མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་རྒན་ལ་ལས་བྱེད་གཞན་ལས་ལྷག་པའི་མཐུན་རྐྱེན་སྦྱོར་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༠
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ཉིན་བཞིའི་རིང་ས་ར་མཐོ་སློབ་ཏུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་ཅིག་གི་སློབ་སྦྱི་དང་དགེ་ཆེ་ཚོར་བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་ཟབ་སྦྱོང་ཞིག་སྤྲད་ཡོད་ལ། སྐབས་དེར་སློབ་སྤྱི་ཁག་ཅིག་ལ་བཅར་འདྲི་ཞུས་པར། སློབ་གྲྭ་མང་ཆེ་བའི་ཐུན་མོང་གི་དཀའ་ངལ་ཞིག་ནི་དགེ་རྒན་ཚད་ལྡན་མི་རག་པ་དེ་རེད།

ཟླ་འདིའི་ཕྱི་ཚེས་ ༦ ནས་ཚེས་ ༡༠ བར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་གོ་སྒྲིག་དང་ཨ་རིའི་ (PRM) རོགས་ཚོགས་ཀྱི་མཐུན་འགྱུར་འོག བཞུགས་སྒར་ཉེ་འགྲམ་ས་རཱ་མཐོ་སློབ་དུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་སློབ་སྤྱི་དང་དགེ་ཆེ་རྣམ་པར་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་ཡོད་ཅིང་། ཟབ་སྦྱོང་དེར་སམ་བྷོ་ཊའི་ཁྱབ་ཁོངས་སློབ་གྲྭ་ཁག་དང་ངྷ་ས་བོད་ཁྱིམ་གྱི་སློབ་གྲྭ་ཁག མཱ་སུ་རི་བོད་ཁྱིམ་སློབ་གྲྭ་གཉིས། བལ་ཡུལ་རྣམ་རྒྱལ་མཐོ་སློབ་དང་སྲོང་བཙན་མཐོ་སློབ། རྣམ་རྒྱལ་འབྲིང་རིམ་སློབ་གྲྭ་བཅས་ཀྱི་སློབ་སྤྱི་ ༥ དང་དགེ་ཆེ་ ༡༧ བཅས་ཁྱོན་མི་ ༢༢ ཙམ་མཉམ་ཞུགས་གནང་འདུག  

ཟབ་སྦྱོང་གི་ཉིན་དང་པོ་དང་གཉིས་པར་ལོ་ ༡༧ རིང་དགེ་རྒན་དང་ལོ་ ༡༣ ཙམ་ལ་སློབ་སྤྱི་གནང་མྱོང་མཁན་ཨོ་སི་ཊོ་ལི་ཡའི་སྐུ་ཞབས་ཨེན་ཐོ་ནེ་ཧར་ཝེ་ལོན་ཌོན་ ( Mr.Anthony Harvey London) ལགས་ཀྱིས། སློབ་གྲྭའི་འགན་འཛིན་ཞིག་གི་ངོས་ནས་སློབ་གྲྭའི་འཛིན་སྐྱོང་ཚགས་ཚུད་ཡོང་ཐབས་ལ་ཕྱག་ལས་གང་འདྲ་གནང་དགོས་མིན་དང་། དགེ་རྒན་ལ་རྟོགས་ཞིབ་དང་སློབ་མར་སློབ་སྦྱོང་སྤྲོད་སྟངས་ཀྱི་ཐབས་ལམ། སློབ་གྲྭའི་སློབ་ཚན་གོ་སྒྲིག་གནང་ཕྱོགས་སོགས་ཀྱི་ཐད་ཟབ་སྦྱོང་སྤྲད་ཡོད་འདུག་ལ། ཟབ་སྦྱོང་གི་ཉིན་གསུམ་པའི་སྔ་དྲོར་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། བཙན་བྱོལ་བོད་མིའི་ཤེས་ཡོན་སྲིད་བྱུས་ཀྱི་དགོས་དམིགས་དང་དགེ་རྒན་གྱི་ཤེས་ཡོན་གནས་ཚད་ཡར་རྒྱས་གཏོང་སྟངས། སློབ་མར་སློབ་ཁྲིད་བྱེད་ཐབས་སོགས་ཀྱི་ཐད་ནས་ཟབ་འཁྲིད་དང་། ཟབ་སྦྱོང་བ་རྣམས་པས་ཤེས་ཡོན་སྲིད་བྱུས་དང་འབྲེལ་བའི་དོགས་འདྲི་ཁག་ལ་ལེན་འདེབས་དང་།  ཕྱི་དྲོར་ཤེས་རིག་ལས་ཁུངས་ཀྱི་ཤེས་ཡོན་འགན་འཛིན་རྒྱལ་མཚན་ལགས་ཀྱིས། སློབ་གྲྭ་ཁག་གི་དགེ་རྒན་རྣམ་པས་དྲ་རྒྱ་དང་གློག་འཕྲིན་སོགས་ཀྱི་བརྒྱུད་ལམ་ཐོག་ནས་དགེ་རྒན་ནང་ཁུལ་གྱི་ཉམས་མྱོང་དང་ཤེས་ཡོན་བརྗེ་རེས་བྱ་ཐབས་སྐོར་ངོ་སྤྲོད་གནང་སོང་།  

ཉིན་མཐའ་མར་སྐུ་ཞབས་ཨེན་ཐོ་ནེ་ཧར་ཝེ་ལོན་ཌོན་ལགས་ཀྱིས་འཛིན་སྐྱོང་གི་འགྱུར་བ་དང་ལས་གཞིའི་ཐད་ཀྱི་ཟབ་སྦྱོང་དང་། ཤེས་རིག་ལས་ཁུངས་ཀྱི་དམིགས་བསལ་ཤེས་ཡོན་འགན་འཛིན་བསྟན་འཛིན་དཔལ་སྒྲོན་ལགས་ཀྱིས། དབང་བོ་སྐྱོན་ཅན་དང་རིག་པ་རྟུལ་བོའི་རིགས་སློབ་མ་བྱིངས་ཀྱི་ནང་མཉམ་བསྲེས་བྱེད་སྟངས་ཀྱི་ཐབས་ལམ་དང་དེའི་དགེ་སྐྱོན་སོགས་ཀྱི་སྐོར་ལ་ཟབ་སྦྱོང་དང་དྲི་བ་དྲིས་ལན་བཅས་གནང་རྒྱུ་ཡིན་འདུག   

ཟབ་སྦྱོང་དེའི་ཉིན་གསུམ་པར་འདི་གའི་གསར་འགོད་པས་ཟབ་སྦྱོང་ལ་ཕེབས་མཁན་སློབ་གྲྭ་ཁག་ཅིག་གི་འགན་འཛིན་ལ་བཅར་འདྲི་ཞུས་པར། བལ་ཡུལ་རྣམ་རྒྱལ་འབྲིང་རིམ་སློབ་གྲྭའི་སློབ་སྤྱི་བློ་བཟང་ཐབས་མཁས་ལགས་ཀྱིས། “ ཐེངས་འདིིིར་སྐུ་ཞབས་ཐོ་ནེ་ཧར་ཝེ་ལོན་ཌོན་ཀྱིས། སློབ་སྤྱི་དང་དགེ་ཆོས་རྣམ་པས་འཛིན་སྐྱོང་གི་ལས་ཀ་བྱེད་ཕྱོགས་དང་རྒྱལ་སྤྱི་དང་བཙན་བྱོལ་སྤྱི་ཚོགས་ཀྱི་སློབ་གསོའི་གནས་སྟངས་ངོ་སྤྲོད་དང་། བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས། ཤེས་ཡོན་སྲིད་བྱུས་གསར་པའི་གལ་ཆེའི་རང་བཞིན་དང་རྒྱབ་ལྗོངས་སོགས་ང་སྤྲོད་གནང་བར་ཕན་ཐོགས་ཆེན་པོ་བྱུང་སོང་། ཡིན་ནའང་གཙོ་ཆེ་ཤོས། ང་ཚོ་ཟབ་སྦྱོང་ལ་ཞུགས་པ་ཙམ་མིན་པར་ལག་བསྟར་བྱ་རྒྱུ་གལ་ཆེན་པོ་རེད། བོད་པའི་འཐབ་རྩོད་དེ་ཡང་མཐར་གཏུག་ན་ཤེས་ཡོན་གྱིས་འདང་མིན་ལ་ཐུག་ཡོད་སྟབས། སློབ་སྤྱི་དང་དགེ་ཆེ་རྣམ་པ་ཕྱིར་ལོག་སྐབས་ཟབ་སྦྱོང་གང་སྤྲད་པ་ཆ་ཚང་ལག་ལེན་བསྟར་དཀའ་ཡང་། དེའི་ཁྲོད་ཀྱི་དོན་ཚན་རེ་གཉིས་ལག་ལེན་བསྟར་རྒྱུར་འབད་བརྩོན་བྱས་ན། རིམ་པས་སློབ་གསོའི་ལས་དོན་ཡར་རྒྱས་སུ་འགྲོ་བ་རེད།” ཅེས་བརྗོད་བྱུང་།

ཡང་མཱ་སུ་རི་བོད་ཁྱིམ་ཡན་ལག་རཱ་ཇུ་པུར་སློབ་གྲྭའི་སློབ་སྤྱི་བསྟན་འཛིན་ཕྱོགས་གླང་ལགས་ཀྱིས། “ ང་རང་ལ་མཚོན་ན་སློབ་གྲྭ་ནས་ཚུར་ཡོང་སྐབས་ནས་སྐུ་ཞབས་ཨེན་ཐོ་ནེ་ཧར་ཝེ་ལོན་ཌོན་དང་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་གཉིས་ཀྱི་ཟབ་སྦྱོང་ལ་རེ་བ་ཆེན་པོ་བརྒྱབ་ཡོང་བ་ཡིན། སློབ་ཐུན་ ༨ ཙམ་གྱི་ཟབ་སྦྱོང་དང་ནང་ཁུལ་བསམ་ཚུལ་བརྗེ་རེས་སོགས་ཀྱིས་སློབ་གསོ་མང་པོ་ཞིག་རག་སོང་ལ། མ་འོངས་པར་ཡང་ཟབ་སྦྱོང་འདི་འདྲའི་རིགས་ལ་ཞུགས་ཐུབ་ན་ཕན་ཐོགས་ཆེན་པོ་འདུག་བསམ་པ་ཞིག་བྱུང་སོང་། ང་རང་དེ་སྔ་དགེ་རྒན་དང་སློབ་སྦྱི་སོགས་ཀྱི་ལས་ཀ་རྒྱུན་རིང་བྱས་མྱོང་མཁན་ཞིག་ཡིན། ང་ཚོའི་སློབ་གྲྭར་མཚོན་ན་དཀའ་ངལ་ཆུང་ཚགས་མང་པོ་ཡོད་ཀྱང་། དཀའ་ངལ་ཆེ་ཤོས་ཤིག་དེ་སྔོན་མ་ནས་དགེ་རྒན་ཚད་ལྡན་མི་རག་པ་དང་། ཨང་རྩིས་དང་ཚན་རིག་གི་དགེ་རྒན་མི་རག་པ་དེ་རེད། དེའི་ཐད་ཤེས་རིག་ལ་ཡང་ཡང་ཞུས་ཏེ། ད་ལྟའི་ཆར་སློབ་གྲྭ་རང་ནས་སློབ་མཐར་ཕྱིན་པ་དང་། ཨང་རྩིས་དང་ཚན་རིག་ཐོག་གྲུབ་འབྲས་ལེགས་པའི་སློབ་མ་ཕྱིར་སློབ་གྲྭར་འགུག་ཐབས་བྱེད་ཀྱི་ཡོད། ” ཅེས་བརྗོད་བྱུང་།

ཅོང་ངྷི་ར་སམ་བྷོ་ཊའི་སློབ་སྤྱི་དོན་འགྲུབ་རྡོ་རྗེ་ལགས་ཀྱིས། “ ད་རེས་ཀྱི་ཟབ་སྦྱོང་འདིའི་ཐོག་ད་ལྟའི་བར་སམ་བྷོ་ཊའི་ཁྱབ་ཁོངས་ཀྱི་སློབ་གྲྭ་ཁག་ལས་གཞན་པའི་སློབ་གྲྭ་ཁག་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱེད་ཐུབ་མེད་སྟབས། དེའི་ཐད་བཀའ་བློན་ཁྲི་ཟུར་མཆོག་གི་གསལ་བཤད་དང་ཟབ་སྦྱོང་བ་རྣམས་ཀྱི་དོགས་འདྲི། ཕན་ཚུན་བགྲོ་གླེང་སོགས་བྱས་ཏེ་མ་འོངས་པར་སློབ་གྲྭ་ཡོངས་སུ་ལག་བསྟར་བྱ་བར་རེ་བ་འདུག་བསམ་པ་དྲན་བྱུང་། སློབ་གྲྭའི་དཀའ་ངལ་གྱི་ཐད་ནས་སློབ་གྲྭ་ཚང་མར་དཀའ་ངལ་མི་འདྲ་བ་ཡོད་ཀྱང་། སྤྱི་ཡོངས་ཀྱི་དཀའ་ངལ་ཆེ་ཤོས་ཤིག་དགེ་རྒན་ཚད་ལྡན་རག་གི་མེད་པ་དང་། བོད་པ་རང་གི་ནང་དུ་འཛིན་གྲྭ་མཐོ་བའི་ཨང་རྩིས་དང་ཚན་རིག་དགེ་རྒན་མེད་པ་དེ་རེད། ང་རང་གི་བསམ་པར་དཀའ་ངལ་འདི་སེལ་དགོས་ན། དགེ་རྒན་ལ་ལས་བྱེད་གཞན་ལས་ལྷག་པའི་མཐུན་རྐྱེན་བསྐྲུན་རྒྱུ་དང་། གཞུང་དང་སྤྱི་ཚོགས་ཀྱི་ངོས་ནས་དགེ་རྒན་ལ་མཐོང་སྤྲོད་རྒྱུ་གལ་ཆེན་རེད། ” ཅེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༡༨ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༡༨ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༢༢ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

མཆན། 8

  1. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    གཅིག་ནས་ཤེས་ཡོན་སྲིད་ཇུས་ལག་བསྟར་བྱེད་དགོས་པ་དང་། གཉིས་ནས་ཨང་རྩིས་དང་ཚན་རིག་དགེ་རྒན་ཚད་ལྡན་རག་གི་མེད། ཤེས་ཡོན་སྲིད་ཇུས་ནང་ཨང་རྩིས་དང་ཚན་རིག་ཀྱང་བོད་སྒྱུར་བྱས་ནས་ཁྲིད་རྒྱུ་ཡིན་པས། བོད་ཡིག་སྟེང་ནས་ཁྲིད་ཐུབ་མཁན་ད་དུང་སྐྱེད་བསྲིང་བྱ་རྒྱུར་ལྷག་ཡོད་པས། མ་མཐར་ཡང་ད་དུང་ལོ་མང་པོ་ཞིག་ལ་ཨང་རྩིས་དང་ལྷག་པར་དུ་ཚན་རིག་དགེ་རྒན་ཚད་ལྡན་ཞིག་ཡོང་དཀའ་ངེས་རེད། བསླབ་གཞི་གསར་པ་བཟོས་ཚར་བའི་དབང་དུ་བཏང་ཡང་བསླབ་གཞི་དེ་བསླབ་ནས་མཐར་སོན་པ་སུ་གཅིག་ཀྱང་མེད་པ་རེད། དེ་མེད་ས་ནས་དེ་དག་གི་དགེ་རྒན་ཚད་ལྡན་ཞིག་གང་ནས་ཡོང་། ཅི་ལྟར་འོང་། འདི་ཤེས་རིག་ལས་ཁུངས་ཀྱིས་བསམ་གཞིགས་ནན་མོ་བྱེད་དགོས་པའི་གནད་དོན་ཞིག་རེད།

    Reply
  2. སྐྱ་ཀ says:
    ལོ་ 14 སྔོན།

    དེ་སྔོན་སློབ་སྦྱོང་སྤྲོད་ཐབས་ཀྱི་ཐབས་སྦྱོར་གང་ལེགས་ཐོག་ཟབ་སྦྱོང་གང་མང་ཞིག་བྱས་ཡོད་ཀྱང་། ཐབས་ལམ་འདི་འདྲ་ཞིག་གིས་མི་འགྲིགས་པའི་གནད་དོན་རེ་གླེང་བ་ཙམ་ལས། ངོ་མའི་ལས་དངོས་བསྒྱུར་བཅོས་ཚད་ལྡན་སྣེ་གཅིག་བྱས་ཡོད་པའི་གནས་ཚུལ་གསལ་བཤད་བྱ་རྒྱུ་ཡོད་མཁན་སུའང་མ་མཆིས་པ་འདིས། ཅི་འདྲའི་སློབ་སྤྱི་རྣམ་པའི་ཕྲག་ཏུ་འབབས་པའི་འོས་འགན་དེ་བླངས་ཡོད་ན་སྙོམ་པའི་སེམས་ཚབས་འདིས་བོད་མི་རུས་རྐང་ཡོད་པ་ཞིག་གིས་མི་བཟོད་པའི་སྡུག་བསྔལ་ཤིག་རེད་་་་

    Reply
  3. བདེ་རྒྱལ། says:
    ལོ་ 14 སྔོན།

    སེམས་སྐྱོ་གཞི་ཞིག་ལ་དགེ་རྒན་སྐོར་ཞིག་ལ་སློབ་སྦྱོང་གི་གནས་ཚད་མཐོན་པོ་ཡོད་ཀྱང་། ལག་ཁྱེར་མེད་སྟབས་གླ་ཕོགས་དམའ། ཡང་དགེ་རྒན་སྐོར་ཞིག་ལ་ལག་ཁྱེར་མཐོ་བོ་ཡོད་ཀྱང་སློབ་སྦྱོང་གི་གནས་ཚད་ཞན། དེ་རྐྱེན་ཀྱིས་དགེ་རྒན་ཤེས་ཡོན་ཅན་མང་པོ་ཞིག་སེམས་ཤུགས་ཆགས་པའམ་ཡང་ན་རྩ་དགོངས་ཞུ་མཁན་ཡང་གང་འཚམས་བྱུང་ཡོད། གནད་དོན་འདིའི་སྒང་ལ་ཤེས་རིག་སོགས་ནས་ཉམས་ཞིབ་དང་ཐག་གཅོད་འོས་འཚམས་ཞིག་གནང་དགོས་པར་མཐོང་།

    Reply
    • དྲང་བདེན says:
      ལོ་ 5 སྔོན།

      ད་ཅི་ཕན་ལེ་མ་རེད།
      སློབ་ཕྲུག་བརྒྱ་ཆ་གོ་གཅིག་བོད་རིགས་མིན་པ་རེད།
      དེ་ཚོར་བོད་ཡིག་སླིབ་པ་ལས་དབྱིན་ཡིག་ཐོག་སློབ་ཐུབ་ན་དགེ་མཚན་ཆེ།

      Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་། བོད་པ་རང་གི་ནང་དུ་འཛིན་གྲྭ་མཐོ་བའི་ཨང་རྩིས་དང་ཚན་རིག་དགེ་རྒན་མེད་པ་དེ་རེད། ང་རང་གི་བསམ་པར་དཀའ་ངལ་འདི་སེལ་དགོས་ན། དགེ་རྒན་ལ་ལས་བྱེད་གཞན་ལས་ལྷག་པའི་མཐུན་རྐྱེན་བསྐྲུན་རྒྱུ་དང་། གཞུང་དང་སྤྱི་ཚོགས་ཀྱི་ངོས་ནས་དགེ་རྒན་ལ་མཐོང་སྤྲོད་རྒྱུ་གལ་ཆེན་རེད།
    གསུངས་པ་ འདི་ བདེན་པ་ རེད། རྒྱབ་སྐྱོར་ ཡོད། འོནད་ཀྱང་། བོད་ཡིག་དང་ བོད་སྐད་ སློབ་སྦྱོང་ལ་ འཐུས་ཤོར་ མ་མཐོང་བ་ དེ་ལ་ བློ་འཚབ་ཅིག་ ངང་གིས་ སྐྱེས ་ཡོང་བགྱིད་ འདུག འདི་ཡང་ ང་རང་གི་ རི་བོང་ གནམ་རྡིབ་ཀྱི་ སྡུག་བསྔལ་ཅིག་ ཡིན་པར་ ཤོག ཁྱེད་ དགེ་ལས་ རྣམ་པའི་ མཛད་འཕྲིན་དང་ མཛད་རྗེས་ལ་ བཀྲ་དྲིན་ཆེ་ ལགས།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    གཅིག་ན་དཔལ་འབྱོར་གྱི་དུས་རབས་རེད། གཉིས་ན་ལྷག་བསམ་དང་སེམས་ཤུགས་ཅན་ཉུང་ཉུང་རེད། གསུམ་ན་དགེ་རྒན་ཚོར་སློབ་ཕྲུག་ཚོས་ཆ་འཇོག་ཡོད་པ་མ་རེད། བཞི་ན་ཕ་མ་ཚོར་རྒྱུ་དངོས་མ་གཏོགས་མི་དགོས་པཱ ད་དགོངས་པ་མང་པོ་བཞེས་ཡཱ།

    Reply
  6. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    ཁ་ནས་བཤད་པ་ཙམ་མིན་པར་གཏན་ཁེལ་བྱེད་རྒྱུ་གལ་ཆེན་མཐོང་།

    Reply
  7. ཤར་མདའ། says:
    ལོ་ 14 སྔོན།

    དགེ་རྒན་དེ་ལས་བྱེད་གཞན་ལས་གལ་ཆེན་བྱེད་དགོས་པ་དངོས་ཡོད་རེད།   དགེ་རྒན་གྱི་ལེགས་བཤད་བཤད་རྒྱུ་ལས་ལོག་བཤད་མི་གནང་པའི་རེ་བ་ཡོད།  མ་ཟད་དགེ་རྒན་གྱི་ཀུན་སྤྱོད་དང་སློབ་མའི་བསམ་བློ་ཡར་རྒྱས་གཏོང་ཐུབ་ལ་རང་ནུས་གང་ཡོད་ཀྱི་འབད་རོགས་ཞུ།  གཙོ་བོ་སློབ་མའི་བློ་ཁ་དང་འཚམས་པའི་སློབ་དེབ་དང་སློབ་ཚན་སྒྲིག་རྒྱུ་གལ་ཆེན་རེད།  ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese