ཡང་བཀའ་དྲིན་ཆེ་འོས་པ་ཞིག་རེད་ལ་ཡིད་ལ་འཛིན་དགོས་པ་ཞིག་ཀྱང་རེད།
མཁྱེན་རབས་ཀྱི་རྣམ་སྤྱོད་ཡངས་པའི་འོད་ཟེར་མཚོ་ལགས། བཀྲ་བྷེ་ལགས་ཀྱིས་རང་ལུས་མེ་བསྲེགས་གཏོང་དོན་ནི་བོད་ཆོལ་གསུལ་གཅིག་སྒྲིལ་ཡོང་ཆེད་ཡིན་པ་ལས་ཁོང་འདས་རྗེས་བོད་མི་ཚོ་ཕན་ཚུན་ནང་འཁྲུག་ཡོང་ཆེད་མ་ཡིན་པ་ནི་མཁྱེན་ལྡན་མ་ཁྱེད་ལ་ང་ཚོ་སུས་ཀྱང་བཤད་མ་དགོས་པ་ཞིག་ཡིན་པས། དགོས་པ་དང་རྒྱུ་མཚན་གང་ཞིག་གིས་ཁྱོད་ཀྱིས་འདི་ལྟར་རྒྱ་དམར་གྱིས་ཁེས་ལེན་མ་བྱས་པའི་གཡོ་ཅུས་དག་ལ་ངོ་རྒོལ་བྱེད་པ་ལས་བཙན་པའི་འཐབ་རྩོད་ཀྱི་སྨྱུག་རྩེ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་གཏད་པ་ཡིན། སྙན་པར་གྲགས་པའི་མཁྱེན་ལྡན་མ་ཁྱེད་ཀྱི་སྐད་ཆ་འདི་དག་གིས་རྒྱ་དམར་སྲིད་གཞུང་གི་ལག་མཐུལ་ན་སྒོ་ང་བཞིན་ཉམས་ཆུང་བའི་བོད་མིའི་ལས་དབང་ལ་གསུབ་ཏུ་མེད་པའི་རྨ་ཁ་གསར་བ་ཞིག་བཟོ་རྒྱུར་ཐུགས་བསམ་བཞེང་མྱོང་མེད་དམ། བཀྲ་བྷེས་མཚོན་པའི་བོད་མིའི་དཔའ་རྒོད་འདི་དག་བློ་བཟང་སེང་གེ་ཙམ་ཏུ་མ་ཟད་མཐའ་ན་སྲིང་ལམ་ཀྱི་སློང་མོ་བ་ཚོས་ཀྱང་ཤེས་ཚོད་དུ་ཡོད་ན་འདི་ཁྱོད་ཀྱིས་ཅིས་ཕྱིར་ཆབ་སྲིད་ཀྱི་ཐོབ་ཐང་རྩོད་པ་ནང་བཞིན་འཐབ་རྩོད་ཀྱི་དངོས་པོ་ཞིག་ཏུ་བསྐྲུན་པ་ཡིན་ནམ། འཇིག་རྟེན་འདིར་འབྱུང་བཞིན་པའི་བྱ་དགོས་ཡོད་ཚད་དུས་ཚོད་ཀྱི་དབང་གིས་མིང་བརྡ་མི་འདྲ་བ་དང་རྒྱས་བཅད་ཡོང་བཞིན་ཡོད་ནའང་དེས་འདས་ཟིན་པ་བརྗེད་སོང་བའི་བདེན་དབང་ནམ་ཡང་བྱེད་མི་ཐུབ་ལ་ཆོས་ཉིད་ལའང་འབྱུང་མི་སྲིད་པ་ཞིག་ཡིན་པས། དྲ་གྲོགས་ཚོས་ཀྱང་བསམ་བློ་ཞིབ་མོར་བཏང་ནས་རང་ལུས་མེ་བསྲེགས་གཏོང་མཁན་གྱི་དཔའ་བོ་དཔའ་མོ་འདི་དག་གི་མཐར་ཐུག་གི་དམིགས་ཡུལ་གང་ཡིན་ཤེས་བར་བྱེད་རྒྱུ་ཧ་ཅང་གལ་ཆེན་རེད་སྙམ།
སྐུ་ཞབས་དམ་པ་བཀྲ་བྷེའི་མཚན་བརྗེད་པ་ཡིན་ནམ། ཡང་ན་བསམ་བཞིན་དུ་བཞག་པ་ཡིན་མིན་བཤད་ཚོད་དཀའ་མོད། གང་ལྟར་ད་ལྟའི་བཀའ་ཁྲིའི་ལས་ཀའི་ངོས་ནས་བཤད་ན་གཟབ་ནན་དང་། ཞིབ་ཚགས་མེད་པའི་ཟ་རི་ཟི་རིའི་ལས་ཀ་ཞིག་ཡིན་པ་ར་སྤྲོད་བྱས་པ་རེད།
ཆབ་སྲིད་པ་ཞིག་གིས་ངོས་ནས་བཤད་ན་རྒྱ་ཆེའི་མི་དམངས་རྣམས་ཡར་བསླངས་དང་། ཀུན་སློང་། སེམས་འགུལ་ཐེབས་པ་བཅས་བཟོ་ཐུབ་པ་དགོས། རྒྱ་ནག་གསར་བརྗེའི་སྐབས་སུ་མའོ་ཙེ་ཏུང་གིས་གསུང་མྱོང་ལྟར་ན། སྐབས་དེར་གསར་བརྗེའི་མི་དམངས་ཚོར་བཀའ་སློབ་གནང་དོན།་་་་སྐྱེ་བ་དེ་རླབས་ཆེ་ལ། ཤི་བ་དེ་གཟི་བརྗིད་གཅིག་རེད།་་་་་་་ཅེས་ཚིག་ཉུང་ལ་དོན་ཆེ་ཞིང་མི་རྣམས་ཀྱི་ཡིད་དབང་འཕྲོག་ཅིང་སེམས་ཤུགས་ཀྱི་མེ་ལྕེ་རབ་ཏུ་སྤར་ཐུབ་ཡོད།
གནས་ཚུལ་དེ་དངོས་གནས་ཡིན་ཚེ་ང་ཚོའི་ད་ལྟའི་བཀའ་ཁྲིའི་ལས་དོན་དེ་ཚགས་ཚུགས་དང་གཟབ་ནན་ཞིབ་ཚགས་མེད་པའི་བདེན་དཔང་ཞིག་བྱས་པ་རེད།
བོད་མིའི་སྤྱི་དང་ལྷག་དོན་རྔ་བའི་མི་དམངས་དང་། སྒོས་སུ་འབྲེལ་ཡོད་ནང་མི་དང་། སྤུན་ཉེ། མཛའ་གྲོགས་སོགས་ཚང་མ་བློ་ཕམ་བྱེད་དགོས་པའི་གནས་སུ་གྱུར་པ་རེད།
བཀའ་ཁྲི་ལབ་རྐྱ་འདི་ར་བཟི་ཡིན་རྒྱུ་མ་རེད་བཱ། མིའི་གྲངས་ཀ་ཙམ་ཡང་མི་ངེས་པ་འདིས། སྤྱིར་ཁོང་ལ་བོད་ཀྱི་ཞགས་རྩི་མ་འཛོམས་པའི་རྟགས་སྟོན་གྱི་ཡོད་པས། བསམ་ཞིང་བསམས་ན་སྙིང་རྗེ་ཞིང་ངུ་བྲོ་བ་ཞིག་མིན་ནམ། བོད་ནང་ནས་གནས་ཚུལ་འདི་ཚོ་གསལ་བོར་མཁྱེན་ན་ཡག་གི་རེད། གཅིག་ནས་གཉིས་བརྒྱུད་དེ་གསལ་བོ་བཤད་རྒྱུ་གལ་ཆེན་རེད།
འདི་དངོས་འབྲེལ་གྱི་གནས་ཚུལ་ཞིག་ཡིན་ན་བཀུར་འོས་དཔལ་ལྡན་བཀའ་ཁྲི་མཆོག་གི་ཐོག་མའི་རྩ་དོན་གསུམ་དང་འགལ་ཡོད་པ་མ་ཟད་ད་ལྟའི་བཀའ་ཁྲི་མཆོག་གིས་དུས་ཚོད་ལ་ཚད་ཐིག་བརྒྱབས་ནས་བཤད་པ་མིན་ན་བསམས་སོང་། ཡང་མིན་ན་ད་ལྟའི་བཀའ་ཤག་ལ་ཁ་ཙམ་ལས་དོན་གྱི་ལོ་རྒྱུས་ཡིག་ཚགས་དག་དག་ཅིག་མེད་པའི་རྟགས་རེད། དེ་འདྲ་ཡིན་དུས་ང་ཚོས་གནད་དོན་འདིའི་རིགས་གླེང་དགོས་ལ་མ་ཟད་ད་ལྟའི་བཀའ་ཤག་ལ་ལོ་རྒྱུས་ཡིག་ཚགས་དག་དག་ཅིག་ཡོད་མེད་ངེས་པར་དུ་རྟོག་ཞིབ་བྱེད་དགོས་པ་རེད། འདི་ལྟར་རེས་བཅད་ཀྱི་སྐད་ཆ་ཞིག་བཤད་ཡོད་ན་བཀྲ་བྷེའི་ནང་མི་ཚོས་ཅི་ཞིག་བསམ་རྒྱུ་རེད། རང་ལུས་མེར་བསྲེགས་བཏང་ནས་འཆི་ཡོད་མེད་གཙོ་བོ་མ་རེད། གཙོ་བོ་རང་ལུས་མེར་བསྲེགས་པ་འདི་གཙོ་བོ་རུ་འཛིན་དགོས་པ་ཡིན་དུས། དཔལ་ལྡན་བཀའ་བློན་ཁྲི་བ་མཆོག་གིས་ཅི་ཞིག་ལ་རྔ་བ་ཀིརྟིའི་དགོས་པའི་གྲྭ་བཀྲ་བྷེའི་མིང་མ་བཀླགས་པ་ཡིན།
༈ ཚེ་རིང་འོད་ཟེར་ལགས། བཀའ་ཁྲིད་མཆོག་གིས་བོད་རྩ་དོན་ཆེད་རང་སྲོག་གློད་གཏོང་བརྗེད་སོང་བ་རྩ་བ་ནས་མིན་སྙམ། ང་རང་ཚོས་བསམ་བློ་རྒྱ་ཆེན་གཏོང་དགོས། དེ་ཙམ་གྱིས་བཙན་བྱོལ་བོད་གཞུང་དང་གཞིས་བྱེས་གཉིས་སུ་གནས་པའི་བོད་མི་ཡོངས་ནས་ཁོང་རྣམ་པས་བྱེད་རྗེས་ལ་ལུས་ངག་ཡིད་གསུམ་ནས་གུས་བཏུད་ཡོད་མཁྱེན་དགོས། བཀའ་ཁྲིད་མཆོག་གིས་མིང་མི་བྱེད་རྒྱུ་མཚན་ཅི་ལགས་ཞུས་ན། ཁོང་གིས་གསུང་དོན་ལ་འདི་ལོ་ཉེ་ཆར་ཕྱི་ལོ་ ༢༠༡༡ ཟླ་བ་ ༣ པ་ནས་བརྩིས་པའི་མི་གྲངས་ཞིག་གསུངས་པ་ཞིག་ཡིན་མ་གཏོགས་དེ་མིན་གནད་དོན་གཞན་གང་ཡང་མིན། དེ་སྐབས་ཕྱི་ལོ་ ༡༩༩༨ ལོའི་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་འདི་ལོའི་རྒྱ་གར་དང་བལ་ཡུལ་ནང་དུ་ཡང་སྲོག་ལ་བར་ཆད་མ་བྱུང་བ་མ་གཏོགས། ཁོང་རྣམ་པས་སྐུ་ལུས་མཆོད་པ་ཕུལ་བ་དེ་ཡང་དམིགས་ཡུལ་འདྲ་མཉམ་ཡིན་ཡང་མིང་དོན་བཏོན་མེད། གལ་ཏེ་དཔའ་བོ་ཐུབ་བསྟན་དངོས་གྲུབ་ནས་བརྩིས་པའི་མིང་འདོན་ནས་བར་དུ་ཀྲ་བྷེ་ཀྱི་མིང་འདོན་ཆད་པ་ཡིན་ན་ཁྱེད་འོད་ཟེར་ལགས་ཀྱིས་གསུངས་པའི་སྐྱོན་དེ་སྲིད་འཛིན་མཁས་དབང་བློ་སེང་ལ་འཇུག །དེ་མིན་བཀའ་མོལ་གང་འདྲ་ཞིག་གནང་ཀྱང་སྔ་རྗེས་ཚང་མ་ལ་གཟིགས་ནས་བཀའ་མོལ་ལམ་སྐྱོན་འཇུག་གནང་རོགས། ངས་བསམ་འདིའི་ཐོག་བསམ་བློ་རྒྱ་ཆེན་པོ་བཏང་བ་ཡིན་མ་གཏོགས་གང་ཐོན་དུ་བཤད་པ་མིན། གལ་ཏེ་ད་དུང་ཁྱེད་རང་གིས་བཀའ་ཁྲིད་མཆོག་ནོར་ཁྲུལ་དུ་བརྩིས་པ་ཡིན་ན། ཁོང་གི་རྗེས་ཚབ་ཏུ་ང་རང་བོད་མི་ཞིག་ཡིན་པའི་ཆ་ནས་འོད་ཟེར་ལགས་ཁྱེད་དགོངས་དག་ཞུ་རྒྱུ་ཡིན།
ཐུགས་རྗེ་ཆེ།
སྤྱིར་ཕྱི་ལོ་ ༡༩༥༩ གོང་ཙམ་ནས་བོད་བསྟན་སྲིད་དང་བོད་རང་བཙན་ཆེད་རང་སྲོག་གློད་བཏང་གིས་རྒྱ་དམར་འཐབ་འཛིངས་བྱས་ནས་འདས་གྲོང་སོང་བ་མང་པོ་བྱུང་ཡོད་ཀྱང༌། སྐབས་འདིར་ཕྱི་ལོ་ ༡༩༩༨ ནས་བརྩིས་པའི་གཞིས་བྱེས་གཉིས་ནས་བོད་བསྟན་པ་ཆབ་སྲིད་དང་དམིགས་བསལ་གྱིས་བོད་རང་བཙན་སླར་གསོའི་ཆེད་སྐུ་ལུས་མེ་མཆོད་འབུལ་མཁན་འདས་སོན་གཉིས་གྱི་མཚན་གཤམ་གསལ།
༢༡༽ ༢༠༡༢།༡།༡༤ མིང་དང་ལོ་མེད་་་་་
༢༠༽ ༢༠༡༢།༠༡།༠༨། སྤྲུལ་སྐུ་བསོད་ནམས་དབང་རྒྱལ། འདས། ལོ།༤༢། བོད་མགོ་ལོག
༡༩༽ ༢༠༡༢།༠༡།༠༦། གྲྭ་ཟུར་བསྟན་ཉི། འདས། ལོ།༢༠། བོད་རྔ་བ།
༡༨༽ ༢༠༡༢།༠༡།༠༦། གྲྭ་ཚུལ་ཁྲིམས། འདས། ལོ།༢༠། བོད་རྔ་བ།
༡༧༽ ༢༠༡༡།༡༢།༠༡། གྲྭ་ཟུར་བསྟན་འཛིན་ཕུན་ཚོགས། འདས། ལོ།༤༦། བོད་ཆབ་མདོ།
༡༦༽ ༢༠༡༡།༡༡།༡༠། གྲྭ་བོད་ཕྲུག །གསོན། ལོ།༤༥། བལ་ཡུལ་མཆོད་རྟེན།
༡༥༽ ༢༠༡༡།༡༡།༠༤། ཤེས་རབ་ཚེ་རྡོར། གསོན། ལོ།༢༥། རྒྱ་གར་ལྡི་ལི།
༡༤༽ ༢༠༡༡།༡༡།༠༣། ཨ་ནེ་དཔལ་ལྡན་ཆོས་བཟང༌། འདས། ལོ།༣༥། བོད་དཀར་མཛེས།
༡༣༽ ༢༠༡༡།༡༠།༢༥། གྲྭ་ཟླ་བ་ཚེ་རིང༌། གསོན། ལོ།༣༨། བོད་དཀར་མཛེས།
༡༢༽ ༢༠༡༡།༡༠།༡༧། ཨ་ནེ་བསྟན་འཛིན་དབང་མོ། འདས། ལོ།༢༠། བོད་རྔ་བ།
༡༡༽ ༢༠༡༡།༡༠།༡༥། གྲྭ་ཟུར་ནོར་བུ་དགྲ་འདུལ། འདས། ལོ།༡༩། བོད་རྔ་བ།
༡༠༽ ༢༠༡༡།༡༠།༠༧། གྲྭ་ཟུར་མཁའ་དབྱིངས། འདས། ལོ།༡༨། བོད་རྔ་བ།
༩༽ ༢༠༡༡།༡༠།༠༧། གྲྭ་ཟུར་ཆོས་འཕེལ། འདས། ལོ།༡༩། བོད་རྔ་བ།
༨༽ ༢༠༡༡།༡༠།༠༣། གྲྭ་སྐལ་བཟང་དབང་ཕྱུག །གསོན། ལོ།༡༨། བོད་རྔ་བ།
༧༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་སྐལ་བཟང༌། གསོན། ལོ།༡༩། བོད་རྔ་བ།
༦༽ ༢༠༡༡།༠༩།༢༦། གྲྭ་བློ་བཟང་དཀོན་མཆོག །གསོན། ལོ།༡༨། བོད་རྔ་བ།
༥༽ ༢༠༡༡།༠༨།༡༥། གྲྭ་ཚེ་དབང་ནོར་བུ། འདས། ལོ།༢༩། བོད་དཀར་མཛེས།
༤༽ ༢༠༡༡།༠༣།༡༦། གྲྭ་ཕུན་ཚོགས། འདས། ལོ།༢༡། བོད་རྔ་བ།
༣༽ ༢༠༠༩།༠༢།༢༧། གྲྭ་བཀྲ་བྷེ། གསོན། ལོ།༢༠། བོད་རྔ་བ།
༢༽ ༢༠༠༦།༡༡།༢༣། ལྷག་པ་ཚེ་རིང༌། གསོན། ལོ།༢༣། རྒྱ་གར་བྷིང་ལོ།
༡༽ ༡༩༩༨།༠༤།༢༧། ཐུབ་བསྟན་དངོས་གྲུབ། འདས། ལོ།༦༠། རྒྱ་གར་ལྡི་ལི།
ཨོ་ཧོ་ཧོ་ཧོ། ད་ཡིན་ན་རྒྱ་རྒན་བོང་ལི་བཟའ་ཚོ་ཟུང་གིས་སྨྱུག་བཙན་བྱོལ་སྒྲིག་འཛུགས་ཀྱི་སྟེང་དུ་བསྐོར་སོང་། བཙལ་བྱོ།་ནང་གི་སྨུག་ཐོག་དང་རྩོམ་པ་པོ་ཁོ་ཡིན་ང་ཡིན་ཟེར་མཁན་ཚོར་གྲགས་འགུལ་ཙམ་ཡང་མི་འདུག ད་དུང་མཆན་བུ་ཐུང་བཏབ་སྟེ་ནང་འཛིངས་བྱེད་བཞིན་མི་འདུག ཁ་སྔོན་ཁ་བརྡ་དྲ་བར་བཀོད་པའི་བོ་ངལི་ཞོན་གྱི་རྩོམ་ཡིག་གི་གཤམ་དུའང་ཡི་གེ་འགའ་རེ་ཤེས་པ་དེ་ནང་འཛིངས་བྱེད་ཆེད་བཀོལ་བཞིན་འདུག
བཀའ་ཁྲིས་བཀྲ་བྷེའི་མཚན་མ་བོས་པའི་གནས་ཚུལ་དངོས་ཡིན་ན། དངོས་གནས་བློ་ཕམ་གྱི་གནད་དོན་ཞིག་རེད་ལ། གལ་ཏེ་བཀའ་ཁྲི་མཆོག་གིས་ཀྱང་འདི་ལྟར་ཁྱི་སྨྱོན་གྱིས་སོ་བརྒྱབ་པ་ལྟ་བུའི་ཁ་ལབ་འཐེན་བསྡད་ན། ལོ་རྒྱུས་དང་ཁྲིམས་ཀྱི་རིགས་པ་གང་ཐད་ལ་འགལ་གྱི་ཡོད།
རྗེས་ཕྱོགས་འདིའི་རིགས་ལ་ཧ་ཅང་གཟབ་དགོས་པ་དང་། ད་རེའི་གནས་ཚུལ་འདི་ལ་དགོངས་དག་ཞུ་དགོས་པ་རང་རེད། གནད་དོན་འདིས་ཤུགས་རྐྱེན་ངན་པ་ཞིག་མི་ཐེབས་པའི་ངེས་པ་གཏན་ནས་མེད།
བཙན་བྱོལ་གྱི་སྙུག་ཐོགས་པ་ཚོས་ཝང་ལི་ཞུང་བཟའ་བ་གཉིས་ཀར་ཞབས་ཞུ་སྒྲུབ་ནས་འདུག་དགོས་པ་འདི། བཙན་བྱོལ་གྱི་ཤེས་ཡོན་པའི་སྨྱུག་ཁར་མུ་གེ་འཁོར་ཡོད་པའི་རྟགས་གསལ་བོ་ཞིག་རེད། གལ་སྲིད་འོད་ཟེར་གྱིས་གླེང་བ་བཟང་གི། འོན་ཀྱང་། བཀའ་ཁྲིས་རྒྱལ་གཅེས་པ་ཚོའི་མཚན་གཞུང་བཀླགས་དུས་རྒྱལ་གཅེས་པ་བཀྲ་བྷེ་མཚན་ལུས་པ་ཡིན་ན། ཁོའི་མདུན་དུ་སྡོད་པའི་བོད་ཀྱི་གསར་འགོད་པ་ཚོ་འོན་སོང་ནི་ཡིན་རྒྱུ་རེད། མི་གཅིག་གིས་ཀྱང་དེའི་སྐོར་གླེང་སློང་བྱུང་ཡོད་པ་མ་རེད།
བཅར་འདྲི་མཁན་ཚེ་རིང་འོད་ཟེར་ལགས། ཁྱེད་ཀྱི་མ་ཐོས་སམ། ང་ཚོའི་བཀའ་ཁྲིའི་བོད་མི་མང་གི་མདུན་སར་རང་གིས་ཁས་བླང་དམ་བཅས་པའི་རྩ་དོན་གསུམ་པོ་རྒྱུན་སྐྱོང་བྱེད་རྒྱུ་བརྗེད་ཟིན་ན་བཀྲ་བྷེ་གང་ནས་དྲན་ཐུབ།
བདག་གིས་ནི་བཀའ་ཁྲིའི་རང་སྲོག་བློས་གཏོང་མཁན་ཐམས་ཅད་མ་བརྗེད་པ་ལ་བཀའ་ཆེ་ཞུའོ། །
ཁྱོད་ལའང་དེ་ལྟ་བུའི་སེམས་ཤུགས་ཤིག་ཡོད་ན་བོད་མིའི་རྩ་དོན་མི་རྩོད་པ་དེ་ཅི་ཡིན་ནམ།
ཡང་ན་ཁྱོད་ལ་དགོས་པ་གཞན་ཞིག་ཡོད་ནམ།
ཁྱོད་ཀྱི་གང་ལབ་དང་གང་དྲན་ཚང་མ་བོད་མིའི་རྩ་དོན་དུ་འགྲོ་ནམ།
ཁྱོད་ཀྱིས་གང་ལབ་པ་དག་ནོར་མེད་འཁྲུལ་མེད་དང་སྐྱོང་མེད་ཕུན་ཚོགས་ཤིག་ངོས་འཛིན་ཐུབ་བམ། ཟླ་བ་ཚེ་རིང་གིས་ལན་འདེབས་ཤིག་བྱེད་རོགས།
ཁྱོད་ལ་རྒྱུ་མཚན་དང་གནས་ལུགས་འདུག ཚང་མ་ལ་དྲན་བསྐུལ་རེ་བཏང་ནོ་ཐུགས་རྗེ་ཆེ། བོད་དོན་མ་བརྗེད། རང་ལུས་མེར་བསྲེགས་ཀྱི་དཔའ་བོ་དཔའ་མོ་ཚོ་མ་བརྗེད། ཨ་བོད་པ་ཚང་། ཨ་མྱེ་ཚང་།