༄༅། །ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ནང་གསར་འགོད་པ་གཅིག་གསར་བསྡུ་ཞུ་རྒྱུ་ཡིན
གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་ཆེད་རླུང་འཕྲིན་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པའི་མཚན་ཐོག་ཕྱི་ལོ་༢༠༡༢ ཕྱི་ཟླ་ ༢ ཚེས་ ༢༩ ནང་ཚུད་སྙན་ཞུ་ཕུལ་འབྱོར་ཐུབ་པ་དགོས།
གསར་འགོད་པའི་ཡིག་རྒྱུགས་ནང་འཛུལ་ཞུགས་གནང་མཁན་ཚོར་གཤམ་འཁོད་ཆ་རྐྱེན་རྣམས་ངེས་པར་དུ་ཚང་དགོས།
༡༽ བོད་མིའི་དང་བླངས་དཔྱ་ཁྲལ་ལག་དེབ་དང༌། སྐྱབས་བཅོལ་ལག་ཁྱེར་ RC ཡང་ན། རྒྱ་གར་ནང་གནས་སྡོད་ཆོག་པའི་ལག་ཁྱེར་གང་རུང༌།
༢༽ བོད་རྒྱ་གཉིས་ཀྱི་ཤེས་ཚད་རང་སྐྱ་འཕེར་ངེས་ཡོད་པ
|༣༽ ཉུང་མཐར་འཛིན་རིམ་བཅུ་གཉིས་ཀྱི་ལག་འཁྱེར་ལྡན་པ།
༤༽ རྒྱའི་སྐད་ (普通话)ཀྱི་སྒྲ་གདངས་གསལ་པོ་དང་ཀློག་བཟང་པོ་ཡོད་པ།
༥༽ གཟུགས་ཐང་ལས་འཕེར་ཡིན་པའི་སྨན་ཁང་ཚད་ལྡན་གྱི་ངོས་སྦྱོར།
༦༽ ལས་ཁུངས་གཞན་དུ་ལས་ཀ་བྱ་མུས་ཡིན་ཚེ། ལས་ཁུངས་དེས་དགག་ཆ་མེད་པའི་ངོས་སྦྱོར་དགོས།
༧༽ གསར་འགོད་པར་འདེམས་ཐོན་བྱུང་ཚེ་ཟླ་དྲུག་རིང་ཚོད་ལྟ་དང༌། དེའི་རྗེས་རླུང་འཕྲིན་ཁང་དུ་ཉུང་མཐར་ལོ་གསུམ་རིང་ཕྱག་ལས་གནང་རྒྱུའི་འདུན་པ་ཡོད་པ།
གསར་འགོད་པའི་ལས་རིགས་ཀྱི་ཉམས་མྱོང་ཡོད་པ་དང་སློབ་སྦྱོང་ཐོན་པ་ལ་དམིགས་བསལ་ཡོད།
གོང་གསལ་ཆ་རྐྱེན་ལྡན་པ་དང༌། གསར་འགོད་པའི་ལས་དོན་ནང་ཞུགས་འདོད་ཡོད་རིགས་རྣམས་ཚུད་རྒྱུགས་ནང་ཞུགས་རྒྱུའི་ཆེད། རང་གི་ལོ་རྒྱུས་སྙིང་བསྡུས་འཁོད་པའི་སྙན་ཞུ་དང༌། གོང་གསལ་ཆ་རྐྱེན་གྱི་ཁུངས་སྐྱེལ་ཡིག་ཆ་ཁག་དང༌། སློབ་སྦྱོང་ཐོན་པའི་ལག་ཁྱེར་སོགས་ཀྱི་ངོ་བཤུས་བཅས་གོང་གསལ་དུས་ཚེས་ནང་ཚུན་མཉམ་འབུལ་ཞུ་དགོས།