མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རང་ལུས་མེར་བསྲེཊ་མཚམས་འཇོག་རོཊ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༢
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་དབུ་མའི་ལམ་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། བོད་ནང་གི་རང་ལུས་མེར་བསྲེགས་མཚམས་འཇོག་གནང་དགོས་པའི་འབོད་སྐུལ་ཞུས་སོང་།

ཁ་སང་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་ཆིག་སྒྲིལ་ཚོགས་ཁང་ནང་། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། བོད་ནང་གི་བོད་མི་ཚོར་སྙན་ཞུ་དོན་ཚན་ ༦ ཅན་ཞིག་སྤེལ་སོང་། སྙན་ཞུའི་དོན་ཚན་ཁག་གི་ནང་དོན་མདོ་བསྡུས་ནི། དང་པོ། བོད་ནང་རང་ལུས་མེར་བསྲེགས་གཏོང་བཞིན་པའི་ལས་འགུལ་དེ་མཚམས་འཇོག་གིས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཞེས་པའི་ཡིག་ཆ་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ། གཉིས་པ། རྒྱ་ནག་གཞུང་དང་ས་གནས་འཐབ་ཕྱོགས་གཅིག་གྱུར་ངན་འབྲེལ་འོག བོད་པའི་འབྲོག་པ་རྩ་སྟོང་བཟོ་བཞིན་པའི་བྱེད་ཐབས་དེར་ཡིད་གཟབ་དང་། དེ་ལ་ཤེས་ཡོན་པ་ཚོས་འགན་འཁུར་བཞིན་པར་བསྔགས་བརྗོད། གསུམ་པ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བལ་བོད་ས་མཚམས་སོགས་སུ་བོད་རིགས་ལས་བྱེད་བཏང་སྟེ་བོད་རིགས་ནང་ཁུལ་འགལ་བ་བཟོ་ཐབས་དང་། ༼ བླ་སྤྲུལ་གྱིས་གཏན་འཇགས་གླེང་བ ༽ཟེར་བའི་བྱ་འགུལ་སྤེལ་ཏེ་བླ་སྤྲུལ་དང་དད་ལྡན་མང་ཚོགས་བར་འགལ་བ་སློང་བཞིན་པར་ངོ་རྒོལ་གནང་དགོས་པ།


བཞི་བ། བོད་རིགས་བླ་སྤྲུལ་དང་ལས་བྱེད་རེ་ཟུང་བླ་ཚོང་ཞབས་འདྲེན་གྱི་ལས་སུ་ཞུགས་མཁན་རིགས་ལ་བོད་ཕྱི་ནང་གཉིས་ནས་ཞིབ་འཇུག་གིས་འཐེར་འདོན་གནང་རྒྱུ་དང་། ཉེ་ལམ་བལ་བོད་ས་མཚམས་ནས་བོད་མི་གནས་སྐོར་བའི་ཅ་དངོས་བཙན་འཕྲོག་བྱས་པ་དེ་རྒྱ་ནག་གཞུང་གི་ཁྲིམས་ལུགས་ལ་འགལ་ཡོད་སྟབས་ངོ་རྒོལ་བྱ་དགོས་པ། ལྔ་པ། བོད་རིགས་གུང་ཁྲན་ཏང་མི་དང་ཤེས་ལྡན་མི་སྣ། སློབ་ཆེན་སློབ་མ་དང་དགེ་རྒན། དགོན་པའི་བླ་སྤྲུལ་བཅས་ཀྱིས་བོད་ནང་གི་དཀའ་ངལ་རིགས་སྲིད་གཞུང་གི་རྩ་ཁྲིམས་དང་། བཅའ་ཁྲིམས་སོགས་ཀྱི་ནང་དོན་དང་མཐུན་པར་ཀྲུང་དབྱང་ལ་སྙན་ཞུ་འབུལ་དགོས་པ། དྲུག་པ། རྒྱ་ནག་མི་མང་ལ་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་འདྲ་མཉམ། དབུ་མིའི་ལམ་གྱི་ནང་དོན་ངོ་སྤྲོད། ད་ལྟའི་བོད་ནང་གི་འཐབ་རྩོད་ཀྱི་འགན་ཡོངས་རྫོགས་གུང་ཁྲན་ཏང་ལ་ཡོད་པ་གསལ་བཤད་བཅས་བྱ་དགོས་པའི་འབོད་སྐུལ་ཞུས་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 40

  1. བཙན་པོའི་བུ། says:
    ལོ་ 13 སྔོན།

    མགར་སྟོང་བཙན་ལགས། ཁྱེད་རང་གིས་རྒྱ་ནག་གི་རྩ་ཁྲིམས་ནང་ཡོད་པ་རྒྱུ་མཚན་དུ་བྱས་ནས་དེའི་སྒྲོམ་གཞིའི་ཁྱབ་ཁོངས་ནང་ལས་འགུལ་སྤེལ་ཚེ་ཚེ་སྲོག་ལ་ཉེན་ཁ་མེད་པ་གསུངས་པ་ནི་ཡོངས་སུ་འཕྲུལ་སྣང་རང་རེད། རྒྱ་ནག་གི་རྩ་ཁྲིམས་དང་ལྷག་པར་དུ་༢༠༠༨་ནམ་༩་ཙམ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གྲངས་ཉུང་མི་རིགས་ས་ཁུལ་དུ་རང་རང་གི་སྐད་ཡིག་བཀོལ་སྤྱོད་བྱེད་ཆོག་པ་མ་ཟད་ཁྲིམས་གཏུགས་སོགས་བྱེད་སྐབས་ཀྱང་རྒྱ་སྐད་བརྗོད་མི་དགོས་པར་རང་མི་རིགས་ཀྱིས་སྐད་ཡིག་སྤྱད་རྒྱུ་ཡིན་ལུགས་བརྗོད་ཡོད་པ་རེད། འོན་ཀྱང་ཉེ་དུས་བོད་པའི་སློབ་གྲ་ཁག་གི་སློབ་ཁྲིད་རྒྱ་སྐད་ནང་བྱེད་འགོ་བརྩམས་པ་རེད། ་དེས་ན་རྒྱ་ནག་གི་ཤོག་བུའི་སྟེང་གི་རྩ་ཁྲིམས་དང་ས་གནས་ས་ཐོག་གི་ལག་སྟར་གཉིས་འབད་དེ་ལོགས་ཀ་རེད། གལ་སྲིད་རྒྱ་ནག་དེ་ཁྲིམས་ལུགས་ཀྱིས་དབང་བསྒྱུར་བའི་སྤྒཡི་ཚོགས་ཤིག་ཡིན་ན་བོད་ནང་འགྲོ་བ་མིའི་ཐོབ་ཐང་སོགས་མེད་པའི་དཀའ་ངལ་དེ་རིགས་ཡོང་གི་མེད་པར་ེད། གང་ཡིན་ཟེར་ན་རྒྱའི་རྩ་ཁྲིམས་ནང་སྨྲ་བརྗོད་རང་དབང་ཡོད་པའི་ཕྱིར།

    Reply
  2. དམར་ཁ་ཚ། says:
    ལོ་ 13 སྔོན།

    རེབ་གོང་ཤེས་ལགས་ཀྱིས་དེ་ལྟར་སྐབས་འདིར་འགན་ཁྱེར་བ་ཐུགས་རྗེ་ཆེ་ལགས།

    Reply
  3. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་ལས་འགུལ་ཁང་གིས་འབོད་བསྐུལ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་འདོད་བྱུང་། དེ་དང་ཆབས་ཅིག་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་ཚེ་སྲོག་ལ་སེར་སྣ་མེད་པའི་་ཅལ་གཏམ་པ་དག་ལ་བཤད་འདོད་པ་སྟེ། རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་རྩ་བ་རྫོགས་ཤིང་ཅོལ་ཆུང་དྲན་འཕྲུལ་པ་ཁྱུ་གཅིག་ཤུལ་དུ་ལྷག་མ་ལྷག་ཡོད་པ་མ་རེད་བཤད་འདོད་ལ། དུས་རབས་ཉེར་གཅིག་གི་ལོ་རབས་འདིར་ཚེ་སྲོག་གི་འགྲོ་སོང་གཏོང་བའི་དུས་ཚོད་མིན་པ་བླ་ན་མེད་པའི་དབུ་ཁྲིད་རྣམ་པས་ལམ་སྟོན་གནང་དང་གནང་བཞིན་པར་གོ་བ་ཡག་པོ་ལེན་རན་རེད་བཤད་འདོད་བྱུང་།

    Reply
  4. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    བཀའ་སྤྱི་གཉིས་ཀྱི་བསྒྲགས་གཏམ་དག་གཟི་བརྗིད་ལོས་ཡོད་མོད། ནམ་མཁའ་ནས་འཁོར་ཏེ་ས་འབབ་ཀྱི་མེད་པས་ཁ་ཡོད་ལག་ཡོད་བྱེད་ཐུབ་པ་དང་བྱ་དགོས་ངེས་ཀྱི་འདི་འདྲའི་བསམ་ཚུལ་འདོན་རྒྱུ་ཤིན་ཏུ་ནས་གལ་ཆེན་རེད། དབུ་མའི་ལམ་ལས་འགུལ་ཁང་ལ་གནད་དགག་གི་སྐབས་སུ་ག་རེ་བྱེད་དགོས་མིན་གྱི་སྤོབས་དང་། དམིགས་ཡུལ། ལས་རིམ་བཅས་ཚང་མ་ལྡན་པ་ནི་དངོས་གནས་ཡག་པོ་རེད། ཁྱེད་ཚོ་ཞལ་འདེབས་སློང་མཁན་གྱི་ལས་འགུལ་ཁང་མིན་ཚུལ་གོ་ལ། ད་བར་འགྲོ་སོང་རང་ངོས་ནས་གཏོང་བཞིན་པ་དེ་དང་བཀའ་མོལ་འདི་གནང་བར་སྙིང་ནས་གུས་འདུད་ཡོད། འཐབ་རྩོད་པ་ཞིག་དང་གྲ་སྒྲིག་ཅན་ཞིག་ཚུགས་ཀ་ལྡན་པར་སེམས། དེ་བས་ཁྱེད་ཅག་གིས་དེ་དང་མཐུན་པར་བོད་ཕྱི་ལོགས་ནས་ལས་འགུལ་མུ་མཐུད་ནས་སྤེལ་རོགས། རྒྱབ་སྐྱོར་ཡོད།

    Reply
  5. རེབ་གོང་ཤེས་རབ། says:
    ལོ་ 13 སྔོན།

    དྲ་གྲོགས་བསྟན་འཛིན་བཀྲ་ཤིས་ལགས། བླ་སྤྲུལ་གྱིས་གཏན་འཇགས་གླེང་བ་ཟེར་བ་དེ་འཐབ་ཕྱོགས་གཅིག་གྱུར་ཁང་གིས་གཡོ་ཇུས་གསར་བ་ཞིག་རེད། ལོ་སྔོན་མའི་ཟླ ༡༢་ཚེས ༡༨ ནས་རང་སྐྱོང་ལྗོངས་ཟེར་བའི་འགོ་ཁྲིད་གསར་བ་ཁྲུན་ཆོན་གོས་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཤུགས་སྣོན་རྒྱབ་པ་དང་། ལས་ཀ་རྣམ་གྲངས་ཇེ་མང་དུ་བཏང་བ་ལས་ཐོན་པ་ཞིག་རེད། དེའང་ཆེད་མངགས་མེར་བསྲེགས་ལས་འགུལ་ཐད་འཐབ་ཕྱོགས་གཅིག་གྱུར་ཁང་གིས་བླ་སྤྲུལ་བེད་སྤྱོད་དང་བཙན་ཤུགས་ཀྱིས། བོད་ནང་གི་མེར་བསྲེགས་ལས་འགུལ་ཆོས་དང་མི་མཐུན་ལ། འཇིག་རྟེན་ཡ་རབས་ཀྱི་སྤྱོད་ཚུལ་དང་མི་མཐུན་པ། ན་གཞོན་རེ་འགའ་ཚོར་བའི་འོག་ཕྱིན་ཚུལ། གཞན་ཡང་ཕྱི་ཕྱོགས་ཀྱི་མགོ་སྐོར་འོག་ཚུན་མི་ཉན་ཞེས་རྒྱ་ནག་གཞུང་གི་ཧམ་བཤད་ལ་ཁྱི་ར་རྒྱབ་པ་ཞིག་རེད། དེས་ཉེ་འཆར་མཚོ་སྔོན་རླུང་འཕྲིན་ནང་མགོ་ལོག་དང་ཡུའུ་ཧྲུའུ་ཁུལ་གྱི་བླ་སྤྲུལ་རེ་འགས་མཚན་བེད་སྤྱོད་ཀྱིས་རྒྱ་ནག་གཞུང་གི་ངན་ཇུས་རྣམས་མདོ་འཛིན་པ་ཚོར་བཙན་གྱིས་ཁྱབ་བསྒྲགས་བྱེད་དུ་བཅུག་ཡོད། དེ་དང་འབྲེལ་ནས་འཐབ་ཕྱོགས་གཅིག་གྱུར་གྱིས་བོད་ཕྱི་ནང་གི་བོད་མིའི་བར་འགལ་ཟླ་བཟོ་བ་དང་། གཡོ་ཇུས་སྣ་ཚོགས་འཐེན་བཞིན་ཁོ་བོས་ཁ་བརྡར་དགག་ལན་ཞིག་བྲིས་ཡོད་པས། ཞིབ་ཏུ་གཤམ་གྱི་དྲ་ཐག་འདི་ལ་གཟིགས། http://www.khabdha.org/?p=24977

    Reply
  6. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    དབུ་མའི་ལམ་ལས་འགུལ་ཁང་གིས་གསར་བསྒྲགས་བྱས་པ་བཟང་མོད། མཐའ་གཅིག་ཏུ་བོད་མི་ཚོས་མེར་བསྲེགས་གཏོང་བཞིན་པ་འདི་མཚམས་འཇོག་བྱོས་ལབ་ན་མ་བདེ་བ་ཞིག་ཡོང་གིན་མི་འདུག་གམ། རྒྱུ་མཚན་ཡག་པོ་ཞིག་བཀོད་ནས་གསལ་བསྒྲགས་བྱས་ན་ལེགས་ཚུལ་རེད།

    Reply
  7. བསྟན་འཛིན་བཀྲ་ཤིས། says:
    ལོ་ 13 སྔོན།

    དུས་བབ་ཚང་ལ་བཀའ་འདྲི་ཞུ་རྒྱུར། གོང་གི་གསར་འགྱུར་གྱི་དོན་ཚན་གསུམ་པའི་ནང་དུ་༼ བླ་སྤྲུལ་གྱིས་གཏན་འཇགས་གླེང་བ ༽ཟེར་བ་ཞིག་ཡོད་པ་དེ་གང་འདྲ་རེད། དེ་སྔ་ནས་ཡོད་པའི་རྒྱལ་གཅེས་ཆོས་གཅེས་ཟེར་བ་དེ་རེད་དམ། རྒྱ་དམར་གཞུང་གིས་བྱེད་སྒོ་འདི་སྤེལ་ལུགས་སྤེལ་སྟངས་ག་འདྲ་ཡོད་པ་རེད་དམ། སྔོན་མ་ནས་ཡོད་པ་ཞིག་རེད་དམ། ཡང་ན་གསར་དུ་མགོ་འཛུགས་བྱས་པའི་ངན་ཇུས་ཤིག་རེད། འདིའི་སྐོར་ཤེས་མཁན་རེ་ཡོད་ན་འདིར་འགྲེལ་བརྗོད་རེ་གནང་རོགས།

    Reply
  8. བསྟན་འཛིན་བཀྲ་ཤིས། says:
    ལོ་ 13 སྔོན།

    དབུ་མའི་ལམ་ཚང་གིས་གནད་ལ་འཁེལ་ཞིང་དུས་ལ་བབས་པའི་གསལ་བསྒྲགས་ཡག་པོ་ཤིག་སྤེལ་འདུག ཡིག་ཕྲེང་བཅུ་གྲངས་ཤིག་གི་ནང་ལ་དོན་གནས་བརྒྱ་ཕྲག་ཅིག་བསྒྲིལ་ནས་ལམ་སྟོན་གནང་འདུག བཙན་བྱོལ་བོད་གཞུང་བཀའ་ཤག་དང་སྤྱི་འཐུས་ཀྱིས་རྫིག་མདོག་ཁ་བོས་ཐོག་ནས་གསར་ལམ་ཁག་གི་གནས་ཚུལ་རིག་རིག་བྱས་ཏེ་གསལ་བསྒྲགས་བསྐྱར་ཟློས་རེ་སྤེལ་བ་དང་། རྡ་རམ་ས་ལའི་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་གཞན་དག་གིས་ཚིག་གི་ལོ་མས་སྒྲིབ་ཅིང་དོན་གྱི་འབྲས་བུས་སྟོང་བའི་( བསྒྲགས་གཏམ )ཞེས་པའི་སྐད་པོ་ཆེ་དེ་དག་འགྲན་ནུས་མི་འདུག

    Reply
  9. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    རྒན་ལགས་ཀྱིས་གནད་འགག་ཅན་གྱི་དོན་ཚན་ཁ་ཤས་གསུངས་འདུག ད་དུང་མང་ཙམ་གསུངས་རོགས། འཐབ་རྩོད་བྱ་ཕྱོགས་ཕན་ངེས་རེད་ལ། ལས་དང་པོ་བ་ཚོར་དེ་བས་ཀྱང་ཕན་གི་རེད། གང་ལྟར་སྤྱི་བའི་ཆེད་དུ་ཁྱེད་རང་གིས་མུ་མཐུད་འདི་ལྟར་སྩོལ་ཅིག།

    Reply
  10. ཆབ་བྲག་ལྷ་མོ་སྐྱབས། says:
    ལོ་ 13 སྔོན།

    ད་དུང་ཁ་སྣོན་གལ་ཆེན་གསུམ་ཡོད།
    ༡༽ བོད་མི་ས་གནས་སོ་སོ་ནས་ད་ནས་བཟུང་རང་གི་སྡེ་དཔོན་ཨ་ཡོད་ནང་གི་ད་ཡོད་དང་སྒོ་ངའི་ནང་གི་སེར་རིལ་དེ་འདེམས་རོགས། གལ་ཏེ་འདེམས་དབང་མེད་ན་རྩ་བ་ཉིད་ནས་འོས་ཤོག་མ་འཕེན་རོགས། ཁྱེད་ཅག་གིས་ངོ་རྒོལ་འདི་ཉིད་གནང་ཐུབ་ཚེ་དེ་ནི་ཧ་ཅང་གི་ནུས་པ་ཅན་ཞིག་ཡིན།
    ༢༽ གོང་རིམ་ནས་བཞག་པའམ་རང་གིས་བདམས་པའི་རང་རིགས་ཀྱི་སྡེ་དཔོན་དང་དཔོན་ཆེན་སུ་ཞིག་གིས་མི་རིགས་རང་སྐྱོང་གི་བྱ་བ་ལེགས་པོར་མི་སྒྲུབ་ན་ངོ་རྒོལ་བྱེད་དགོས།
    ༣༽་ཤེས་ཡོན་ཅན་ཚོས་གཙོ་བྱས་ནས་ཇི་ལྟར་མི་རིགས་སྐྱོང་གི་བྱ་བ་ལེགས་སྒྲུབ་བྱ་རྒྱུར་དཔྱད་བརྗོད་དང་ལམ་སྟོན་གནང་དགོས།
    གནད་དོན་འདི་གསུམ་ཧ་ཅང་འགངས་ཆེན་ཡིན། ད་ལྟའི་གཞིས་ལུས་མི་མང་གི་སྙིང་སྟོབས་དང་འགུལ་སྐྱོད་ལ་བལྟས་ན་དོན་ཆེན་འདི་སྒྲུབ་ཐུབ་པར་ང་ལ་ཡིད་ཆེས་ཆེན་པོ་ཡོད།

    Reply
  11. རྒྱ་མོ་ཀོང་ཇོ། says:
    ལོ་ 13 སྔོན།

    བཙན་བྱོལ་བོད་མི་ཚོས་སོ་སོའི་ནང་མི་དགོན་པ་གྲོང་སྡེ་ཚང་མར་ཁ་པར་བཏང་ནས་ཁྲིམས་དང་མཐུན་པའི་རང་སྐྱོང་རྩོད་རོགས་ཞེས་འབོད་སྐུལ་གནོང་། བཙན་བྱོལ་གཞུང་གིས་དེ་ལྟར་འབོད་སྐུལ་བྱས། མེར་བསྲེགས་ཉན་གི་མ་རེད་ལ། ལས་འགུལ་མཚམས་འཇོག་ཉན་གི་མ་རེད། དོན་དག་མ་བྱུང་བར་ག་རེ་བྱ་ན་བྱ་དགོས་ཀྱི་རེད། ད་ཐེངས་གྲུབ་འབྲས་མ་ཐོན་དུས། ད་ཀྲུའུ་ཝེ་ཆོན་ལ་མགོ་བཏགས་ཞུས་ན་དགའ་ནི་རེད།

    Reply
  12. རྒྱ་མོ་ཀོང་ཇོ། says:
    ལོ་ 13 སྔོན།

    དབུ་མའི་ལམ་རྒྱལ་ལོ། མིང་དོན་མཚུངས་པའི་རང་སྐྱོང་རྒྱལ་ལོ། ཟམ་གདོང་རིན་པོ་ཆེ་རྒྱལ་ལོ། བོད་གཞུང་རྒྱལ་ལོ། དེ་བཞིན་བློ་བཟང་སེང་གེའང་རྒྱལ་ལོ། དབུ་མའི་ལམ་ལས་འགུལ་ཁང་རྒྱལ་ལོ། ལས་འགུལ་ཁང་གི་མཁས་དབས་རྩོམ་པ་པོ་རྣམས་པ་རྣམ་པར་རྒྱལ་ལོ། ཁྱེད་ཚོས་ལམ་སྟོན་བྱས་པ་དངོས་གནས་ཡག་པོ་འདུག

    Reply
  13. གླིང་གེ་སར། says:
    ལོ་ 13 སྔོན།

    དབུ་མི་ལམ་མ་རེད་དཱ་།དབུ་མེད་ལམ་རེད་།དབུ་མེད་ལམ་གྱི་ཆེད་རང་སྲོག་གཏང་གི་ཡོད་མ་རེད་།དབུ་ཡོད་ལམ་གྱི་ཆེད་རང་སྲོག་གཏང་གི་ཡོད་རེད་།དབུ་མི་ལམ་འདི་སོང་ན་བོད་ཀྱི་རྒྱལ་དར་དང་མང་གཙོ་ཟེར་བ་འདི་ཐོག་མ་རྩ་མེད་གཏང་དགོས་།རྡ་སར་དམར་ཤོག་ཚོགས་པ་དང་སྐར་ལྔ་དར་དམར་སྒྲོན་ནས་རྒྱ་ནག་མི་མང་སྤྱི་འཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལག་བསྟར་བྱེད་དགོས་།ལམ་འདི་ལ་ངོ་རྒོལ་བྱས་ན་གོང་ས་མཆོག་ལ་ངོ་རྒོལ་བྱས་པ་རེད་ཟེར་ན་མ་རེད་།གསུང་དང་འགལ་ནའང་ཐུགས་དང་འགལ་ཡོད་མ་རེད་།བྱས་ཙམ་དབུ་མི་ལམ་གྱི་ལས་ཁང་ཟེར་བ་ཁྱོད་ཁ་བཙུམ་རོགས་ཕན་ལས་གནོད་ཆེ་བ་འདུག་།

    Reply
  14. དམར་ཁ་ཚ། says:
    ལོ་ 13 སྔོན།

    གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་རྒྱལ་ལོ། གཉིས་སྨན་དབུ་མའི་ལམ་གྱི་ལས་འགུལ་བ་རྒྱལ་ལོ། གཉིས་སྨན་དབུ་མའི་ལམ་རྒྱལ་ལོ། ཨ་མ་དཔལ་སྒྲོན་གཙོ་བོས་མི་རྒྱུ་གཉིས་ཀྱི་འགྲོ་སོང་གཏོང་མཁན་དག་གི་སྐུ་ཚེ་ཡུན་ཏུ་བརྟན་པར་ཤོག

    Reply
  15. རྒྱ་རྙི། says:
    ལོ་ 13 སྔོན།

    དབུ་མའི་ལམ་ནི་༸གོང་ས་མཆོག་གིས་ཡང་དག་པར་འཛུབ་སྟོན་གནང་བའི་གདམ་ཀ་མཐར་ཐུག་དེ་ཡིན། དེ་ལ་རྒྱབ་སྐྱོར་བྱེད་མཁན་དང་ལངས་ཕྱོགས་འཛིན་མཁན་ཚང་མར་བླ་ན་མེད་པའི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕྱོགས་ལྷུང་ཅན་དང་། གཡོ་རྒྱུ་ཅན། ལས་མེད་ལྟ་གྲུབ་ཁོ་ནར་ཁ་གཡར་མཁན་ཚོས་ཁྱོད་ཚོར་སྡང་ཟུག་བྱེད་ངེས་རེད། དེ་ནི་ཁོ་ཚོས་ལམ་དབུ་མ་མ་རྟོགས་པའི་རྒྱུ་མཚན་ཡིན། དབུ་མའི་ལམ་རྒྱལ་ལོ། བཀའ་ཁྲི་བློ་བཟང་སེང་གེ་རྒྱལ་ལོ། ཁོང་གི་སྲིད་བྱུས་རྒྱལ་ལོ། བདེན་པ་ཉིད་རྣམ་པར་རྒྱལ་ལོ།

    Reply
  16. མགར་སྟོང་བཙན། says:
    ལོ་ 13 སྔོན།

    སྲོང་བཙན་བུ་ལགས། དེ་ལྟར་ཡོང་རྒྱུར་ང་ཚོའི་གཞུང་དང་བཅས་པར་མི་རེ་རེ་ངོ་རེ་ནས་འབོད་སྐུལ་བྱེད་དགོས་ཀྱི་རེད། སྐབས་དེར་བླ་ཆེན་མི་ཆེན་སུའང་འདུག་ས་ཡོད་པ་མ་རེད་ལ། ཚང་མ་སྡེབས་ལངས་བྱས་པ་ཡིན་ན་གསོད་ཐུབ་ཀི་མ་རེད་ལ། བཙོན་འཇུག་བྱེད་ཐུབ་ཀི་མ་རེད། གང་ཡིན་ཞེ་ན། རྒྱ་ནག་གི་རྩ་ཁྲིམས་དང་མཐུན་པ་རེད།
    གཞན།རྣམ་པ་ཚོས་འགོ་ཚོས་ནས་སྐད་ཆ་ཤོད་དང་།
    ད་ལྟའི་གནས་སྟངས་ལ་ལྟོས་ན་རང་ལུས་གཞོམ་བསྲེགས་ལས་འགུལ་ལ་ནུས་བ་འཕྲལ་དུ་ཐོན་རྒྱུ་ནི་ཁེག་པོ་རེད། དེ་གསལ་བོ་རེད། རང་སེམས་རང་གིས་གསོས་མ་གསོས་མི་འདུག དེ་མེད་དུས། རང་ལུས་བསྲེགས་རྒྱུ་ལུགས་སྲོལ་འདྲ་བོ། ལོ་རྒྱུས་ཆགས་རྒྱུ་རེད། དེ་དུས་མི་ཚང་མས་ཀྱང་ཨ་ལེ་ཡང་གཅིག་བསྲེགས་འདུག་གཱས་ཟེར་གྱི་རེད། དེ་དུས་ད་ཚར་གྱིན་པའི་རྟགས་རེད།
    དེ་བས་རང་ལུས་མ་བསྲེགས་པར་ག་རེ་བྱེད་དགོས་མིན་ཡང་བཤད་འདུག དེ་རྒྱ་ནག་གི་དཔྲལ་བ་ནས་བསུབ་མི་ཐུབ་པའི་དྲི་བ་ཞིག་ཡིན་སྟབས། བོད་ནང་ནས་སྐྱ་སེར་སྡེབས་ལངས་ཀྱིས་ཁྲིམས་དང་མཐུན་པར་རྩོད་པ་རྒྱག་ཐུབ་ན་དངོས་གནས་དོན་ཕན་འབྱུང་གི་རེད། ༧གོང་ས་མཆོག་གི་དགོངས་པ་ཟེར་ན་དེ་རེད། བོད་དུ་གདན་འདྲེན་ཀྱང་དེས་ཞུ་ཐུབ་ཀི་རེད། ཆོས་རིག་རྒྱུད་འཛིན་ཀྱང་ཐུབ་ཀི་རེད། མིའི་ཚེ་སྲོག་གི་འགྲོ་སོང་མེད་དུས། བོད་མི་ཚང་མ་གཞི་རྩའི་ཆ་ནས་སྡུག་པོ་ཞེ་དྲག་ཡོང་གི་མ་རེད་པཱ། ག་རེ་བྱས་ནས་མི་འདི་ཚོས་གླེན་བཤད་རྒྱག་གི་ཡོད་ན།

    Reply
  17. བཀྲ་ཤིས། says:
    ལོ་ 13 སྔོན།

    ཏིང་ཞོའི་ཕང་དང་་་རྒྱ་ལོ་དོན་འགྲུབ་གཉིས་ཀས་བཏོན་གནང་བའི་ལམ་དབུ་མའི་སྲིད་བྱུས་དེ་ཡིས་རྒྱ་ནག་ལ་ཕན་ཐོགས་མང་པོ་ཡོང་ཡོད་རེད། དེ་ཡང་ཡག་པོ་གདའ་རྒྱ་ནག་ཀྱང་སེམས་ཅན་ཡིན་པས་ཕན་ཐོགས་ན་ཡག་གི
    ད་ལྟའི་བོད་ཀྱི་འཐབ་རྩོད་ཀྱི་ཁ་ཕྱོགས་གང་རེད་ཟེར་ན་་
    ༡་་་ཡང་ན་ནི་རང་བཙན་རྩོད་དགོས་པ་རེད། ་
    ༢་་ཡང་ན་ནི་རང་སྐྱོང་རྩོད་དགོས་པ་རེད། དེ་གཉིས་གང་ཡང་མ་ཡིན་ན་བསྡད་བསྡད་ན་ཉན་ནི་རེད། མགོ་མཇུག་མེད་པའི་ལམ་དབུ་མའི་སྲིན་བྱིས་་ཁ་པྱོགས་མེད་པ་ལས་འགུལ་དེ་འདྲ་པུའུ་རྩེ་མོ་ནང་བཞིན་རེད། ད་དེས་ན་རང་ལུས་མེར་བསྲེག་མཚམས་བཞག་ན་ཡག་པོ་ཡོད་རེད། ་ལམ་དབུ་མའི་དྲིལ་བསྒྲགས་ལས་ཁང་གིས་ད་བར་རྡ་སའི་ནང་ཁུལ་དཀྲུགས་་་མདའ་དཀྲུགས་གང་མང་བྱས་ཡོད་རེད།

    Reply
  18. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    དོན་གྱི་སྟོང་པའི་དབུ་ལམ་ཚོགས་པ།
    ཕྱོགས་ལྷུང་ཅན་གྱི་དབུ་ལམ་ཚོགས་པ།

    Reply
  19. གཡུ་རལ་བཀྲ་རྒྱམ། says:
    ལོ་ 13 སྔོན།

    ང་ཚོས་ནས་དཔའ་བོ་ཐོན་དགོས་རྒྱུ་དང་སྲོག་ལ་འཛེམ་རྒྱུ་ཡོང་མི་སྲིད་པ་རེད།བོད་ནང་གི་གནས་སྟངས་ཚབས་ཆེ་རུ་ཕྱིན་ན་སེམས་ཁུར་སེམས་ཁུར་བྱེད་རྒྱུ་དེ་རྒྱ་ནག་གཞུང་གི་ལས་འགན་ཞིག་རེད། ལས་འགུལ་མཚམས་འཇོག་རོགས་ཞུ་རྒྱུ་དེ་ཡང་རྒྱ་ནག་གཞུང་གི་ལས་འགན་ཞིག་རེད། བོད་ནང་ནས་ལས་འགུལ་ཅི་ཙམ་སྤེལ་ན་དེ་ཙམ་གྱི་ང་ཚོ་དགའ་དགོས་བ་ཞིག་རེད། ང་ཚོས་ངོས་ནས་དུས་ད་ལྟ་བར་ཏུ་ལས་འགུལ་འདི་འདྲའི་རིགས་་སྤེལ་མ་ཐུབ་ནས་ལྷག་བསྡད་པ་རེད། བོད་ནང་ནས་ལས་འགུལ་སྤེལ་ན་ང་ཚོས་དགའ་བཞིན་སྤྲོ་བཞིན་ཁོང་ཚོ་ལ་གཞོག་འདེགས་བྱེད་དགོས་བ་རེད། ང་ཚོས་དེ་ལས་ལྡོག་ཏེ་བོད་ནང་གི་གནས་སྟངས་ཛ་དྲག་དང་ཚབས་ཆེ་རུ་འགྲོ་བཞིན་འདུག་ཞེས་སྔོན་འགོག་བྱས་ན་དེ་ནི་ཤིན་ཏུ་མི་འོས་བ་ཞིག་རེད་ལ་བཞུད་ཟིན་པའི་དཔའ་བོ་དཔའ་མོ་དག་གི་དམིགས་ཡུལ་དེ་ཡང་ཆུད་ཟོས་སུ་བཏང་བ་རེད།

    Reply
  20. བཙན་པོའི་བུ། says:
    ལོ་ 13 སྔོན།

    མགར་སྟོང་བཙན་ལགས། ངས་ཁྱེད་རང་གིས་གསུངས་པ་དེ་འདྲ་ཞིག་ཡོང་རྒྱུར་རེ་བ་རྒྱག་གི་ཡོད། འོན་ཀྱང་དེ་ལྟ་བུའི་གཞི་རྒྱ་ཆེ་བའི་ལས་འགུལ་ཞིག་ག་དུས་སྤེལ་ངེས་རེད་དམ། དེ་ལྟ་བུའི་ལས་འགུལ་ཞིག་སྤེལ་བར་སྒྲིག་འཛུགས་རང་བཞིན་གྱི་འཆར་གཞི་དགོས་པ་རེད། འཆར་གཞི་དེ་ལྟ་བུ་ཞིག་སུ་ཞིག་དང་ཇི་ལྟར་འགོད་སམ། བོད་མི་རེ་ཟུང་གི་མདུན་ལ་དོན་ནས་གོང་གི་ཁྲིམས་མཐུན་གྱི་ཐོབ་ཐང་དེ་བརྩད་ཚེ་རྒྱ་དམར་གྱིས་ལམ་སེང་ཁ་བྲལ་བར་ཁག་དཀྲི་བྱས་ནས་བོད་མི་རྣམས་མགོ་བཀྱག་རྒྱུ་མེད་པ་བཟོས་དང་བཟོ་བཞིན་པ་རེད། དེ་གཅིག་ཡིན། གཉིས་ནས་ལས་འགུལ་གང་ཞིག་སྤེལ་ཀྱང་དེའི་ནུས་པར་བསམ་གཞིགས་བྱེད་དགོས་པ་དེ་གནད་ཁག་གཅིག་ཡིན། བོད་མི་རེ་ཟུང་གིས་ཁྲོམ་སྐོར་བྱས་ཀྱང་བོད་མི་ཚང་མར་སེམས་འགུལ་ཆེན་པོ་ཞིག་ཐེབས་པའི་ངེས་པ་མེད། འོན་ཀྱང་རང་ལུས་མེར་སྲེག་གི་ལས་འགུལ་དེས་བོད་རིགས་ཡོངས་ལ་རྟོགས་སད་ཀྱི་གོ་རྡ་ངེས་ཅན་ཞིག་སྤྲད་དང་སྤྲོད་བཞིན་པ་ནི་བོད་རིམ་གཅིག་རྗེས་གཉིས་མཐུད་ཀྱིས་མདུན་མཆོངས་བྱེད་ཀྱི་ཡོད་པ་རེད། དེ་དག་གིས་བཙན་བྱོལ་སྤྱི་ཚོགས་ཀྱང་གཉིད་ལས་དཀྲོགས་བཞིན་ཡོད།

    Reply
  21. གཡུ་དྲུག་དཀར། says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་ལས་འགུལ་ཁང་ཟེར་བ་དེར་ལས་ཀ་མེད་ཐག་ཆོད་པ་རེད། 1959 རྗེས་ནས་བོད་དོན་ལས་འགུལ་ཤུགས་ཆེ་ཤོས་དེ་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རེད། འདི་མཚམས་བཞག་ན་ཁྱེད་ཚོ་ལ་འདི་ལས་ལྷག་པའམ། ཡང་ན་འདི་དང་འདྲ་བའི་ལམ་སྟོན་ཞིག་ཡོད་དམ། མེད་ན་ཁ་ཚུམས་དང་ཁྱེད་ཚོ་ངག་ལྐུག་རེད་ཟེར་མཁན་ཡོད་པ་མ་རེད། ནམ་ཞིག་ལ་ཁྱེད་ཚོས་བོད་དོན་ལས་འགུལ་མཚམས་འཇོག་རོགས་མི་ཟེར་བའི་ངེས་པ་མི་འདུག་ག །

    Reply
  22. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    རྡོག་ཐོ་གཅིག་གིས་དབུ་མའི་ལམ་ལས་འགུལ་ཁང་དེ་གད་སྙིགས་ནང་དུ་གཡུག་ཅིག

    Reply
  23. Danaktsering says:
    ལོ་ 13 སྔོན།

    རྒྱ་ནག་གི་བོད་མི་མཉམ་ཆུང་ཉེ་མེད་དག་ལ་ཁྲིམས་མེད་ལུགས་མེད་སུན་བཙུར་དེ་མཚམས་མ་བཞན་ན་། ཁོང་རྣམས་པས་འུ་ཐུག་ཐབས་སད་ཀྱི་རང་སྲོགས་གཅོད་པའི་འདམས་ཁ་དེ་ག་འདྲ་སུ་མཚམས་འཇོགས་དགོས་གི་རེད་། ལྐུག་པས་སྐད་ཆ་རང་རེད་། ལུང་པ་ཞིག་དུ་ཆུ་མེད་ནས་མི་ཚང་མ་ཁ་སྐོམས་བསྡད་ཡོད་ན། ཁྱོད་ཚོ་ཁ་མ་སྐོམས་རོགས་ཞེས་བཤད་ན་ག་འདྲ་འདུག།

    Reply
  24. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཞི་རྒྱ་ཆེ་བའི་ཞི་བའི་ལས་འགུལ་ལས། །
    གཞན་སྲོག་གཅོད་པའི་ལས་ལ་འཇུག་དགོས་མེད། །
    རྣམ་གྲངས་མང་བའི་ལས་འགུལ་མཐར་ཕྱིན་ལས། །
    དབུས་ལམ་ཆེད་དུ་རང་སྲོག་གཏོང་དགོས་མེད། །

    Reply
  25. མགར་སྟོང་བཙན། says:
    ལོ་ 13 སྔོན།

    བཙན་པོའི་བུ་ལགས།

    ༼ རང་སྐྱོང་གི་བསམ་འཆར་༽ རང་ལུས་མེར་བསྲེགས་བཏང་ནས་རྩོད་དགོས་པ་ཞིག་མ་རེད གང་ཡིན་ཞེ་ན། དེ་ནི་རྒྱ་ནག་གི་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཆ་རྐྱེན་འོག་བཟོས་པ་ཞིག་ཡིན་སྟབས། དེ་དག་གཞི་རྩར་བཟུང་ནས་སྐྱ་སེར་རིས་མེད། རྒན་གཞོན་དབྱེར་མེད་བཅས་སྡེབས་ལངས་ཀྱིས། ཤེས་ཡོན་པ་དང་སྤྲུལ་སྐུ་དགེ་བཤེས་ཚོས་མདུན་སྣ་དྲངས་ཏེ་ཞི་བའི་སྒོ་ནས་རྩོད་ཆོག་པ་ཞིག་ཡིན་ལ། དེ་རང་ལུས་གཞོམ་བསྲེགས་བྱེད་དགོས་དོན་གང་ཡང་མེད་པས་རེད།

    Reply
  26. འགར་ཚེ་སྐྱིད། says:
    ལོ་ 13 སྔོན།

    རྨོག་རུ་བ་གཙོས་པའི་ལས་འགུལ་ཁང་གི་ལས་མི་ཡོངས་ལ་ཞུ་རྒྱུར། འདི་ནི་ཁྱེད་ཅག་གིས་སྤེལ་བའི་ལས་རིགས་ཡག་ཕྱོགས་ཤིག་ཏུ་འདོད་ཀྱིན་ཡོད། གང་ཡིན་ཞེ་ན་ཡུལ་དུས་གང་ལ་བལྟོས་ནའང་ང་ཚོའི་འཚེ་མེད་ཞུ་བའི་ལས་འགུལ་དང་དབུ་མའི་ལམ་གྱི་ཐོག་ནས་མ་སོང་ཚེ་ད་གཟོད་རང་བཙན་ཟེར་བ་ཞིག་ཕར་ཞོགས། རང་སྐྱོང་ཞིག་ཀྱང་ཁག་པོ་རེད། དེང་རབས་ཀྱི་དཔའ་རྒོད་ཡིན་མདོག་མདོག་བྱས་མཁན་དག་ལ་བལྟ་རྒྱུ་ཅི་ཡོད། རྒྱབ་སྐྱོར་ཡོད།

    Reply
  27. དྲང་བདེན་རྣམ་པར་རྒྱལ་བས། says:
    ལོ་ 13 སྔོན།

    ལས་འགུལ་ཁང་བཀའ་དྲིན་ཆེ་ཞུ། སོ་སོ་ལས་འགུལ་བ་ཞིག་ཡིན་པས་ཆ་ནས་གཏམ་འདི་ཐོས་པས་དགའ་སོང་། གཞན་དབུ་མའི་ལམ་ལས་འགུལ་ཁང་གིས་རྡ་ས་ནས་ལྡི་ལི་བར་གཉིད་སད་ལས་འགུལ་ཟེར་བ་ཞིག་སྤེལ་འཆར་ཡོད་པ་རྒྱུན་ལས་ཤིག་གི་ས་ནས་ཐོས་སོང་། ལོ་སར་ཚེས ༡ ལ་ལྡི་ལིའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་དུ་སླེབས་རྒྱུ་ཡིན་ས་རེད། དེ་ལ་རྒྱབ་སྐྱོར་ཡོད། ང་རང་ལོ་སར་གྱི་འགྲོ་སོང་བཏང་ནས་ལས་འགུལ་དེར་མཉམ་ཞུགས་བྱ་རྒྱུ་ཡིན། ཁྱེད་རྣམ་པས་དབུ་ཁྲིད་རོགས།

    Reply
  28. གོང་ཐུབ། says:
    ལོ་ 13 སྔོན།

    རྒྱ་ནག་པོའི་དབང་འཛིན་པས་ཉོན་ཅིག

    ང་ཚོ་ཐུན་མོང་ལ་ཡོད་པའི་སྣོད་བཅུད་ཀྱི་སྣང་ཚུལ་དེ་ཁྱེད་ཚོར་ཨེ་ཡོད།

    ང་ཚོ་ཐུན་མོང་ལ་ཡོད་པའི་སེམས་དེ་ཁྱེད་ཚོར་ཨེ་ཡོད།

    ང་ཚོ་ཐུན་མོང་ལ་ཡོད་པའི་བདེ་སྡུག་གི་ཚོར་བ་དེ་ཁྱེར་ཚོར་ཨེ་ཡོད།

    Reply
  29. བཙན་པོའི་བུ། says:
    ལོ་ 13 སྔོན།

    ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཞེས་པའི་ཡིག་ཆ་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་ཞེས་པའི་འབད་བརྩོན་དེ་བོད་ནང་གི་བོད་མི་ཚོས་ཇི་ལྟར་གནང་དགོས་པ་རེད་དམ། ཁོང་ཚོས་ཡོད་ཚད་བློས་གཏོང་གནང་བ་དེས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཞེས་པའི་ཡིག་ཆ་ལག་བསྟར་ཡོང་ཐབས་ལ་འགོག་རྐྱེན་བཟོ་གི་ཡོད་པ་རེད་དམ། ངས་བལྟས་ན་བོད་ནང་གི་དཔའ་བོ་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེས་གོང་གི་ཡིག་ཆ་ལག་སྟར་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་པ་ལས་འགོག་རྐྱེན་བཟོ་མི་སྲིད། གང་ལགས་ཟེར་ན། བོད་མི་དཔའ་རྒོད་དེ་དག་གིས་མཛད་རྗེས་དེས་རྒྱ་དཔོན་ཚོར་གནོན་ཤུགས་འཕར་མ་ཞིག་སྤྲོད་བཞིན་ཡོད་ལ་གནོན་ཤུགས་དེའི་འོག་ནས་ང་ཚོའི་དགོས་འདུན་འཚོལ་དགོས་པ་རེད། དེས་ན་ད་ལྟའི་དུས་འདི་ནི་བོད་མི་རིགས་རྣམས་འཆི་ཁ་ནས་ཡར་ལངས་འགོ་བརྩམས་པའི་སྔ་ལྟས་ཤིག་ཡིན་ལ་ང་ཚོས་ཡར་ལངས་ཀྱི་ཚོར་ཤུགས་དེ་བས་ཇེ་ཆེར་གཏོང་དགོས་པ་ལས་མར་བཅག་ན་འགྲིག་གི་མ་རེད། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སོགས་པའི་ཚོགས་སྡེ་ཁག་གིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཐེངས་མང་བྱས་པ་རེད་དེ་ལས་འགུལ་དེ་རིགས་མཐའ་ཁྱོལ་བ་གཅིག་ཀྱང་བྱུང་མེད། དེར་བརྟེན་དེང་སྐབས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཟེར་སྐབས་མི་མང་པོ་ཞིག་ལ་དམིགས་བསལ་གྱི་ཚོར་སྣང་གང་ཡང་སྤྲོད་ཀྱི་མེད་པ་རེད། གང་ཡིན་ཟེར་ན་ལས་འགུལ་དེ་རིགས་གང་མཚམས་ནས་མཚམས་འཇོག་བྱེད་ངེས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་བོད་ནང་དཔའ་རྒོད་ཚོས་རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་དེར་ང་ཚོའི་ངོས་ནས་བཀག་འགོག་བྱས་ཚེ་རྒྱ་ནག་ལ་དགོས་པ་དེ་རེད་ལ་འདས་པོ་ཚོའི་མཛད་རྗེས་ཆུད་ཟོས་སུ་བཏང་བའང་དེ་རེད། དེར་བརྟེན་རང་སྲོག་རང་ལ་བདག་ཙང་ང་ཚོས་དཔའ་རྒོད་ཚོའི་མཛད་པར་མ་འགྲིག་པ་ལྟ་བུའི་རྣམ་འགྱུར་མ་འདོན་རོགས་གནང་། དེ་མིན་དབུ་མའི་ལམ་ཚོགས་ཆུང་གིས་ཐབས་ལམ་གཞན་ཞིག་བསྟན་རོགས་གནང་།

    Reply
  30. བཙན་པོའི་བུ། says:
    ལོ་ 13 སྔོན།

    ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཞེས་པའི་ཡིག་ཆ་ལག་བསྟར་ཡོང་ཐབས་ལ་འབད་བརྩོན་གནང་དགོས་པ་ཞེས་པའི་འབད་བརྩོན་དེ་བོད་ནང་གི་བོད་མི་ཚོས་ཇི་ལྟར་གནང་དགོས་པ་རེད་དམ། ཁོང་ཚོས་ཡོད་ཚད་བློས་གཏོང་གནང་བ་དེས་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ཞེས་པའི་ཡིག་ཆ་ལག་བསྟར་ཡོང་ཐབས་ལ་འགོག་རྐྱེན་བཟོ་གི་ཡོད་པ་རེད་དམ། ངས་བལྟས་ན་བོད་ནང་གི་དཔའ་བོ་ཚོས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པ་དེས་གོང་གི་ཡིག་ཆ་ལག་སྟར་ཡོང་རྒྱུར་མཐུན་རྐྱེན་བསྐྲུན་པ་ལས་འགོག་རྐྱེན་བཟོ་མི་སྲིད། གང་ལགས་ཟེར་ན། བོད་མི་དཔའ་རྒོད་དེ་དག་གིས་མཛད་རྗེས་དེས་རྒྱ་དཔོན་ཚོར་གནོན་ཤུགས་འཕར་མ་ཞིག་སྤྲོད་བཞིན་ཡོད་ལ་གནོན་ཤུགས་དེའི་འོག་ནས་ང་ཚོའི་དགོས་འདུན་འཚོལ་དགོས་པ་རེད། དེས་ན་ད་ལྟའི་དུས་འདི་ནི་བོད་མི་རིགས་རྣམས་འཆི་ཁ་ནས་ཡར་ལངས་འགོ་བརྩམས་པའི་སྔ་ལྟས་ཤིག་ཡིན་ལ་ང་ཚོས་ཡར་ལངས་ཀྱི་ཚོར་ཤུགས་དེ་བས་ཇེ་ཆེར་གཏོང་དགོས་པ་ལས་མར་བཅག་ན་འགྲིག་གི་མ་རེད། དེ་སྔོན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ལ་སོགས་པའི་ཚོགས་སྡེ་ཁག་གིས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཐེངས་མང་བྱས་པ་རེད་དེ་ལས་འགུལ་དེ་རིགས་མཐའ་ཁྱོལ་བ་གཅིག་ཀྱང་བྱུང་མེད། དེར་བརྟེན་དེང་སྐབས་མ་ཤི་བར་གྱི་ཟས་བཅད་ངོ་རྒོལ་ཟེར་སྐབས་མི་མང་པོ་ཞིག་ལ་དམིགས་བསལ་གྱི་ཚོར་སྣང་གང་ཡང་སྤྲོད་ཀྱི་མེད་པ་རེད། གང་ཡིན་ཟེར་ན་ལས་འགུལ་དེ་རིགས་གང་མཚམས་ནས་མཚམས་འཇོག་བྱེད་ངེས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། དེ་བཞིན་དུ་བོད་ནང་དཔའ་རྒོད་ཚོས་རང་ལུས་མེར་བསྲེགས་གཏོང་བའི་ལས་འགུལ་དེར་ང་ཚོའི་ངོས་ནས་བཀག་འགོག་བྱས་ཚེ་རྒྱ་ནག་ལ་དགོས་པ་དེ་རེད་ལ་འདས་པོ་ཚོའི་མཛད་རྗེས་ཆུད་ཟོས་སུ་བཏང་བའང་དེ་རེད། དེར་བརྟེན་རང་སྲོག་རང་ལ་བདག་ཙང་ང་ཚོས་དཔའ་རྒོད་ཚོའི་མཛད་པར་མ་འགྲིག་པ་ལྟ་བུའི་རྣམ་འགྱུར་མ་འདོན་རོགས་གནང་། དེ་མིན་དབུ་མའི་ལམ་ཚོགས་ཆུང་གིས་ཐབས་ལམ་གཞན་ཞིག་བསྟན་རོགས་གནང་།

    Reply
  31. བོད། ཤ་ཁྲག་རུས་གསུམ། says:
    ལོ་ 13 སྔོན།

    གཞིས་ལུས་བོད་མིས་འབོད་སྒྲ་ཚེ་སྲོག་གིས་གནང་དུས་སུ། ང་ཚོས་སྐད་ཆ་སྤོམ་པོ་རེ་བཤད་ནས་བསྡད་ན་དངོས་ནས་མི་འོས་ཀི སྒྲུབ་དགོས་པ་ཞིག་དང་སྟོན་དགོས་པའི་དུས་ཚོད་ཡིན།

    Reply
  32. ཀུན་དགའ། says:
    ལོ་ 13 སྔོན།

    ནོར་བཅོས། དབུ་མའི་ལམ་གྱི་ལས་འགུལ་ཁང་ལ་ཞུ་རྒྱུར།

    Reply
  33. ཀུན་དགའ། says:
    ལོ་ 13 སྔོན།

    འབོད་སྐུལ་ལ་རྗེས་སུ་ཡི་རང་ཞུ།
    འོན་ཀྱང་ལམ་དབུ་མའི་ལས་འགུལ་ལ་ཞུ་རྒྱུར། ང་ཚོ་བཙན་བྱོལ་བོད་གཞུང་དང་ཆབ་སྲིད་ཀྱི་ཚོགས་པ་ཁག་གིས་ངེས་པར་དུ་འགན་ལེན་དགོས་པ་ཞིག་ནི། བོད་ནང་ནས་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་བསྟུད་མུར་སྐུ་ལུས་མེར་བསྲེགས་དང་སྐུ་སྲོག་འབེན་དུ་བཙུགས་ནས་རྒྱ་དམར་ལ་ཞི་རྒོལ་འདི་འདྲ་གནང་བཞིན་པའི་སྐབས་འདིར། རང་དབང་ལུང་པར་སྡོད་པའི་གཞུང་མང་གཉིས་ངོས་ནས་ཉིན་གཅིག་དུས་གཅིག་ལ་སྤེལ་བའི་བསྔོ་སྨོན་མཆོད་འབུལ་ཙམ་གྱིས་འགན་འགྲུབ་སོང་པ་དང་ཁྲལ་འཇལ་ཟིན་པའི་བཟོ་དང་ཚོར་སྣང་གིས་བོད་ནང་ལ་བལྟས་ནས། ནམ་རྒྱུན་ལྟར་ཁ་གཡང་རེ་དང་བསྔོ་སྨོན་རེས་འགྲོ་ཐབས་མི་གནང་པར་རང་དབང་ལུང་པ་སོ་སོ་ནས་མུ་མཐུད་དེ་རྒྱུན་མ་ཆད་པའི་སྒོ་ནས་ལས་འགུལ་སྣ་སྣང་སྤེལ་རྒྱུ་གལ་ཆེ། མ་མཐའ་ཡང་ང་ཚོའི་དཀའ་ངལ་གྱི་གནས་སྟངས་འདི་རྒྱ་ནག་མི་མང་གཙོས་འཛམ་གླང་མི་མང་ཚང་མས་ཧ་གོ་ཡ་ཅིག་དང་དོ་སྣང་ཡོད་པ་ཅིག་བཟོ་ཐུབ་དགོས། དེ་ཡང་གཞུང་དང་ཚོགས་པ་ཁག་གིས་སྣེ་འཁྲིད་དགོས། དེ་ལྟར་ལས་མི་ནུས་ན་གཞུང་ཚོགས་པ་ཁག་བཙུགས་པའི་དོན་དག་དེ་ཡང་དེ་ཙམ་རེད། ལས་འགུལ་སྤེལ་སྟངས་ཡང་བོད་པ་ཡོད་སའི་རང་དབང་ལུང་པ་ས་གནས་རྣམས་པང་སྒྲིགས་ནས་ལོ་གཅིག་གི་ཟླ་བ་བཅུ་གཉིས་དེ་བདུན་ཕྲག་དང་ཉི་མ་ཁག་བགོས་ཀྱིས་ལས་འགུལ་གོ་སྒྲིག་གནང་ན་ཅེས་མི་ཆོག

    Reply
  34. བཀྲ་ཤིས་ཉི་མ། says:
    ལོ་ 13 སྔོན།

    གསར་འགྱུར་ཁ་གསལ་ལ་གནད་བསྡུས་པ་ཞིག་སྤེལ་འདུག ཐུགས་རྗེ་ཆེ། ཁ་སང་ཁ་བརྡའི་ཐོག་དབུ་མའི་ལམ་ཚང་གིས་གསལ་བསྒྲགས་རིང་ཐག་ཆོད་ཅིག་སྤེལ་ཡོད་པ་མཐོང་སོང་། ཐེངས་གཉིས་ལ་བཀླགས་ཀྱང་ཚོར་བ་འདྲ་སྐྱེ་མ་སོང་། སྤྱིར་བཏང་གཞོན་ནུ་ལྷན་ཚོགས་ཚང་གི་སྟོང་བཤད་ལས་དབུ་མའི་ལམ་ལ་ཡིད་ཆེས་བརྒྱ་ཆའི་བརྒྱ་ཞུ་བཞིན་ཡོད།

    Reply
  35. དྲང་བདེན་རྣམ་པར་རྒྱལ་བས། says:
    ལོ་ 13 སྔོན།

    དབུ་མའི་ལམ་མི་མང་ལས་འགུལ་ཁང་ལ་མངོན་པར་བསྟོད་དོ། དུས་སྐབས་ཛ་དྲག་ཅན་གྱི་སྐབས་སུ་ཕྱོགས་ཡོངས་ཀྱི་གནས་བབ་ལ་གཟིགས་ཏེ། བོད་ནང་གི་བོད་མི་ཚོར་ཤ་ཚ་སྙིང་ཉེ་བ། བོད་མི་རིགས་ཀྱི་མདུན་ལམ་ཆེད་ཁྲིམས་དང་མཐུན་པ་རྣམ་དཔྱོད་བཏོན་པའི་ལམ་ནས་རྩོད་དགོས་པའི་དགོངས་ཚུལ་གནང་འདུག དངོས་གནས་ཐུགས་རྗེ་ཆེ། བབ་བརླིང་བརྟན་གསུམ་རང་གི་ལྗིད་ཁོག་རང་གིས་ངོ་ཟིན་པ་རང་རེད། ༧གོང་ས་མཆོག་གི་དགོངས་གཞི་ཁྱེད་རྣམ་པས་ལག་བསྟར་བརྩི་སྲུང་བྱས་པ་དངོས་གནས་རུས་པས་བརྗེད་མི་སྲིད། རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་དོ།

    Reply
  36. ཟླ་བ་དབང་ཕྱུག says:
    ལོ་ 13 སྔོན།

    དབུ་མའི་ལམ་གྱི་ལས་འགུལ་པ་ཚོར་གུས་བརྩི་ཞུ། གང་ལྟར་སྤྱི་བའི་དོན་དུ་ནུས་པ་ཞིག་འདོན་བཞིན་པ་དང་མིང་དོན་མཚུངས་བའི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཆེ་མཐོང་དང་དགོས་གལ་ལ་གཟིགས་བཞིན་ཡོད་པ་ཤེས་ཀྱིན་ཡོད། རིན་པོ་ཆེ་ཁོང་ལྟ་བུས་དགོས་གལ་ལ་གཟིགས་ན་འུག་ཕྲུག་རེ་ཟུང་གིས་མ་འདོད་ཀྱང་རང་སྡུག་ཙམ་ལས་མེད།
    རྒྱ་གཞུང་གི་ཀྲུའུ་ཝེ་ཆོན་དང་། བཙན་བྱོལ་གྱི་བློ་བཟང་སོགས་ཀྱིས་ངོ་རྒོལ་བྱེད་སྲིད་ཀྱང་། ཕུན་ཚོགས་ཀྱི་ནུས་པ་མེད་ན་ཕྲག་དོག་གི་བློ་མིག་མེད་པ་ཡང་དངོས་ཆོས་ཡིན་པས་ཁྱེད་ཚོས་ནུས་པ་སྔར་ལྷག་འདོན་སྤེལ་ཡོང་བའི་རེ་བ་ཡོད།

    Reply
  37. བདུད་རྡོ། says:
    ལོ་ 13 སྔོན།

    ང་ཚོས་བོད་ནང་གི་བོད་དོན་འཐབ་རྩོད་པ་རྣམས་ལ།ཁྱེད་རང་ཚོའི་འདི་དང་འདི་བྱེད་དགོས་ནི་ཟེར་ནས་ཞུ་ཕོད་ཡ་ཞིག་དང་ཞུ་འོས་ཡ་ཞིག་མི་འདུག།

    Reply
  38. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    བོད་ནང་ནས་མེར་བསྲེགས་བཏང་ན་ཕན་གྱི་འདུག་ཀྱང་། མཚམས་ཤིག་ནས་འདི་ལུགས་སྲོལ་འདྲ་བོ་ཆགས་ཉེན་འདུག དེ་བས་བོད་ཕྱི་ལོག་ནས་མེ་སྦར་མི་ཆོག་པ་གང་ཡོད། མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་ནག་གི་གཞུང་ཚབ་ཁག་ཏུ་མདུན་ནས་གཅིག་རྗེས་གཉིས་མཐུད་སྦར་ཆོག་མོད། མ་སྦར་པ་ག་རེ་རེད།

    Reply
  39. ཤིང་ལོ། says:
    ལོ་ 13 སྔོན།

    བོད་ནང་གི་བོད་མི་ཚོས་དབུ་མའི་ལམ་ལ་རྒྱལ་ཁ་འཐོབ་ན་དགོངས་ཀྱི་ཡོད། སོང་ཙང་ཁོང་ཚོས་མཚམས་འཇོག་གནང་གི་མ་རེད། ད་བར་ཁོང་ཚོས་དགོས་འདུན་བཏོན་པ་ཐམས་ཅད་དང་། ལས་འགུལ་གང་སྤེལ་བ་དབུ་མའི་ལམ་གྱི་དགོངས་གཞི་དང་མཐུན་པ་ཡིན། དེས་ཕྱིར་ཁོང་ཚོས་རང་ལུས་གཏོང་ཐུབ་ན་རྒྱལ་ཁ་ཞིག་ལས། ནམ་ཡང་ཕམ་ཁ་ཞིག་ལ་བརྩི་ཡི་མེད། དབུ་མའི་ལམ་ལས་འགུལ་ཁང་ནས་ངེས་པར་ཁོང་ཚོའི་དགོངས་དོན་ཡང་དག་ཡིན་པར་རྒྱལ་ཁབ་གང་སར་ཁྱབ་བསྒྲགས་གནང་ཐུབ་དགོས། རྡ་རམ་ས་ལ་གཅིག་པོ་ནས་མ་བཞུགས་གང་སར་ཕེབས་པ་གནང་རོགས་ཞུ་ཞུ།

    Reply
  40. བློ་བཟང་། says:
    ལོ་ 13 སྔོན།

    ༧གོང་ས་མཆོག་གིས་བཏོན་གནང་བའི་དབུ་མའི་ལམ་ནི་དངོས་གནས་གཉིས་ཕན་གྱི་ཐབས་ལམ་ངོ་མཚར་བ་ཞིག་ཡིན་པ་སྨྲོས་ཅི། ཡིན་ན་ཡང་རྡ་སའི་དབུ་མ་ལས་ཁང་གི་སྐྱུག་བྲོ་བའི་ལས་དོན་ལ་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བོད་མིའི་སྤྱི་ཚོགས་ཁྲོད་དུ་ཁྱེད་ཚོ་ལས་བྱེད་གཏེ་ཞིག་རྩ་ནས་མེད། བོད་ནས་བོད་མིའི་རང་ལུས་མེར་བསྲེགས་ཐུབ་ན་ཁྱེད་ཚོས་རྡ་ས་ནས་རང་སྐྱོང་རྫུན་མ་ཞིག་བཤད་མ་བསྡད་ལོ་ལོ། སྐྱུག་བྲོ་གི

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese