མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་དབང་དང་ལྷན་འཛོམས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

འབྲུག་ཐར་རྒྱལ། གོ་པལ་པུར་བོད་ཁྱིམ།


མི་ལོ་ལྔ་བཅུའི་ཡར་སྔོན་དུ་གངས་རིའི་མགོན་པོས་ཕ་ས་ཕ་ཡུལ་བཞག་སྟེ་ཀྱག་ཀྱོག་དང་གཡང་གཟར་ཆེ་བའི་ལམ་ལ་ཆས། ལ་ལུང་རི་ཆུ་ནགས་གསུམ་བརྒལ་ཏེ་མི་ཡུལ་དུ་ཞབས་སོར་འཁོད། འདི་ནི་ཁོང་ལྟ་བུ་ཞིག་ལ་མཚོན་ན་རང་ཡུལ་ནས་གཞན་ཡུལ་དུ་ཕེབས་པ་དང་། ས་མཐའ་ནས་འགྲུལ་བཞུད་རིང་མོ་འདིའི་དབུ་འཁྱུད་བྲིས། དེ་ཡང་འགྲུལ་བཞུད་རིང་མོ་འདི་དང་ལེན་དང་གཞན་ཡུལ་པང་དུ་མི་ལེན་ཀ་མེད་བྱུང་། དེ་བས་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད་ཁོང་སླར་ཡང་ཕ་ཡུལ་ལ་ཕྱིར་ཕེབས་ཏེ་པོ་ཏ་ལའི་མདུན་ཐང་ཆེན་མོར་གཞིས་བྱེས་ལྷན་འཛོམས་གྱི་རེ་སྒུག་བྱེད་བཞིན་མཆིས། ཡུན་རིང་རེ་ཞིང་སྒུག་པའི་གངས་ཅན་པ་དང་གངས་རིའི་མགོན་པོས་རེ་སྨོན་དང་རྨི་ལམ་འདི་ད་དུང་ཡང་རབ་རིབ་ངང་ལུས། མཆི་མ་དང་ཟུངས་ཁྲག་དབར་ནས་སྒུག་གིན་པའི་རྨི་ལམ་འདིི་མངོན་འགྱུར་ཡོང་བར་ཁ་ཐག་ཅི་ཙམ་རིང་ངམ།
འདས་པའི་ལོ་ངོ་བཅུ་ཕྲག་ལྔ་ལྷག་རིང་གཞིས་ལུས་རྒྱ་ཆེའི་མི་མང་གིས་གངས་རིའི་མགོན་པོ་དང་ས་མཐའི་སྤུན་ཟླ་རྣམས་ལ་རེ་སྒུག་ཟབ་ཅིང་། ལོ་ཟླའི་འགྱུར་ཁུགས་ཁྲོད་ནས་རང་དབང་དང་བདེན་དོན་ཆེད་གཅེས་པའི་ལུས་སྲོག་ཀྱང་ བློས་བཏང་ཏེ་གཅིག་རྗེས་གཉིས་མཐུད་ངང་རང་ལུས་མེ་རུ་བསྒྲོན། འོན་ཀྱང་ཕ་ས་ཕ་ཡུལ་ན་ད་དུང་འགྲོ་འདུག་རང་དབང་དང་། སྨྲ་བརྗོད་རང་དབང་། ཆོས་དད་རང་དབང་སོགས་མེད་པ་མ་ཟད་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ཡང་གུས་བརྩི་མི་ཞུ་བར་ཉིན་རེ་ནས་ཟླ་རེ། ཟླ་རེ་ནས་ལོ་རེ། ལོ་ནས་ལོ་བསྟུད་དེ་དྲག་གནོན་བྱས་རྐྱེན་ནང་སེམས་ལ་བཟོད་མེད་ཀྱི་རྨ་ཁ་ཆེས་ཆེར་བཟོས་བས་མཐར་འུ་ཐུག་ཐབས་ཟད་ཀྱི་གནས་སུ་ལྷུང་དུས་ཡོད་ཚད་བློས་གཏོང་གི་ ལས་འགུལ་འདི་ཡང་མི་སྤེལ་ཀ་མེད་ཆགས་ཀྱིན་ཡོད་པ་རེད།
ཨ་རབ་དཔྱིད་ཀྱི་གསར་བརྗེ་ཞེས་ཨ་རབ་ཀྱི་རྒྱལ་ཁབ་མང་དག་ཅིག་སྲིད་དབང་སྒེར་སྤྱོད་པ་དང་། དམག་མིའི་སྟོབས་ཤུགས། སྐུ་དྲག་དང་བླ་དཔོན་འོག་ཏུ་ལོ་ངོ་བཅུ་ཕྲག་མང་པོའི་རིང་གཉའ་གནོན་འོག་ཏུ་བསྡད་པའི་རྒྱལ་ཁབ་མང་དག་ཅིག་རེད། ཊོའུ་ནེ་ཤི་ཡའི་ཉམ་ཆུང་ཚོང་པ་གཅིག་གིས་རང་ལུས་མེར་བསྒྲོན་སྟེ་ངོ་རྒོལ་བྱས། དེས་རིམ་གྱིས་གསར་བརྗེའི་མེ་ལྕེ་ཨ་རབ་ས་ཕྱོགས་མང་པོར་ཁྱབ་པ་ལྟར་རྒྱལ་སྤྱིའི་དཔའ་བོ་བཀྲ་བྷེས་རང་ལུས་མེ་བསྲེགས་བཏང་བ་ནས་བཟུང་ད་བར་དུ་མེ་ལྕེ་སྔར་བས་ཇེ་ཆེ་ནས་ཇེ་ཆེར་མཆེད་བཞིན་གནམ་ས་འགུལ་ཀྱིན་འདུག་ལ། མེ་ལྕེ་དྲག་ཏུ་འབར་ཐེངས་རེར་མེ་མདའ་དང་དབྱུག་པས་གསད་ཐབས་དང་སྒྲིབ་ནག་འབར་འཛིན་བྱ་ཐབས་ཡང་བྱེད་ཀྱིན་འདུག ཨ་རབ་དཔྱིད་ཀྱི་གསར་བརྗེ་བྱུང་སྟེ་ལོ་ངོ་གཅིག་ཟིན་པ་དང་བོད་ནང་རང་ལུས་མེར་བསྲེགས་ཀྱི་གསར་བརྗེ་ལ་ཁ་ཕྱོགས་ནས་ལོ་གཉིས་ཟིན་ལ་ཉེ་བའི་དེ་རིང་ཕ་ཡུལ་གྱི་ས་ཁུལ་འདྲ་མིན་ནས་རང་ལུས་བོད་མི་རིགས་ཀྱི་བསྟན་སྲིད་ཀྱི་ཆེད་སྒྲོན་མཁན་བཅུ་བདུན་ཙམ་བྱུང་འདུག་ལ། བོད་ནང་གི་དངོས་ཡོད་ཀྱི་གནས་སྟངས་ལ་འགྱུར་བ་མ་བྱུང་ཚེ་ད་དུང་ཡང་སྐྱ་སེར་ག་ཚོད་ཀྱིས་ལུས་སྲོག་མེ་རུ་སྒྲོན་པ་ནི་ཚོད་དཔག་བྱེད་དཀའ་བ་ཞིག་རེད།
ཨ་རབ་དཔྱིད་ཀྱི་གསར་བརྗེ་ལ་ཕྱིར་མིག་ཅིག་བལྟས་ཚེ་རང་གཞུང་མགོ་གཏིང་སློག་ཅིང་སྲིད་དབང་སྒེར་འཛིན་པ་དམར་གསོད་བཏང་བ། ཁོང་ཚོས་དབང་ཤུགས་དང་མེ་མདའི་སོ་ཁ་ནས་ཉམ་ཆུང་མི་སེར་སྟོང་ཕྲག་མང་པོ་སྡུག་ བསྔལ་གྱི་མཚོ་མོའི་ནང་དུ་ལྷུང་བ། ཁྱོད་ཤིི་ང་གསོན་གྱི་འཐབ་རྩོད་དང་འཇིགས་རུང་གི་གསར་བརྗེ་ཞིག་ཀྱང་རེད། འོན་ཀྱང་། ཁོང་ཚོའི་རྒྱབ་ན་སྟོབས་ལྡན་ཨ་རིའི་ནེ་ཀྲོ་༼ NATO ༽དམག་དཔུང་དང་མང་གཙོ་ལ་དགའ་བའི་འཛམ་གླིང་མི་མང་གིས་རྟག་ཏུ་རོགས་འདེགས་བྱེད་ཀྱིན་འདུག དམངས་གཙོའི་ལམ་ཆེན་དང་བདེ་སྐྱིད་འོད་ཟེར་སྟོང་ལྡན་གྱི་གནས་ཤིག་ཏུ་འཁྲིད་ཀྱིན་འདུག
ཕྱོགས་གཞན་ཞིག་ནས་བསམ་གཞིགས་རེ་བྱས་ཚེ། ད་ལྟ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བཞིན་པ་དང་། རང་ཡུལ་ན་རང་གི་སྐད་ཡིག་ལེགས་བྱང་དང་བཅས་བ་ཕལ་བར་འགྱུར་ཀྱིན་པའི་དུས་འདིར། ངའི་ཕ་ཡུལ་རྔ་པ་གཙོས་ཡུལ་ལུང་མང་པོའི་ནང་དུ་བོད་མི་ཚོས་སྡུག་བསྔལ་བཟོད་ཐབས་བྲལ་ཏེ་རང་ཉིད་ཀྱི་གཅེས་པའི་སྲོག་ཀྱང་མི་གཏོང་ཀ་མེད་ཆགས་བཞིན་ཡོད། ཁོང་ཚོས་རང་ཉིད་ཀྱི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་པ་དང་། ཆོས་དད་རང་དབང་དང་། འགྲོ་འདུག་རང་དབང་། མི་གཅིག་གི་གཞི་རྩའི་རང་དབང་དང་ཐོབ་ཐང་དགོས་ཞེས་འབོད་ཚིག་སྒྲོག་བཞིན་བོད་ཀྱི་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་རང་ལུས་མེ་རུ་སྒྲོན་བཞིན་པ་རེད། ཁོང་ཚོས་སྙིང་སྟོབས་ཆེན་པོས་དགྲ་བོར་མི་རྒོལ་བར་འཚེ་བ་མེད་པའི་ལྟ་གྲུབ་ཡིད་ལ་སྒོམ་བཞིན་འདི་ལྟར་མི་ཡུལ་དང་གཏན་དུ་བྲལ། ཁོ་ཚོར་སྟོབས་ཆེན་དཔོན་པོས་རྒྱབ་སྐྱོར་མེད་ལ། དེ་བས་ཤི་མ་གསོན་ལ་མེ་མདའི་སོ་ཁ་གཏད་ཅིང་དྲག་གནོན་བྱས་པ་ཉུང་ཉུང་ག་ལ་ཡིན། ཕྱིའི་གདུག་རྩུབ་དང་མནར་གཅོད་ཀྱིས་ནང་སེམས་བཅུན་ཐབས་དབེན་པ་རེད། འདི་ནི་གནད་དོན་མང་དག་ལ་ཐ་དད་དང་ཐ་དད་ལས་བྱུང་བའི་ཆ་མི་སྙོམས་པའི་གནས་སྟངས་འགས་གསལ་འདོན་བྱས་པ་ཡིན།
མདོར་ན། རང་ལུས་མེ་རུ་སྒྲོན་པའི་དཔའ་བོ་དཔའ་མོ་དག་གཙོས་གཞིས་ལུས་རྒྱ་ཆེའི་མི་མང་གི་མངོན་འདོད་ནི་༸སྐྱབས་མགོན་རིན་པོ་ཆེ་ཕྱིར་ཕ་ཡུལ་ལ་ཕེབས་རྒྱུ་འདི་རེད་ལ། བཀའ་ཁྲི་མཁས་དབང་བློ་བཟང་སེང་གེའི་ལས་འགན་གཙོ་བོ་ཡང་༸སྐྱབས་མགོན་རིན་པོ་ཆེ་བོད་དུ་གདན་འདྲེན་བྱེད་རྒྱུ་ཡིན་པ་ཐེངས་མང་བརྗོད་མྱོང་ཡོད། ས་མཐའི་སྤུན་ཟླ་ཚོས་ཉིན་དང་མཚན་གྱི་རྨི་ལམ་ཡང་དེ་ཁོ་ན་རེད། ༸གོང་ས་མཆོག་ནས་ཀྱང་བོད་དུ་ཕེབས་རྒྱུའི་གོ་སྐབས་བྱུང་ཚེ་ཕེབས་རྒྱུ་ཡིན་ཞེས་གསུངས་མྱོང་། ཁོང་འགྲུལ་བཞུད་ཀྱི་བརྒྱུད་རིམ་ཁྲོད་ཉི་མ་ལྷ་སར་ཞབས་སོར་འཁོད་པ་དང་གཞིས་བྱེས་ལྷན་འཛོམས་ཀྱི་ཉིན་མོ་ཏེ་མི་ལོ་ལྔ་བཅུའི་རྨི་ལམ་མངོན་འགྱུར་ག་དུས་བྱུང་ངམ། འདི་ནི་རང་དབང་ཆེད་དུ་དཔའ་བོ་དཔའ་མོ་སྟོང་ཕྲག་མང་པོས་ཡོད་ཚད་བློས་བཏང་བའི་ཕུགས་འདུན་ཡང་རེད་ལ། འདིི་ནི་རང་དབང་དང་ཞི་བདེའི་འོད་སྟོང་འབར་བའི་ཉིན་མོ་ཁོ་ན་ཡིན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༩ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༢༠ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༢༣ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 3

  1. བཙན་པོའི་བུ། says:
    ལོ་ 14 སྔོན།

    ཁྱེད་རང་གིས་སེམས་ཚོར་དྲག་པོའི་སྒོ་ནས་རྩོམ་ཡིག་འདི་བྲིས་པར་བཀའ་དྲིན་ཆེ། འོན་ཀྱང་ཁྲུ་ནི་ཤི་ཡཱ་ཡི་གནས་སྟངས་དང་བོད་ཀྱི་གནས་སྟངས་གཉིས་ཏོག་ཙམ་མི་འདྲ་བ་ཡོད་ངེས་རེད། དེ་ཡང་ལོ་རབས་ལྔ་བཅུ་པའི་ནང་ཧྥ་རན་སིའི་འོག་ནས་རང་བཙན་ཐོབ་རྗེས་ཁྲུ་ནི་ཤི་ཡཱ་དེ་རང་རིགས་རང་གིས་སྐྱོང་བའི་རང་བཙན་རྒྱལ་ཁབ་གཅིག་ཆགས་པ་རེད། འོན་ཀྱང་ཁྲིམས་འཛིན་ལམ་ལུགས་མི་ཉུང་བ་ཞིག་ཧྥ་རན་སིའི་ལམ་ལུགས་ནས་ལེགས་ཆ་ལེན་ཏེ་ལག་སྟར་བྱེད་བཞིན་ཡོད་པར་གྲགས། རང་བཙན་ཐོབ་ནས་རང་རིགས་རང་གིས་སྐྱོང་བའི་དུས་མཚམས་སུ་ཡུལ་གྲུ་དེའི་དཔོན་རིགས་ཚོས་སྲིད་དབང་སྒེར་སྤྱོད་པ་ཚོས་རང་ཉིད་ཀྱི་དབང་ཆ་བརྟན་བསྲུང་ཆེད་མི་མང་གི་དབང་རང་མི་ཉུང་བ་ཞིག་བརྡལ་བཤིག་བཏང་བ་རེད། མདོར་ན་རང་རིགས་གཅིག་པའི་དཔོན་ངན་གྱིས་རང་གིས་སྐྱོང་དགོས་པའི་མི་མང་རྣམས་བཙིར་བ་རེད། དེ་ལྟ་བུའི་ཁོར་ཡུག་འོག་ནས་མི་མང་རྣམས་འ་ཆད་འུ་ཐུག་ཆགས་ཏེ་ཡར་ལངས་བྱས་པ་རེད། གཞུང་གིས་དཔུང་དམག་བཏང་ཀྱང་རང་རིགས་གཅིག་པའི་དམག་དཔུང་གིས་རང་ཉིད་ཀྱི་སྤུན་ཟླ་རྣམས་དམར་གསོད་བྱེད་མི་སྲིད་པ་ཞིག་རེད། འོན་ཀྱང་རྒྱ་དམར་ལ་མཚོན་ན་ཁོ་ཚོ་ང་ཚོའི་འགོ་འདོན་འཚོ་སྐྱོང་བྱེད་མཁན་ཞིག་མ་རེད། དེ་བས་ཁོ་ཚོ་བཙན་འཛུལ་བ་རེད། ང་ཚོས་རང་ལུས་མཆོད་མེར་སྒྲོན་ཀྱང་ཁོ་ཚོས་ཡ་ང་བག་ཚ་གང་ཡང་བྱེད་ཀྱི་མ་རེད། དེ་གཅིག་ཡིན། ཁྲུ་ནི་ཤི་ཡ་ལ་མཚོན་ན་ཡུལ་གྲུ་དེའི་མི་མང་ཚང་མས་འོས་ལངས་དེར་རྒྱབ་སྐྱོར་ཡོད་པར་བརྟེན་ཁོ་ཚོའི་སྲིད་གཞུང་གི་ནུས་པ་རང་བཞིན་གྱི་ཉམས་པ་རེད། འོན་ཀྱང་ང་ཚོར་མཚོན་ན་ང་ཚོའི་འཐབ་བརྕོད་དེར་རྒྱབ་སྐྱོར་བྱེད་མཁན་ང་ཚོ་བོད་མི་མང་ལས་རྒྱ་མི་དེ་ཙམ་མེད་ཁར་རྒྱ་མི་མང་མོས་སྲིད་གཞུང་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་རེད། དེ་ནི་ཁོ་ཚོའི་དྲིལ་སྒྲགས་རྫུན་མའི་ནུས་པ་རེད་ཅེས་བརྗོད་ཆོག། རྒྱལ་སྤྱིའི་སྟེང་ནས་བརྗོད་ན། འཇིགས་སྐུལ་རིང་ལུགས་ནི་དེང་རབས་འཛམ་གླིང་གི་བདེ་འཇགས་ལ་ཉེན་ཁ་ཆེ་ཤོས་ལ་ངོས་འཛིན་བྱེད་བཞིན་ཡོད་ལ་འཇིགས་སྐུལ་བའི་ཡོངས་ཁུངས་གཅོ་བོ་ཞིག་ཁ་ཆེའི་ཆོས་ལུགས་ལ་དད་ཞེན་བྱེད་མཁན་ཁྲོད་ནས་ཡོང་གི་ཡོད། དེ་བས་ཀྱང་གཙོ་ཆེ་བ་ཞིག་ལ་འཇིགས་སྐུལ་བར་རྒྱབ་སྐྱོར་བྱེད་མཁན་ནི་ཁ་ཆེའི་སྒེར་གཅོད་དཔོན་རིགས་ཚོར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན་ནུབ་ཕྱོགས་པ་ཚོས་ཁ་ཆེའི་རྒྱལ་ཁབ་རྣམས་མང་གཙོར་བསྒྱུར་རྒྱུར་འབད་བརྩོན་མངོན་ལྐོག་གཉིས་ཀ་ནས་བྱེད་ཀྱི་ཡོད་པ་རེད། ཕྱོགས་གཞན་ཞིག་ནས་ཁོ་ཚོའི་ཡུལ་གྲུར་རྡོ་སྣུམ་ཡོད་པ་རེད། རྒྱུ་མཚན་དེ་དག་ལ་བརྟེན་ནས་ཁོ་ཚོར་རྒྱལ་སྤྱིའི་རྒྱབ་སྐྱོར་རག་གི་ཡོད་པ་རེད། མདོར་ན་ཡོད་ཚད་རང་ཉིད་ཀྱི་ཁེ་ཕན་ལ་ཐུག་ཡོད།

    Reply
  2. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    རྔ་སྒྲ་ལགས་་་་་་ང་རང་ཚོའི་ཕོ་བྲང་འདི་ཨ་རུ་ལ་ཡོད་ན་་་གཞིས་བྱས་གཉིས་ད་གང་ཤེས་་་་བྱས་འབྱོར་བ་ཚང་མཛོམས་བྱེད་ཐུབ་ངེས་རེད་པ།

    Reply
  3. རྔ་སྒྲ says:
    ལོ་ 14 སྔོན།

    རང་དབང་དང་ལྷན་འཛོམས།
    མི་ལོ་ལྔ་བཅུ་ལྷག་ཕྱི་ཡུལ་དུ་གྱར་བའི་སྤུན་ཟླ་ཚོ། ང་ཚོ་ནམ་ཞིག་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གཞིས་བྱེས་མཉམ་འཛོམས་འབྱེད་ཐུབ་བམ། ༸གོང་ས་་མཆོག་ནམ་ཞིག་ཕོ་བྲང་པོ་ཏ་ལའི་མདུན་ཐང་དུ་གདན་འདྲེན་ཞུ་ཐུབ་བམ། དེ་རིང་གི་ང་ཚོ་ནམ་ཡང་རྨི་ལམ་མངོན་འགྱུར་ཡོང་བར་བློ་སློབས་སྐྱེས་ཏེ་མདུན་བསྐྱོད་ཀྱི་དཔུང་ཤུགས་ལྷན་ཏུ་སྒྲིལ་བའི་དུས་ཤིག་ལ་སླེབས་འདུག་གོ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese