མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་ཚབ་ལ་ངོ་རྒོལ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp

སེ་རི་ཡ་དང་ལེ་བྷེ་ཡའི་མི་མང་གིས་རྒྱ་ནག་གཞུང་ཚབ་ཁང་ལ་ངོ་རྒོལ་བྱས་ཏེ། སྒོ་དང་སྒེའུ་ཁུངས་ཆག་ཧྲལ་དང་རྩིག་ངོས་སུ་ངོ་རྒོལ་འབོད་ཚིག་སྣ་ཚོགས་བྲིས་ཡོད་འདུག

ཁ་སང་ཕྱི་ཚེས་ ༦ ཉིན་སེ་རི་ཡ་དང་ལེ་བྷེ་ཡའི་མི་མང་སྐོར་ཅིག་གིས་ལེ་བྷེ་ཡའི་རྒྱལ་ས་ཌི་རེ་པོ་ལི་(Tripoli)ནང་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་སྒོ་འགྲམ་དུ་འདུ་འཛོམས་ཀྱིས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་སེ་རེ་ཡ་དྲག་པོའི་གཞུང་གིས་མི་མང་དམར་གསོད་དྲག་གནོན་མཚམས་འཇོག་དང་། སྲིད་འཛིན་བྷ་ཤར་སྲིད་སྟེགས་ནས་འབབ་དགོས་པའི་གྲོས་ཆོད་ལ་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་དགག་བྱ་བྱས་པར་ངོ་རྒོལ་སྐད་འབོད་བྱས་འདུག ངོ་རྒོལ་སྐབས་མང་ཚོགས་ཀྱིས་བྱ་སྒོང་དང་། ཀྲོ་མ་ཀྲུ། རྡོ་སོགས་ཀྱིས་བརྒྱབ་སྟེ་རྒྱ་ནག་གཞུང་ཚབ་ཐོག་ཁང་གི་སྒོ་དང་སྒེའུ་ཁུང་རྣམས་ཆག་ཧྲལ་ཏུ་བཏང་ཡོད་པ་དང་། རྩིག་གྱང་གི་ངོས་སུ་ངོ་རྒོལ་གྱི་འབོད་ཚིག་སྣ་ཚོགས་བྲིས་ཡོད་འདུག

རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་སེ་རི་ཡ་དང་ལེ་བྷེ་ཡའི་མི་མང་རྣམས་ཀྱིས། རྒྱ་ནག་གཞུང་ཚབ་ཁང་གི་ཐོག་ཁའི་སྐར་མ་ལྔ་ཅན་གྱི་རྒྱའི་རྒྱལ་དར་མར་ཕེབས་ཏེ། དེའི་ཚབ་ལ་སེ་རི་ཡ་ཡར་ལངས་མི་མང་གི་དར་ཆ་དང་། ལེ་བྷེ་ཡ་བར་བརྒལ་མཐུན་ཚོགས་(NTC)ཀྱི་དར་ཆ་གཉིས་ཀྱི་གཅིག་བསྒྲེངས་རྒྱུ་ཡིན་སྐོར་བསྒྲགས་འདུག སེ་རི་ཡའི་མི་སེར་ཡིན་པའི་མའོ་ར་ཌི་(Ahmed Mourad)ཡིས། “ འདི་དག་ཡོད་ཚད་ནི་སེ་རི་ཡའི་གྲོང་ཁྱེར་ཧོམ་སི(Homs) ནང་ད་ལྟ་འབྱུང་བཞིན་པའི་དམར་གསོད་དྲག་གནོན་གྱི་རྐྱེན་གྱིས་ཡིན་ལ། འདི་ནི་རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་དགག་བྱ་བྱས་པའི་མཇུག་འབྲས་རེད།”ཅེས་བརྗོད་ཡོད་པ་རེད།

ཕྱི་ཚེས་ ༥ ཉིན་ལེ་བྷེ་ཡའི་ནང་ཡོད་པའི་ཨུ་རུ་སུ་དང་ལེ་བྷེ་ཡ་དྲག་པོའི་གཞུང་གཉིས་ཀྱི་གཞུང་ཚབ་ཁང་གི་སྒོ་འགྲམ་དུའང་མི་མང་འདུ་འཛོམས་ཀྱིས་ངོ་རྒོལ་བྱས་ཡོད་པ་མ་ཟད། ངོ་རྒོལ་གནང་མཁན་མི་མང་རྣམས་ཀྱིས་འཛམ་གླིང་གང་སར་ཡོད་པའི་སེ་རི་ཡ་མི་མང་རྣམས་སོ་སོ་གནས་སྡོད་རྒྱལ་ཁབ་ཀྱི་སེ་རི་ཡ་དྲག་པོའི་གཞུང་གི་གཞུང་ཚབ་སྒོ་འགྲམ་དུ་འདུ་འཛོམས་ཀྱིས། སྲིད་འཛིན་བྷ་ཤར་སྒེར་གཅོད་གཞུང་གིས་སེ་རི་ཡ་མི་མང་ཐོག་དམར་གསོད་དྲག་གནོན་བྱེད་བཞིན་པ་མཚམས་འཇོག་ཡོང་ཆེད་གནོན་ཤུགས་སྤྲོད་དགོས་པའི་འབོད་སྐུལ་གནང་འདུག 

དེ་རིང་ཕྱི་ཚེས་ ༧ ཉིན། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨ་རའི་འཐུས་ཚབ་པ་ལྕམ་རའེ་སི་(Susan Rice)ལགས་ཀྱིས། རྒྱ་ནག་དང་ཨུ་རུ་སུས་རྒྱལ་ཚོགས་ཀྱི་གྲོས་ཆོད་ལ་དགག་བྱ་བྱས་པ་དེས། ཞི་བའི་ཐོག་ནས་སེ་རི་ཡའི་འཁྲུག་ཟིང་སེལ་ཐབས་ལ་འབད་བརྩོན་གནང་མཁན་དག་གི་སེམས་ལ་རྨ་ཁ་ཆེན་པོ་བཟོས་ཡོད་པ་གསལ་འདོན་དང་སྦྲགས། ཁོ་མོས་ “པེ་ཅིན་དང་མའོ་སི་ཁའོ་ཡིས་དེ་ལྟར་སྒྲུབ་པ་དེས་སེ་རི་ཡ་ནང་ཟིང་འཁྲུག་འབྱུང་རྒྱུར་ཉེན་ཁ་ཆེན་པོ་བཟོས་ཡོད། རྒྱ་ནག་དང་ཨུ་རུ་སུ་གཉིས་ཀྱིས་མཉམ་གཅིག་ཏུ་ཚེ་སྲོག་མཇུག་སྒྲིལ་ཉེ་བའི་སྒེར་གཅོད་པ་ཞིག་ལ་རྒྱབ་སྐྱོར་གྱི་ལངས་ཕྱོགས་བཟུང་བ་རེད། ཡིན་ནའང་། བྷ་ཤར་(Bashar al-Assad) གྱི་མཇུག་མཐའི་ཉི་མ་སླེབས་ལ་ཉེ་སྟབས།   རྒྱ་ནག་དང་ཨུ་རུ་སུ་ཡི་བྱ་སྤྱོད་དེས་སེ་རི་ཡ་མི་མང་དང་ས་ཁུལ་རང་བཞིན་གྱི་གནས་སྟངས་ཉེན་ཁའི་ཕྱོགས་སུ་བསྒྱུར་ཡོད། ”ཅེས་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༦ ཉིན་སེ་རི་ཡའི་གྲོང་ཁྱེར་ཧོམ་སི་ནང་དྲག་པོའི་གཞུང་གི་དམག་མིས་བསྐྱར་དུ་དྲག་གནོན་དམར་གསོད་ཐེངས་གཅིག་བྱས་ཡོད་པ་དང་། སྐབས་དེར་མི་མང་དཀྱིས་མ་ ༤༢ ལྷག་དམར་གསོད་དང་། མི་བཅུ་གྲངས་ལྷག་ལ་རྨས་སྐྱོན་བཟོས་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 14

  1. སྟག་ཚང་རིག་རྒོད་། says:
    ལོ་ 14 སྔོན།

    དྲག་སྤྱོད་པ་སུ་ཡིན་ཤེས་དཀའ་མོ་རེད་འདུག
    ངོ་རྒོལ་བྱེད་ཚུལ་དེ་འདྲ་དེང་རབ་དང་མི་མཐུན་པ་རེད་
    ད་ལྟའི་དུས་འདིར་ང་ཚོས་སྤྱི་དམངས་ཀྱི་མི་སྟོན་པ་ཞེས་པའི་ཚིག་འདིར་གོ་བ་ལེན་ཐུབ་པ་དགོས་ཀྱི་རེད་།

    Reply
  2. སངྒེ ། says:
    ལོ་ 14 སྔོན།

    འདི་ལྟར་མལྟས་ཡོང་ན་ང་ཚོའི་མཆན་འདེབས་པ་མང་ཆེ་བའི་སེམས་ནང་ན་འཚེ་མེད་ཞི་བ་ཟེར་བ་དེའི་གོ་དོན་དང་། དེ་ལ་ཡིད་ཆེས་ཀྱིས་འདང་གིན་མེད་པ་གསལ་བོ་རེད། གཞན་གྱིས་ཅི་བྱས་ཀྱང་ང་ཚོ་ལ་ལམ་དབུ་མ་དང་། སྤྱོད་པའམ་བྱེད་ཐབས་འཚེ་བ་མེད་པ་ལས་གཞན་ཅི་ཡང་མེད་པ་དང། དེ་ལས་གཞན་ཅི་ཡང་མི་དགོས་པ་ཤེས་པར་བྱས་ན་བཟང་སྙམ།

    Reply
  3. མྱི་ལྟིག says:
    ལོ་ 14 སྔོན།

    འུ་ཚོས་འདི་ཕྱོགས་ནས་ཀུ་རྒྱངས་ཤིག་ཀྱང་བྱེད་ཐུབ་མི་ཐུབ་ཡིན་པ་སེམས་མི་སྐྱོའམ།

    Reply
  4. ནད་པ says:
    ལོ་ 14 སྔོན།

    དཔེ་ཡག་པོ་རེད། དུས་ཐོག་ཏུ་ངོ་རྒོལ་བྱེད་ཐུབ་པ་དེ་ཡར་ལངས་མི་དམངས་ཀྱི་གཟི་བརྗིད་རེད།

    གང་དུ་དྲག་གོན་ཡོད་ན། དེ་རུ་ངོ་རྒཽལ་བྱེད་དགོས། སྲིད་དབང་སྤྱོད་པ་ཚང་མ་ཆམ་ལ་ཕབ་དགོས།

    Reply
  5. འབྲོག་པ་རྣལ་མ། says:
    ལོ་ 14 སྔོན།

    ལོངས་ཤོག་ལོངས་ཤོག་འཛམ་གླིང་ལ་ཞི་བདེ་འདོད་མཁན་རྣམ་པ།
    རྒྱ་དམར་པོ་ལ་ངོ་རྒོལ་ཆེད་དུ་ལོངས།
    དམར་ཤོག་འཐོར་ཞིག་འགྲོ་བའི་དུས་ཡིན།
    དམར་དཔོན་འགོ་འཇུག་ལོག་པས་དུས་ཡིན།
    དམར་གསོད་མཚམས་འཇོག་བྱེད་པས་དུས་ཡིན།
    དམར་པོའི་བསྟན་པ་ནུབ་པའི་དུས་ཡིན།

    Reply
  6. ཨ་ཕོ་མཐུ་ཆེན། says:
    ལོ་ 14 སྔོན།

    ཨ་ལ་ལ། སྐྱིད་པོ་བྱུང་། ད་དུང་མང་ཙམ་བྱོས།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    འོ་ཡ་ད་ག་ལེར་ག་ལེར་ནམ་ལངས་ཀྱི་ཡོད་པ་འདྲ། ད་ཨ་རབས་གླིང་ནས་རྩིས་པས་འཛམ་གླིང་ཡུལ་གྲུ་ཚང་མ་བཞེངས་རོགས་གནང་། ལོང་ཤོག་ལོང་ཤོག་ནམ་ལངས་ལ་ཉེ་བས་ང་ཚོ་ཚང་མ་ལོང་ཤོག།

    Reply
  8. འཕྲིན་ལས། says:
    ལོ་ 14 སྔོན།

    ངོ་མ་ད་འདི་རེད་པར་ལ་གཅིག་ལྟོས་དང་། ང་ཚོ་བོད་པས་འདི་ཚོ་ལ་དཔེ་བྱེད་དགོས་རྟག་པར་ཞི་བ་རྐྱང་བྱས་སྡད་ན་གང་ཡོང་། ཆབ་སྲིད་ཟེར་དུས་སྐྱང་ཀུམ་ཤེས་དགོས།
    མི་ཚོ་འདི་འདྲ་རེད་གཞོན་ནུ་ཚོགས་པ་ད་ཡིན་ད།

    Reply
  9. སོག་ཤོད་ལྷ་རྒྱལ། says:
    ལོ་ 14 སྔོན།

    སེ་རི་ཡ་དང་ལེ་བྷེ་ཡའི་མི་མང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། མ་ཟད་རྒྱ་མའི་ཆབ་སྲིད་ག་འདྲ་ཡིན་མིན་འཛམ་གླིང་མི་དམངས་གི་གསལ་པོ་ཆགས་པ་རེད།

    Reply
  10. ཤིང་ལོ། says:
    ལོ་ 14 སྔོན།

    ཨིམ་ཨིམ། རྒྱ་ནག་ལ་དེ་དགོས་ཡཱ། བོད་མི་རིགས་ཀྱིས་ད་བར་ཞི་རྒོལ་བྱས་ན། རྡུང་འཕྲོག་བཅོམ་གསུམ་ཟེར་གྱི། ད་ཅི་འདྲ་རེད་དམ། ཁང་ཆག་དེ་ཧོའུ་ཅིན་ཐོ་ཡི་སྐྱག་ཁང་ཡིན་རྒྱུ་ན་ད་བཟང་གི་མོ། དངོས་གནས་རྒྱལ་ཁབ་གཞན་པ་ནས་རྒྱ་ནག་གི་བྱེད་སྟངས་ལ་རྣམ་འགྱུར་ཤུགས་ཆེན་མ་བསྟན་ན། རྒྱ་ནག་གིས་ཅིག་བཟོད་ཀྱི་མི་འདུག་གཱ། གཏོར་རྒོལ་བྱས་ན་ད་གཟོད་བོད་འདི་བཟང་བོ་ཞིག་ཡིན་པ་ར་འཕྲོད་ཀྱི་རེད། སྐྱིད་འདི། ཨ་སྐྱིད་འདི།

    Reply
  11. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    གལ་ཏེ་འདི་ཁོ་ཚོ་ལ་རྐྱེན་ངན་ཞིག་ཡིན་ན་ང་ཚོའི་གྲོགས་སུ་འཁྱེར་འོས་སམ། ཐུབ་བམ། དེ་ནི་གཞུང་འབྲེལ་གྱིས་གང་ལ་གདུང་སེམས་མཉམ་བསྐྱེད་དང་གང་ལ་ངོ་རྒོལ་སྡང་སེམས་ཡོད་པའི་ཁ་ཅིག་གྲགས་ཙམ་གྱིས་ཀྱང་་་་་་
    ་ངས་བལྟས་ན་ངོ་རྒོལ་འདི་ཡང་རྒྱ་ནག་གི་དྲག་གནོན་ལྟ་བུའི་ཁ་གཏད་ནས་ཞི་བའི་ངོ་རྒོལ་ཙམ་ལས་འདས་མེད། འོན་ཀྱང་ངས་སང་ཉིན་ང་ཚོས་ཀྱང་འདི་ལྟར་བྱེད་འོས་ཞེས་པའི་དོན་མིན་ད། ཞི་རྒོལ་གྱི་ལག་ཆ་གཙོ་བོ་དེ་ཁ་འཐབ་དང་རྣམ་འགྱུར་ཡིན། འཇམ་ནོ་ཐལ་བ་ཡིན་ཡང་མིག་ལ་དེ་ཡིས་གནོད་ཆེ་ཟེར་བའི་གོ་དོན་ལ་ཇི་ལྟར་ལག་ལེན་བྱེད་འོས་མིན་སུ་དང་སུས་ཤེས་སམ།

    Reply
  12. རོ་ལངས། says:
    ལོ་ 14 སྔོན།

    ངོ་མ་ཆབ་སྲིད་ཟེར་བ་འདི་སྙོག་འཛིང་ཤིན་ཏུ་ཆེན་པོ་རེད། མི་དམངས་ལ་དགོས་པ་ནི་རང་དབང་ཡིན་ལ། རྒྱལ་ཁབ་ལ་དགོས་པ་ནི་མཚན་སྙན་རེད། རྒྱ་ནག་དང་ཨུ་རུ་སུ་ཡིས་གྲོས་ཆོད་དེར་རྒྱབ་སྐྱོར་མ་བྱས་པ་ནི་ནུབ་ཕྱོགས་པ་དག་གིས་མི་དམངས་ལ་སྐུལ་སློང་གིས་ཤར་ཕྱོགས་ཀྱི་རྒྱལ་ཁབ་དག་རེ་རེ་བཞིན་མགོ་སྟིང་སློག་གི་ཡོད་པས་ཡིན་མོད། དོན་ངོ་མ་དེ་ནི་རང་གིས་རང་ཉིད་མེ་མདའི་འབེན་དུ་བསླངས་དང་ཁྱད་མེད་པར་ཚོར་བྱུང་། མ་གཞི་ནས་མི་དམངས་སྐུལ་སློང་བྱེད་པའི་ཇུས་ངན་འདི་ཡང་ཅི་ལས་གདུག་རྩུབ་མི་ཆེའམ།།

    Reply
  13. སྐར་མདའ། says:
    ལོ་ 14 སྔོན།

    ང་ཚོས་གོ་སྐབས་འཛིན་ཐུབ་རྒྱུ་ན་རྒྱ་གཞུང་ལ་ངོ་རྒོལ་བྱེད་རོགས་མང་པོ་འདུག ང་ཚོའི་བྱང་ཆུབ་སེམས་བསྐྱེད་ཁང་(བཀའ་ཤག་ལ་ཟེར)གིས་ཞལ་འདོན་དང་སྨོན་ལམ་མཆོད་འབུལ་རྐྱང་གིས་ངོ་རྒོལ་བྱེད་ཀྱི་རེད། མར་གྱུར་སེམས་ཅན་དང་། བདག་གཞན་མཉམ་བརྗེ། རང་ལས་གཞན་གཅེས་གསུམ་ནི་དམངས་གཙོའི་ཀ་བ་གསུམ་ཀྱི་སྲོག་ཤིང་ལྟ་བུར་འཇོག་གི་རེད།

    Reply
  14. འཇིགས་མེད་སེང་གེ says:
    ལོ་ 14 སྔོན།

    ད་ཅག་ཅག་ཉིལ་ཉིལ་བཟོས་འདུག ཨེ། གཞོན་ནུ་ལྷན་ཚོགས་ཡིན་ན་འདྲ། ཅིག་བྱེད་ཀྱི་ཡིན་ཟེར་མཁན་ཚོས་ཀྱང་ལྡི་ལིའི་གཞུང་ཚབ་ཁང་དེ་ཞེད་སྣང་ལ་ཅིག་གཏད་པ་ཡིན་ན། ཧཧཧཧཧ

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese