བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ༢༠༡༢ ལོའི་ཕྱི་ཟླ་ ༡ པའི་ཚེས་ ༩ ཉིན་མགོ་ལོག་སྟོང་སྐྱབས་དགོན་པའི་བླ་མ་བསོད་བྷ་རིན་པོ་ཆེ་མཆོག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་ཏེ་འདས་གྲོངས་སུ་གྱུར་ཡོད་པ་ལྟར། ཉེ་ལམ་རང་ལོ་ ༣༠ ཡས་མས་ཡིན་པའི་ཁོང་གི་སློབ་མ་ནམ་མཁའ་འཇིགས་མེད་དམ་ནམ་འཇིགས་འབོད་པས་ལྷ་སར་སྤྲུལ་སྐུ་བསོད་བྷའི་སྐུ་རུས་དང་ཕྱག་རྫས་ཁག་ཅིག་འཁུར་ཏེ། དགོངས་རྫོགས་མཆོད་འབུལ་ཆེད་ཕྱིན་སྐབས། ལྷ་སའི་བར་བསྐོར་གྱི་སྐོར་ལམ་དུ་ཉེན་རྟོག་མི་སྣས་འཛིན་བཟུང་བཙན་འཁྲིད་བྱས་འདུག
ད་ལྟའི་ཆར་ཁོང་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་མ་ཤེས་པར་ལྷག་ཡོད་པ་མ་ཟད། ལྷ་སར་ཡོད་པའི་ནམ་མཁའ་འཇིགས་མེད་ལགས་ཀྱི་ངོ་ཤེས་ཁག་ཅིག་ཉེན་རྟོག་པས་འཛིན་བཟུང་གིས་ཁོང་ནམ་རྒྱུན་ཕྱི་ཕྱོགས་དང་འབྲེལ་བ་ཡོད་མེད་སོགས་ཀྱི་འདྲི་གཅོད་དང་བཀག་ཉར་བྱས་འདུག
གསར་འགོད་པ་དོན་གོ་ལགས། གསར་འགྱུར་ཐུང་ཐུང་ཐིག་ཕྲེང་བདུན་བརྒྱད་ཅན་ཞིག་གི་ནང་ལ། ཡིག་ནོར་དོན་ནོར་བཅུ་གྲངས་ཤིག་བླུགས་འདུག གསར་འགྱུར་སྤེལ་ནས་ཆུ་ཚོད་ཉེར་བཞི་མ་ཟིན་སྔོན་ལ་མཆན་དྲུག་བདུན་ཞིག་བཏབས་འདུག་པའི་ནང་གི་བཞི་ལྔ་ཞིག་གསར་འགོད་པར་བསམ་འཆར་བཤད་མཁན་རྐྱང་རེད།
རྗེས་མ་ཉམས་འཇོག་གནང་རོགས། སོ་སོའི་ཤེས་ཚད་ལ་འབབ་པའི་ཞིབ་ཚགས་ཀྱིས་འབྲི་སྟངས་ཤིག་ཡོད་པ་རེད། ཤ་ཚ་བའི་སྐད་ཆ་ཡིན།
སྐུ་ལུས་མར་བསྲེགས་ཀྱི་ཉིན་ཚེས་པ་༨ རེད་༩ མ་རེད།
མཆན་འདེབས་ནི་ཚོ་་ནམ་རྒྱུན་འདི་མོ་ཞིག་མིན་ནས་བཤད་གྱི་མེད་ནི་འེ་རེད། ངོ་མ་ བླུན་པོ་ཁ་ཙུམ་ན་བསྟན་པ་ལ་ཕན་ཟེར་བ་དེ་རེད། ཁ་ཙུམ་ནས་བསྡད་ན་འེ་ཆོག་གི
གསར་འགོད་པ་ལགས། བོད་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་རེད་དམ་ཡང་ན་ཕབ་བཤུ་བྱས་བ་རེད།
སྤྲུལ་སྐུ་བསོད་བྷོ་ཟེར་བའི་གོ་དོན་གང་ཡིན་ནམ་གསར་འགོད་པས་ལན་ཞིག་གནང་རོགས།
གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད།
ཐུགས་སྣང་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧཧཧཧ་་་་་་་་ད་ནོར་བཅོས་བྱས་ཡོད།
གསར་འགོད་པ་དོན་གོ་ལགས། གོང་འགོད་ཀྱི་༢༠༡༠ དེ་༢༠༡༢ དང་སྟོང་སྐྱབས་དགོན་པ་ཞེས་ཡོངས་གྲགས་ཡིན་པས་དགོས་པ་གཞན་མེད་ན་སྐྱོབ་མ་བྲིས་ན་ལེགས་པ་འདྲ།