མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེལ་པའི་ཉིན་ས་རཱ་མཐོ་སློབ་ཏུ་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་སྐུ་གྲོངས་ནས་ལོ་འཁོར་ ༡༥ ལོན་པར་རྗེས་དྲན་གྱི་བགྲོ་གླེང་ཞིག་ཚོགས་ཏེ། མཛད་སྒོའི་སྐུ་མགྲོན་དུ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ཆེད་ཕེབས་ཀྱིས་བཀའ་སློབ་གསུང་བཤད་གནང་སོང་།

དེ་རིང་སྔ་དྲོ་ས་རཱ་མཐོ་སློབ་ཀྱི་ཚོགས་ཁང་དུ། དང་བླངས་སློབ་ཕྲུག་འགའི་གོ་སྒྲིག་འོག་སྐུ་གཤེགས་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་ལ་རྗེས་དྲན་གྱི་བགྲོ་གླེང་མཛད་སྒོ་དེ་འཚོགས་སོང་ལ། མཛད་སྒོ་དེར་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། རྒན་དམ་པའི་ཡང་སྤྲུལ་མཆོག བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་དང་བསོད་ནམས་རྒྱལ་མཚན། ས་རཱ་མཐོ་སློབ་གྱི་འགན་འཛིན་འཇམ་དཔལ་གྲགས་པ་བཅས་ཀྱིས་གཙོས། གདན་ཞུའི་བགྲོ་གླེང་བ་དང་ས་རཱ་མཐོ་སློབ་ཀྱི་སློབ་ཟུར་རྣམས་དང་། ད་ཡོད་དགེ་སློབ་ཡོངས་བཅས་མི་གྲངས་ ༤༠༠ ལྷག་མཉམ་ཞུགས་གནང་འདུག་ལ། མཛད་སྒོའི་སྐབས་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་། ཚོགས་ཞུགས་པ་ཡོངས་ཀྱིས་བོད་བསྟན་སྲིད་དོན་དུ་རང་ལུས་མེ་རུ་བསྒྲོན་མཁན་རྣམ་པའི་གཙོས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་ཆེད་ངག་བཅད་མྱ་ངན་སྐར་མ་གཅིག་བཅས་གནང་སྟེ་མཛད་སྒོ་དངོས་སུ་དབུ་འཛུགས་གནང་སོང་། མཛད་སྒོའི་ལས་རིམ་གྲུབ་རྗེས་དམ་པ་ཁོང་གི་མི་ཚེ་མཛད་རྗེས་དང་འབྲེལ་བའི་པར་རིས་དང་གསུང་རྩོམ་འགྲེམས་སྟོན་སོགས་བགྲོ་གླེང་ཚོགས་བཅར་བ་ཡོངས་ལ་སྤྱན་འབུལ་ཀྱང་གནང་སོང་།
བགྲོ་གླེང་གི་ཐོག་མར་དང་བླངས་གོ་སྒྲིག་པའི་འཐུས་ཚབ་འཇམ་དབྱངས་སྦྱིན་པ་ལགས་ཀྱིས། “རྒན་དམ་པ་ཁོང་གི་མཛད་བཟང་དེ་མི་རབས་རྗེས་མ་རྣམས་ལ་ཉན་རྒྱུ་དང་ཀློག་རྒྱུ་ཡོད་པ་ཞིག་བྱུང་ན་ཡག་པོ་འདུག་བསམ་པའི་སྟེང་ནས་རྗེས་དྲན་བགྲོ་གླེང་འདི་གོ་སྒྲིག་གནང་བ་ཡིན་ལ། དམིགས་ཡུལ་གཙོ་བོ་ནི་བགྲོ་གླེང་འདི་བརྒྱུད་དེ་རྒན་དམ་པ་ཁོང་གི་འགྱུར་བ་མེད་པའི་ལྷག་བསམ་དང་སྙིང་རུས། རྒན་པ་དམ་པ་ཁོང་གིས་དཀའ་བ་བརྒྱ་ཕྲག་ཁྱད་དུ་བསལ་ཏེ། རིག་སློབ་མ་ལག་འདི་འདྲ་ཞིག་ཁྲག་དང་རྔུལ་ཆུས་བཞེངས་བསྐྲུན་བྱས་པ་དེ། ད་ལྟ་ཁོང་གི་ཐུགས་རྗེ་གྲིབ་བསིལ་འོག་འཚར་ལོངས་འབྱུང་བཞིན་པའི་སློབ་ཕྲུག་ང་ཚོའི་སེམས་ལ་ངེས་དགོས་པ་དང་། དམ་པ་ཁོང་གིས་ང་ཚོ་སློབ་ཕྲུག་ཚོར་ཐུགས་རེ་ག་འདྲ་གནང་ཡོད་མེད་བཅས་བགྲོ་གླེང་བརྒྱུད་དེ་ངེས་ཤེས་བྱུང་ཐུབ་པ་ཡིན་ན། རྗེས་ཕྱོགས་ང་ཚོ་སློབ་ཕྲུག་རྣམས་ཀྱིས་སོ་སོའི་སློབ་སྦྱོང་བྱ་དུས་ལུས་ངག་ཡིད་གསུམ་གྱི་བྱ་སྤྱོད་འཁྱེར་སྟངས་ཚུན་ཆད་ལ་ཕན་ཐོགས་ཆེན་པོ་ཡོང་གི་རེད་བསམ་སྟེ། གཙོ་བོ་སློབ་མ་ཚོར་དམིགས་པ་ཞིག་ཡིན།” ཞེས་བརྗོད་དེ། རྒན་དམ་པ་ཁོང་སྐུ་གྲོངས་ཏེ་ལོ་ ༡༥ འཁོར་བའི་དུས་ཚིགས་དང་སྟབས་བསྟུན། རྗེས་དྲན་གྱི་བགྲོ་གླེང་ཚོགས་འདུ་དེ་འདྲ་ཞིག་འཚོག་དགོས་པའི་དམིགས་ཡུལ་དང་རྒྱུ་མཚན་ངོ་སྤྲོད་གནང་སོང་། 
དེ་རྗེས། བོད་མི་མང་སྤྱི་འཐུས་དགེ་བཤེས་སྐལ་བཟང་དགྲ་འདུལ་ལགས་ཀྱིས། རྒན་དམ་པ་ཁོང་ནི་བོད་ཤར་ཕྱོགས་མདོ་ཁམས་ཀོང་རའི་ཡུལ་དུ་སྐུ་འཁྲུངས་པ་དང་། སྐུ་ན་ཆུང་དུས་ནས་གཞིས་དགོན་དོན་གྲུབ་གླིང་དུ་རབ་ཏུ་བྱུང་ཤིང་། དགུང་ལོ་ ༢༡ སྟེང་དཔལ་ལྡན་འབྲས་སྤུངས་དགོན་དུ་ཕེབས་ཏེ་གཞུང་ཆེན་ཁག་ལ་གསན་བསམ་རྒྱ་ཆེ་གནང་པ་དང་། བཙན་བྱོལ་དུ་ཕེབས་རྗེས་དགེ་འོས་འཛིན་གྲྭ་ཆེད་ཞུགས་ཀྱིས་ཐུན་མོང་རིག་གནས་ལ་བསླབ་པ་མཐར་ཕྱིན་གནང་རྗེས། མ་སུ་རི་གཏན་སློབ་ཏུ་དགེ་རྒན་གྱི་ཕྱག་ལས་གནང་པ་དང་། གསུང་རྩོམ་དཔེ་དེབ་ ༣༠ དང་། རྩོམ་ཡིག་ཐོར་བུ་ ༨༠ ལྷག་བརྩམས་གནང་མཛད་པ་དང་། བོད་རྒྱལ་བསྟན་ཁོ་ནའི་ཆེད་དུ་༸གོང་ས་མཆོག་གིས་དོལ་རྒྱལ་བསྟེན་གསོལ་ལ་དམ་དྲག་རླབས་ཆེན་མཛད་བཞིན་པའི་སྐབས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་བློ་སྟོབས་ཆེན་པོས་ཐོག་མང་ཚོགས་ལ་རྒྱུ་མཚན་དང་ལོ་རྒྱུས་སྦྲགས་ཏེ་སྤང་བླངས་ཚུལ་བཞིན་བྱེད་དགོས་པའི་ལམ་སྟོན་བཀའ་སློབ་ཟབ་མོ་ཡིག་ངག་གཉིས་ཐོག་ནས་རབ་དང་རིམ་པར་འཛེམས་སོན་མེད་པར་གནང་པ་ལ་བརྟེན་ནས། ཕྱི་ལོ་ ༡༩༩༧ ཕྱི་ཟླ་ ༢ ཚེས་ ༤ ཉིན་གྱི་དགོང་དྲོ་རང་ཤག་ཏུ་དོལ་རྒྱལ་རྗེས་འབྲང་པ་སྐོར་ཅིག་གིས་ཡ་ང་བའི་གདུག་སྤྱོད་སྤེལ་ཏེ་སྐུ་གྲོངས་པའི་སྐོར་བཅས། དམ་པ་ཁོང་གི་མི་ཚེ་ལོ་རྒྱུས་ངོ་སྤྲོད་གནང་སོང་།  
མཇུག་མཐར། སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་རྒན་དམ་པ་བློ་བཟང་རྒྱ་མཚོ་མཆོག་བོད་ཕྱི་ནང་གཉིས་སུ་སྐུ་འཚོ་བཞུགས་སྐབས་ཀྱི་ལོ་རྒྱུས་དང་། ལྷག་པར་དུ་དམ་པ་ཁོང་བཙན་བྱོལ་དུ་ཕེབས་པའི་རྗེས་སུ་སུམ་རྟགས་སྙན་གསུམ་སོགས་ཐུན་མོང་རིག་གནས་ལ་སྦྱང་བརྩོན་དང་ཕྱག་རྩོམ་སོགས་ཅི་ལྟར་གནང་ཡོད་མེད། ཁོང་ཉིད་མ་སུ་རིར་བཞུགས་སྐབས། དེང་རབས་དང་མཐུན་པ། ཚད་མ་རིག་པ་དང་མཐུན་པ་བཅས་ཀྱི་སྒོ་ནས་དེང་རབས་སློབ་སྦྱོང་ཐོན་མཁན་སློབ་ཕྲུག་ཚོར་ནང་ཆོས་ངོ་སྤྲོད་གནང་སྟེ་གྲུབ་འབྲས་ཆེན་པོ་ཐོན་པར་བརྟེན། ༸གོང་ས་མཆོག་གིས་ཀྱང་དམ་པ་ཁོང་གིས་ནང་ཆོས་ངོ་སྤྲོད་གནང་སྟངས་དེ་གནད་དུ་སྨིན་པོ་འདུག་པའི་བཀའ་གནང་པར་མ་ཟད། གནས་སྟངས་དེ་གཞི་རྒྱ་ཆེན་པོའི་ཐོག་ནས་ལག་ལེན་ཡོང་ཆེད། མཚན་ཉིད་རིག་སློབ་དྷ་སར་གསར་བཙུགས་གནང་བ་སོགས་ཁོང་གི་མི་ཚེ་མཛད་རྗེས་གླེང་བ་དང་སྦྲགས། བཀའ་བློན་ཁྲི་ཟུར་མཆོག་གིས། “ ༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས། དམ་པ་ཁོང་གི་ཡང་སྲིད་ངོས་འཛིན་བྱུང་པ་དང་། ཡང་སྲིད་མཆོག་གིས་ད་ལྟ་སློབ་གཉེར་གནང་བཞིན་པར་བརྟེན། སྐུ་གོང་མའི་མཛད་འཕྲིན་ལུས་བསྡད་པ་དེ་དག་རྒྱུན་སྐྱོང་གནང་ཐུབ་རྒྱུ་དེ་ཡང་སྲིད་ཕེབས་པའི་དགོས་དོན་རེད། དེ་སྐྱོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད་ལ། ཐབས་ཤེས་གནང་དགོས་པ་རེད་ཅེས་དེ་རིང་གི་གོ་སྐབས་འདི་བཟུང་སྟེ་ངས་འབོད་སྐུལ་ཞུ་རྒྱུ་ཡིན།” ཞེས་གསུངས་སོང་། 
དེ་བཞིན། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། “ ད་ཁྱོད་རང་ཚོས་རྒན་དམ་པ་དེ་ཉིད་ཀྱིས་སྤྱིར་བོད་བསྟན་པ་ཆབ་སྲིད་དང་། འཕགས་པ་སྐྱབས་མགོན་ཆེན་པོར་ཞབས་འདེགས། ལྷག་པར་དུ་མཚན་ཉིད་རིག་སློབ་མ་ལག་དང་བཅས་པ་འཛུགས་སྐྲུན་གནང་བའི་བཀའ་དྲིན་ལ་རྗེས་དྲན་བྱས་པ་དེ་ནི། ཡ་རབས་ཀྱི་ཚུལ་ལུགས་དང་མཐུན་པ་ཡག་པོ་རེད། ཡིན་ནའང་། རྒན་གྱི་ཐུགས་བཞེད་རྫོགས་པ་དང་། ཁྱོད་རང་ཚོས་བཀའ་དྲིན་གསབ་པའི་ཐབས་ལམ་གཙོ་བོ་ནི། རྒན་རིན་པོ་ཆེ་ཁོང་གི་སྐུ་ཚེ་རྣམ་ཐར་སོ་སོས་ལག་ལེན་བསྟར་ཐུབ་པ་བྱས་ཏེ། བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུའི་ཐབས་ཤེས་གནང་རྒྱུ་དེ་ཆགས་ཡོད་སྟབས། བོད་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ཁུར་ལེན་དང་། བོད་ཀྱི་ཆོས་དང་རིག་གཞུང་ཡུན་གནས་ཡོང་ཆེད་དུ་འབད་བརྩོན་གནང་རྒྱུ་དེ་རེད།” ཅེས་གསུངས་ཏེ། དགེ་ལས་སློབ་ཕྲུག་ཡོངས་ལ་རྒན་དམ་པ་ཁོང་གི་ལྷག་བསམ་དང་སྙིང་རུས་མིག་དཔེ་རུ་བཟུང་སྟེ། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ཁུར་ལེན་ཧུར་བརྩོན་གནང་དགོས་པའི་བཀའ་སློབ་གནང་སོང་།
རྗེས་དྲན་བགྲོ་གླེང་དེ་ནི་ས་རཱ་མཐོ་སློབ་ཀྱི་སློབ་མ་བློ་བཟང་རྒྱ་མཚོ། བསྟན་འཛིན་བཀྲ་ཤིས། འཇམ་དབྱངས་སྦྱིན་པ། བཀྲ་ཤིས་མགོན་པོ། སྤེན་པ། ངག་དབང་གྲིབ་སེལ། ཨ་ནེ་བྱང་ཆུབ་བཅས་ཀྱིས་དང་བླངས་ཐོག་མགོ་འཛིན་གནང་སྟེ། འབྲེལ་ཡོད་རིག་སློབ་སྡེ་ཁག་ལ་སྙན་འབུལ་གྱིས་རིག་སློབ་མ་ལག་ནས་འགྲོ་གྲོན་མཐུན་འགྱུར་གནང་བའི་ཐོག་ནས་གོ་སྒྲིག་བྱས་པ་ཞིག་ཡིན་པ་དང་། ཐེངས་འདིའི་གདན་ཞུའི་བགྲོ་གླེང་བ་རྣམས་ནི་ས་རཱ་སློབ་སྤྱི་དགེ་བཤེས་འཇམ་དཔལ་གྲགས་པ་དང་། སྤྱི་འཐུས་བསོད་ནམས་རྒྱལ་མཚན། གཞོན་ལྷན་ཚོགས་གཞོན་དོན་གྲུབ་ལྷ་དར། ནོར་གླིང་ཉམས་ཞིབ་འགན་འཛིན་རྡོ་རྗེ་དབང་ཕྱུག ཤེས་རིག་ཉམས་ཞིབ་པ་ཆུང་ཚེ་རིང་། དགེ་བཤེས་སྐལ་བཟང་། ས་རཱ་མཐོ་སློབ་ཀྱི་དགེ་རྒན་པ་སངས་ཚེ་རིང་བཅས་ནས་ཉིན་གཉིས་རིང་དམ་པ་ཁོང་གི་མཛད་རྗེས་དང་འབྲེལ་ཏེ་བགྲོ་གླེང་གནང་རྒྱུ་ཡིན་པ་དང་། བགྲོ་གླེང་གི་མཇུག་སྡོམ་མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་གསུང་བཤད་གནང་རྒྱུ་རེད་འདུག 
 གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཁྲིམས་རྩོད་པ་བྱམས་པ་དབང་ཕྱུག་ལགས་ཀྱིས་གསར་འགོད་པར་ལན་འདེབས་གནང་བཞིན་པ། ༢༠༢༦།༦།༩ དུས་བབ་གསར་ཁང་གི་པར།
Mobile App

 བལ་ཡུལ་གྱི་དགོན་སྡེ་ཁག་གཉིས་ཀྱི་གནད་དོན་ཐོག་སྔོན་འགྲོའི་ཉན་ཞིབ་འཚོགས།

ཆུ་ཚོད་ ༡༢ སྔོན་ལ།
དགའ་ལྡན་ཕོ་བྲང་གི་པར། ༢༠༢༦།༦།༨
༸གོང་ས་མཆོག གསར་འགྱུར།

༸སྐུའི་ཞབས་པུས་གཡོན་མའི་གཤག་བཅོས་ལེགས་གྲུབ་བྱུང་། 

༢༠༢༦/༠༦/༠༨
དམ་འབུལ་གྲུབ་རྗེས་གསར་འགོད་པ་རྣམས་ཀྱིས་སྤྱི་འཐུས་གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་སུ་བཅར་འདྲི་ཞུ་སྐབས། ༢༠༢༦།༦།༨ བོད་ཀྱི་དུས་བབ་གསར་ཁང་གི་པར།
གསར་འགྱུར།

གསེར་རྟ་བཀྲ་ཤིས་དོན་གྲུབ་ལགས་ཀྱིས་སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཀྱི་ལས་འཁུར་དམ་འབུལ་ཞུས།

༢༠༢༦/༠༦/༠༨
བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

༢༠༢༦/༠༦/༠༧
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥

མཆན། 11

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྩ་བའི་བླ་མ་དམ་པ་མཚན་ཉིད་རྒན་མཆོག་གིས།
    “།ཞི་བདེ་འདོད་ན་བྱམས་བརྩེས་སྐྱོང་རེས་དགོས།
    །དམ་མཐུན་འདོད་ན་རང་ཤེད་སྤོང་རེས་དགོས།
    །ཡར་རྒྱས་དགོས་ན་ཧུར་བརྩོན་མཉམ་རུབ་དགོས།
    །གཞན་ཕན་སྒྲུབ་པར་རང་གཅེས་རྒྱབ་བསྐྱུར་དགོས།”
    ཞེས་གསུངས་པ་ལས།
    བཟང་ཕྱོགས་མཉམ་རུབ་ཧུར་བརྩོན་ཡར་རྒྱས་ཀྱིས། །
    རང་གཅེས་རྒྱབ་བསྐྱུར་གཞན་ཕན་སེམས་བསྐྱེད་སྒོམས། །
    རང་ཤེད་འདུལ་ནས་བླ་སློབ་དམ་མཐུན་ངང་། །
    ཞི་རྒྱས་དབང་དྲག་དངོས་གྲུབ་མི་སྒྲུབ་མེད། །
    ཅེས་པ་འདི་ཡང་ཟེར་ཐལ་ཤོར་སོང་ལགས།

    Reply
  2. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    “།ཞི་བདེ་འདོད་ན་བྱམས་བརྩེས་སྐྱོང་རེས་དགོས།
    །དམ་མཐུན་འདོད་ན་རང་ཤེད་སྤོང་རེས་དགོས།
    །ཡར་རྒྱས་དགོས་ན་ཧུར་བརྩོན་མཉམ་རུབ་དགོས།
    །གཞན་ཕན་སྒྲུབ་པར་རང་གཅེས་རྒྱབ་བསྐྱུར་དགོས།”

    འདི་ནི་རྒན་དམ་པའི་བཀའ་སློབ་ཡིན་ལ་ཉམས་ལེན་ཡང་ཡིན།

    རིགས་ཀྱི་བུ་སློབ་རྣམ་པས་བཀའ་དྲིན་རྗེས་དྲན་གྱི་བགྲོ་གླེང་འདི་འདྲ་ཞིག་བསྐོངས་པར་སྙིང་ཐག་པ་ནས་ཡི་རང་དང་བཀའ་དྲིན་ཆེ་ཞུ།

    Reply
  3. གཞིས་ཆགས་བུ། says:
    ལོ་ 14 སྔོན།

    དམ་པ་ཁོང་ལྟ་བུ་ནི་ང་རང་ཚོའི་མི་རིགས་འདི་ལ་ཤིན་ཏུ་ནས་བཀའ་དྲིན་ཆེ་བའི་སྐྱེ་བོ་ཞིག་ཡིན་ལ། ཁོང་གི་ཞུམ་མེད་ཀྱི་སྙིང་སྟོབས་དང་དཔའ་མཛངས་ཀྱི་ཁྱད་ཆོས། དེ་བཞིན་གཞན་ཕན་གྱི་བསམ་པ་ནི་ཆེས་རླབས་ཆེན་ཞིག་རེད།

    ལྷག་པར་ཁོང་གི་བཀའ་སློབ་ནང་དུ་རྟག་ཏུ་གསུང་གིན་ཡོད་པ་ནི་། “ཁྱེད་རང་ཚོ་མ་འོངས་པར་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་ཞབས་ཞུ་བསྒྲུབ་དགོས་པ་ཡིན། གལ་སྲིད་དེ་འདྲ་ཞིག་མ་བྱུང་ན་མ་མཐའ་ལ་༸རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་བོད་གཞུང་ལ་རྒྱབ་འགལ་མེད་པ་ཞིག་བྱེད་དགོས་པ་ཡིན ” ཞེས་པ་དེ་ཡིན། །

    Reply
  4. མནར་མེད་པ། says:
    ལོ་ 14 སྔོན།

    ཕ་་པ་དམ་པ་དག་པའི་ཞིང་གཞན་གཤེགས། དགོན་སློབ་ཆེན་མི་ཡུལ་ཁམས་འདིར་ལུས། བུ་ང་ཚོ་ང་རྒྱལ་ཁྱོད་ཕམ་ངང་། ཆོས་ཆོལ་ཁ་རྩོད་བཞིན་མི་ཚེ་ཟད། ཕ་ཁྱེད་ཀྱི་དགོངས་དོན་ཟབ་མོ་རྣམས། བུ་ང་ཚོས་འགྲུབ་ཟེར་ཁག་པོ་འདུག

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒན་བདག་ཉིད་ཆེན་མོ་༸བློ་བཟང་རྒྱ་མཚོ་མཆོག་ནི།

    བློ་གྲོས་བློ་རྩལ་ཆུང་ནས་རྒྱས། །
    བཟང་པོའི་ཐུགས་རྒྱུད་ཆེས་བཟང་བས། །
    རྒྱ་བོད་ཤེས་རིག་དར་སྤེལ་ཆེད། །
    མཚོ་འབྱུང་ལྷ་མོའང་མགྲིན་པར་འཁྱུད། །

    ཡང་སྲིད་༸བསྟན་ཚེ་རྟག་བརྟན་ཤོག །

    Reply
  6. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    དམ་པ་ཁོང་གིས་མི་རིགས་ལ་བཞག་པའི་མཛད་རྗེས་དང་རང་རིགས་ལ་བཅངས་བའི་ལྷག་བསམ་ལ་རྗེས་སུ་ཡིད་རང་གྲངས་མེད་ཡོད།

    Reply
  7. ལྷ་དབང་ says:
    ལོ་ 14 སྔོན།

    གསར་འགོད་པ་ལགས་ཁོང་༩༢་ལ་གཤེགས་ན་ཕལ་ཆེར་མི་ལོ་༢༠་འགྲོ་གི་འདུག

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རྒྱ་གུང་བྲན་ཨ་ཁུ་ཨ་ནེ་འདྲ། །
    བུ་ཐོས་པ་དགའ་ཁྱོད་མཐུ་སྒྲུབ་རན། །

    ལས་ཕ་མ་དྲིན་ཆེན་དལ་འབྱོར་ཐོབ། །
    ང་སྐྱེས་ས་བོད་ཡུལ་རྡོ་རྗེ་གདན། །

    ཕ་༸མར་པ་འདྲ་བའི་༸གོང་ས་མཆོག །
    བུ་མཐུ་ཅན་ང་ལ་གདམས་ངག་ཐོབ། །

    ས་ཁམས་གསུམ་འཁོར་བར་འཁྱམས་ཞོར་དུ། །
    དྲ་དུས་བབ་ཁ་བརྡར་འདུ་འརྫིས་གཡེངས། །

    བུ་མི་ལས་གྲུབ་པའི་རྒྱལ་མཚན་འཛིན། །
    བུ་ང་ཡང་དབེན་པར་འདུག་འདོད་འདུག །

    Reply
  9. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དམ་པ་ཁོང་ལ་བཀའ་དྲིན་རྗེས་དྲན་དང་། ཁ་མིག་ཡར་ལྟ་བྱེད་དགོས་ངེས་རེད། ཁོང་གི་མཛད་བཟང་ལ་བརྟེན་ནས་བསྟན་པ་སྤྱི་དང་། ཡང་སྒོས་བོད་བརྒྱུད་ནང་བསྟན་ཆེན་མོ། དེ་བཞིན་གངས་ཕྲུག་མང་པོ་ཞིག་ལ་ཕྱི་ནང་ཤེས་ཡོན་གྱིས་སྨིན་པར་མཛད་དེ་གནའ་དེང་ཟུང་འབྲེལ་ཐོག་ནས་བསྟན་འགྲོ་སྤྱི་ལ་སྨན་པའི་འབྲས་བཟང་ནི་ནམ་མཁའི་མཐའ་ཀླས་པ་ཞིག་རེད།།

    ཕ་ཁྱེད་ཀྱི་སྐུ་དང་བདག་གི་ལུས།།
    ཕ་ཁྱེད་ཀྱི་གསུང་དང་བདག་གི་ངག།
    ཕ་ཁྱེད་ཀྱི་ཐུགས་དང་བདག་གི་ཡིད།།
    དོན་དབྱེར་མེད་གཅིག་ཏུ་བྱིན་གྱིས་རློབས།།

    Reply
  10. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཕ་དྲིན་ཆེན་མར་པ་ལོ་ཙྰའི་༸ཞབས་ལ་འདུད། །
    བུ་གྲུབ་ཐོབ་རྗེ་བཙུན་ཐོས་དགའ་མི་ལར་འདུད། །
    ཕའི་རིགས་སྲས་དར་མ་རྡོ་རྗེའི་ཞབས་ལ་འདུད། །
    བྱ་ཕུག་རོན་གྲོང་འཇུག་ཏི་ཕུར་ལ་བཏུད་པས། །

    བུ་ཀརྡོ་ང་ཡང་གྲུབ་བརྒྱུད་རྗེས་བསྙེག་སྤྲོ། །
    བུ་ང་ཡི་སོར་སྡོམ་མཐར་དུ་ཕྱིན་པ་དང་། །
    བུ་ང་ཡི་བྱང་སྡོམ་བསྡུ་དངོས་བཞི་སྦྲགས་ཀྱིས། །
    བུ་ང་ཡི་སྔགས་སྡོམ་དམ་ཚིག་གཅེས་བསྲུང་གིས། །

    མགོན་ཁྱེད་ཀྱིས་ལམ་སྟོན་བཀའ་དང་མི་འགལ་ཞིང་། །
    མགོན་ཁྱེད་ལྟར་ཐབས་ཤེས་ཟུང་ལ་འཇུག་པ་ལྟར། །
    བུ་ངས་ཀྱང་ལུང་རྟོགས་བསྟན་པ་འཛིན་ནུས་ཤིང་། །
    བུ་ངས་ཀྱང་བརྒྱུད་འཛིན་འགྲོ་དོན་མཕར་ཕྱིན་ཤོག །

    Reply
  11. འགྱུར་མེད་བསྟན་འཛིན། says:
    ལོ་ 14 སྔོན།

    དངོས་གནས་བྱ་ན་གོ་སྒྲིག་འདི་ས་རཱ་གཞུང་གིས་བྱ་དགོས་བ་ཞིག་ཆགས་ཡོད།
    སློབ་ཕྲུག་དེ་ཚོའི་སྙིང་སྟོབས་དང་ལྷག་བསམ་ལ་བསྔགས་བརྗོད་ཡོད།
    རྒན་དམ་པ་སྐུ་གཤེགས་ནས་ད་ལྟའི་བར་ས་རཱ་དེ་སྤྱི་དབང་སྒེར་གཅོག་འོག་ཏུ་གནས་ཡོད།
    གནའ་ཚུལ་དེ་ཚོ་མགྱོགས་པར་གཙང་སེལ་ཆགས་ན་སློབ་གྲྭ་དེ་མི་རིགས་ལ་ཕན་པའི་སློབ་གྲྭ་ཞིག་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese