མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འུ་ཁན་གྲོང་ཚོ་དང་བོད་མི་རིགས།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

རྭ་རྒྱ་བློ་དབང་།

ཐོག་མར་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་སུ་མཐོང་དཀོན་པའི་བོད་ཀྱི་རྒྱལ་སྲས་དཔའ་བོ་རྣམས་ལ་གུས་འདུད་ཞུ།

བོད་མིས་རང་ལུས་མེར་བསྲེགས་ཀྱིས་རང་དབང་འཐབ་རྩོད་གཅིག་རྗེས་གཉིས་མཐུད་དུ་འབྱུང་བཞིན་པ་དང་། རྒྱ་ནག་གུང་ཁྲན་གཞུང་གིས་ཀྱང་མངོན་ལྐོག་གི་དྲག་ལས་སྣ་མང་སྤྱད་དེ་བོད་ནི་འཛམ་གླིང་གི་རང་དབང་ཆེས་སྡུག་ཤོས་ཀྱི་ལུང་བར་སྒྱུར་བཞིན་པའི་སྐབས་འདིར་སྐུ་ཞབས་ཝང་ལི་ཞུང་གིས་ཆེད་དུ་བོད་ཀྱི་འཐབ་རྩོད་སྐོར་ལ་རྩོམ་ཡིག་གཉིས་བྲིས་ཤིང་། (བདག་གིས་མཐོང་བའི) གཉིས་ཀ་ཡང་གྲོང་སྡེ་རང་སྐྱོང་སྟེ་ཆེས་དམའ་རིམ་མམ་གཞི་རིམ་ནས་མགོ་བཙུགས་ཏེ་རང་སྐྱོང་བྱ་ཚུལ་ཞིག་དང་། རང་ལུས་མེར་བསྲེགས་ལྟ་བུའི་ཚབས་ཆེ་བའི་ལས་འགུལ་སྤེལ་བ་ལས་གཞི་རིམ་མམ་སྡེ་བ་ཆུང་ཆུང་ཞིག་ནས་ཅི་ཞིག་སྒྲུབ་ཐུབ་པར་ནན་གྱིས་བརྗོད་ཅིང་། དེ་ཡང་ཆེད་དུ་བཙན་བྱོལ་བོད་གཞུང་ལ་བརྡ་སྤྲོད་པའི་རྣམ་འགྱུར་ཤུགས་ཆེན་བསྟན་འདུག་མོད། ཐོག་མར་ངེས་པར་གསལ་བོར་ཤེས་དགོས་པ་ནི་རང་ལུས་མེར་བསྲེགས་གཏོང་མཁན་ཚོ་དང་བཙན་བྱོལ་བོད་གཞུང་བར་གྱི་འབྲེལ་བ་ཡིན། རྒྱ་གཞུང་གུང་ཁྲན་ཏང་གིས་བོད་བཙན་བཟུང་བྱས་པ་ནས་བཟུང་བོད་མི་རིགས་ཀྱི་རྩ་དོན་སླད་དུ་སྒྲུབ་པའི་ལས་ཀ་གང་ཞིག་ལ་ཡང་། རྒྱ་གཞུང་གིས་བསམ་པ་ཙམ་ཡང་མེད་པར་བརྗོད་འོང་བ་ནི་ཕྱི་ཕྱོགས་བཙན་རྒྱལ་རིང་ལུགས་སམ། ཡང་ན་ཏཱ་ལའི་ཁ་བྲལ་རིང་ལུགས་པའི་ངན་ཇུས་དང་འཆར་གཞི་ལྡན་པའི་སྒོ་ནས་ཞེས་པ་ནི་མཚམས་ཆད་མ་མྱོང་བ་ཞིག་ཡིན།

འོན་ཀྱང་སྐུ་ཉིད་ལ་མཚོན་ན་བོད་ཀྱི་ལོ་རྒྱུས་དང་གནས་བབ་ལ་རྒྱུས་མངའ་ཆེ་བའི་ཁར། ལོ་མང་པོའི་རིང་བོད་དོན་ལ་ཞིབ་འཇུག་གི་ཆེད་རྩོམ་ཡང་རབ་དང་རིམ་པར་སྤེལ་བ་དང་། རྒྱལ་སྤྱིའི་ཁྱོན་ལ་རྣམ་པ་མི་འདྲ་བའི་ཤུགས་རྐྱེན་ཀྱང་དགའ་རབས་ཐེབས་མྱོང་བ་རེད་མོད། ཐེངས་འདིའི་རྩོམ་ཡིག་ལ་བལྟས་ན་ཁྱེད་རང་ཡང་དོན་དངོས་ཐོག་བོད་ཀྱི་གནད་དོན་ནམ་བོད་རྒྱའི་དཀའ་རྙོག་ལ་མགོ་འཐོམ་དུ་གྱུར་འདུག་པའམ་མ་མཐའ་ཡང་འཐོམ་ཁུལ་བྱས་པ་གསལ་བོ་རེད། དཔེར་ན། ཁྱེད་ཀྱིས་” གང་ལྟར་ཡང་། ང་ལ་སྐད་ཆ་རྙིང་པ་འདི་ལས་མེད་པ་སྟེ།    ཁྱོད་ཀྱིས་རང་བསྲེགས་ཀྱི་བྱ་བར་ཡང་ཞེད་ཀྱི་མེད་དུས།   ད་དུང་དྲག་གནོན་ལ་སྐྲག་གི་ཡོད་པ་རེད་དམ།” ཟེར་བ་འདི་ནི་ཏཱ་ལའི་བླ་མའི་མི་རིགས་ས་གནས་རང་སྐྱོང་གྲོང་གསེབ་ནས་མགོ་འཛུགས་དགོས་པ་དང་། དེ་ཡང་བཙན་བྱོལ་དུ་ཆེད་ལས་མི་སྣ་གསོ་སྐྱོང་བྱས་ནས་བོད་དུ་བཏང་སྟེ་ལས་འགུལ་སྤེལ་དགོས་རབས་བཤད་པའི་མཐའ་སྡོམ་ལྟ་བུ་རེད། སོམས་དང་། རང་ལུས་མེར་བསྲེགས་པར་མི་སྐྲག་མཁན་ཚོ་དང་དྲག་གནོན་བྱེད་པར་སྐྲག་པའི་བཙན་བྱོལ་བོད་གཞུང་བར་གྱི་འབྲེལ་བ་དེ་ཅི་ཞིག་རེད། དོན་དངོས་ཀྱི་བདེན་གཏམ་ཞིག་བཤད་ན་མི་རིགས་གཅིག་པའི་འབྲེལ་བ་ཙམ་རེད། སྐྱིད་སྡུག་མཉམ་མྱོང་གི་འབྲེལ་བ་ཙམ་རེད། གལ་ཏེ་ཡོངས་གྲགས་མིན་པའི་འབྲེལ་བ་གཞན་ཞིག་གཟིགས་ཡོད་ན་རྣམ་པ་གང་རུང་གི་ཐོག་ནས་གསལ་སྟོན་བྱ་རྒྱུ་ཧ་ཅང་གལ་ཆེན་དུ་གྱུར་འདུག་མོད། ཇི་ལྟར་བསམ་ཡང་འདི་ལ་མངོན་པར་མི་གསལ་བའི་འབྲེལ་བ་གཞན་པ་ཅི་ཡང་མེད་ངེས་ལ། བཙན་གནོན་འོག་གི་གཞིས་ལུས་བོད་མི་རྣམས་མེར་བསྲེགས་གཏོང་བར་མི་སྐྲག་པ་དང་། བཙན་བྱོལ་བོད་མི་རྣམས་དྲག་གནོན་ལ་ཧ་ཅང་སྐྲག་པའང་བདེན་པ་ཉིད་རེད། བོད་དུ་ཡོད་པ་ཚོ་མི་སྐྲག་པ་རྒྱུ་མཚན་དུ་བཀོད་དེ་བཙན་བྱོལ་དུ་ཡོད་པ་ཚོར་བསྒྲུབ་བྱ་ཅི་ཡང་བསྒྲུབས་མི་ནུས་ལ།  བོད་ནང་གི་བོད་མི་ཚོ་ཅི་ལ་ཡང་མི་སྐྲག་པས་བཙན་བྱོལ་བ་ཚོས་ཀྱང་བོད་ནང་དུ་ཅི་ཞིག་སྒྲུབ་པར་སྐྲག་མི་ཆོག་པའི་རྒྱུ་མཚན་ཀྱང་གཏན་ནས་མེད་དོ། །

དེ་མིན་ཉིས་སྟོང་བརྒྱད་ལོའི་བོད་ཀྱི་ཞི་བའི་གྱེན་ལངས་ཀྱི་རྗེས་སུའང་བོད་རྒྱའི་གནད་དོན་སླད་ཕྱོགས་གཉིས་ཀྱི་སྐུ་ཚབ་མཉམ་འཛོམས་ཀྱི་བགྲོ་གླེང་མ་བྱས་པ་མིན་ལ། ཕྱོགས་གཉིས་ཀར་ཚད་གཞི་མི་འདྲ་བའི་འགྱུར་བ་མ་སོང་བའང་རྩ་ནས་མིན། ༼ མི་རིགས་ས་གནས་རང་སྐྱོང་སྐོར་གྱི་བསམ་ཚུལ། ༽ ནི་ཉིས་སྟོང་བརྒྱད་ལོའི་ཞི་རྒོལ་ཆེན་མོའི་རྗེས་སུ་བཏོན་པ་ཡིན་ལ། ལོ་རྒྱུས་དང་གནས་བབ་ས་ཁོངས་གང་གི་དབང་དུ་བྱས་ཀྱང་བོད་ཀྱི་ཕྱོགས་ལ་དོན་དམ་དུ་འདི་ལས་ལྷག་པའི་འབབ་ས་ཞིག་གཏན་ནས་མི་སྲིད་མོད། དུས་ལ་སླེབས་ན་འཆི་བ་ནི་སུས་ཀྱང་ལྡོག་དཀའ་བ་ལྟར་ད་ལྟ་ལས་ཀྱང་ངན་པའི་གནས་རིམ་དུ་འགྲོ་མི་སྲིད་པའང་མ་རེད། འོན་ཀྱང་ཁྱེད་ཀྱིས་” བྱ་ཐབས་སྔར་ལས་ཐ་ཆད་པའི་རྣམ་པ་བསྟན།  གལ་ཏེ།  ༢༠༠༨  ལོའི་རྗེས་ནས།    ཕྱོགས་གཉིས་གང་རུང་ནས་གུ་ཡངས་ཀྱི་རྣམ་པ་ཅུང་ཕྱིར་མངོན་བྱས་ཚེ།  ད་ཆ་འདི་ལྟར་ངོ་རྒོལ་བསྐྱར་ལོག་བྱ་དགོས་ཐུག་གི་མ་རེད།” ཅེས་ཟེར།  འདི་ནས་བདེན་པར་བཤད་ཐུབ་པ་ཞིག་ནི་ངོ་རྒོལ་བྱ་སའི་ཕྱོགས་ལ་ནི་གུ་ཡངས་ཀྱི་འགྱུར་བ་རྩ་ནས་སོང་མེད་པ་དེ་ཡིན། ངོ་རྒོལ་བྱེད་མཁན་གྱི་ཚབ་མཚོན་ཕྱོགས་(ཕལ་ཆེན་བཙན་བྱོལ་བོད་གཞུང་ཡིན་པ་འདྲ) ནས་ནི་༼ མི་རིགས་ས་གནས་རང་སྐྱོང་སྐོར་གྱི་ཡིག་ཆ༽ཕུལ་བའི་མི་ཚད། གྲ་སྒྲིག་གཞན་ཡང་མང་པོ་ཞིག་བྱས་ཟིན་ཏེ།  ཐ་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པ་དེ་བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག་དང་།  བཙན་བྱོལ་བོད་གཞུང་ཡང་དབུས་བོད་མི་སྒྲིག་འཛུགས་སུ་བསྒྱུར་ཚར། འདི་ལ་ཁྱེད་ཀྱིས་འགྲེལ་བཤད་གཞན་ཞིག་འབྱུང་ཡང་སྲིད་མོད། ཕྱི་ཕྱོགས་ཀྱི་བོད་མི་ཆེས་མང་པོའི་བསམ་བློའི་ནང་བསྟུན་མཁས་དང་གྲ་སྒྲིག་གི་སྔོན་འགྲོ་ཞིག་ལ་སེམས་བཞིན་ཡོད་པ་དང་དེའི་སླད་དུ་གླེང་སློང་ཡང་ཧ་ཅང་མང་པོ་བྱུང་ཡོད་དེ་མཐའ་དོན་དེ་ལྟར་བསྒྱུར་ཚར་བ་རེད།

གཞན་ཡང་། ཁྱེད་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀར་ཀོང་ཏུང་འུ་ཁན་གྲོང་ཚོའི་སྐོར་དེ་ཆེས་གླེང་འདོད་པ་ཞིག་དང་ཁྱེད་རང་ཉིད་ཡིད་ཆེས་རྙེད་པའི་ཐབས་རྩལ་ཀྱང་དེ་ག་རང་ཡིན་པ་ལྟར་བཤད་ཀྱི་འདུག་ལ། ཏཱ་ལའི་བླ་མའི་མི་རིགས་ས་གནས་རང་སྐྱོང་ཡང་འུ་ཁན་གྲོང་ཚོ་ལྟར་འབྱུང་དགོས་རབས་ཡང་ནས་བསྐྱར་དུ་བཤད་སོང་། སྤྱིར་བཏང་རང་སྐྱོང་དང་། ཡར་རྒྱས། བདེ་འཇགས། འཆམ་མཐུན་སོགས་མི་སྡེའི་སྤྱི་ཚོགས་ཀྱི་རྣམ་པ་ཇི་འདྲ་ཞིག་ཡིན་ཀྱང་གྲོང་གསེབ་ནས་རྐང་ཚུགས་དགོས་པ་སྨོས་མ་དགོས་མོད། ལོ་རྒྱུས་ཀྱི་གནད་དོན་དང་། དད་མོས་ཀྱི་གནད་དོན། ཤེས་རིག་གི་གནད་དོན། མི་རིགས་ཀྱི་གནད་དོན་སོགས་ཏེ། མི་རིགས་ཁྱོན་ཡོངས་ཀྱི་སེམས་སུ་ཆུད་དཀའ་བའི་ན་ཟུག་འདི་ཇི་ལྟར་བྱས་ཏེ་གྲོང་གསེབ་བྱེ་བྲག་པ་ཞིག་ནས་ཐག་ཆོད་དམ། ཁྱེད་ཀྱི་རྩོམ་ཡིག་གི་མདུང་རྩེ་ཐད་ཀར་སྣུན་སའི་བཙན་བྱོལ་བོད་གཞུང་ལ་དཔེ་བཞག་ནས་བཤད།  བཙན་བྱོལ་བོད་གཞུང་གིས་ཁྱེད་ཀྱིས་བཤད་པའི་གྲོང་གསེབ་རང་སྐྱོང་དེ་གང་ནས་མགོ་རྩོམ་དགོས་སམ། ཨ་མདོ་ནས་སམ། ཁམས་ནས། ཡང་ན་ཁྱིམ་ཚང་བརྒྱ་སྐོར་འགའ་ཡོད་པའི་གྲོང་སྡེ་གང་ནས་མགོ་འཛུགས་དགོས། གོ་རིམ་ཇི་འདྲ་བརྒྱུད་དགོས་སམ། ལོ་ངོ་སྟོང་ཕྲག་རིང་གི་ལོ་རྒྱུས་ཀྱི་གནད་དོན་ཞིག་དེ་ལྟར་ཐག་གིས་ཆོད་སྟངས་ཞིག་ག་ན་ཡོད་དེ། གཏན་ནས་མི་སྲིད། 

ད་དུང་གཅིག་བཤད་ན། བོད་མི་ཚོས་དུས་རབས་ཕྱེད་ཀའི་རིང་རྨི་ལམ་དུའང་བརྗེད་མ་མྱོང་བའི་ཏཱ་ལའི་བླ་མར་དད་མོས་ཀྱི་ཐོབ་ཐང་དེ་གྲོང་གསེབ་གང་ནས་ཐོག་མར་གཞི་བཙུགས་ཏེ་ལེན་དགོས་སམ། ཞི་བའི་གྲོས་མོལ་དང་ས་གནས་རང་སྐྱོང་ལ་ཞུ་འབོད་བྱེད་པའི་བཙན་བྱོལ་གྱི་སྒྲིག་འཛུགས་འདིས་ཇི་ལྟར་བྱས་ཏེ་སྡེ་བ་ཞིག་ཧྲིལ་བོ་འཆི་ལམ་དུ་འདེད་ཐུབ་བམ། ཡང་ན་ཏཱ་ལའི་བླ་མས་དེ་འདྲ་གནང་ཐུབ་བམ། མཚམས་འདི་ནས་ཀྱང་སྐྲག་མཁན་ཚོ་དང་མི་སྐྲག་པ་ཚོའི་གནས་སྟངས་དང་འབྲེལ་བ་བསྐྱར་དུ་བསམ་བློ་གཏོང་དགོས་པ་རེད།

འུན་ཁན་གྲོང་ཚོའི་གནད་དོན་དང་བོད་ཀྱི་གནད་དོན་གཉིས་ཤར་ལྷོ་ནུབ་བྱང་གང་ནས་བལྟས་ཀྱང་མཚུངས་བསྡུར་ཆོག་པའི་གཞི་ཕྲ་མོ་ཙམ་ཡང་མ་མཆིས་ཏེ། དོན་དངོས་ཐོག་བོད་མི་ཚོར་དགོས་པ་ནི་རང་ཉིད་ཀྱི་བླ་མ་ལ་ཇི་འདོད་འདོད་དུ་མཇལ་ཆོག་པ་དང་། བསྟོད་ཆོག་པ། བོད་ལ་བོད་མི་ཡིན་པའི་བུ་རབས་ཚ་བརྒྱུད་ཡོད་པ། བོད་རང་ཉིད་ཀྱིས་ཆེས་རིན་ཐང་ལྡན་པར་བརྩི་བའི་རིག་པའི་གནས་དག་ཇི་འདོད་འདོད་དུ་འཛིན་ཆོག་པ། སྤེལ་ཆོག་པ་དེ་འདྲ་ཞིག་དགོས་པ་རེད། ཆ་རྐྱེན་འདི་དག་ཕྱོགས་ཡོངས་ནས་ཚང་བར་རྩོམ་པའི་ལས་ཀ་ཞིག་སྒྲུབ་ཕྱིན་ཆད་རྒྱལ་ཁབ་མགོ་རྟིང་སློག་པའི་བྱ་བར་རྩི་རྐྱང་བྱེད་ལ། ད་ལྟའི་བར་སྤེལ་བའི་ལས་འགུལ་མཐའ་དག་པ་ཡང་དོན་དངོས་ཐོག་ཕུགས་བསམ་འདི་དག་གི་ཆེད་ཁོ་ན་རེད།  བོད་ཀྱི་རྩ་བའི་གནད་དོན་ནི་སྡེ་དཔོན་བདམས་སྟངས་མིན་ལ། ཚོང་ལས་དང་ཞིང་སའི་གནད་དོན་ཡང་མིན། གཏེར་ཁ་དང་ཁོར་ཡུག་གི་གནད་དོན་ཡང་མིན། འདི་ནི་ཁྱེད་ཀྱིས་མཁྱེན་གསལ་ལ་ངས་ཀྱང་རྟོགས་ཡོད། བོད་ཀྱི་གནད་དོན་ནི་བོད་མི་རིགས་འཆི་གསོན་གྱི་གནད་དོན་ཏེ་གསལ་བོར་བཤད་ན། བོད་པ་ཚོའི་སེམས་སུ་འདི་ལྟར་སོང་ན་བོད་ཀྱི་ཡོད་ཚད་ཚར་རྒྱུ་ཡིན་པའི་ཞེད་སྣང་ཧ་ཅང་ཆེན་པོ་ཡོད་པ་རེད།  ཞེད་སྣང་དེ་སྡེ་དཔོན་བདམས་ནས་མི་སེལ་ལ། འདེམས་བསྐོའི་ཐོབ་ཐང་མིང་གིས་དེ་བས་ཀྱང་མི་སེལ། འུ་ཁོན་གྲོང་ཚོར་རང་སྐྱོང་གི་ཐོབ་ཐང་རག་རྗེས་སུ་སྔར་དང་གཏན་ནས་མ་འདྲ་བའི་རྣམ་པ་གང་ཞིག་མངོན་ཡོད་དམ། འགྲོ་བ་མིའི་ཐོབ་ཐང་གི་ཚད་གང་འདྲར་སོན་ཡོད་དམ། ངས་གསལ་བོར་མི་ཤེས་མོད། དམྱལ་བ་ནས་དག་ཞིང་བཞེངས་ཐབས་མེད་ལ་འཁྲུལ་སྣང་གི་བཀོད་པ་རེ་ཡོད་ངེས་ཆེ་ཡང་དུག་ཅན་གྱི་ཁ་ཟས་ཇི་ལྟར་མཛེས་ཀྱང་ཟོས་རྗེས་ལམ་ཁ་གཅིག་ལས་ཡོད་མི་སྲིད།

ཁྱེད་ཀྱི་རྩོམ་ཡིག་སྔ་ཕྱི་གཉིས་ཀའི་ནང་བཙན་བྱོལ་བོད་གཞུང་གིས་ངོ་རྒོལ་བར་རྒྱབ་སྐྱོར་དང་། ཕྱི་རྒྱལ་གྱི་གསར་ལམ་ལ་དྲིལ་བསྒྲགས། རྒྱུད་སྐུལ་སོགས་གུང་ཁྲན་སྲིད་གཞུང་གི་ཚིག་རོ་དེ་དག་གཅིག་མིན་དུ་ཐོན་པ་ནི་ཅུང་ཧང་སངས་དགོས་པ་ཞིག་སྟེ་རྒྱ་གཞུང་ཕྱི་སྲིད་མགྲིན་ཚབ་པའི་ཆབ་སྲིད་གཡོ་ཚིག་དག་ཇེ་འཇམ་དུ་བཏང་བ་ཙམ་ལས་ཁྱེད་རང་ལ་ཡང་དེ་དང་མཚུངས་པའི་ལྟ་ཚུལ་ཡོད་པ་ལྟར་མངོན་གྱི་འདུག   གལ་ཏེ་དེ་འདྲ་ཡིན་ན། སླར་ཡང་ཞིབ་འཇུག་གི་གཞི་ཇེ་ཟབ་ཏུ་གཏོང་དགོས་པ་དང་། བོད་ཀྱི་སྤྱི་ཚོགས་ལ་མུ་མཐུད་འབྲེལ་འདྲིས་བྱ་དགོས་པར་འདོད།  ལར་ནས་བོད་ཀྱི་ཆེད་དུ་རང་ལུས་མེར་བསྲེགས་བཏང་བར་དྲིལ་བསྒྲགས་བྱེད་པ་དང་རྒྱབ་སྐྱོར་བྱས་ནི་བདེན་པ་རང་ཡིན་མོད། དྲིལ་བསྒྲགས་དང་གདུང་སེམས་མཉམ་སྐྱེད་ནི་སླར་ཡང་མེར་བསྲེགས་ཀྱི་ཆེད་དུ་ག་ལ་ཡིན། དེ་འདྲའི་རྐྱེན་དུ་འགྱུར་བར་སྲིད་མོད། འོ་ན་དྲིལ་བསྒྲགས་ཙམ་ཡང་བྱ་མི་རུང་ངམ།

གཞན་ཡང་ཁྱེད་ཀྱིས།  བཙན་བྱོལ་ནས་བོད་ནང་གི་བོད་མི་ཚོར་ལམ་སྟོན་གྱིས་འདང་གི་མེད་རབས་བཤད་ཀྱི་འདུག་སྟེ་མ་འདང་བའི་ཆ་ཡང་ངེས་པར་ཡོད་སྲིད། འོན་ཀྱང་། འཚེ་མེད་ཞི་བ་དང་། ༼ མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽དབུ་མའི་ལམ་སོགས་ཤེས་པར་འདོད་པའི་མི་རྣམས་ལ་ནི་ཕལ་ཆེར་བརྡ་འཕྲོད་ཚར་བའི་ཚོད་དུ་ཡོད་ངེས་ལ། དམ་དྲག་གི་དམྱལ་བའི་འོག་བོད་ནང་གི་མི་ཚོར་ཕྱོགས་མང་པོ་ཞིག་ནི་མུན་ནག་ཏུ་ལུས་ཡོད་པ་རེད། ངོ་རྒོལ་བྱ་སྟངས་ཀྱི་ཆ་ནས་ནི་དུས་ནམ་ཡང་ལམ་སྟོན་བྱ་མ་མྱོང་སྟེ། བཙན་བྱོལ་གྱི་ཚོགས་སྡེ་དང་སྒེར་བ་སུ་འདྲ་ཞིག་ཡིན་ཀྱང་གཅིག་ནས་རང་གི་ནང་མི་བུ་སྤུན་ཚོའི་ཚེ་སྲོག་ལ་སེར་སྣ་ཅི་བས་ཆེ་ལ། ཕྱོགས་གཞན་ཞིག་ནས་མུ་མཐུད་ནས་རྒྱ་གཞུང་གི་དཔོན་ཕྱོགས་ལ་ཞུ་འབོད་དང་རེ་བ་བྱེད་བཞིན་ཡོད་སྟབས། བོད་ལྟ་བུའི་མི་རིགས་གཉོམ་ཆུང་ཞིག་གིས་སྟོབས་དང་དྲེགས་པས་ཁེངས་པའི་རྒྱལ་ཁབ་སྟོབས་ཆེན་དེ་འདྲ་ལ་དོན་དངོས་ཐོག་ཕོག་ཐུག་ཆེན་པོ་གཏོང་ཕོད་ཀྱི་མེད་པ་རེད།

 

འོ་ན། བོད་ཀྱི་འཐབ་རྩོད་ལ་འདི་ལས་ལྷག་པའི་བྱ་ཐབས་གཞན་མེད་པ་རེད་དམ། བོད་ཀྱི་ཕུགས་བསམ་ལ་འདི་ལས་གཞན་པའི་བདམས་ཀ་ཡོད་དམ་སྙམ་ན། བདག་གིས་བསམ་ཚོད་ལྟར་ན་བྱ་ཐབས་དང་ཕུགས་བསམ་གཞན་ཞིག་གཏན་ནས་མེད་དེ། ད་ལྟ་བོད་ཕྱོགས་ནས་འདོན་བཞིན་པའི་རེ་བའི་ཕུགས་བསམ་ནི་མདོར་དེད་ན་”ང་ཚོ་བོད་མི་ཡིན་བཞིན་པའི་ངང་ནས་འཚོ་བ་སྐྱེལ་ཆོག་པའི་ཁོར་ཡུག་ཅིག་བསྐྲུན་པར་ཀྲུང་དབྱང་སྲིད་གཞུང་གིས་ཞལ་བཞེས་གནང་རོགས” ཟེར་བ་འདི་རེད། འདི་ཙམ་ཡང་ཁས་ལེན་མ་བྱས་པའི་ཁར་བོད་མིའི་སེམས་ལ་ན་ཟུག་དབང་མེད་གཏོང་བའི་ལས་འགུལ་མཚམས་མ་བཞག་སྟབས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་བྱེད་བཞིན་པ་རེད། ཚོད་དཔག་ཐུབ་པ་ཞིག་ནི་རང་ལུས་མེར་བསྲེགས་ནི་མཚམས་ཚིགས་མེད་པ་ཞིག་མིན་མོད། འོས་འཚམ་གྱི་གྲུབ་འབྲས་མ་སོན་ཚེ་ངོ་རྒོལ་ནི་མཚམས་ཚིགས་མེད་པ་ཞིག་ཏུ་འགྱུར་ངེས་ཤིང་། མ་འོངས་པའི་ཀྲུང་གོའི་ས་གཞི་ཆེན་པོའི་བདེ་འཇགས་ལ་ཐད་ཀར་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ངེས་ཆེ་ལ། དབུས་དཀྱིལ་ཨེ་ཤ་ཡའི་རྒྱལ་ཁབ་སྐོར་ཞིག་ནང་ལོ་ངོ་མང་པོ་རིང་བྱུང་བའི་ཡ་ང་བའི་གནས་སྟངས་དེ་འདྲ་མི་འབྱུང་བར་སྤྱི་ཚོགས་ཧྲིལ་བོ་དང་། ལྷག་པར་དུ་ཤེས་ཡོན་པ་ཚོས་མངོན་ལྐོག་བྲལ་བའི་བྱ་སྤྱོད་རྩོམ་པར་འབད་དགོས་ངེས་རེད། ད་ལྟ་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་སྐུ་གཟི་བརྗིད་ལམ་ལེར་འཚོ་ཞིང་བཞུགས་ལ། བོད་མི་ཤི་གསོན་ཐམས་ཅད་ཀྱི་རེ་བའི་མཆོག་སྟེ་ཁོང་ཉིད་རང་གི་ཕ་ཡུལ་དུ་ཞབས་སོར་བཀོད་ཐུབ་པའི་སྔོན་འགྲོ་རྣམས་ལག་ཏུ་བསྟར་བའི་དུས་ལ་བབས་པར་སེམས་བཞིན་ཡོད།

བདག་གིས་རྒྱ་ཡིག་མི་ཤེས་སྟབས་སྐུ་ཞབས་ཝང་ལི་ཞུང་གི་རྩོམ་ཡིག་ལ་གོ་ནོར་ཐེབས་པའི་ཆ་ཡོད་དུ་གྱུར་ན་དགོངས་དག་ཞུ་བ་དང་སྦྲགས། སྐུ་ཞབས་ཝང་ལི་ཞུང་སོགས་རྒྱ་ནག་གི་ཤེས་ཡོན་པ་མང་པོ་ཞིག་གིས་ ༢༠༠༨ ལོས་མཚོན་པའི་དུས་སྐབས་མང་པོར་་བོད་ཀྱི་རང་དབང་འཐབ་རྩོད་ལ་གང་ནུས་ཀྱིས་རྒྱབ་སྐྱོར་གནང་བཀའ་དྲིན་ཆེ་ཞུ།

འབྲེལ་ཡོད་གསར་འགྱུར།

A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

ཆུ་ཚོད་ ༡༠ སྔོན་ལ།
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

ཆུ་ཚོད་ ༡༡ སྔོན་ལ།
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧
གསར་འགྱུར།

རྒྱ་ནག་གིས་བོད་ནང་གཞུང་ལམ་འཛུགས་སྐྲུན་གྱིས་བོད་ཀྱི་རང་བྱུང་ཐོན་ཁུངས་སྔོག་འདྲེན་བྱེད་པར་དམིགས་ཡོད།

༢༠༢༦/༠༡/༠༧

མཆན། 5

  1. ཀླུ་སྨྱོན། says:
    ལོ་ 14 སྔོན།

    ཁྱེད་ཀྱིས་ཡག་པོ་ཞིག་བཤད་འདུག ཡིན་ཡང་སྐུ་ཞབས་བོང་ལུ་ཞོན་གྱིས་བོད་དོན་འདི་དོན་དག་ཆུང་ཆུང་གྲོང་གསེབ་གནད་དོན་ལྟ་བུ་ཞིག་རེད་ཅེས་བརྗོད་པ་རེད། དང་པོར་ང་ཚོས་ཁོ་དང་ཁོའི་མཛའ་མོ་འོད་ཟེར་གཉིས་ཀྱི་བར་དུ་དཀྲུགས་ཤིང་ཞིག་འཕེན། དེ་ནས་ཁོ་གཉིས་ལ་ཁ་རྩོད་རྒྱག་ཏུ་འཇུག དེ་ཡང་བོད་རྒྱའི་བར་གྱི་དཀའ་རྙོག་གི་སྟེང་ནས། དེ་ནས་ཁོ་ལ་རྒྱ་མི་གཅིག་དང་བོད་མི་གཅིག་བར་གྱི་དཀའ་རྙོག་འདི་ཡང་གྲོང་གསེབ་ཅིག་གི་དཀའ་རྙོག་བཞིན་རེད་དང་མ་རེད་བལྟ་རུ་འཇུག་གི་ཡིན།

    Reply
  2. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    ལོ་ 14 སྔོན།

    གྲོགས་པོ། རྒྱ་རྒན་དེས་ཁ་ནང་ལ་ཡོང་ཚད་ཅིག་བཤད་ཀི་ཡོད་པ་རེད། དེ་ལ་ཉན་རྒྱུ་དང་དཔྱད་རྒྱུ་འདྲ་ཡོད་ནི་མ་རེད།

    Reply
  3. བསྟན་འཇམ། says:
    ལོ་ 14 སྔོན།

    རྭ་བློ་དབང་གིས་ས་ཐག་རིང་ཞིག་ནས་ཝང་ལིས་ཞུང་གི་བསམ་ཚུལ་རྩོམ་ཡིག་ལ་མི་འདོད་པའི་མིག་ལོག་གིས་བལྟས་འདུག སྐུ་ཞབས་རྭ་བློ་དབང་ལགས་ཀྱི་བྲིས་རྩོམ་འདི་གལ་ཏེ་ཝང་ལིས་ཞུང་གི་རིག་པའི་དབང་དུས་བཏང་ན་འདི་ལ་ལན་ཞིག་ཡོད་ངེས་རེད། འོན་ཀྱང་རྩོམ་ཡིག་འདི་ལྟ་བུ་ཝང་ལིས་ཞུང་གི་ཚེ་རབབ་ནས་ཚེ་རབས་སུ་མཐོང་དཀའ་བའི་ཚོད་རེད།
    ཡིན་ནའང་སྐུ་ཞབས་རྭ་བློ་དབང་གི་བྲིས་རྩོམ་འདི་ཝང་ལིས་ཞུང་གི་མཐོང་དགོས་པ་གཙོ་བོ་མ་རེད། འུ་ཅག་བོད་པའི་ཁྲོད་ན་གཡམ་སྟེགས་ལ་བྲེལ་བའི་བླུན་རིགས་ཆེས་ཆེར་བརྟོལ་ལ་དེ་ཚོ་ལ་བརྡ་ལན་ཡག་པོ་ཞིག་འཕྲོད་རྒྱུ་དེ་གལ་ཆེན་རང་བཞིན་དུ་ཡིན་པར་སེམས།

    Reply
  4. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    མགོ་ནས་མཇུག་བར་དུ་ཞིབ་བཀླགས་ཟིན། འདི་ནི་མི་རིགས་ཀྱི་ན་ཟུག་ཙམ་མ་བཟོད་ནས་ཚོར་བ་གློ་བུར་བའི་དབང་དུ་སོང་སྟེ་བྲིས་པ་ཞིག་མིན་པར། ན་ཟུག་གཞི་ལ་བཅོལ་ཏེ་དབྱེ་ཞིབ་ནན་མོ་བྱས་པའི་རྩོམ་ཡིག་ཏུ་ཚོར་བས་སེམས་གཏིང་ནས་དགའ་ཡོད་ལ། དེ་བཞིན་བོད་མི་ཀློག་པ་པོ་དག་གིས་ཝང་ལི་ཞུང་གཙོས་ཉེ་ཆར་གྱི་རྒྱ་རྒན་ཚོའི་རྩོམ་ཡིག་དང་ལྟ་ཚུལ་ལ་བརྟག་དཔྱད་དགོས་པ་གསལ་བར་བསྟན། འཚམས་འདྲི་དང་ལྷན་དུ་བདེ་མོ་བྱོས་ཟེར་བཞིན་བུད་སོང་།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    རྭ་རྒྱ་བློ་དབང་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ། རྩོམ་ཡིག་ཡག་པོ་ཞིག་བྲིས་འདུག་ ཐེངས་ཤིག་བཀླགས་ཡིན མུ་མཐུད་དུ་ཕྲིས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese