མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་གནས་སྟངས་ཐད་བཀའ་ཁྲི་མཆོག་གི་ཛ་དྲག་འབོད་སྐུལ།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཕུར་བའི་ཉིན་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་ཉེ་ཆར་གྱི་བོད་ནང་གི་ཛ་དྲག་གནས་སྟངས་ལ་དམིགས་ཏེ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བརྙན་བརྒྱུད་རྒྱལ་སྤྱིའི་ཐོག་འབོད་སྐུལ་གསལ་བསྒྲགས་ཤིག་གནང་འདུག

ཁ་སང་ཕྱི་ཚེས་ ༢༦ ཉིན་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། ཉེ་ཆར་བོད་ནང་གི་ཞི་བའི་ངོ་རྒོལ་ཐོག་རྒྱ་དམག་གིས་དམར་གསོད་དྲག་གནོན་བྱེད་བཞིན་པའི་ཛ་དྲག་གནས་སྟངས་ཐད། རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ། རྒྱལ་སྤྱིའི་གསར་འགོད་པ་དང་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་བཅས་ཀྱིས་རྒྱབ་སྐྱོར་ཡོང་བའི་རེ་སྐུལ་དང་། རྒྱ་གཞུང་གི་ངོས་ནས་དྲག་གནོན་སྲིད་ཇུས་མཚམས་འཇོག་བྱས་ཏེ་བོད་མིའི་དགོས་འདུན་ལ་ཉན་འཇོག་བྱེད་དགོས་པའི་འབོད་སྐུལ་གནང་ཡོད་པ་མ་ཟད། ཕྱི་ཟླ་ ༢ ཚེས་ ༨ ཉིན་འཛམ་གླིང་ཡུལ་ཕྱོགས་སོ་སོར་གནས་པའི་བོད་རིགས་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚང་མས་བོད་ནང་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་མཚོན་ཆེད། དུས་གཅིག་ཏུ་ཞི་བའི་ལས་འགུལ་སྤེལ་རྒྱུ་དང་། དེ་བཞིན། བོད་མི་རྣམས་ཀྱིས་ལོ་གསར་སྐབས་ཆོས་ཀྱི་བྱེད་སྒོ་མ་གཏོགས་རྒྱས་སྤྲོས་དང་ཐུགས་སྤྲོ་མི་གཏོང་རྒྱུའི་འབོད་སྐུལ་ཡང་གནང་འདུག 

བཀའ་ཁྲི་མཆོག་གི་འབོད་སྐུལ་གསལ་བསྒྲགས་ནང་། ཚང་མས་མཁྱེན་གསལ་ལྟར། ཕྱི་ཟླ་ ༡ ཚེས་ ༢༣དང་ ༢༤ ཉིན་ནི་རྒྱ་མི་རིགས་ཀྱི་ལོ་སར་ལ་ཁེལ་ཡོད་སྟབས།  ལོ་སར་དགའ་སྟོན་གྱི་ཐུགས་སྤྲོ་བཏང་བསྡད་པའི་སྐབས་འདིར།  བོད་ཀྱི་ས་ཁུལ་བྲག་མགོ་དང་རྔ་པ།རྒྱལ་རོང་། གསེར་རྟ་སོགས་ནས་བོད་མི་བརྒྱ་ཕྲག་མང་པོས་ཞི་བའི་སྒོ་ནས།སོ་སོའི་འགྲོ་བ་མིའི་གཞི་རིམ་ཐོབ་ཐང་ཁག་རྩོད་ལེན་གྱི་ལས་འགུལ་སྤེལ་ཡོད་པ་རེད། གོ་ཐོས་བྱུང་པ་ལྟར་ན། སྐབས་དེར་རྒྱ་གཞུང་དམག་མིས་བོད་རིགས་མང་ཚོགས་ཁྲོད་མེ་མདའ་བརྒྱབ་སྟེ་ད་ལྟའི་ཆར་མི་ ༦ འདས་གྲོངས་དང་། མི་ ༦༠ ཙམ་ལ་རྨས་སྐྱོན་བཟོས་ཡོད་པ་དང་། དེ་དག་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་མཁན་ཡང་བྱུང་ཡོད་འདུག  དངོས་གནས་སྙིང་རྗེ་མེད་པའི་དྲག་སྤྱོད་ཀྱི་སྲིད་ཇུས་འདི་འདྲ་སྤེལ་བ་མ་ཟད། འཆར་གཞི་ལྡན་པའི་སྒོ་ནས་བོད་མིའི་ཐོག་དྲག་གནོན་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད། དེ་བཞིན། ༢༠༠༨ ལོར་བོད་ནང་ཞི་བའི་སྒེར་ལངས་བྱུང་པ་ནས་བཟུང་། བོད་མིའི་སེམས་ནང་རྒྱ་གཞུང་ལ་འཁོན་འཛིན་དང་མ་དགའ་བ་ཤུགས་ཆེན་པོ་ཆགས་ཡོད།  དེ་ལ་བརྟེན་ནས་བོད་མི་ཚོས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་རེད།

སྤྱིར་བོད་བཙན་བཟུང་བྱས་པ་ནས་བཟུང་། རྒྱ་གཞུང་གིས་བོད་ནང་ལ་སྤྱི་ཚོགས་རང་ལུགས་ཀྱི་ལྷ་ཡུལ་བསྐྲུན་རྒྱུ་ཡིན་ཞེས་བཤད་བཞིན་ཡོད་པ་རེད། ཡིན་ནའང་།  དངོས་ཡོད་གནས་ཚུལ་ག་འདྲ་ཆགས་ཡོད་པ་རེད་ཟེར་ན། ཆབ་སྲིད་ཐོག་དམ་དྲག་དང་།  བོད་མིའི་རིག་གཞུང་རྩ་མེད། ཁོར་ཡུག་གཏོར་བཤིག ༸གོང་ས་མཆོག་གི་སྐུ་པར་ཀྱང་ཉར་ཆོག་གི་མེད་ལ། དཔལ་འབྱོར་ཐོག་ནས་ཀྱང་དབྱེ་འབྱེད་བྱེད་ཀྱིན་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས། ད་ལྟའི་ཆར་ཡང་བོད་སྤྱི་ཡོངས་ལ་དམ་དྲག་ཤུགས་ཆེན་པོ་བྱེད་བཞིན་པ་མ་ཟད། ད་ལྟའི་ཆར་ཕྱི་རྒྱལ་མི་རིགས་ཁག་ཀྱང་བོད་ནང་འགྲོ་ཆོག་གི་མེད་པ་རེད།   དངོས་ཡོད་གནས་ཚུལ་ལ་རྒྱ་གཞུང་གིས་ཡོངས་བསྒྲགས་མ་བྱས་པའི་ཐོག་དྲག་པོའི་ཁྲིམས་གཞི་ལག་ལེན་སྟར་བྱེད་བཞིན་པ་གསལ་པོ་ཞེ་དྲག་རེད། དེ་དག་ནི་དངོས་གནས་བློ་ཕམ་དགོས་པའི་གནས་ཚུལ་རེད།

རྒྱ་ནག་གཞུང་གི་མགོ་ཁྲིད་ཚོས།ཞི་བའི་སྒོ་ནས་སྒེར་ལངས་བྱེད་མཁན་རྣམས་ཀྱི་འབོད་སྒྲ་དང་། དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཀྱིས་ག་རེ་གསུངས་བཞིན་པ་དེ་དག་ཐུགས་ལ་འཇོག་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག  གང་ཡིན་ཟེར་ན། དྲག་གནོན་དང་བསད་རྡུང་གི་ལམ་ནས་བོད་ཀྱི་གནད་དོན་དེ་སེལ་ཐུབ་རྒྱུ་རེད་དམ་མ་རེད་ཟེར་ན།  དེ་རྩ་བ་ཉིད་ནས་སེལ་ཐུབ་ཀྱི་མ་རེད། བོད་མིའི་དངོས་ཡོད་དཀའ་ངལ་ག་རེ་ཡིན་མིན་དང་། དེ་སེལ་བ་ལ་བོད་མི་ཚོར་ཆེ་མཐོང་དང་ཐོབ་ཐང་སྤྲོད་རྒྱུ།  ཞི་བའི་ཐོག་ནས་སྲིད་ཇུས་ལག་ལེན་བསྟར་རྒྱུ་གལ་ཆེན་པོ་རེད། དེ་ལྟར་བྱས་ན་བོད་ནང་ལ་བདེ་འཇགས་ཡོང་གི་རེད། དེ་མ་གཏོགས་དྲག་གནོན་ཁོ་ནའི་ཐོག་སྲིད་ཇུས་སྤེལ་བསྡད་པ་ཡིན་ན། ནམ་ཡང་བོད་པའི་དཀའ་ངལ་སེལ་ཐབས་མེད། ང་ཚོའི་ངོས་ནས་ཀྱང་གྲོས་མོལ་བྱ་རྒྱུར་ཆོད་སེམས་བརྟན་པོ་ཡོད།  ཡིན་ནའང་། བོད་མིའི་སྒང་ལ་འདི་ལྟ་བུའི་དྲག་གནོན་སྲིད་ཇུས་སྤེལ་ཏེ། བོད་མི་མང་གི་ཚེ་སྲོག་ལ་གནོད་འཚེ་གཏོང་བཞིན་པ་འདིར་ནམ་ཡང་མོས་མཐུན་མེད་ལ།  དེར་ང་ཚོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། དེ་བཞིན། རྒྱ་ནག་ནང་ཡོད་པའི་རྒྱ་རིགས་ཚོ་དང་རྒྱལ་སྤྱིིའི་མི་མང་རྣམས་ཡིན་ནའང་འདྲ། དེའི་ཐད་ཚང་མས་ངོ་རྒོལ་ཡོད་ཅེས་བཤད་རྒྱུ་གལ་ཆེན་པོ་རེད།

རྒྱལ་སྤྱིའི་སྤྱི་ཚོགས་ལ་བོད་མི་ཚོར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན་ལ། ད་ལྟ་དངོས་ཡོད་གནས་ཚུལ་ཐོག་རྒྱ་གཞུང་གིས་བོད་མི་ཚོའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་ཀྱི་མེད་པ་དེའི་ཐད། བོད་མིར་འགྲོ་བ་མིའི་ཐོབ་ཐང་སྤྲོད་དགོས་པ་རེད་ཅེས་རྒྱབ་སྐྱོར་གནང་རྒྱུའི་དུས་ལ་བབ་ཡོད།  དེ་བཞིན། རྒྱལ་སྤྱི་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་ཀྱང་བོད་ནང་གི་དངོས་ཡོད་གནས་ཚུལ་ག་རེ་ཡིན་མིན་རྟོག་ཞིབ་ཆེད་ཞིབ་འཇུག་མི་སྣ་གཏོང་རྒྱུ་དང་།  རྒྱལ་སྤྱིའི་གསར་འགོད་པ་ཚོ་བོད་ནང་ཕེབས་ཏེ་ཞིབ་འཇུག་གནང་རྒྱུ་གལ་ཆེན་པོ་རེད་ལ། པེ་ཅིན་གྱི་མགོ་ཁྲིད་ཚོར་ཞུ་དགོས་པ་ག་རེ་འདུག་ཟེར་ན། ཁྱོད་རང་ཚོས་ཕྱོགས་གཅིག་ནས་བོད་མི་ཁྱིམ་ཚང་གཅིག་ཡིན་ཞེས་བརྗོད་བཞིན་ཡོད་ལ།  ཕྱོགས་གཞན་ཞིག་ནས་དྲག་གནོན་སྲིད་ཇུས་དེ་ལྟ་བུ་བསྟར་བྱས་པ་དེ་ནི། རྒྱལ་སྤྱི་དང་རྒྱ་ནག་རང་ཉིད་ཀྱི་རྩ་ཁྲིམས་ལའང་འགལ་ཡོད་པ་རེད། བྱེད་སྟངས་དེར་རྒྱལ་སྤྱིའི་ཐོག་ངོ་རྒོལ་ཡོད་ལ།  དེ་བཞིན། སྔར་ལས་ལྷག་པར་རྒྱ་ནག་རང་གི་ཆེ་མཐོང་དང་བཟང་སྤྱོད་ཀྱང་ཇེ་ཞན་དུ་འགྲོ་བཞིན་པ་དེ་གསལ་བོ་བཟོ་རྒྱུ་གལ་ཆེན་པོ་རེད།

བོད་ནང་གི་བོད་རིགས་སྤུན་ཟླ་ཚོར་ཞུ་རྒྱུར།  ཁྱེད་རྣམ་པའི་འབོད་སྒྲ་དེ་ང་ཚོས་གསལ་བོ་རྟོགས་ཐུབ་ཀྱིན་འདུག  ཁྱེད་ཚོས་བློས་གཏོང་མཛད་པ་དེ་དག་ང་ཚོས་ནམ་ཡང་བརྗེད་ཐབས་མེད།  ཁྱེད་ཚོའི་བདེ་དོན་བསྒྲུབ་རྒྱུ་དེ་དུས་ནམ་ཡང་ང་ཚོའི་སེམས་ཁོངས་ན་ཡོད་ཅེས་ཞུ་རྒྱུ་ཡིན་ལ། དེ་དང་མཉམ་དུ། ཁྱེད་རྣམ་པས་འུ་ཐུག་ཐབས་ཟད་ཀྱི་ཉེན་འཚབ་ཡོད་པའི་ལས་འགུལ་རིགས་གང་ཐུབ་མི་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན།

ཕྱི་ཟླ་ ༢ ཚེས་ ༢༢ ཉིན་ནས་བོད་ཀྱི་ལོ་གསར་མགོ་ཚུགས་བཞིན་ཡོད་ལ། སྐབས་དེར་བོད་མི་ཚོས་ཆོས་ཕྱོགས་དང་སྲོལ་རྒྱུན་བྱེད་སྒོ་ཙམ་མ་གཏོགས།  དེ་ལས་གཞན་པའི་རྒྱས་སྤྲོས་དང་ཐུགས་སྤྲོ་སོགས་མི་གཏོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན། གཙོ་ཆེ་ཤོས་ང་ཚོས་གཞིས་བཞུགས་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པའི་རྣམ་འགྱུར་གསལ་པོ་སྟོན་ཆེད། ཕྱི་ཟླ་ ༢ ཚེས་ ༨ སྟེ་གཟའ་ལྷག་པའི་ཉིན། བོད་མི་ཡོངས་དང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཚང་མས་འཛམ་གླིང་ས་ཕྱོགས་གང་སར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་རོགས་གནོངས། གང་ཡིན་ཟེར་ན། ཞི་བའི་སྒོ་ནས་ལས་འགུལ་སྤེལ་མཁན་བོད་མི་ཚོར་དྲག་གནོན་གྱིས་བསད་རྡུང་བྱེད་བཞིན་པ་དེར་ངོས་ལེན་རྩ་བ་ནས་མེད་པ་དང་། ང་ཚོའི་ངོས་ནས་དེར་ངོ་རྒོལ་ཡོད་པའི་རྣམ་འགྱུར་སྟོན་རྒྱུ་གལ་ཆེན་པོ་རེད། ཡིན་ནའང་། གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་སྐབས་ཚང་མས་ཐུགས་ལ་འཇོག་དགོས་པ་ཞིག་ལ། ངེས་པར་དུ་ཞི་བའི་སྒོ་ནས་ལས་འགུལ་སྤེལ་རྒྱུ་དང་། ལས་འགུལ་དེའང་ཡུལ་ཁྲིམས་དང་མ་འགལ་བ་དང་། ཆེ་མཐོང་ལྡན་པའི་སྒོ་ནས་གནང་རོགས།  དེ་བཞིན་ལས་འགུལ་ཁྲོད་ཚང་མ་མཉམ་ཞུགས་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཐུགས་རྗེ་ཆེ།  ཅེས་གསུངས་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་ནང་གི་ན་གཞོན་གཞས་པ་ཨ་སངས་ལགས། པར་དུས་བབ་ཀྱིས་ཕྱོགས་སྒྲིག་བྱས།
Mobile App

ན་གཞོན་གླུ་བ་ཨ་སངས་ལགས་འཛིན་བཟུང་བྱས་འདུག

༢༠༢༥/༠༧/༡༨
ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཇེག་ཁི་རོ་སན་མཆོག་གིས་བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༥།༧།༡༧
Mobile App

བོད་མཐོ་སྒང་གི་ཁོར་ཡུག་ལ་གནོད་སྐྱོན་བཟོ་ཉེན་ཡོད་པར་ཞིབ་འཇུག་དགོས་པའི་ཁྲིམས་འཆར་བཏོན།

༢༠༢༥/༠༧/༡༧
པེ་ཅིང་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཝུའུ་ཡེན་ཅེ་ལ་ཞིབ་བཤེར་བྱེད་བཞིན་པ། Lianhe Zaobao གསར་ཁང་གིས་པར།
Mobile App

བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེ་ཟུར་པ་ཝུའུ་ཡེན་ཅེ་ལ་ལོ་གཉིས་ཕར་འགྱངས་ཀྱི་སྲོག་ཁྲིམས་བཅད།  

༢༠༢༥/༠༧/༡༧
༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༥།༧།༡༦
Mobile App

༧སྐྱབས་རྗེ་དྭགས་པོ་རིན་པོ་ཆེ་མཆོག་ལ་ཧྥ་རན་སིའི་གཟེངས་རྟགས་ཐོབ།

༢༠༢༥/༠༧/༡༦
༸གོང་ས་མཆོག གསར་འགྱུར།

ཨ་རིའི་གྲོས་ཚོགས་གོང་མས་འཁྲུངས་སྐར་ཉིན་མོ་དེ་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུ་སྤྱི་མོས་གཏན་འབེབས་གནང་།

༢༠༢༥/༠༧/༡༦
Sikkim BJP MP Dorjee Tshering Lepcha Reiterates Demand to Rename India-China Border as Indo-Tibetan Border
Mobile App

རྒྱ་གར་དབུས་གཞུང་གིས་འཕགས་བོད་ས་མཚམས་ཞེས་པའི་མིང་བེད་སྤྱོད་གནང་དགོས་པའི་འབོད་སྐུལ་གནང་།

༢༠༢༥/༠༧/༡༥

མཆན། 9

  1. པོ་ཏཱ་ལ says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་པས་སོ་སོས་བསམ་ཚུལ་དང་ཐབས་ལམ་དྲ་ཚིག་ཐོག་སྤེལ་བ་རྗེས་སུ་ཡི་རང་ཞུ་་་་་་་བོད་ཀྱི་འཐབ་རྩོད་འདི་བཀའ་ཁྲི་ཅིག་པུར་མགན་ཡོད་པ་དང་བསྒྲུབ་དགོས་པ་སྒྲུབ་ཐབ་ཡ་དེ་འདྲ་མ་རེད་་་ད་ལྟ་བོད་ནང་ཁོང་དང་ཤཻས་ཡོད་འདྲ་མཉམ་ཅན་དང་ཉམས་མྱོང་ཅན་མང་པོ་ཡོད་པ་དེ་ཚོས་གཙོ་བོ་རམས་འདེབས་ཀྱིས་ལས་ཀ་བྱེད་པའི་རེ་བའི་ཞུ་གུ་་ཡོད་་་་་ད་ལྟ་ང་ཚོ་གནས་སྟངས་འདི་འདྲའི་སྐབས་ཕན་ཚུན་ཡིད་ཆེས་དང་མཉམ་ལས་བྱེད་རྒྱུ་གལ་ཆེན་མཐོང་་་མི་ཚོ་མས་དམིགས་ཡུལ་ཅིག་བཟུང་ཐོག་ནས་བྱ་བ་སྒྲུབ་པ་ལས་ལྟད་མོ་ལྟས་པས་ཁེ་ཕན་མི་རྙེད་་་དེ་ཙམ་ཤེས་ཡོན་དང་ཉམས་མྱོང་ཡོད་པ་དེ་ཚོས་གཙོ་བོ་ཕྱག་ལས་མགན་བཞེས་རོགས་་་་་་ཀུ་ཆེ

    Reply
  2. བསྟན་འཛིན་ཆོས་འཕེལ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་གིས་བློ་སྤོབས་དང་གདེང་ཚོད་ཆེན་པོའི་སྒོ་ནས་ལས་འགུལ་སྤེལ་ཕྱོགས་སྐོར་གསུང་འཕྲིན་བསྩལ་གནང་མཛད་པར་ཐུགས་རྗེ་ཆེ་ཞུ་རྒྱུ་དང། ཁ་སྔོན་ཕྱི་ཚེས་༢༤་ནས་བཟུང་བོད་མདོ་ཁམས་ཀྱི་ས་ཕྱོགས་གང་སར་ཁ་པར་འགྲོ་གི་མི་འདུག་ཟེར་ཞིང། དེ་རིང་ལྷ་སར་ཡང་བཀག་འདུག། དེ་འདྲ་ཡིན་དུས་བོད་ནང་རྒྱ་ནག་དམར་གཞུང་གིས་འདོད་འདོད་དུ་གཉའ་གནོན་བཙོན་འཇུག་དང་། གསོད་གདུང་འཕྲོག་བཅོམ་སོགས་བྱེད་ཀྱི་ཡོད་ས་རེད། དེར་རྟེན་བཀའ་ཁྲི་མཆོག་གིས་གསུང་པ་ལྟར། ལས་འགུལ་གྱི་ཁ་ཕྱོགས་རྒྱལ་སྤྱི་ལ་གཏད་ནས་ཁྱབ་བསྒྲགས་དང་རོགས་རམ་ཞུ་རྒྱ་གལ་ཆེར་མཐོང་།

    Reply
  3. ཇོ་རུ་ཚེ་རིང་། says:
    ལོ་ 13 སྔོན།

    རྒྱ་དམར་གཞུང་ལ་ཞུ་བ་བྱས་ནས་ཡོང་རྒྱུ་མེད་པ་དེ། རྒྱ་དམར་གཞུང་གི་ད་ལྟའི་དངོས་ཡོད་གནས་ཚུལ་དང་དཔོན་རིགས་ཚོས་རུལ་སུངས་ནག་ཉེས་ཀྱིས་གསལ་རྗེན་ལ་བསྟན་ཡོད་པ་རེད། དབང་སྒྱུར་བ་དང་རུལ་སུངས་བ་དག་ལ་གནོན་ཤུགས་སྤྲད་དེ་མི་བྱེད་ག་མེད་ཀྱི་གནས་སུ་སླེབས་ན་མ་གཏོགས་རང་རྟོགས་ཀྱི་སྒོ་ནས་སྲིད་ཇུས་ལ་འགྱུར་བ་ནམ་ཡང་གཏོང་སྲིད་ཀྱི་རེད། ཞུ་བ་དང་གནས་ལུགས་བགྲང་སྟེ་འདུག་པ་ནི། དམར་གཞུང་གིས་དུས་བབ་ངང་སྒུག་གིས་བོད་རྩ་མེད་བཟོ་བའི་སྲིད་ཇུས་དེའི་འཁོར་རྒྱུགས་ཁྲོད་བསྡད་ཏེ། མཐར་རང་ཤི་རྒྱག་པའི་ལམ་དུ་ཕྱོགས་ལས་གཞན་མེད། ངས་བལྟས་ནས་བཀའ་ཁྲིས་བཤད་སྟངས་འགྲིག་འདུག དྲག་སྤྱོད་དབང་སྒྱུར་བ་ཡིན་པ་ལ་རེད་ཅེས་མཛུབ་མོ་བཙུགས་ཏེ་བཤད་དགོས་པ་རེད། དབང་སྒྱུར་བ་ཞིག་ཡིན་ཕྱིན་གནས་ལུགས་ལ་ཉན་གི་མ་རེད། སོ་སོའི་ཁེ་ཕན་ལ་ལྟ་གི་རེད། རྒྱ་དམར་གཞུང་གི་ཁེ་ཕན་ཡོད་ཚད་ལ་ཁ་གཏད་གཅོག་རྒྱུ་དེ་ནི། ད་གཟོད་རྒྱ་བོད་གནད་དོན་སེལ་ཐབས་ཀྱི་ཚོང་རྫས་གཅིག་པུ་རེད། དབང་སྒྱུར་བའི་ཁ་གཏད་ནས་སོ་སོས་སོ་སོར་ལྷ་ཡུལ་བསྐྲུན་ཏེ་དག་ཞིང་སྒོམ་ནས་ཡོང་རྒྱུ་གཅིག་ཀྱང་ཡོད་པ་མ་རེད། ཕ་རོལ་དབང་སྒྱུར་བའི་ངོས་ནས་ལྷ་ཡུལ་དང་དག་ཞིང་བསྐྲུན་སའི་གཞི་སེན་མོ་ཙམ་ཡང་ཡོད་པ་མ་རེད། དེ་ནི་ང་ཚོས་རང་ཉིད་ལ་གནས་སྐབས་ཀྱི་སེམས་གསོ་ཙམ་གཏོགས་གནད་དོན་ཐག་གཅོད་ཐད་ཕན་མི་སྲིད།

    Reply
  4. པོ་ཏཱ་ལ says:
    ལོ་ 13 སྔོན།

    འཇིགས་མེད་སེང་གེས་ཡི་གེ་ཡག་པོ་ཀློག་ཤེས་ཀྱི་མེད་པ་འདྲ་་་བླུན་པོ་སྨྲ་བ་་ཉུང་ན་མཛེས།།།།།།།།།།།།།།།་
    སྲིད་བློན་ལགས་་་ཁ་སྔོན་དབྱིན་ལན་གསར་འགོད་པས་་་གསུང་དེ་ག་རང་རེད་་་་
    རྒྱ་ནག་ལ་སྐྱོན་བརྗོད་དང་སྡིགས་མོ་བྱས་པས་ཕན་ཐོག་དེ་ཙམ་མེད་་་་གཙོ་བོ་ཞུ་བའི་ཚུལ་གྱིས་གྲོས་མོ་བྱེད་རོགས་ཟེར་རེ་བ་དང་འབོད་བསྐུལ་ཞུ་དགོས་་་་ང་ཚོ་རྒྱ་ནག་གིས་དབང་བསྒྱུར་འོག་ཡོད་པས་འཇིགས་བསྐུལ་གྱི་སྡིགས་མོས་གང་ཡང་ཕན་གྱི་མེད་་་་ངེས་པར་གྲོས་མོལ་གྱི་ཐབས་ལམ་བརྩལ་ནས་་་ཁྱེད་རང་རྒྱ་ནག་གི་དབུ་ཁྲིད་དང་འཇལ་ཐུབ་པ་བྱུང་ན་རེ་བ་ཡོད་རེད་གཞན་གང་ཡང་ཕན་ཐོགས་མེད་་་རྒྱ་ནག་གི་དབུ་ཁྲིད་ཚོས་གྲོས་མོས་བསམ་བློ་ཡོད་ཀྱང་ང་ཚོས་སྐྱོན་བརྗོད་དང་སྡིགས་མོ་འདྲ་བྱས་ཁ་ཐག་རིང་པོ་བྱས་ན་ཁོ་ཚོ་ཡང་དེ་ཙམ་གྱིས་ཐག་རིང་འགྲོ་གི་རེད་་་དེ་ན་ངེས་པར་ཕན་ཚུན་གྲོགས་པོ་ཡོངས་ཐབས་ཀྱི་ཐབས་ལམ་དང་དམིགས་་ཡུལ་ཐོག་ནས་དཀལ་ངལ་སེལ་ཐབས་འགྱོགས་པར་བྱེད་རོགས་་་་རེ་བ་གཙོ་བོ་ཁྱེད་རང་རྒྱ་ནག་གི་དབུ་ཁྲིད་དང་འཇལ་ནས་གྲོས་མོལ་བྱེད་རྒྱུ་དེ་ཡིན་་་

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    རེ་བ་རི་ལྟར་མཐོ་བའི་བཀའ་ཁྲི་ཡི ། །
    བློ་གྲོས་མཁའ་ལྟར་ཡངས་པའི་ཐུགས་ཀློང་ནས ། །
    དུས་བབ་ཆར་ལྟར་འཇོ་བའི་གསུང་བཟང་བཅུད ། །
    གཞིས་བྱེས་སྤུན་ལྟར་བརྩེ་བའི་གསོས་སུ་རོལ ། །

    Reply
  6. འགྱུར་མེད་བསྟན་འཛིན། says:
    ལོ་ 13 སྔོན།

    ལོ་འདིར་བོད་ནང་ནས་རྒྱལ་གཅེས་པ་ཚོས་མི་རིགས་ཀྱི་ཆེད་དུ་ཚེ་སྲོག་མཆོད་རྫས་སུ་གཤམ་སོང་་་་དེ་ནི་དེ་སྔོན་ལོ་རྒྱུས་ཐོགས་ལ་བྱུང་མྱོང་མེད་པའི་གནས་སྟངས་ཤིག་ཆགས་ཡོད་་་་་་ལོ་འདིར་བྲང་ཁོགའ་ལ་སྙིང་ཡོད་ན་ལོ་གསར་གྱི་དགའ་སྟོན་གཏན་ནས་བྱ་མི་རིགས་་་་དེ་ལྟར་བྱ་ན་མི་རིགས་ཀྱི་རྐང་འདྲེན་ཆགས་སོང་བ་རེད་་་་་སྐུ་མཁྱེན་ལོ་འདིར་བཀའ་ཤག་གིས་གསུངས་པའི་བཀའ་ལ་བརྩི་ནས་བོད་མི་སུས་ཀྱང་ལོ་གསར་མ་གཏོངས་རོགས་་་་་་

    Reply
  7. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    བརྙན་འཕྲིན་ལ་ལྟ་དུས་བཀའ་ཁྲི་མཆོག་གི་གདོང་ཉམས་ཤོར་འདུག སྐད་གསེང་ཀྱང་མཐོན་པོ་མི་འདུག ཞེ་ས་མ་ཞུས་ན་ངོ་ཤོར་ནས་སྐད་ཆ་ཞིག་བཤད་འདུག
    འབོད་སྐུལ་ནང་དུ་བོད་ནང་ནས་མུ་མཐུད་མེར་བསྲེགས་གཏོང་དགོས་པ་འདྲ་ཞིག་བཤད་འདུག ཚེ་སྲོག་ལ་བདག་པོ་རྒྱབ་པའི་ལས་འགུལ་རིགས་སྤེལ་དགོས་ཚུལ་ཁྱོན་ནས་གསུངས་མི་འདུག ཁ་སྔོན་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པར་བཀའ་ཤག་གིས་ལས་ཀ་བྱེད་ཀྱི་ཡོད་གསུངས་བ་ལྟར། ད་ནི་གསལ་ཁ་བྱས་ན་ཡག་གི་རེད། ༧གོང་ས་མཆོག་གིས་ལས་འགུལ་འདི་རིགས་ལ་འཛིན་པའི་ལྟ་ཚུལ་ཐད་རྒྱབ་སྐྱོར་ཡོད་ན། ཚེ་སྲོག་ལ་གཅེས་སྤྲས་བྱས་པ་བརྒྱུད་ནས་ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་། བཅའ་སྒྲིག་ཁག་གི་འབྲུ་དོན་བཞིན་ཁྲིམས་ཐོག་ནས་རྩོད་པ་རྒྱག་དགོས་པར་འབོད་སྐུལ་བྱས་ན་འོས་པར་མཐོང་ལ། ཡང་སྒོས་ལྷག་པར་ཅན་དུ་རང་སྲིད་རང་སྐྱོང་གི་༼ བསམ་འཆར་༽གྱི་ནང་དོན་བཞིན་བོད་གཞིས་བྱེས་གཉིས་ནས་འཐབ་རྩོད་བྱ་ཐུབ་ན་ཡོངས་སུ་འོས་འཚམས་སུ་མཐོང་། འཐབ་རྩོད་དེ་འདྲའི་ལམ་དུ་ཕྱིན་པ་ཡིན་ན། རྒྱལ་སྤྱི་དང་རྒྱ་ནག་གང་གི་ཕྱོགས་ནས་ཀྱང་མ་མཐོང་མདོག་མདོག ཡང་ན་གཡོ་འགེབས་དྲག་གནོན་བྱེད་རྐྱང་བྱ་རྒྱུར་ངོ་ཚ་དང་བྱེད་མ་བདེ་ཞིག་ཡོང་ངེས་པ་རེད། དེ་བས་བཀའ་ཁྲི་མཆོག་གིས་གསལ་ཁ་བྱས་ན་འཕྲལ་བདེ་ཕུགས་བདེ་རེད་འདོད། དེ་མིན། ལས་འགུལ་འདིའི་ཐད་བཀའ་ཤག་ལ་འགན་ཁུར་ཡོད་པ་རེད།

    Reply
  8. ཀུན་དགའ། says:
    ལོ་ 13 སྔོན།

    ཕྱི་ནང་བོད་མི་ཀུན་གྱི་རེ་ལྟོས་དང་ཡིད་ཆེས་བྱེད་སའི་བཀའ་ཁྲི། ང་ཚོའི་ཆེད་དུ་རང་སྲོག་བཏང་ཚར་བའི་འདས་པོ་ཚོས་རྣམ་ཤེས་འཁོར་སའི་བཀའ་ཁྲི། ཆབ་སྲིད་དང་ཁྲིམས་ལུགས་ལ་འབུར་དུ་ཐོན་པའི་བཀའ་ཁྲི། སྡེར་མོ་ཡོད་ན་སྤུ་གསེང་ནས་འདོན་རན་འདུག

    Reply
  9. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    བཀའ་ཁྲིའི་ནུས་པ་ཅི་ཡོད་འདོན་རན་འདུག་་་་་
    ད་ཡིན་ན་རྫིག་ཉམས་དང་མཁས་ཉམས་བསྟན་ནས་འདུག་རྒྱུའི་དུས་ཤིག་མིན་པར་ཐབས་བརྒྱ་ཇུས་སྟོང་ཅི་ཡོད་བྱེད་དགོས་པར་ཐུག་འདུག་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese