མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སི་རེ་ཡའི་སྟེང་རྒྱལ་ཚོགས་ཀྱི་གནོན་ཤུགས།

བོད་ཀྱི་དུས་བབ།
༢༠༡༢/༠༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༧ ཉིན་མཉམ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ལྷན་ཚོགས་འཐུས་མིའི་ཚོགས་འདུ་ཞིག་བསྐངས་ཏེ། རྒྱལ་ཚོགས་བདེ་འཇགས་ལྷན་ཁང་ལ་སི་རེ་ཡའི་སྲིད་འཛིན་བྷ་ཤར་སྲིད་སྟེགས་ལས་འབབ་རྒྱུར་གནོན་ཤུགས་སྤྲོད་དགོས་པའི་གྲོས་གཞི་བཏོན་ཡོད་འདུག

ཐེངས་འདིའི་རྒྱལ་ཚོགས་ལྷན་ཁང་ཁག་གི་ཚོགས་འདུ་དེ་ནི་ཨ་རབ་མཐུན་ཚོགས་ཀྱིས་ཉེ་ཆར་སི་རེ་ཡའི་ནང་རྟོག་ཞིབ་ཚོགས་ཆུང་བཏང་པའི་སྙན་ཐོ་ལ་རྒྱབ་ལངས་ཐོག སི་རེ་ཡའི་སྲིད་འཛིན་བྷག་ཤར་དང་ཁོང་གི་དྲག་ཆས་དམག་གིས་ཞི་རྒོལ་བའི་སྟེང་མུ་མཐུད་དྲག་གནོན་བྱེད་ཀྱི་ཡོད་སྟབས། བྷག་ཤར་སྲིད་སྟེགས་ལས་བབས་ཏེ་གཞུང་གི་དབང་ཆ་མི་མང་ལ་རྩིས་སྤྲོད་བྱ་དགོས་རྒྱུ་དེ་ཡིན་འདུག་ལ། ཨ་རབ་མཐུན་ཚོགས་ཀྱི་ཚོགས་གཙོ་ནཱ་བྷེལ་ (Nabil al-Arabi) དང་ཁཱ་ཊར་རྒྱལ་ཁབ་ཀྱི་སྲིད་བློན་གཉིས་ཆེད་དུ་ནེའུ་ཡོག་ཏུ་བསྐྱོད་དེ། ཕྱི་ཚེས་ ༢༨ ཉིན་རྒྱལ་ཚོགས་བདེ་འཇགས་ལ་ཨ་རབ་མཐུན་ཚོགས་ཀྱི་གྲོས་དོན་ལ་རྒྱབ་སྐྱོར་ཡོང་རྒྱུར་འབོད་སྐུལ་ཞུ་རྒྱུ་ཡིན་འདུག

བྷག་ཤར་གཞུང་གིས་ཨ་རབ་མཐུན་ཚོགས་ཀྱི་གྲོས་གཞི་དེ་ནི་སི་རེ་ཡའི་རྒྱལ་ཁོངས་གནད་དོན་ལ་ཕྱི་ཕྱོགས་ཀྱིས་ཐེ་ཇུས་བྱས་པའི་སྐྱོན་བརྗོད་དང་། ད་སྔ་གཞུང་དམག་ ༢༠༠༠ ཙམ་སི་རེ་ཡའི་ནང་གི་འཇིགས་སྐུལ་པ་དང་དྲག་སྤྱོད་ཤོག་ཁག་གིས་དམར་གསོད་བཏང་པར་བརྟེན། དྲག་སྤྱོད་ཤོག་ཁག་ལ་དམ་དྲག་དང་མི་མང་ལ་སྲུང་སྐྱོབ་བྱས་ལས་དྲག་གནོན་བྱེད་ཀྱི་མེད་ཚུལ་བརྗོད་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་སྡེ་ཚན་ཁག་གིས་བརྗོད་པ་ལྟར་ན། ཉེ་བའི་ཉིན་འགའི་ནང་གཞུང་དམག་གིས་ཞི་རྒོལ་མི་མང་ ༦༥ ཙམ་དམར་གསོད་དང་། སི་རེ་ཡའི་ཟིང་འཁྲུགས་ཁྲོད་ད་སྔ་མི་མང་ ༥༠༠༠ ལྷག་རྐྱེན་ལམ་དུ་བཏང་ཡོད་འདུག་ལ། སི་རེ་ཡའི་ཞི་རྒོལ་པས་གསར་ལམ་ཁག་ལ་ཕྱི་ཚེས་ ༢༦ ཉིན་གཅིག་པུར་ཞི་རྒོལ་བ་ ༣༢ དམར་གསོད་བཏང་ཡོད་ཅིང་། དེའི་ཁྲོད་བྱིས་པ་ཡང་ཡོད་པར་བརྗོད་འདུག

ད་ལྟའི་ཆར་གཞུང་དམག་མང་པོ་ཞིག་སྲིད་འཛིན་བྷག་ཤར་ལ་བློ་ལོག་སྟེ།  མང་ཚོགས་ཁྲོད་མཉམ་ཞུགས་ཀྱིས་གཞུང་ལ་ངོ་རྒོལ་བྱེད་ཤུགས་ཆེ་རུ་འགྲོ་བཞིན་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཟི་ལིང་གྲོང་ཁྱེར་དུ་མཚོ་སྔོན་ཞིང་ཆེན་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག དྲ་ལམ་གྱི་པར།
Mobile App

ཟི་ལིང་གྲོང་ཁྱེར་དུ་རྒྱལ་ཕྱིའི་བོད་རིགས་སྤུན་ཟླའི་སྣེ་ལེན་ས་ཚིགས་ཟེར་བ་ཞིག་གསར་འཛུགས་བྱས་འདུག 

ཆུ་ཚོད་ ༡༦ སྔོན་ལ།
Mobile App

དྷ་རམ་ས་ལ་ནས་སྐྱེ་འཚར་བྱུང་བའི་བོད་པའི་བུ་མོ་ཞིག་འཛམ་གླིང་གི་ཤུགས་རྐྱེན་ཆེས་ཆེ་བའི་མི་སྣ་བརྒྱའི་ཁོངས་སུ་བདམས་དོན་ཅི་ཡིན་ནམ།

ཆུ་ཚོད་ ༡༧ སྔོན་ལ།
པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

དབྱིན་ཇིའི་རྩོམ་པ་པོ་ཨེམ་ཇོན་ཧེ་རི་སོན་ལ་ཕྱི་ལོ་ ༢༠༢༦ ལོའི་བྷུ་ཁུར་རྩོམ་རིག་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༡ སྔོན་ལ།
ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

༢༠༢༦/༡༡/༠༩
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

༢༠༢༦/༡༡/༠༩
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    ནད་པ་ལགས།
    ་་དེ་ནི་ཆེས་བཀྲིས་པའི་བྱ་བ་བཟང་ཤོས་ཤིག་རེད། ་་་ བྲིས་པ་ལས། དེ་ནི་ཆེས་བཀྲ་ཤིས་པའི་བྱ་བ་བཟང་ཤོས་ཤིག་རེད། ཅེས་བྲིས་ན་མི་བཟང་ངམ། སྤྱི་སྐད་ཀྱི་ཆེད་དུའོ། །

    Reply
  2. ནད་པ says:
    ལོ་ 15 སྔོན།

    སྲིད་དབང་སྒེར་སྤྱོད་པ་གང་དུ་ཡོད་ཀྱང་དེར་ངོ་རྒོལ་བྱེད་དགོས། སི་རིའི་ཡའི་མི་དམངས་ཀྱིས་ཞི་རྒོལ་ལ་ད་ཆ་གཞུང་དམག་གིས་ཀྱང་བརྒྱབ་སྐྱོར་བྱེད་བཞིན་པ་དེ་ནི་སི་རི་ཡའི་མི་དམངས་ཀྱི་མ་འོངས་པའི་རེ་བ་མངོན་འགྱུར་ཡོང་བའི་གཞི་རྟེན་དུ་གྱུར་ཡོད།

    སི་རི་ཡའི་སྲིད་དབང་མི་དམངས་ལ་རྩིས་སྤྲོད་ཐུབ་པ་བྱུང་ན་དེ་ནི་ཆེས་བཀྲིས་པའི་བྱ་བ་བཟང་ཤོས་ཤིག་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ནང་བོད་དོན་སྐོར་ལ་དོན་ཚན་ཡིག་ཆ་སྤྱི་ལོ་༡༩༥༩ དང་།༡༩༦༣ དང་༡༩༦༥ལོར་སོ་སོར་བཞག་པ་རྣམས་ལ་རྩོད་པ་རྙིང་ལོངས་དང་། དེང་དུས་དང་འཚམས་པའི་བོད་རྒྱའི་མི་རིགས་གཉིས་ཀར་ཕན་པའི་ལས་འགུལ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྱང་། གནོན་ཤུགས་བྱེད་དགོས་པའི་དུས་ཚོད་ལ་སླེབས་ཡོད་པ་འདི་ལས་ཀྱི་སྣེ་མོར་གཏོགས་པའི་ལས་བྱེད་ཚོས་འགན་བླངས་སྣེ་འཁྲིད་སྔར་ལྷག་བྱ་དགོས་དུས་གཏུགས་མི་དགོས་སམ།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 15 སྔོན།

    སྐར་ཀླུ་ཤིང་གསུམ་ལ་རྒྱབ་སྐྱོར་བྱ་རྒྱུ་ལས་ཚིག་གཞན་ལྷག་མི་འདུག་པས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་མ་དྲང་བའི་གདོང་རིས་གཉིས་ཀ་གསལ་སྟོན་བྱ་རྒྱ་དེ་གལ་ཆེན་རེད་འདུག་ལགས།

    Reply
  5. ཤིང་ལོ། says:
    ལོ་ 15 སྔོན།

    རྒྱལ་ཚོགས་ཀྱིས་གནོན་ཤུགས་གཉིས་པ་རྒྱ་ནག་ལ་སྤྲད་དེ། ཧོའུ་ལག་དམར་ལ་རང་སྐྱག་རང་ལ་ཟ་རུ་བཅུག་ནས་འཛམ་གླིང་ལ་དགོངས་དག་ཞུ་རུ་འཇུག་དགོས།

    Reply
  6. ཀླུ་སྨྱོན་ཧེ་རུ་ཀ says:
    ལོ་ 15 སྔོན།

    མཉམ་འབྲེལ་རྒྱལ་ཚོགས་ལ་རྒྱ་ནག་ལ་སྤྲེལ་ལད་བཤད་པའི་ཁ་ཡོད་པ་མ་གཏོགས་བོད་པའི་སྐྱིད་སྡུག་ལ་ལྟ་བའི་མིག་ཡོད་པ་མ་རེད།

    Reply
  7. སྐར་མདའ། says:
    ལོ་ 15 སྔོན།

    འཛམ་གླིང་གི་རྒྱལ་ཚོགས་མ་རེད། རྒྱ་ནག་གི་མཐུན་ཚོགས་རེད། དྲུང་ཆེ་འབེན་ཁེལ་མི་ཡང་རྒྱ་གྲོགས་ཞ་ར་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese