མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྱོད་ཀྱིས་རྒྱ་ཡིག་སྦྱང་འདོད་ན་འདིར་ཕེབས་ཤོག་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༢/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཉེ་ལམ་ངྷ་སྟེང་བོད་ཁྱིམ་སློབ་གྲྭར་རྒྱ་ཡིག་གི་ཡིག་ཚད་ཅིག་བཏང་སྟེ་བཙན་བྱོལ་ནང་གི་རྒྱ་ཡིག་ཤེས་མཁན་སྐོར་ཞིག་བསྡུས་ཡོད་ཅིང་།
དེ་ནི་མ་འོངས་པར་༧ཏཱ་ལའི་བླ་མཐོ་རིམ་སློབ་གཉེར་ཁང་དང་། བོད་ཁྱིམ་སློབ་གྲྭ་ཁག་ནང་རྒྱ་ཡིག་རྒྱ་སྐད་ཁྲིད་སྤེལ་གྱི་དགེ་རྒན་དུ་བསྐོ་བཞག་གནང་རྒྱུ་ཡིན་འདུག 

ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སྤྱི་ཁྱབ་ཡིག་ཚང་གི་གཙོ་འགན་འོག ༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དང་། བོད་ཕྲུག་ཁྲིམ་སྡེའི་ཁྱབ་ཁོངས་འོག་གི་སློབ་གྲྭ་ཁག་ནང་རྒྱ་ཡིག་ཁྲིད་སྤེལ་གྱི་ལས་གཞི་ཞིག་མགོ་འཛུགས་གནང་ཡོད་ཅིང་། ཟླ་སྔོན་མའི་ཕྱི་ཚེས་ ༢༦ ཉིན་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་དུ། གསལ་བསྒྲགས་སྔོན་སོང་ལྟར་བཙོན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་རྒྱ་ཡིག་རྒྱ་སྐད་ཐོག་འཛིན་རིམ་ ༡༢ ཀྱི་ལག་འཁྱེར་ཡོད་པ་དང་། ཡང་ན་དེ་དང་མཉམ་པའི་ཤེས་ཚད་ཡོད་པ་སྐོར་ཞིག་ལ་འབྲི་རྒྱུགས་དང་ངག་རྒྱུགས་ཀྱི་ཡིག་ཚད་ཅིག་བཏང་སྟེ། རྩེ་ཏོག་གིས་སློབ་མ་༤ བྷིང་ལོར་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་དགེ་རྒན་དུ་བསྐོ་བཞག་གནང་རྒྱུ་དང་། གཞན་མི་ ༦ སུ་ཇཱ་བོད་ཁྱིམ་སློབ་གྲྭ་དང་གྷོལ་པཱ་པུར། ངྷ་སྟེང་བོད་ཁྱིམ་བཅས་ཀྱི་དགེ་རྒན་དུ་བསྐོ་བཞག་གནང་གཏན་འཁེལ་ཡོད་འདུག

ཐེངས་འདིའི་ཡིག་རྒྱུགས་ནང་ཚུད་པའི་སློབ་ཕྲུག་དེ་དག་ལ་དུས་ཡུན་ཟླ་བ་ ༦ རིང་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་ནང་། ཐའེ་ཝན་རྒྱ་རིགས་བུད་མེད་དགེ་རྒན་གཉིས་ཀྱིས་དགེ་རྒན་འོས་སྦྱོང་ངམ། རྒྱ་ཡིག་སློབ་ཁྲིད་བྱེད་ཐབས་ཀྱི་ཟབ་སྦྱོང་ཞིག་སྤྲོད་རྒྱུ་ཡིན་པ་དང་། འབྱུང་འགྱུར་ཕྱི་ཟླ་ ༦ པའི་ནང་༧ཏཱ་ལའི་བླ་མ་མཐོ་སློབ་ཁང་གིས་ཡིག་རྒྱུགས་ཀྱི་ལམ་ནས་རྒྱ་ཡིག་གི་སློབ་མ་བསྡུ་རྒྱུ་ཡིན་འདུག

བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གི་ཤེས་ཡོན་འགན་འཛིན་བསྟན་འཛིན་བཟང་པོ་ལགས་ཀྱིས་བརྗོད་པ་ལྟར་ན། བོད་ཁྱིམ་སྤྱི་ཁྱབ་ཡིག་ཚང་གིས་དེ་སྔ་ནས་རྒྱ་ཡིག་ཁྲིད་སྤེལ་ཐོག་འབད་བརྩོན་ཞུས་ཡོད་ཀྱང་། གཏན་འཇགས་དགེ་རྒན་མ་རག་པ་དང་། རག་པ་རེ་ཟུང་ཡང་གཏན་འཇགས་མ་བསྡད་པ་བཅས་ལ་བརྟེན་ཏེ། ད་བར་རྒྱ་ཡིག་སློབ་ཁྲིད་ཚད་ལྡན་ཞིག་བྱུང་མེད་ཀྱང་། ད་ལོར་༧ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་རྒྱ་ཡིག་སྡེ་ཚན་ཞིག་ཆེད་འཛུགས་བྱ་རྒྱུ་དང་། སློབ་མའི་ཁྲིད་གཞིར་ཐའེ་ཝན་དང་ཧོང་ཀོང་མཐོ་སློབ་ཁག་ཅིག་གི་སློབ་དེབ་ལ་དཔེ་བལྟས་ཏེ། ལོ་བཞིའི་རིང་རྒྱ་ཡིག་གི་རམ་འབྱམས་པ་ (BA)ཐོན་ཏེ་ཕྱག་ཁྱེར་སྤྲོད་རྒྱུ་ཡིན་འདུག   

ཁོས་མུ་མཐུད་དུ་ངོ་སྤྲོད་གནང་དོན་ལ། མ་འོངས་པར་༧ཏཱ་ལའི་བླ་མ་མཐོ་སློབ་ནང་ལོ་ ༤ རིང་རྒྱ་ཡིག་ཐོག་མཐོ་རིམ་སློབ་སྦྱོང་གནང་རྒྱུ་ཡོད་པ་ཞིག་དང་། བོད་ཁྱིམ་ཁག་ཏུ་རྒྱ་ཡིག་གི་སློབ་ཚན་དེ་སློབ་གྲྭའི་སློབ་ཚན་འཆར་འགོད་ནང་གཏན་འབེབས་བྱ་རྒྱུ་མ་ཡིན་པར། སློབ་ཕྲུག་དག་གི་རྒྱ་ཡིག་གི་ཤེས་ཚད་ལྟར་ཆ་བགོས་བྱས་ཏེ་ཟུར་སྦྱོང་གི་ཚུལ་དུ་རྒྱ་ཡིག་འཁྲིད་རྒྱུ་དང་། རྒྱ་ཡིག་གི་རྒྱུགས་གཞི་དེ་ཡང་སློབ་གྲྭ་སྤྱིའི་རྒྱུགས་གཞི་དང་འབྲེལ་བ་མེད་ཀྱང་། བོད་ཁྱིམ་འོག་རྒྱ་ཡིག་སྦྱོང་མཁན་ཚོ་འཛིན་རིམ་ ༡༠ དང་ ༡༢ ཐོན་སྐབས། ༧ཏཱ་ལའི་བླ་མ་མཐོ་སློབ་ཏུ་འཛུལ་ཏེ་མུ་མཐུད་རྒྱ་ཡིག་གཅིག་པུའི་ཐོག་མཐོ་རིམ་སློབ་གཉེར་གནང་ཐུབ་པ་དང་། སློབ་མཐར་ཕྱིན་སྐབས་ཀྱང་ཐའེ་ཝན་དང་ཧོང་ཀོང་སློབ་ཆེན་གང་རུང་དང་མཉམ་འབྲེལ་ཐོག་ཕྱག་འཁྱེར་སྤྲོད་འཆར་ཡོད་འདུག  

བསྟན་འཛིན་བཟང་པོ་ལགས་ཀྱིས་བརྗོད་དོན།  “ དེང་སང་རྒྱལ་སྤྱིའི་ཐོག་རྒྱ་ཡིག་གལ་ཆེན་པོ་ཆགས་བཞིན་ཡོད་ལ། རྒྱ་གར་ནང་ཁུལ་དུའང་རྒྱ་ཡིག་ཤེས་ན་ལས་ཀ་ཡག་པོ་རག་གི་ཡོད། བོད་ཁྱིམ་ནང་བོད་ནས་རྒྱ་ཡིག་འཛིན་རིམ་བཅུ་པ་དང་བཅུ་གཉིས་ཐོན་མཁན་མང་པོ་ཡོད་སྟབས། འཛིན་སྐྱོང་གི་ངོས་ནས་སློབ་ཕྲུག་ཚོས་རྒྱ་ཡིག་མི་བརྗེད་པ་དང་མུ་མཐུད་ཡར་རྒྱས་གཏོང་ཐབས་བཅས་ལ་དམིགས་ཏེ་ལས་གཞི་འདི་སྤེལ་བ་རེད ” ཅེས་བརྗོད་བྱུང་། 

གསར་འགོད་པས་ལས་གཞིའི་དེའི་ཐད་ཕྱག་ལས་གནང་མཁན་སྐལ་བཟང་སྐྱིད་ལགས་སུ་བཅར་འདྲི་ཞུས་དོན་ལྟར་ན། ཟབ་སྦྱོང་དེ་ཟླ་འདིའི་ཕྱི་ཚེས་ ༧ ཉིན་ནས་མགོ་འཛུགས་གནང་རྒྱུ་དང་། ཟབ་སྦྱོང་སྤྲོད་མཁན་ཐའེ་ཝན་ཆིན་ཧྭ་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་ལྕམ་ལིན་རོའུ་ཡེའུ་ལགས་དང་། ཐའེ་ཝན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ལྕམ་ལིས་ཧུའུ་ཅིན་རྣམ་གཉིས་ཡིན་འདུག ཟབ་སྦྱོང་སྐབས་སློབ་གསོ་རིག་པ་དང་སློབ་ཆེན་གྱི་སློབ་ཁྲིད་བྱེད་ཐབས། སློབ་ཁྲིད་ཀྱི་ནུས་པ། སེམས་ཁམས་རིག་པ་སོགས་ཟབ་ཁྲིད་གནང་རྒྱུ་ཡིན་འདུག   

༧ཏཱ་ལའི་བླ་མ་མཐོ་སློབ་ཀྱི་རྒྱ་ཡིག་ཁྲིད་གཞི་གཙོ་བོ་རྒྱ་ནག་མི་རིགས་སློབ་ཆེན་ཁག་གི་བསླབ་གཞི་ལྟར། གནའ་རབས་རྒྱའི་སྐད་ཡིག་དང་དེང་རབས་སྐད་ཡིག བརྡ་སྤྲོད་རིག་པ། རྩོམ་འབྲིའི་ཤེས་བྱ་སོགས་ཡིན་འདུག་ལ། ཆབ་སྲིད་དང་ལོ་རྒྱུས་སྐོར་ཐའེ་ཝན་གྱི་སློབ་ཆེན་ཁག་གི་ཁྲིད་གཞི་དང་བསྟུན་རྒྱུ་ཡིན་འདུག་ལ།  ད་ཆར་མཐོ་སློབ་ཀྱི་ཁྲིད་གཞིའི་དཔེ་དེབ་རིགས་ ༥༠ ཙམ་གྲ་སྒྲིག་གནང་ཡོད་འདུག  

སྐལ་བཟང་སྐྱིད་ལགས་ཀྱིས་བརྗོད་ན། ད་ལོའི་ཕྱི་ཟླ་ ༦ པའི་ནང་ཏཱ་ལའི་བླ་མ་མཐོ་སློབ་ཏུ་རྒྱ་ཡིག་སློབ་མ་བསྡུ་རྒྱུའི་གསལ་བསྒྲགས་སྤེལ་རྒྱུ་དང་། ཕྱི་ཟླ་ ༧ པའི་ནང་དངོས་གཞིའི་སློབ་མ་བསྡུ་རྒྱུ། ཡིག་རྒྱུགས་ནང་ཞུགས་མཁན་ལ་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་ཡོད་པ། ལག་འཁྱེར་མེད་མཁན་ལ་འཛིན་རིམ་བཅུ་གཉིས་ཀྱི་ཤེས་ཚད་ཡོད་པ་བཅས་ཡིན་དགོས་ཤིང་། སློབ་མའི་གྲངས་འབོར་ཡིག་རྒྱུགས་ནང་ཞུགས་མཁན་གྱི་གནས་སྟངས་ལ་གཞིགས་ཏེ་ཐག་གཅོད་གནང་རྒྱུ་ཡིན་འདུག ཡིག་རྒྱུགས་ནང་ཚུད་རིགས་ལ་ལོ་ངོ་བཞིའི་རིང་སློབ་ཡོན་དང་ཟས་དོད། སྡོད་ཁང་། འཕྲོད་བསྟེན་སོགས་ཏཱ་ལའི་བླ་མ་མཐོ་སློབ་ཀྱིས་འགན་འཁུར་རྒྱུ་ཡིན་འདུག 

ཏཱ་ལའི་བླ་མ་མཐོི་རིམ་སློབ་གཉེར་ཁང་ནི། ༢༠༠༩ ལོར་གསར་དུ་དབུ་བརྙེས་པ་ཞིག་ཡིན་ཞིང་། ད་ཆར་མཐོ་སློབ་འདིར་དགེ་ལས་སློབ་ཕྲུག་ ༣༠༠ ཙམ་ཡོད་འདུག་ལ། སློབ་གྲྭའི་ཁྲིད་གཞི་བོད་ཡིག་དང་ནང་ཆོས། དབྱིན་ཡིག གློག་ཀླད་སོགས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༦ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༧ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༡༡ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 11

  1. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཐིག་གིས་གསུངས་པ་བདེན་པ་རེད། ཁོ་བོས་ཀྱང་འོག་ཏུ་མཆན་བུ་བཀོད་པ་ལྟར། སྐབས་དང་དུས་ལ་དཔགས་ནས་ཐབས་རྒྱ་ཇུས་སྟོང་བྱེད་རྒྱུ་ནི་ང་ཚོའི་ཕྲག་ཏུ་བབ་པའི་ལས་འགན་ཞིག་རེད།།
    དྲ་གྲོགས་འགའ་ཞིག་གིས་ཐུགས་བསམ་བཞེས་སྟངས་ལ་ངོ་མ་སྙིང་རྗེ་སྐྱེས་སོང་།

    Reply
  2. ཐིག says:
    ལོ་ 14 སྔོན།

    དྲ་གྲོགས་ཚོ། འདི་ལྟར་བཤད་ན་ཅུང་ཨེ་རན་ནམ། རྒྱ་ཡིག་སྦྱངས་པ་ཙམ་གྱིས་རྒྱ་ལ་དགའ་པ་དང་མ་སྦྱངས་པ་ཙམ་གྱིས་རྒྱ་ལ་རྒོལ་བ་ཞིག་ག་ལ་ཡིན། ང་ཚོའི་ཁ་གཏད་རྒྱ་ཡིན་པ་དང་། ཁ་གཏད་འདི་དང་འཐབ་རྩོད་ཀྱི་ཁྲོད། གལ་སྲིད་འདིའི་སྐད་ཡིག་རང་སྐྱ་འཕེར་པ་ཞིག་མ་ཤེས་ན། ང་ཚོས་ག་དུས་བར་ཏུ་སྐད་བསྒྱུར་གླས་ནས་སྡོད་དགོས་སམ། ང་ཚོ་བཙན་བྱོལ་བོད་མིའི་ནང་རྒྱ་ཡིག་མཁས་མདོག་གི་མི་དེ་ཚོས་ཀྱང་ཐེངས་འདིའི་དུས་འཁོར་དབང་ཆེན་སྐབས་༧གོང་ས་མཆོག་གི་རྒྱ་སྐད་གསུང་སྒྱུས་བྱས་སྟངས་ལྟོས་དང་། ཇི་འདྲ་བའི་ངོ་གནོངས་དགོས་པ་ཞིག་རེད། དྲ་གྲོགས་ཚོ། ཁྱེད་ཚོ་ལ་ཞུ་རྒྱུ། སོ་སོས་མ་འཇོན་པ་དང་ཡི་རངས་བྱེད་མ་ཐུབ་ནའང་ལྟ་བ་མཁྲེགས་བཟུང་དང་དོན་བཟང་ངན་འགོག་མ་བཟོ་རོགས་གནང་ཞུ། ཐུགས་རྗེ་གཟིགས།

    Reply
  3. དགུ་ཚིགས་སྐྱ་མོ། says:
    ལོ་ 14 སྔོན།

    འདས་པའི་མི་ལོ་༢༠ དང་ ༣༠ རིང་ལ་རྒྱ་སྐད་བཤད་དགོས་རྒྱ་ཡིག་སྦྱངས་དགོས་ཞེས་རྒྱ་ནག་སྲིད་གཞུང་གིས་སློབ་གསོ་བྱས་ཀྱང་། བོད་ནང་གི་བོད་མི་རྣམས་བོད་ཀྱི་སྐད་ཡིད་སྲུང་སྐྱོབ་དང་། རིག་གནས་བསྐྱར་གསོ་བྱེད་ཆེད་དུ་རང་གི་ཚེ་སྲོག་ཀྱང་བློས་བཏང་བཞིན་པ་མངོན་གསལ་རེད།
    ཅི་འདྲའི་ངོ་མཚར་བ་ལ་༢༠༡༢ ལོ་འདིར་བོད་ཀྱི་ཆོས་དང་རིག་གནས་ཀྱིས་ཆེད་དུ། མདོ་ཁམས་གཉིས་ཀྱིས་རང་ལུས་མེ་བསྲེག་གྱིས་སྒོ་ནས་རྒྱ་གཞུང་ལ་ངོ་རྒོལ་ཅི་ཐུབ་བྱེད་བཞིན་པ་རེད། འོན་ཀྱང་རྡ་སར་རྒྱ་ནག་གི་སྐད་ཡིག་དང་སྲོལ་རྒྱུན་དང་སྤེལ་བྱེད་རྒྱུའི་འཛིན་གྲྭ་ཞིག་གསར་འཛུགས་བྱེད་རྒྱུ་འདི། གཞི་ལུས་བོད་མི་རྣམས་ལ་ངོ་རྒོལ་དང་བློ་ཕམ་འབྱུང་བྱེད་ཀྱི་རྒྱུ་ཞིག་མ་ཡིན་ནམ།
    ཁྱེད་རང་ཚོའི་འཛིན་གྲྭ་དེ་ལ་རྒྱ་ནག་པེ་ཅིན་གཞུང་གི་རོགས་རམ་ཐད་གར་བྱེད་ངེས་རེད།

    Reply
  4. མི་ཞུན། says:
    ལོ་ 14 སྔོན།

    ཧ་ཅང་ཡག་པོ་འདུག ལས་གཞི་འདི་ལ་མུ་མཐུད་ནས་རྒྱུན་ཡོད་པར་ཞུ།

    Reply
  5. སྤྲོ་ཚིགས་དགེ་འདུན says:
    ལོ་ 14 སྔོན།

    བོད་དགོས་སམ་རྒྱ་ནག་དགོས? རྒྱ་དགོས་ན་ཚུར་ཕེབས་་་་བོད་དགོས་ན་ཕར་རྒྱུག

    ཁྱེད་ཀྱི་བོད་ཡིག་སྦྱང་ན་འདིར་ཕེབས་ཤོག་ཟེར་མཁན་ཞིག་མེད་པ་ཅི་ཡིན་ནམ

    སྒོར་མོ་རེད་ཨེ།

    Reply
  6. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ༸གོང་ས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གིས་མཐུན་འགྱུར་རོགས་རམ་འོག་རྒྱ་ཡིག་གི་སློབ་ཚན་གཏན་འབེབས་གནང་གཏན་འཁེལ་བ་ནི་ཁ་ཚ་དགོས་གཏུགས་ཀྱིས་གལ་གནད་ཆེན་པོ་ཞིག་རེད་ལ་རླབས་ཆེན་ཞིག་ཀྱང་རེད། རྒྱ་བོད་གཉིས་ཀྱི་དཀའ་ངལ་དེ་འབྱུང་འགྱུར་གཙོ་བོ་གྲོས་མོལ་གྱི་ལམ་ནས་སེལ་དགོས་སྟབས། བོད་པ་རང་ངོས་ནས་རྒྱ་སྐད་དང་རྒྱ་ཡིག་ལ་རང་རྐྱ་འཕེར་བ་བྱེད་རྒྱུ་དེ་བས་གལ་འགངས་ཆེ།

    Reply
  7. མྱི་ལྟིག says:
    ལོ་ 14 སྔོན།

    ད་ལོ་ནས་བཟུང་རྒྱ་ཡིག་ཤེས་མཁན་ངག་གི་རེ་བ་དང་ཕུགས་བསམ་མངོན་དུ་འགྱུར་ཐུབ་པར་སྨོན།

    Reply
  8. ཅང་མེད། says:
    ལོ་ 14 སྔོན།

    ཡ་ཡ་རྒྱ་ཡིག་སྤྱང་འདོད་ཡོད། དབྱིན་ཡིག་ཡང་སྦྱང་འདོད་ཡོད། གོ་ལ་འདིས་ཐོག་ཆེས་སྐད་གྲགས་ཆེ་བའི་རྒྱལ་ཁབ་གཉིས་རེད། བོད་ནང་གི་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་ཚན་མེད་པས་དཀའ་ངལ་འདུག་པས། བཙན་བྱོལ་ཁྲོད་ནས་སྦྱང་དགོས་པ་མཆིས།
    སྦྱང་ཐུབ་ན་བོད་ཀྱི་རིགས་གཞུང་ཆ་ཚང་བ་ཞིག་སྦྱང་རོགས་གནང་། དེ་རྗེས་གཞན་རིགས་སྦྱང་ན་་་་་རིག་གནས་རེད།
    ཅེས་ཕྱིར་ཁྱེད་ལ་དོན་སྣང་མི་བྱེད་པ་རེད། བོད་ཀྱི་སྐད་ཡིག་ནི་རླུང་ནང་ཀི་མར་མེ་བཞིན་ནུབ་ལ་དང་གཟིམ་ལ་ཉེ། འོ་རེད། སྐད་ཡིག་ལགས་ཁྱེད་ལ་ཨ་སྒོར་དང་euro་་་younམེད་པའི་རེད། རིགས་གཞུང་ལགས་ཁྱེད་ལ་མཐོང་ཆུང་གཏད་ནས་བྱེད་མི་ཉན། ཨེ་མ་ཧོ། བོད་པ་ཚང་རང་ཚུགས་མ་ཤོར།

    Reply
  9. ཐོ་རེངས། says:
    ལོ་ 14 སྔོན།

    རེད་ཡ། དེ་བཙན་གཤོལ་བོད་པའི་འགྲོ་ལུགས་རེད། བོད་རང་གི་སྐད་དང་རིག་གནས་ལ་བརྙས་བཅོས་བྱེད། དཔལ་འབྱོར་ནུབ་ཕྱོགས་ལ་ཡོད་པར་ཀོ་ན། དབྱིག་སྐད་སྦྱངས་ནས་ནུབ་ཕྱོགས་འབའ་ཞིག་འགྲོ་ཨེ་ཐུབ་བྱེད།
    དཔལ་འབྱོར་རྒྱ་ནག་ལ་ཡོད་པ་ཐོས་ནས་མྱུར་བར་རྒྱའི་སྐད་ཡིག་འཛིན་གྲྭ་བཙུགས། མི་རིང་བར་རྒྱ་མའི་གཙང་སྤྱོད་ཁྲུ་ཐུབ་ངེས་རེད།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 14 སྔོན།

    རྒྱ་ཡིག་གི་སློབ་ཚན་འདིའི་དམིགས་ཡུལ་གཙོ་བོ་ཅི་ཡིན་ནམ། གལ་ཏེ་ལོ་ཙཱ་བ་སྐོར་ཅིག་དང་ཞིབ་འཇུག་པ་ཁག་ཅིག་གསོ་སྐྱོང་གནང་ཐུབ་ན་དགོས་མཁོ་ཧ་ཅང་ཆེ་མོད་་་་་

    Reply
  11. ཚེ་རིང། says:
    ལོ་ 14 སྔོན།

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ལ་རེ་བ་ཆེན་པོ་བྱས་ཀྱང་། ད་ལྟ་རེ་བ་བརླག་འགོ་བཙུགས་སོང་། དང་ཐོག་ཝ་ཎ་མཐོ་སློབ་ཀྱི་ཡན་ལག་ལྟ་བུར་བཙུགས་ན་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པ་དང་། རྒྱལ་སྤྱིའི་མཐོ་སློབ་ཀྱི་སློབ་ཚན་ཡོད་པ་མ་ཟད། བོད་ཀྱི་རིག་གནས་སྦྱང་ས་ཡོད་པ་ཞིག་ཆགས་རྒྱུ་ཡིན་ན། ནང་ཁུལ་ལ་ང་ཆེ་ང་བཙན་རྩོད་རེས་བྱས་ཏེ། ཨ་མ་རྗེ་བཙུན་པདྨས་ཁས་མ་བླངས་པ་རེད། ད་ལྟ་རྒྱ་གར་གཞུང་གིས་ངོས་ལེན་མེད་པས། ས་རཱ་མཐོ་སློབ་དང་ཁྱད་པར་མེད་པ་ཞིག་ཆགས་འདུག
    ད་དུང་རྒྱ་ཡིག་འདྲ་བསླབ། མཚན་ཉིད་འདྲ་བསླབ། དགོས་པའི་བོད་ཀྱི་རིག་གཞུང་ཚད་ལྡན་སྦྱང་མ་ཐུབ། དེང་དུས་ཀྱི་རིག་གནས་སྦྱང་མ་ཐུབ། བོད་ཕྲུག་ཚོ་ཕན་མེད་ཆགས་ཉེན་འདུག གཟབ་དགོས་ས་རེད།
    སྤྱིར་བཏང་བོད་པ་འདི་རྒྱ་ཟེར་དུས་ གལ་ཆེན་པོར་བརྩི་འདུག གང་ཤེས། ང་ནི་མགོ་མཐོམ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese