མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཀའ་ཁྲིར་གཟེངས་རྟཊ་འབུལ་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ནས་བཀའ་ཁྲི་མཆོག་བྱང་ཨ་རི་དང་ཡུ་རོབ་ནང་གཟིགས་སྐོར་གནང་རྒྱུ་ཡིན་པ་དང་། སྐབས་དེར་ཨར་ལན་ཌིའི་མཐོ་སློབ་ཞིག་གིས་བཀའ་ཁྲིར་གཟེངས་རྟཊ་ཤིག་འབུལ་རྒྱུ་རེད།

དེ་རིང་ཕྱི་ཚེས་ ༡༥ ཉིན་ནས་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས། ཨ་རི་དང་ཁ་ཎ་ཌ། ཡུ་རོབ་བཅས་ཀྱི་རྒྱལ་ཁབ་ཁག་ཅིག་ཏུ་གཞུང་འབྲེལ་ཕྱོགས་བསྐྱོད་གནང་རྒྱུ་ཡིན་པ་ལྟར། དེ་རིང་ཕྱི་དྲོར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་བཞུགས་སྒར་ངྷ་སར་ཕེབས་ཐོན་གྱིས་གྷ་གྷལ་གནམ་གྲུ་བརྒྱུད་ལྡི་ལིར་འབྱོར་རྒྱུ་དང་། ཕྱི་ཚེས་ ༡༦ ཉིན་ལྡི་ལི་ནས་མཁའ་ལམ་བརྒྱུད་ལོན་ཌོན་དང་། དེ་ནས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་འབྱོར་རྒྱུ་ཡིན་འདུག ཕྱི་ཚེས་ ༡༧ ནས་ ༢༠ ཉིན་བར་བཀའ་ཁྲི་མཆོག་སྒེར་གྱི་གུང་གསེང་ལ་བཞུགས་རྒྱུ་ཡིན་པ་དང་། ཕྱི་ཚེས་ ༢༡ ཉིན་ཨ་རིའི་གཙུག་ལག་སློབ་ཆེན་ཞིག་ཏུ་གཏམ་བཤད་སྤེལ་རྒྱུ། ཕྱི་ཚེས་ ༢༥ ནས་ ༢༦ ཉིན་བར་ནེའུ་ཡོག་དང་ཊོ་རོན་ཊོ་ཁུལ་གྱི་ས་གནས་བོད་མི་ཚོར་བོད་ནང་གི་གནས་སྟངས་སྐོར་གཏམ་བཤད་གནང་རྒྱུ། ཕྱི་ཚེས་ ༢༧ ནས་ ༢༩ ཉིན་བར་ཨི་ཊ་ལིའི་ལྷོ་ཊེ་རོལ་ (South Tyrol)  དང་ཊེ་རིན་ཊི་ནོ་ (Trentino)  ཁུལ་གྱི་དཔོན་རིགས་ཚོར་མཇལ་འཕྲད་ཀྱིས་བོད་ནང་གི་གནས་སྟངས་ངོ་སྤྲོད་དང་། ཤེས་ཡོན་བསྟི་གནས་ཁང་ཞིག་ཏུ་མང་ཚོགས་ལ་གཏམ་བཤད་བཅས་གནང་རྒྱུ་ཡིན་འདུག ཐེངས་འདིའི་ཁོང་གི་གཟིགས་སྐོར་སྐབས། ཨར་ལན་ཌིའི་རྒྱལ་སར་ཡོད་པའི་ (College Historical Society of Trinity College) མཐོ་སློབ་ཀྱིས། བཀའ་ཁྲི་མཆོག་ལ་ཆེ་བསྟོད་གསེར་གྱི་གཟེངས་རྟགས་ཤིག་འབུལ་འཆར་ཡོད་འདུག

འདི་ནི་བཀའ་བློན་ཁྲི་པ་མཆོག་གིས་གཞུང་འབྲེལ་ཐོག་ཆེ་བསྟོད་གཟེངས་རྟགས་བཞེས་པ་ཐོག་མ་ཆགས་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Front Slider

བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཐབ་སྐོར་ལ་བཅར་འདྲི།

༢༠༢༥/༠༥/༡༠
སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

༢༠༢༥/༠༥/༠༩
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

༢༠༢༥/༠༥/༠༩
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

༢༠༢༥/༠༥/༠༩
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༥/༠༩
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

༢༠༢༥/༠༥/༠༩

མཆན། 49

  1. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    དྲ་སྤུན་འཇིགས་མེད་སེང་གེ་ཞུ་བ་ལགས །ངས་བསམ་པ་རྣམ་དག་གིས་བཤད་པ་ཡིན །
    འོན་ཀྱང་མ་ཤེས་པར་ལོག་བཤད་བྱས་ཡོད་ས་ཡོད་ན་དགོངས་དག་ཞུ །
    དེ་མིན་མི་ཞིག་གིས་ང་བཙལ་གྱིན་འདུག་གསུངས་བྱུང་བ་བདེན་པ་ཡིན་ན།
    རྩེད་མོ་མིན་ན། ངའི་ཁ་པར་ཨང་༠༠༣༢༤༩༣༣༡༠༨༥༩འདི་མི་དེ་ལ་སྤྲོད་རོགས །
    མ་གཞི་ང་ཧྥ་རིན་སུ་ལ་མགྲོན་འབོད་བྱེད་མཁན་ཚོགས་པའི་སྦྱིན་བདག་དང་།
    བཀའ་རྒྱུད་པའི་བླ་མ་ཆོས་འཕེལ་རིན་པོ་ཆེ་དང་། ཧྥ་རིན་སུའི་ཨ་མདོའི་ཚོང་པ་ཆེ་ཤོས་
    ཉི་མ་སོགས་གྲོས་མཐུན་ཕྱི་གསལ་ནང་གསལ་གྱིས །སྦེལ་རྗམ་ལ་སྐྱབས་བཅོལ་བྱེད་རྒྱུ་ཐག་
    བཅད་པ་བཞིན །སྤེལ་རྗམ་གནས་སྡོད་མགོ་ལོག་པ་ཁ་ཤས་ཀྱིས་ཆེད་དུ་རླངས་འཁོར་ཧྥ་
    རིན་སུར་བསུ་རུ་ཡོང་ནས་སྦེལ་རྗམ་ལ་འཛུལ་བ་ཡིན །དེ་ལ་གསང་བ་གང་ཡང་མེད །
    དཔལ་ལྡན་རང་གཞུང་གིས་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་ནང་སྲིད་བཀའ་བློན་མཆོག་སོགས་ཀྱིས་ཀྱང་ང་གར་ཡོད་ཤེས་ལ།བདེ་སྲུང་ལས་ཁུངས་ཀྱིས་དེ་ལས་
    ཀྱང་གསལ་བོར་ཤེས། ད་ལྟ་སྦེལ་རྗམ་བོད་ཀྱི་དོན་གཅོད་ཁང་དང་།བོད་རིགས་ཚོགས་པ་བཅས་ཀྱི་ཀྱང་ང་གར་ཡོད་གསལ་བོར་ཤེས་པས།ང་བཙལ་མཁན་ཡོད་ན་ལས་ཁུངས་དེ་གཉིས་གང་རུང་ལ་འབྲེལ་བ་བྱེད་རོགས་ཞུ །
    ངས་ལྟས་ན་ངའི་ཕ་ཡུལ་དང་འདབས་འབྲེལ་བའི་ས་གནས །མགོ་ལོག་པ་དང་ལྷག་པར་ང་ལ་
    དངོས་ཤུགས་བརྒྱུད་གསུམ་ནས་སྡང་བོ་བྱེད་མཁན།ང་ཕྱི་ལ་འབྱོར་བ་ནས་བཟུང་།
    དོན་དག་དང་རྒྱུ་མཚན་གང་ཡང་མེད་པར་བཙན་བྱོལ་ནས་འབུར་འཇོམ་
    བྱེད་འདོད་ཡོད་པ་ཁ་ཤས་ཀྱིས་རྟག་ཏུ་སྦྱོར་བ་འདི་ལྟར་བགྱི་བཞིན་ཡོད་པས་དེས་རིགས་ཀྱིས་ཆེད་བཟོས་དཀྲོགས་གཏམ་ཡིན་པ་འདྲ ། ཡིན་ཡང་ཕར་ལ་གནོད་ལན་གྱི་བསམ་པ་གང་ཡང་མེད་ཁར །མུ་མཐུད་བཟོད་སྒོམ་བྱས་ནས་མཐར་ཕན་ཚུན་རྒྱུས་ལོན་ཡང་དག་བྱུང་རྗེས །རབ་ན་གྲོགས་པོ་དང་དེ་མིན་ཡང་ཕན་མེད་གནོད་མེད་རེ་ལ་འགྱུར་རྒྱུའི་རེ་བ་ཡོད །

    Reply
  2. འཇིགས་མེད་སེང་གེ says:
    ལོ་ 13 སྔོན།

    མགོ་ལོག་ཟླ་བྷེ་ཟེར་བ་འདི་ཁང་ཡོ་རོབ་ན་སྐྲ་སེར་བུ་མོ་ཞིག་གིས་རྩད་གཅོད་བྱས་ནས་མ་རྙེད་པ་དེ་ཡིན་ས་རེད། ཁྱེད་ཡོ་རོབ་ནས་ཡར་བྲོས་མར་བྲོས། སྦས་ནས་སྐུང་སྐུང་ནས་རྡ་རམ་ས་ལའི་གནས་ཚུལ་མཁྱེན་གྱི་མ་རེད། དེ་བས་སྔགས་པ་བྱེད་ཀྱི་ཡིན་ན་འདྲ། རྒད་པོ་བྱེད་ཀྱི་ཡིན་ན་འདྲ། ལག་ཕྲེང་བ་བཟུང་ནས་མ་ཎི་ཐོན་དང་ཁྱེད་ལ་འཚམ་ཤོས་དེ་རེད་ལགས། དེ་མིན་གཡག་ཞར་གྱིས་རྩ་ཟོས་པ་འདྲ་བའི་གཏམ་དེ་དག་བཙན་བྱོལ་ནང་ནས་གོང་དུ་འགྲོ་ཡི་མ་རེད།

    Reply
  3. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    སྤུན་ཟླ་ཚོ །ང་ཚོ་རང་གི་བཀའ་ཁྲི་འམ་སྲིད་སྐྱོང་།མི་ལ་ཡོད་ན་སྨོན་རྒྱུ། རང་ལ་ཡོད་ན་ངོམ་རྒྱུ་འདི་ལ ། གཞན་གྱིས་ཆེ་མཐོང་གསེར་གྱི་གཟེངས་རྟགས་ཕུལ་ན །ང་ཚོ་མི་དགའ་དོན་ཅི་ཡོད།
    དེ་ལ་བཀྲ་ཤིས་བདེ་ལེགས་ཞུ་དགོས་པ་ཞིག་རེད ། དེ་མིན་གཞན་གྱི་ཆེད་མངགས་འདྲ་ཡིན་ན་དེར་ཟད །མིན་ན་རང་གི་བཀའ་སྤྱི་གཉིས་ཀྱི་བར་ལ་འགལ་བ་འདྲ་འཕེན་འེ་ཐུབ་ལྟ་བ་འདི་ངོ་མ་བསམ་ཡུལ་ལས་འདས་པ་ཞིག་རེད ། ཡང་གཅིག་བཤད་ན་རང་སེམས་ལ་དཀའ་ངལ་ཙམ་ལས་འཕེན་ནི་ཐུབ་སྲིད་ཀྱི་མ་རེད ། ཁོང་རྣམ་པའི་དམ་ཚིག་ཤིན་ཏུ་གཙང་བའི་ཁར ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་དང་།སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་
    དགོས་མཐུན་གྱི་གྲོགས་པོ་རེད །
    བཀའ་སྤྱི་བསམ་པ་གཅིག་མཐུན ། ། གཞུང་སྒེར་བསམ་པ་གཅིག་མཐུན ། །
    གཞིས་བྱེས་བསམ་པ་གཅིག་མཐུན ། ། ཆོལ་ཁ་བསམ་པ་གཅིག་མཐུན ། །
    ཆོས་རྒྱུད་བསམ་པ་གཅིག་མཐུན ། ། བོད་མི་བསམ་པ་གཅིག་མཐུན ། །
    བོད་རྒྱལ་ལོ །

    Reply
  4. རིག་པ་རང་གྲོལ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་རྒྱལ་ལོ། བཙན་བྱོལ་བོད་མིའི་གསར་ཤོག་གི་རྒྱལ་བོ་རྒྱལ་ལོ། ཤིན་ཏུ་རྒྱལ་ལོ། རྟག་ཏུ་རྒྱལ་ལོ།

    Reply
  5. རིག་པ་རང་གྲོལ། says:
    ལོ་ 13 སྔོན།

    བོད་ཀྱི་དུས་བབ་གསར་ཁང་གིས་བཙན་བྱོལ་སྤྱི་ཚོགས་ཆུང་ཆུང་འདིར་འགན་མ་ཁྱེར་བ་གཅིག་ཀྱང་མེད། དོན་དག་ལ་ལྟ་ཡི་འདུག་མ་གཏོགས་ལུང་ཚན་ན་ཚར་ལྟ་ཡི་མི་འདུག དོན་ལ་གཟིགས་པ་མ་གཏོགས་གཏམ་གྲགས་བདུད་ལ་འགྲོག་གི་མི་འདུག གནད་དོན་ཆེ་ཕྲ་གང་ཡིན་ཡང་གཟུ་བོར་གནས་པའི་གནས་ཚུལ་མཁོ་སྤྲོད་བྱེད་ཀྱིན་འདུག་པས། ལུང་ཚན་ནད་ཡམས་ཅན་ཚོས་ཁ་ལ་ཉན་རྒྱུ་ཡོད་པ་མ་རེད། རང་གི་མགོ་ལ་ཕོག་ན་ཆོས་པོ་ཏི་ཁྱིར་རྒྱག་བྱེད་ཅིང་། རང་གི་ཁེ་ཕན་ལ་ཐུག་ན་ཁ་ནས་འདྲ་མི་འདྲ་བཤད་སྡོད་མཁན་ཏག་གིས་རྩ་བ་ནས་ཁུངས་འཁྱོལ་གྱི་མ་རེད། གསར་འགྱུར་འདིས་དཔྱད་བརྗོད་པ་དག་གིས་རང་གི་བསམ་ཚུལ་བཤད་པ་བཟང་གི ཡི་རངས་ཡོད། བཀའ་ཁྲི་མིན་ཚད་བཀའ་ཤག་ལྷན་རྒྱས་ཡིན་ནའང་། ནོར་འཁྲུལ་ཡོ་བསྲང་བྱེད་པ་དང་། སྐྱོན་ཆ་འདོན་མ་ཆོག་གཅིག་ཀྱང་ཡོད་པ་མ་རེད། སྐྱོན་ཆ་རེག་ཉན་མི་སྤྲོ་ན་དང་པོ་ནས་ཐུགས་བསམ་བཞེས་རོགས། གོ་སོང་ངམ།

    Reply
  6. རིག་པ་རང་གྲོལ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག ད་ལོར་རྒྱ་ནག་གི་དཔྱིད་གསར་དང་དུས་མཚུངས་བའི་མདོ་སྨད་ཡུལ་གྱི་ཧོར་ལུགས་སོ་སར་སྐབས་མདོ་སྨད་མི་མང་སྐྱ་སེར་རིས་མེད་ཀྱིས་ལོ་མ་སར་སྔོན་དང་། ལོ་སར་བའི་སྐབས་བཅས་སུ་ཅི་ལྟར་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་མིན་ཁྱེད་ནས་གསན་ཐོས་ཡོད་ཤག
    བོད་ནང་གི་བོད་མི་ཚོས་རང་དོན་ལས་ཀ་ཆེ་ཆུང་ཕར་ཞོག ཐ་ན་ཚེ་སྲོག་འབན་ལ་བཞག་ནས་ཛ་དྲག་གི་སྐབས་འདིར་བོད་ཆིག་སྒྲིལ་དང་བོད་ཀྱི་རང་དབང་ཆེད་ལས་འགུལ་སྤེལ་ཡོད་པ་རྣམས་དངོས་གནས་ཤི་ཡང་རུས་པའི་མི་བརྗེད་པ་ལྟ་བུ་ཞིག་ཡིན་ཡང་། སྐུ་ཉིད་ཀྱིས་བཀའ་ཤག་འཁོར་བཅས་གཙོས་འཛིན་སྐྱོང་གི་ལས་བྱེད་རྣམས་ལོ་སར་གྱི་གུང་གསེང་ནམ་རྒྱུན་ལྟར་བཏང་འདུག་པ་མ་ཟད། ཁ་ཟས་བསྲེགས་པ། ལོ་སར་གྱི་Card གཏོང་རེས་བྱེད་པ་སོགས་ཀྱི་དེ་རིང་སང་ཉིན་གྱི་གངས་སྐྱིད་ཀྱི་རྣམ་པ་འདིས་དོན་དངོས་ཅི་ཞིག་བསྟན་མི་འདུག་གམ།
    ཉིད་ཀྱིས་ཀྱང་དུས་ཚོད་ཡར་སྣུར་མར་སྣུར་སྟོང་ཕྲག་གཅིག་བྱས་ཏེ་སྒེར་དགོངས་ལེན་པ་དང་། ལོ་སར་སྐབས་ནང་མིའི་མཉམ་ལྷོད་བཞུགས་བྱེད་པ་སོགས་དངོས་གནས་བོད་མི་མང་བློ་ཕམ་གྱི་གནས་ཚུལ་རེད། བོད་གཞུང་གི་དྲ་བར་༼སྐུ་ཉིད་ལྷོད་བཞུགས་གནང་གི་རེད་༽ཅེས་བྲིས་འདུག་པས་ཀྱང་ཁྱེད་ལ་བསམ་བློ་གཏོང་རྒྱུ་ངེས་པར་དུ་མང་པོ་ཞིག་འདུག་པས། རྗེས་ནས་བོད་མི་མང་གི་བསམ་འདུན་ལ་རྡོག་རྫིས་ཁྱོན་ནས་མ་བཏང་བའི་ཐོག དབུ་ཁྲིད་གནང་རོགས། དེ་ལྟར་བྱས་ན། སྐུ་ཉིད་ཤིན་ཏུ་དགའ་བའི་༼ སྲིད་སྐྱོང་པའི་༽མཚན་ཡང་ཐོབ་ངེས་རེད།

    Reply
  7. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    སྤྱིར་སྟང་ཞུས་ན། གཟེངས་རྟགས་ཕུལ་མཁན་དེ་བོད་པ་རེད་མི་འདུག ཨ་རིའི་མཐོ་རིམ་སློབ་གྲྭ་ཞིག་གིས་ཕུལ་གྱི་ཡོད་པ་འདྲ། ཨ་རིའི་མཐོ་རིམ་སློབ་གྲྭ་དེ་ང་ཚོའི་རི་བོང་ཅལ་བྲོས་ཀྱི་རྣམ་མཐར་ཟིན་པའི་རྩོམ་པ་པོ་ཨམ་ཞིག་མིང་ཟིན་ནས། སྤྱི་ཚོགས་ལ་དཀྲུགས་ཤིང་ཅན་རྣམས་ནང་བཞིན་པ་ཞིག་ཁྱོན་ནས་ཡིན་རྒྱུ་མ་རེད། གཟེངས་རྟགས་ཕུལ་མཁན་གྱིས་ཕུལ་ས་ལ། ཕུལ་དགོས་པའི་རྒྱུ་མཚན་ཞིག་མཐོང་ནས་ཕུལ་གྱི་ཡོད་རེད་མ་གཏོགས་ཨ་རིས་ཀྱི་གཟེངས་རྟགས་སྤྲད་ས་མ་རྙེད་ནས་བོད་ཀྱི་བཀའ་བློན་ལ་སྤྲད་པ་ཞིག་ཁྱོན་ནས་ཡིན་རྒྱུ་མ་རེད། ང་རང་ཚོའི་མི་འདི་དག་ང་རང་ཚོའི་གསར་འགྱུར་བརྒྱུད་ལམ་ཁག་དང་གཅིག་མཚུངས་རེད། མགོ་རྔ་ཚང་བའི་གསར་འགྱུར་ཕལ་ཆེར་དེ་སྔོན་རེག་གི་མ་རེད།

    Reply
  8. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    དུས་བབ་རྩོམ་སྒྲིག་པ་རང་གིས་སྤྱི་ཚོགས་ཀྱི་འགན་ཁྱེར་དགོས་ཀྱི་འདུག་མ་གཏོགས། སྤྱི་ཚོགས་ནང་དུ་རྒྱ་གཞུང་གི་སྣུམ་ཁུར་རེག་པ་མི་ཉུང་བ་ཞིག་གིས། དེང་སང་ངོ་རོ་ལ་གཏད་ནས་མི་ངུ་ཞིང་གྱང་ལ་གཏད་ནས་ངུ་མཁན་མང་པོ་འདུག འདི་དག་གིས་འཆོལ་ཁའི་བར་ལ་དོན་མེད་ཀྱི་རྙོག་དྲྭ་སློང་ཤིང་། གཅིག་སྒྲིལ་གྱི་སྟོབས་ཤུགས་ལ་ངེས་ཅན་དུ་གནོད།
    དཔེར་ན་བཀའ་བློན་ཁྲི་བ་ཚེས་༡༦་ལ་ལྡི་ལི་ནས་ཐོན་ན། ཕ་ཀའི་ལ་ཚེས་བཅུ་དྲུག་དང་བཅུ་བདུན་གང་རུང་ལ་ཕེབས་གྲུབ་ཀྱི་རེད། གལ་སྲིད་ཚེས་བཅུ་བདུན་ལ་ཨ་རིས་སུ་ཕེབས་གྲུབ་པའི་དབང་དུ་གཏོང་ན། ཨ་རིས་ཀྱི་མཐོ་རིམ་སློབ་གྲྭ་དེ་ས་ཆ་ག་བ་ཞིག་ཏུ་རེད། གནམ་ཐང་རང་དུ་ཡིན་རྒྱུ་མ་རེད། ཕེབས་སའི་ས་ཆ་དེ་རུ་གལ་སྲིད་བོད་མི་མང་ཡོད་ན། དེ་དག་ལ་ཐུག་འཕྲད་ཀྱི་དུས་ཚོད་ཅིག་ངེས་ཅན་དུ་སྤྲད་རྒྱུ་རེད་ལ། མཐོ་རིམ་སློབ་གྲྭ་ཞིག་ཏུ་བོད་ཀྱི་སྲིད་སྐྱོངས་ཞིག་གི་གཏམ་བཤད་ཅིག་སྤེལ་བ་དེ། ཡེ་གེ་དག་ལ་མ་དག་ཞིག་གིས་སྤྱི་ཚོགས་དཀྲུགས་ཤིང་གི་ཡེ་གེ་དྲྭ་ཐོག་ཏུ་བྲི་རྒྱུ་དང་གཏན་ནས་འདྲ་མ་རེད། དེ་ལ་མ་མཐའ་ནས་ཉིན་ཁ་ཤས་གྲ་སྒྲིགས་ངེས་ཅན་དུ་དགོས་རེད། གྲ་སྒྲིག་མེད་པའི་གཏམ་བཤད་ལ་ཨ་རིའི་མཐོ་རིམ་སློབ་གྲྭའི་སློབ་མས་ཉན་འདོད་ཡོད་མ་རེད་ལ། གྲ་སྒྲིགས་མེད་པའི་གཏམ་བཤད་ལ་རིན་ཐང་ཡོད་མ་རེད། གོང་ས་མཆོག་གིས་སྐུ་ཚེ་རིལ་པོར་བཀའ་ཆོས་གསུང་གི་ཡོད་རེད་དེ། དམིགས་གསལ་བཀའ་ཆོས་གནང་ཁར་ཁོང་ལ་རང་སྦྱོང་གི་དུས་ཚོད་དགོས་ཀྱི་ཡོད་ཡང་ཡང་གསུངས་པ་དོ་སྣང་ཅན་ཞིག་ཡིན་ན་ཤེས་ཚོད་དང་དྲན་ཚོད་ཡིན།
    གོང་ལྟར་དུས་བབ་དྲྭ་རྒྱ་དང་ཁ་བརྡ་དྲྭ་རྒྱས་འགན་ཁྱེར་དགོས་པ་མང་པོ་འདུག ངས་དང་པོ་ཞུ་བ་འཐེན་ཡིན། དེ་ནས་མུ་འཐུད་ནས་བལྟ་རྒྱུ་ཡིན། སྐུ་ཚེ་རིང་།

    Reply
  9. Ngawang Norbu says:
    ལོ་ 13 སྔོན།

    ༄༅། །བོད་ཀྱི་དུས་བབ་ཚང་ལ་ཞུ་རྒྱུར། ངོས་ནས་ད་བར་བསམ་ཚུལ་གནས་ཚུལ་དང་མཆན་སོགས་མང་དག་ཤིག་ཕུལ་ཡོད་ཀྱང་གཅིག་ཀྱང་འདོན་གནང་མ་གནང་བར་རྒྱུ་རྐྱེན་ག་རེ་ཡོད་དམ་ཅེས་བཀའ་འདྲི་ཞུ་འདོད་བྱུང་། བསམ་ཚུལ་དང་མཆན་སོགས་ལ་བརྗོད་གཞི་མི་འཚམ་པའམ་འགོད་མི་རུང་བའི་ཚིག་རྩུབ་དམར་བརྗེན་སོགས་གང་ཡང་མེད་པའི་ཡི་ཆེས་ཡོད་ཀྱང་ད་བར་མཐོང་རྒྱུ་མི་འདུག་པའི་བློ་འཕམ་བྱུང་བས་དེའི་སྐོར་ལ་འབྲེལ་བརྗོད་ཡོད་པ་ཞུ། གུས་ངག་དབང་ནོར་བུས།

    Reply
  10. རིག་པ་རང་གྲོལ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག ད་ལོར་རྒྱ་ནག་གི་དཔྱིད་གསར་དང་དུས་མཚུངས་བའི་མདོ་སྨད་ཡུལ་གྱི་ཧོར་ལུགས་སོ་སར་སྐབས་མདོ་སྨད་མི་མང་སྐྱ་སེར་རིས་མེད་ཀྱིས་ལོ་མ་སར་སྔོན་དང་། ལོ་སར་བའི་སྐབས་བཅས་སུ་ཅི་ལྟར་བོད་དོན་ལ་གདུང་སེམས་མཉམ་བསྐྱེད་གནང་མིན་ཁྱེད་ནས་གསན་ཐོས་ཡོད་ཤག
    བོད་ནང་གི་བོད་མི་ཚོས་རང་དོན་ལས་ཀ་ཆེ་ཆུང་ཕར་ཞོག ཐ་ན་ཚེ་སྲོག་འབན་ལ་བཞག་ནས་ཛ་དྲག་གི་སྐབས་འདིར་བོད་ཆིག་སྒྲིལ་དང་བོད་ཀྱི་རང་དབང་ཆེད་ལས་འགུལ་སྤེལ་ཡོད་པ་རྣམས་དངོས་གནས་ཤི་ཡང་རུས་པའི་མི་བརྗེད་པ་ལྟ་བུ་ཞིག་ཡིན་ཡང་། སྐུ་ཉིད་ཀྱིས་བཀའ་ཤག་འཁོར་བཅས་གཙོས་འཛིན་སྐྱོང་གི་ལས་བྱེད་རྣམས་ལོ་སར་གྱི་གུང་གསེང་ནམ་རྒྱུན་ལྟར་བཏང་འདུག་པ་མ་ཟད། ཁ་ཟས་བསྲེགས་པ། ལོ་སར་གྱི་Card གཏོང་རེས་བྱེད་པ་སོགས་ཀྱི་དེ་རིང་སང་ཉིན་གྱི་གངས་སྐྱིད་ཀྱི་རྣམ་པ་འདིས་དོན་དངོས་ཅི་ཞིག་བསྟན་མི་འདུག་གམ།
    ཉིད་ཀྱིས་ཀྱང་དུས་ཚོད་ཡར་སྣུར་མར་སྣུར་སྟོང་ཕྲག་གཅིག་བྱས་ཏེ་སྒེར་དགོངས་ལེན་པ་དང་། ལོ་སར་སྐབས་ནང་མིའི་མཉམ་ལྷོད་བཞུགས་བྱེད་པ་སོགས་དངོས་གནས་བོད་མི་མང་བློ་ཕམ་གྱི་གནས་ཚུལ་རེད། བོད་གཞུང་གི་དྲ་བར་༼སྐུ་ཉིད་ལྷོད་བཞུགས་གནང་གི་རེད་༽ཅེས་བྲིས་འདུག་པས་ཀྱང་ཁྱེད་ལ་བསམ་བློ་གཏོང་རྒྱུ་ངེས་པར་དུ་མང་པོ་ཞིག་འདུག་པས། རྗེས་ནས་བོད་མི་མང་གི་བསམ་འདུན་ལ་རྡོག་རྫིས་ཁྱོན་ནས་མ་བཏང་བའི་ཐོག དབུ་ཁྲིད་གནང་རོགས། དེ་ལྟར་བྱས་ན། སྐུ་ཉིད་ཤིན་ཏུ་དགའ་བའི་༼ སྲིད་སྐྱོང་པའི་༽མཚན་ཡང་ཐོབ་ངེས་རེད།

    Reply
  11. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་ཀྱི་སྲིད་སྐྱོང་པས། ད་ལོ་ལོ་གསར་མ་གཏོང། ང་ནང་བཞིན་དགུང་སེང་གཏོང་། ཟེར་བ་དང་མི་མཚུངས་སམ། གང་ལྟར་ཡང་། གུང་སེང་གི་ལོ་གསར་ལ། ལྕག་ས་འབྲུག་གནམ་ལོ་གསར་པར། བཀྲ་བདེ་ལེགས་ཡོད་ལགས།

    Reply
  12. བློ་འཕེལ། says:
    ལོ་ 13 སྔོན།

    ཁ་བཤད་ལག་ན་མེད་པའི།།
    ང་ཚོའི་སྲིད་སྐྱོང་སེང་གེ །
    གུང་གསེང་ཞིག་གི་ཆེད་དུ།།
    གཞུང་འབྲེལ་ཕྱོགས་བསྐྱོད་གནང་སོང་།།

    མང་ཚབ་མཚོན་པའི་སྤྱི་འཐུས།།
    ཟས་བཅད་ངོ་རྒོལ་བྱེད་དུས།།
    རང་བརློམ་ཆེ་བའི་སེང་གེ།
    གུང་གསེང་བྱེད་འདི་ཡ་མཚན།། ཧ་ཧ་ཧ་ཧ་ལེན་པོ་རང་བྱུང་མ་སོང་ངོ་།།

    Reply
  13. ངག་དབང་རབ་རྒྱས། says:
    ལོ་ 13 སྔོན།

    དཔལ་ལྡན་བཀའ་བློན་ཁྲི་པ་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་དེ་ནི་ང་ཚོའི་བོད་རིགས་ཀྱི་གཟི་བརྗིད་དང་ཆེ་མཐོང་ཞིག་རེད།་གཟེངས་རྟགས་འབུལ་མཁན་གཙུགས་ལག་སློབ་གཉེར་ཁང་ཞིག་ཡིན་མ་པ་མ་ཟད་ཕྱི་མི་ཞིག་རེད།་བསམ་མེད་ཅོལ་ཆུང་དང་མཐོང་རྒྱ་ཐོས་རྒྱ་མེད་པའི་མི་འདི་ཚོའི་བྱེད་སྟངས་དང་རྣམ་འབྱོར་ལ་སྙིང་རྗེ་སྐྱེ་རྒྱུ་ལས་གཞན་གང་ཡང་ལབ་རྒྱུ་བསྡད་མ་སོང་ད་ཡིན་ན།་་ལས་ཀ་བཟང་ངན་དབྱེ་འབྱེད་བྱེད་ཤེས་ཀྱི་འདུག་ལ་རང་ཉིད་ཀྱི་དགའ་མིན་དགའ་སྡུག་གི་གནས་ཚུལ་འདོད་ཕྱོགས་རྐྱང་པའི་ལམ་ཏུ་འགྲོ་ཡི་འདུག་གལ་སྲིད་ཤེས་བློ་ལྡན་པ་དང་མི་རིགས་ཀྱི་ལ་རྒྱ་ཡོད་མཁན་ཡིན་ན་སུ་ཡང་དགའ་བསུ་ཞུ་སྲིད་པའི་རང་བཞིན་རེད།་གང་ཡིན་ཟེར་ན་གཟེངས་རྟགས་འབུལ་ཡུལ་ནི་ང་ཚོའི་སྐྱབས་བཅོལ་བོད་མིའི་མང་གཙོ་ལམ་ནས་འོས་འདེམས་བྱས་པའི་དབུ་ཁྲིད་གཅིག་རེད།

    Reply
  14. བདེ་རྒྱལ། says:
    ལོ་ 13 སྔོན།

    ཕྱོགས་གཅིག་གི་བསམ་ཚུལ་འདི་འདྲ་འདུག ང་ཡང་འདི་གྲས་ཡིན།

    ༩༽ སྒྲོལ་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༠
    བོད་མི་མང་ལ་ལོ་སར་མ་གཏོང་གསུང་ཐུབ་ན། ལོ་སར་སྐབས་ལས་ཁུངས་ནས་བཞུགས་སྟེ་ཕྱག་ལས་མི་གནང་བར་ནང་མིའི་མཉམ་ལྷོད་འདུག་བྱ་ན་ཁ་ཙམ་མ་གཏོགས་མི་འདུག་གཱ། སྤྱི་འཐུས་ལྷན་ཚོགས་ལ་ལྟོས་དང་། ལོ་སར་ཚེས་གཅིག་ལའང་ཟས་བཅད་གནང་ཐུབ་ན།འ་བློན་ཁྲི་པ་ལས་ཁུངས་ནས་བཞུགས་མི་ཐུབ་པ་ཅི་ཞིག་ཡིན་ནམ། འདི་འདྲ་གནང་སྟངས་ཤིག་ག་བ་ཡོད་པ་རེད། སྣང་བ་མི་འགྲོ་ཡང་རང་རེད། དཀོན་མཆོག

    ༡༠༽ རྒྱལ་མོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༡
    བཞུགས་སྒར་རྡ་རམ་ས་ལ།
    བཞུགས་ནས་འཛིན་སྐྱོང་དགོས་ཀྱང་།
    བཞུགས་སྤྲོའི་ལོ་སར་མེད་ཙང་།
    བཞུགས་ནས་ཐུབ་ཐབས་མེད་དུས།
    བོད་ནང་ཛ་དྲག་སྐབས་སུ།
    བོད་དོན་གནད་ལ་ཐུག་ཀྱང་།
    བོད་ཀྱི་ལོ་སར་ཉིན་མོར།
    ཨ་རིར་གུང་གསེང་ཕེབས་སོང་།

    ༡༡༽ གངས་སྨྱུག་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༡
    བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་ཡག་གི་གནས་ཚུལ་འདི་ནི་དགའ་བོས་པ་དང་བོད་རིགས་ཡོངས་ལའང་ངོ་མཚར་གྱིས་གཏམ་བཟང་ཞིག་ཏུ་འཁུམ། འོན་ཀྱང་གང་ཟག་ཡན་ག་བ་ལའང་དགེ་བ་ལས་ལྡོག་སྟེ་སྐྱོན་དུ་རྩི་བ་ནི་གང་ཟག་སོ་སོའི་སྐྱོན་ཁོ་ན་ལས་བཀའ་ཁྲི་མཆོག་དང་བོད་མི་རིགས་ལ་སྐྱོན་དུ་ནམ་ཡང་མི་འཇུག ཁ་དཔེར། སངས་རྒྱས་སྒོ་ལ་ཕེབས་ནའང་དད་པ་མེད་མཁན་དང་། སེམས་ཅན་རྒྱུ་མ་ལུག་ནའང་སྙིང་རྗེ་མེད་མཁན་རང་རིགས་བོད་དུ་མང་པོ་ཡོད་པས་དེ་དག་རིགས་དེ་སྐྱོ་བའི་གནས། དེ་ལྟར་ཡིན་པས། སློབ་དཔོན་རིན་པོ་ཆེས། དུས་ནི་མ་འགྱུར་མི་རྣམས་འགྱུར་བ་ཡིན། ཞེས་པ་ཡང་འདི་ལྟའི་རིགས་ཅན་ལ་འཇུག་པ་དང་འདི་ལྟའི་རིགས་ཅན་གྱིས་མི་རིགས་ཉམས་རྒུན་ཕྱིན་པ་རེད་ཀྱང་ལབ་ཐུབ།

    ༡༢༽ སྒྲོལ་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༡
    ལྷོ་པ་ལུང་རིགས་ཀྱིས་གསུངས་བ་དེ་ག་རང་རེད།་བཀའ་ཁྲི་མཆོག་ཨ་རིར་ལོ་སར་གཏོང་གི་འགྲོ་ཡི་ཡོད་པ་རེད། ཤར་ཕྱོགས་ཁུག་རྟ་ལགས་ཀྱིས་འགོ་བརྗོད་དུ་དེ་ལྟར་བྲིས་ན་ཏག་ཏག་རེད།

    ༡༣༽ སྒྲོལ་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༥
    སྒེར་དགོངས་ལོ་སར་སྔོན་རེད།
    གུང་གསེང་ལོ་སར་སྐབས་རེད།
    སྡོམ་ན་ཉི་མ་མང་པོར།
    བཀའ་ཁྲིས་སྐྱིད་པོ་བཏང་ཤག
    ཁས་ལན་དམ་བཅའ་བརྗེད་ནས།
    གཞིས་ལུས་བོད་མི་བསྐྱུར་ནས།
    ལོ་སར་གུང་གསེང་རོལ་རྒྱུ།
    ཡིད་ལ་འཁོར་ཐབས་འདུག་གམ།
    ལྷ་དང་ཆོས་སྐྱོང་སྲུང་མས།
    དེ་དག་གཟིགས་ཀྱི་ཨེ་ཡོད།
    རྒྱལ་བ་དོན་གྱི་བདག་པོས།
    དེ་དག་གསན་གྱི་ཨེ་ཡོད།
    བརྩེ་བའི་བོད་པ་མི་མང།
    འདི་དག་མཐོང་གི་འདུག་གམ།

    ༡༤༽ རང་བཙན་གཙང་མས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༥༧
    བོད་ཀྱི་དུས་བབ་སྒང་ན་ལྟོད་མོ་འདུག

    གྲོས་ཚོགས་སོ་པས།

    ༢༠༡༢/༠༢/༡༥ ཉིན་འདོན་སྤེལ་བྱས། ད་དུང་དེ་ལས་ཀྱང་ཡ་མཚན་པ་ཞིག་ནི། གྲོས་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་བཀའ་ཤག་ལ་མཁྱེན་རྟོགས་ཆེད་སྙན་གསེང་ཞུས་སྐབས། བཀའ་ཤག་ནས་ལོ་སར་ཚེས ༡ ཉིན་ཟས་བཅད་ངོ་རྒོལ་གནང་བར་ལན་བསྐྱོན་པའི་ནང་། གང་བྲིས་བརྗོད་པར་བྱ་སྟེ། ༼ ལོ་སར་ཚེས་གཅིག་ཉིན་ཟས་བཅད་ངོ་རྒོལ་གནང་རྒྱུ་འཁོད་ཐད་དེ་ཉིན་བཀའ་བློན་རྣམ་པ་རྡ་སར་བཞུགས་མེད།༽ ཅེས་ལན་གནང་འདུག ལན་གནང་སྟངས་འདིའི་བཟོ་ལྟ་སུས་ཀྱང་གོ་མི་སྲིད་པ་མ་རེད། མདོ་དོན་བཀའ་བློན་རྣམས་བཞུགས་མེད། ཁྱེད་ཚོས་ག་རེ་གནང་ན་གནང་ཟེར་གྱི་ཡོད་བ་རེད་པཱ། ད་དུང་དོན་ཚན་གཞན་མང་པོ་འདུག གནས་སྟངས་འདི་མི་མང་གིས་མ་མཁྱེན་དུས་ད་དཔེ་བསགས་ཀྱི་རེད། དེ་བས་ད་ནས་མི་མང་གིས་སེམས་ནས་གྲ་སྒྲིག་ཅིག་བྱས་ན་ཡག་པོ་མེད་འགྲོ

    ༡༥༽ རང་བཙན་གཙང་མས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༥ སྐར་མ་ ༠༦
    གཟེངས་རྟགས་བཞེས་པས་དགའ་ཡང་།།
    གུང་གསེང་གཏོང་མཚམས་མ་རེད།།
    ཞོར་ནས་ལོ་སར་རོལ་ན།།
    མགོ་འདི་རྨོངས་ནས་འཐོམས་སོང་།།
    སྤྱང་པོ་ཞེ་དྲག་ཡིན་ཡང་།།
    ང་ཚོ་གླེན་པ་མིན་པས།།
    མགོ་བསྐོར་གཏོང་ཐབས་མེད་པ།།
    བཀའ་ཁྲི་མཆོག་ལ་ཞུ་རོགས།།

    རྡ་ས་ལྡི་ལིའི་བར་དུ།།
    གནམ་གྲུ་རྐྱང་རྐྱང་རེད་འདུག
    ཟམ་གདོང་བཀའ་དྲིན་ཅན་ལ།།
    འདི་འདྲ་བྱུང་མྱོང་མི་འདུག

    རྩེད་མཚར་ཡིན།

    ༡༦༽ རྒྱལ་མོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༥ སྐར་མ་ ༣༠
    ཧ་ལམ་བོད་མི་རྣམས་ཀྱིས།
    ཧ་གོ་དོན་རྟོགས་མེད་དུས།
    ཧ་ཅང་སྤྱང་གྲུང་ཆེ་ན།
    ཧ་ཧའི་གད་མོ་ཤོར་ཡོང་།

    རྡ་སར་ལྡི་ལིའི་བར་དུ།
    གནམ་གྲུར་ཕེབས་ན་ལོས།
    ཛ་དྲག་གནད་ལ་ཐུག་དུས།
    གུང་གསེང་ཕེབས་པར་སྐྱོ་བ།

    སྐུ་ངལ་སེལ་བའི་ཆེད་དུ།
    ཉིན་ཤས་གུང་གསེང་འཐུས་ཀྱང་།
    གྲོས་ཚོགས་ཟས་བཅད་ཉིན་མོར།
    ལོ་སར་གཏོང་ན་སྐྱོ་བ།

    ངས་ཀྱང་སྐུ་རྩེད་ཚུལ་དུ་ངོ་མ་ཞུས

    ༡༨༽ རང་བཙན་གཙང་མས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༨ སྐར་མ་ ༠༤
    གཞུང་སྒེར་བསྲེས་མ་འདི་རིགས་ཀྱིས་འཛིན་སྐྱོང་ནང་བསམ་ཚུལ་མང་པོ་ཡིང་གི་ཡོད་པ་རེད། གལ་སྲིད་སྒེར་གྱི་གུང་གསེང་ཡིན་ན་འགྲོ་སོང་རྒྱག་རང་ཁུར་རེད། གངས་སྐྱིད་ནས་ལས་བྱེད་ཅིག་གིས་མོ་ཌ་ཞིག་ཁྱེར་ནའང་རྙོག་དྲ་མང་པོ་ཡོང་གི་ཡོད་པ་རེད། བཀའ་ཁྲི་གནམ་གྲུ་ནས་གནམ་གྲུ་བརྒྱུད་དུས་སྒོར་ཁྲི་དང་འབུམ་གྱི་སྐད་ཆ་རེད། དེ་འདྲའི་རིགས་ཀྱིས་ཏག་ཏག་བསྡད་ཀྱི་ཡོད་པ་མ་རེད། གཉིས་ནས་ལོ་སར་སྐབས་ལས་ཁུངས་ཚུགས་དགོས་པ་ལས་ནམ་རྒྱུན་ལྟར་གུང་གསེང་བཏང་ས་ད་ལོར་བོད་ཁ་བ་ཅན་ལ་ཡོད་ས་མི་འགྲོ་བ་དེ་ག་རེ་བྱས་ནས་དགོངས་པ་མ་བཞེས་པ་རེད་དམ། དེ་དག་ཚང་མས་ཤེས་དགོས་པ་རེད། ད་དུང་མང་པོ་འདུག རྒྱ་ཆེའི་མི་མང་གིས་ཤེས་ན་དེས་འགྲིག་གི་ཡོད་པ་རེད། བཀའ་སྤྱི་ལྷན་ཚོགས་ནང་འདིའི་སྐོར་རྩོད་པ་ཡག་ཐག་ཆོད་རྒྱབ་འདུག

    ༡༩༽ མིག་བརྒྱད་པ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༨ སྐར་མ་ ༠༦
    སྒེར་སོ་སོ་ལ་བསམ་ཚུལ་མི་མཐུན་པ་མང་དྲགས་ནས་རྩ་བ་རུལ་མི་རུང་། རྩ་བ་གཅིག་ལ་ཡལ་ག་དུ་མ། མེ་ཏོག་གཅིག་ལ་འདབ་མ་སྟོང་ཡོད་དགོས་ན། རྡོག་རྩ་གཅིག་ཏུ་སྒྲིལ་ཞོག།

    ༢༠༽ ཨ་ཡོད་ནང་གི་ད་ཡོད་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༨ སྐར་མ་ ༥༣
    མིག་བརྒྱད་པས་བསམ་ཚུལ་ལ་རྒྱབ་སྐྱོར་ཡོད། སྐྱོན་དང་ཡོན་ཏན་གཉིས་བཤད་ཀྱིན་བཤད་ཀྱིན་སེལ་གྱིན་སེལ་གྱིན་འགྲོ་རྒྱུ་དེ་གལ་ཆེན་རེད། བསྟོད་པ་བཏང་ཆོག་ན། སྐྱོན་འདོན་མི་ཆོག་གང་ཡང་ཡོད་པ་མ་རེད། ང་ཚོ་དམར་ཤོག་ཚོགས་པ་མིན་དུས་ཚང་མས་གུ་ཡངས་པོས་བགྲོ་གླེང་གནང་རོགས། གསར་འགྱུར་འདི་འགོད་སྟངས་ཚ་བོ་རེད་འདུག
    ༢༥༽ ཨ་ར་དཀར་པོ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༡༡ སྐར་མ་ ༤༠
    མི་རྗེ་བཀའ་བློན་འཁྲི་བར།
    གཟེངས་རྟགས་ཕུལ་ནོ་བཟང་གི
    འབུལ་དོན་ཅི་ཡིན་གང་ཡིན།
    གསལ་ཁ་གང་ཡང་མེད་ཀི།

    ༣༠༽ ལྷ་སྲས་དར་མ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༡༣ སྐར་མ་ ༢༠
    ཛ་དྲག་བཀའ་སྤྱི་ཐེངས་གཉིས་འཛོམས་ཀྱང་དོན་གྱི་འབྲས་བུ་སྒོང་རྡོག་གཉིས།།
    བཀའ་སྤྱི་གཉིས་ཀས་སོ་སོར་ཁྱེར་བ་མིག་རྡོ་ཉིས་ཀས་མཐོང་སོང་བས།།

    བཀའ་སྤྱིའི་བར་གྱི་གླེང་མོལ་སྣ་ཚོགས་རིང་མ་ཐུང་གིས་སླེབས་སོང་བ།།
    བཀའ་ཁྲི་བདེ་བར་ནང་ལ་ཕེབས་སྐབས་སྙན་གྱིས་གསན་པ་མེད་ན་བསམས།།

    ཨ་རིའི་གཟེངས་རྟགས་ལེན་འཆར་ཡིན་ནམ་སྒེར་དགོངས་སྤྱི་དགོངས་གཏོང་ཆེད་ཡིན་ནམ།།
    མཉམ་དུ་སྡོམ་ན་བདུན་གཅིག་ཡོད་པ་ཤར་ཕྱོགས་ཁུག་རྟས་གྲངས་ལ་བཀུག་འདུག།

    ཚོར་བ་རྣོ་བའི་བུ་ལ་མཛའ་བ་གནད་དོན་བླངས་ནས་འཆད་རྒྱུ་ཡིན་རུང་།།
    བཀའ་ཁྲིའི་ལོ་སར་ནང་མི་མཉམ་འཛོམས་སྤྱི་འཐུས་གན་ཚོར་མེད་འདི་སྡུག་གཱ།

    བཀའ་སྤྱི་གཉིས་ཀ་ཆུང་ནས་འཐོར་ན་ཆེན་པོའི་ས་ལ་རེ་བ་མེད་ཀྱང་།།
    རྒྱུ་མཚན་མེད་པའི་གཟེངས་རྟགས་དེ་ཡིས་བཀའ་སྤྱིའི་དམ་འགལ་སེལ་གྱུར་ཅིག།

    བཀའ་ཁྲིའི་ལྷིང་འཇགས་རྒྱུན་དུ་དཀྲོགས་པའི་ཤར་ཕྱོགས་ཡུལ་གྱི་ཁུག་རྟས་ཀྱང་།།
    མཚམས་རེར་ཁྲིམས་ཀྱི་མཁས་པ་འདི་ལ་གུ་ཡངས་ཅུང་ཙམ་གནང་རོགས་མཛོད།།

    ༤༽ དམར་ཁ་ཚ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༣༣
    དེ་ག་རང་རེད། ངས་དུས་བབ་སྟེང་གསལ་འགྲེལ་བྱས་ཚར།

    དངོས་གནས་ཡ་མཚན་རེད། ༡༧ ནས་ ༢༠ བར་ཉིན་བཞི། ༢༢ ཉིན་སྟེ་ལོ་སར་ཚེས་གཅིག་ནས་༢༤ བར་ཉིན་གསུམ་བཅས་ཁྱོན་བསྡོམས་ཉིན་༧ ལ་སྐུ་ལྷོད་ལྷོད་ཀྱིས་བཞུགས་རྒྱུ་ཡིན་ས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་སར་ཚེས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་ཡང་། འཛིན་སྐྱོང་བཀའ་ཤག་ཚང་ནང་དུ་འཛུལ་ནས་སྐྱིད་པོ་བྱས་ན་ཁ་ལ་ཟོས་འདུག་རྒྱུ་ཡིན་པ་རེད། ཁ་སང་བཀའ་སྤྱི་འཛོམས་སྐབས་ཀྱང་འདིའི་ཐོག་ཐུགས་མཐུན་མ་བྱུང་བས་མི་རྣམས་ཡ་མཚན་པའང་དེ་ག་རང་རེད། དེས་རྐྱེན་སྤྱི་འཐུས་རྣམ་པ་ཚོས་བཀའ་ཁྲི་མཆོག་མཚན་སྙན་མོ་ཞིག་ཀྱང་གནང་འདུག དེ་ནི་ ༼ Mr I ༽རེད། བོད་བསྒྱུར་བྱས་ན་༼ སྐུ་ཞབས་ང ༽རེད། ད་འགྲིག་འདུག་སྐུ་ཞབས་ང་ལགས་གུང་གསེང་དུ་ཕེབས་རོགས། ཡ་མཚན་རེད།

    ༥༽ དམར་ཁ་ཚ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༣༨
    ཀ་དག་ཆོས་དབྱིངས་ཕྱོགས་ལྷུང་གདོན་གྱིས་གཟིར་བ་ལགས། རྩིས་རྒྱབ་ཡོད། ཞིབ་ཏུ་གཟིགས་རོགས། བསྟོད་པ་བྱེད་དགོས་ན་སྐྱོན་ཆ་དངོས་གནས་བཏོན་མ་ཆོག་གང་རེད་དམ། འོ་ན། སངས་རྒྱས་བློ་བཟང་སེང་གེ་གཞུང་འབྲེལ་ཕྱོགས་བསྐྱོད་དུ་ནམ་མཁའི་དབྱིངས་ནས་ཕེབས་རྒྱུ་རེད་ཟེར་དགོས་ཀྱི་རེད་དམ། དངོས་གནས་ཡ་མཚན་རེད། བསྟོད་པ་རྐྱང་རྐྱང་གིས་ཁུངས་འཁྱོལ་གྱི་རེད་དམ།

    སྤྱི་འཐུས་རྣམ་པ་ཚོས་ལོ་སར ༡ ལ་ཟས་བཅད་ངོ་རྒོལ་གནང་ན། བཀའ་ཁྲི་མཆོག་ཚེས ༣ བར་དུ་ནང་ནས་ལྷོད་ིལྷོད་བཞུགས་ན་ལས་རྒྱུ་འབྲས་འགྲོ་ཡི་རེད་དམ། སོ་སོས་ཁས་བླངས། དམ་བཅས། ལས་ཀ་བྱེད་ཀྱི་ཡིན་ཞེས་ཏེ་སླེབས་པ་མིན་ནམ། ཁྱེད་ཅག་གིས་དགོངས་པ་བཞེས་རོགས། གོ་སོང་ངམ། ང་བོད་མི་མང་ཆེད་དུ་ཤི་ཐུབ་ཀྱི་ཡོད།

    ༦༽ དམར་ཁ་ཚ་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༤༠
    ཤར་ཁུག་ལགས་ཀྱིས་ཐད་ཀར་བོད་མི་མང་ལ་བཟང་ངན་གཉིས་ངོ་སྤྲོད་གནང་བ་ངས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་ཀྱི་ཡིན། ག་རེ་ཧ་ལས་རྒྱུ་ཡོད་དམ། མུ་མཐུད་རང་ཚུགས་བཟུང་ནས་ཤོག་ལགས་ཤར་ཁུག་ལགས།

    ༧༽ ལྷོ་པ་ལུང་རིགས་ནས།
    སྤྱི་ལོ་ ༢༠༡༢ ཟླ་ ༢ ཚེས་ ༡༥ གི་ཆུ་ཚོད་ ༤ སྐར་མ་ ༤༨
    ཡར་བཤད་མར་བཤད་མང་པོ་དགོས་ཀྱི་མི་འདུག གསར་འགྱུར་གྱི་ཁ་བྱང་འདོགས་སྟངས་དེ་མ་འགྲིག་པ་འདྲ། ངས་ཁ་བྱང་ཞིག་འདོགས། ༼བཀའ་ཁྲི་མཆོག་ཨ་རིར་ལོ་གསར་གཏོང་དུ་འགྲོ་རྒྱུ་རེད༽ལབ་ན་གང་འདྲ་འདུག ཡང་ན། ༼བཀའ་ཁྲི་མཆོག་གིས་ལོ་གསར་ཨ་རི་ནས་གཏོང་རྒྱུ་རེད༽ལབ་ན་གང་འདྲ་འདུག གསར་འགྱུར་འདིའི་ནང་གི་གསར་འགྱུར་ལྟེ་བ་དེ་ལོ་གསར་གྱི་སྟེང་འདི་ན་ཡོད་པ་རེད།

    Reply
  15. ཨ་མདོ་བ། says:
    ལོ་ 13 སྔོན།

    ཨ་དགེ་ལགས་ཀྱིས་གསོང་བ་བདེན་པ་རེད། མི་འདི་ཚོའི་ཁ་གཏོང་ལས་གཞན་འཇོན་གི་མ་རེད། ངོ་མ་ཡིན་མི་འདི་ཚོའི་བོད་དོན་ཁ་ལ་ཁྱེར་ནས་དམིག་ཡུལ་གཞན་ཞིག་ཡོད་པ་འདྲ་སྐྱོ་པོ་རེད། བོད་པ་འདི་ཚོ་སྐྱོ་པོ་རེད།

    Reply
  16. བློ་བཟང་མདོ་སྔགས། says:
    ལོ་ 13 སྔོན།

    དྲ་གྲོགས་རྣམས་པ། སྐབས་འདིའི་གཟེངས་རྟགས་འདི་བཀའ་ཁྲིས་ཁོང་ལ་འདི་འདྲ་ཞིག་དགོས་ཞེས་ཁོང་ཚོར་བསྐུལ་མ་བྱས་རེད་དམ། ཡང་ན་གཟེངས་རྟགས་འབུལ་མཁན་ཚོས་ཁོང་ལ་འདི་འདྲ་ཞིག་འབུལ་དགོས་ཞེས་རེ་བསྐུལ་བྱས་པ་རེད། སྤྱིར་གཟེངས་རྟགས་རིགས་ཅི་ཞིག་ཡིན་རུང་། འབུལ་མཁན་དེས་འབུལ་དེར་འབུལ་རྒྱུ་གཏན་ཁེལ་བ་ནས་བཟུང་། དེ་ལ་དམིགས་ཡུལ་དང་དགོས་པ་རྒྱུ་མཚན་ཞིག་ཏན་ཏན་ཡོད་ངེས། གནས་ཚུལ་འདི་རིགས་ལ་ང་ཚོ་བོད་ཡིག་འབྲི་མཁན་བོད་སྐད་བཤད་མཁན་ཞིག་ཡིན་པའི་ཆ་ནས་རྗེས་སུ་ཡི་རངས་བྱས་ན་ཅིས་མི་ཆོག འོན་ཀྱང་། བཀའ་ཁྲི་མཆོག་གིས་གནས་སྟངས་འདི་འདྲ་ཛ་དྲག་ཅིག་གི་སྐབས་ཉིན་གསུམ་རིང་སྒེར་དོན་དུ་གུང་སེང་ཞུས་པ་འདི་ནི། ངོ་མ་ཡ་མཚན་པའི་གནས་ཚུལ་ཞིག་རེད། རྒྱལ་ཁབ་གཞན་དག་གི་སྲིད་འཛིན་དག་ལ་མཚོན་ན། ཉི་མ་གསུམ་ཕལ་ཟད་ཆུ་ཚོད་གསུམ་ལ་ཡང་འདི་འདྲའི་གནས་སྟངས་ཐད་གུང་སེང་ཞུ་མཁན་ཡོད་རབས་མ་ཐོས། གང་ལྟར་ཡ་མཚན་རེད།

    Reply
  17. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    རང་རེའི་བཀའ་ཁྲི་མཆོག་ལ་གཟེངས་རྟགས་དབུལ་མཁན་ཡོད་ན་དགའ་འོས་པ་ཞིག་ལས་ཁྲག་ཁ་ན་དགོས་དོན་ཡོད་པ་མ་མཐོང་། བཀའ་ཁྲི་མཆོག་ལ་གུང་སེང་ཉིན་གསུམ་ཙམ་གྱི་ཐོབ་ཐང་མེད་འདོད་ན་ཐལ་དྲགས་པར་འདོད། བོད་མིའི་རྩ་དོན་བཀའ་ཁྲི་གཅིག་པོའི་ལས་འགན་ཡིན་པ་འདྲ། རེད་རེད་ཁག་ཡོད་ནི་མ་རེད་ཕྱི་མི་ལ་སྤྲེལ་ལད་འཁྲབ་པ་དང་ཨ་གསར་ཆེ་བ། ནང་ན་མཁས་པ་དང་འཇོན་ཐང་ཅན་བྱུང་ཚེ་རྐང་བ་ནས་མར་འཐེན་པ་དེ་བོད་པ་ཚང་གི་གོམས་གཤིས་རེད།

    Reply
  18. ཀླུ་སྨྱོན། says:
    ལོ་ 13 སྔོན།

    ལས་དོན་མ་འགྲུབ་གོང་ལ་གཟེངས་རྟགས།
    ལས་ཀ་མ་ཚར་སྔོན་ལ་གུང་གསེང་།
    གཟེངས་རྟགས་རིང་ལུགས་བོད་ཀྱི་དབུ་ཁྲིད།
    ཁ་ཆེ་རྒྱལ་པོར་ན་བཟའ་བཟོ་མཁན།

    Reply
  19. བཙན་བྱོལ་བ་ says:
    ལོ་ 13 སྔོན།

    བཀའ་ཁྲི་ལགས། རང་གི་བཟའ་ཟླ་དང་ལྷན་དུ་ལོ་གསར་གྱི་གུང་གསེང་ལྷོད་ལྷོད་གཏང་རོགས་གནང་། ད་དུང་ཡང་ལོ་གསར་གྱི་མཚམས་འདྲི་ཡོད།

    Reply
  20. ཨ་རིག་དགེ་མཐོང་། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གསེར་གྱི་གཟེངས་རྟགས་ཤིག་ཐོབ་རྒྱུ་ཡིན་པ་ཐོས་པས་དགའ་ཡོད། བཀའ་ཁྲི་ལ་གསེར་རྟགས་ཀྱི་གཟེངས་རྟགས་ཐོབ་ན་བོད་ལ་དོན་གྱིས་ཐོབ་སོང་བ་རེད། གསེར་གྱི་གཟེངས་རྟགས་ཤིག་དོན་མེད་དུ་སྟེར་ནི་ཞིག་ཡོད་ནི་མ་རེད། དེའི་ཕྱིར་ཁྱེད་ཅག་གིས་བསམ་བློ་བཏང་ནས་སྐད་ཆ་བཤད་རྒྱུ་ལས་ཧོལ་བརྒྱུག་ལ་མ་སྔ། གཉིས། བཀའ་ཁྲིས་རྒྱལ་སྤྱིའི་འཁོར་སྐྱོད་ལ་རྗེས་སུ་ཡི་རངས་དང་དགའ་བས་སྒོམ་རྒྱུ་ལས་ཉིན་གསུམ་ལ་དཀའ་ངལ་ཞིག་གསོ་རྒྱུ་དེ་ལ་ཐ་སྙད་ཆེན་པོ་ཞིག་སྦྱར་ཏེ་རང་སེམས་བཙོན་དུ་བཅུགས་ནས་ཅི་བྱེད། ཐོག་མར་ཁོང་གི་མཛད་འཆར་ལ་ལྟོས། དེ་ནས་ཁས་རྒྱོབས།

    Reply
  21. མིག་གསུམ་པ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་གི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པར་སྨོན། དེ་དང་མཉམ་དུ་གཟེངས་རྟགས་ཤིག་ཕུལ་བ་དེ་ལ་སྙིང་ནས་རྟེན་འབྲེལ་ཞུ།

    Reply
  22. རིན་ཆེན་གྲགས་པ། says:
    ལོ་ 13 སྔོན།

    སྲིད་སྐྱོང་བ་མཆོག་ལ་གཟེངས་རྟགས་བྱིན་པ་ལ་དགའ་བསུ་ཞུ།བོད་མི་མང་སྤྱི་འཐུས་ཀྱི་སྐུ་ཟླ་རེ་ཟུང་རྒྱ་ནག་གི་ལག་ཁྱེར་ནས་བུད་སོང་བ་ནི་བློ་ཕམ་པ་ཞིག་མ་རེད།

    Reply
  23. སྐར་མདའ། says:
    ལོ་ 13 སྔོན།

    གྲུབ་འབྲས་གཅིག་ཀྱང་དེ་དང་འདི་ཞེས་སྟོན་རྒྱུ་མེད་མཁན་ཞིག་ལ་གཟེངས་རྟགས་སྤྲོད་པའི་འོས་བབ་མི་འདུག དེ་ནི་ཨོ་སྦ་མ་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་སྤྲད་པ་དང་འདྲ་བོ་ཆགས་པ་རེད། ཡིན་ན་ཡང་། དེར་ཐག་གཅོད་བྱས་ཚར་འདུག་པས་དེ་ཐད་ནས་ཅི་ཡང་མི་ཞུ། སྤྱིར་བཏང་བཀའ་ཤག་ནི་གསར་འགྱུར་གྱི་ཡོང་ཁུངས་ལྟ་བུ་ཆགས་དགོས་ཚོད་ཀྱང་། བཀའ་ཤག་རང་ངོས་ནས་བོད་ཀྱི་ཛ་དྲག་གི་གནས་སྟངས་ཕྱོགས་ནས་ཐད་ཀར་གསར་འགྱུར་གཅིག་ཀྱང་སྤེལ་མྱོང་མེད། ད་བར་བཀའ་ཤག་གིས་སྤེལ་བའི་གསར་འགྱུར་ཁག་ནི་གཞན་བརྒྱུད་ཀྱི་ལ་བཏུས་ལུང་བཏུས་རྐྱང་རྐྱང་ཡིན། བཀའ་ཤག་རང་ངོས་ནས་ཆེད་དུ་རྒྱུས་ལོན་བྱས་པའམ། ཡང་ན་དོན་དངོས་སུ་ཞིབ་འཇུག་བྱས་པ་ལས་བྱུང་བའི་བོད་ཀྱི་ཛ་དྲག་གི་དོན་དངོས་ཅི་ཡང་མེད། ཉེ་སྔོན་བཀའ་ཁྲི་བློ་སེང་གིས་ཡོ་རོབ་དང་། རྒྱ་གར་རྡོར་གདན་ནས་བསྒྲགས་པའི་བོད་ཀྱི་དཔའ་རྒོད་ཚོའི་མཚན་གྲངས་ལྟ་བུ་ནི་དཔེར་མཚོན་ཙམ་ཡིན།
    གོང་གི་དྲ་གྲོགས་གྲོས་ཚོགས་སོ་པས་བཤད་དོན་དེ་ལྟར། དོན་དངོས་སུ་བཀའ་ཤག་ནི་ལྷོད་ལྷོད་ཡིན་པའི་ཁར། བློ་སེང་གིས་ད་དུང་ཨ་རིའི་ནེའུ་ཡོག་ནས་སྒེར་གྱི་གུང་སེང་ལེན་དགོས་དོན་ཨེ་ཡོད་སྙམ། ལྷག་པར་དུ་ཛ་དྲག་གི་དུས་ཚོད་དེ་འདྲ་ཞིག་གི་སྐབས་སུ་་་་་་་

    Reply
  24. ཐོ་རེངས་སྐར་ཆེན། says:
    ལོ་ 13 སྔོན།

    ལོ་སར་ཉིན ༣ ལ་ནང་མི་དང་མཉམ་དུ་བོད་མི་མང་སྤྱི་འཐུས་རྣམ་པ་བཞུགས་འདོད་ཡོད་ཀྱི་རེད། དེ་ལྟར་མ་གནང་བས་བོད་ནང་གསན་ནའང་མཚན་ཤོས་ཡོང་གི་རེད། མང་པོ་བཤད་འདོད་མེད།

    Reply
  25. ཐོ་རེངས་སྐར་ཆེན། says:
    ལོ་ 13 སྔོན།

    བཀའ་སྤྱི་གཉིས་ཀྱི་ནང་གི་གནད་དོན་བོད་མི་མང་གིས་ཤེས་དགོས་པ་རེད། ད་ཐེངས་མཛད་རིམ་ནང་གཞུང་སྒེར་མཉམ་བསྲེས་བྱས་ཡོད་པ་དེས་འགྲིག་གི་མི་འདུག གཅིག་ད་ལྟ་གུང་གསེང་ལ་འགྲོ་དུས་མ་རེད། སྤྱི་འཐུས་ཀྱིས་ཟས་བཅད་ངོ་རྒོལ་གནང་དུས་བཀའ་ཤག་གིས་འཛིན་སྐྱོང་ཁྱབ་ཁོངས་གུང་གསེང་ཡིན་ན་དེ་ཡག་པོ་མ་རེད། ཉིན ༣ ལ་ལས་ཀ་ཐེ་བ་བྱས་ན་བོད་ལ་ཕན་གི་རེད་མ་གཏོགས་གནོད་ཀྱི་མ་རེད། ཡིན་ནའང་བཀའ་ཤག་གིས་སྤྱི་ལྷན་གྱི་རེ་འདུན་དེ་ལ་དགོངས་པ་མ་བཞེས་པ་དངོས་གནས་ཡ་མཚན་རེད། གཉིས་ནས། སྒེར་དགོངས་གུང་གསེང་ཡིན་འགྲོ་སོང་སོ་སོས་གཏོང་དགོས་མོད། བཀའ་ཁྲིས་གཞུང་སྒེར་མཉམ་བསྲེས་བྱས་པ་དེ་དབང་ཆ་བེད་སྤྱོད་ཀྱིས་ཁྱད་གསོད་བྱས་པ་ཞིག་རེད། དེ་འདྲའི་གནད་དོན་མང་པོའི་ཐད་ཐུགས་བསམ་མ་བཞེས་པ་འདི་དངོས་གནས་ཐབས་སྐྱོ་བོ་རེད། བཀའ་བློན་གཞན་འབྲོང་ཆུང་སོགས་ཀྱིས་དགོངས་པ་བཞེས་དགོས་ཀྱི་འདུག དོན་དག་ཆུང་ཚགས་ནས་ནད་གཞི་ཇེ་ཆེར་འགྲོ་བ་དེ་ཆོས་ཉིད་རེད། སྐུ་མཁྱེན་དཔལ་ལྡན་བཀའ་ཤག་ལགས།

    Reply
  26. gyurmey says:
    ལོ་ 13 སྔོན།

    སྲིད་སྐྱོང་བ་བློ་བཟང་སེང་གེ་ལགས་སུ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  27. ཤིང་ལོ། says:
    ལོ་ 13 སྔོན།

    སྤྱིར་བཟང་ན་གཟེངས་རྟགས་ཡོད་ཡོད་རེད།།
    འབུལ་བསམ་པ་རང་གི་ཁེ་ཕན་ཡིན།།
    སེང་མཁས་པ་ཡོངས་ལ་གྲགས་སོང་ན།།
    བོད་ཀླེན་པའི་མགོ་བོ་མཐོ་ཙམ་བྱོས།།

    Reply
  28. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་པ་དང་བདེ་ལེགས་འབྱུང་བའི་རེ་སྨོན་གཏན་དུ་ཞུའོ།།
    རྒྱ་དམར་དང་། དེའི་རྗེས་འབྲང་བ། ད་དུང་ཕྲག་དོག་གི་དུག་ཆུས་ཡིད་མྱོས་པ་དང་ཞེ་ནག་ཅན་འགའ་ཞིག་ནི་རང་རེའི་སྲིད་སྐྱོང་ལ་གཟེངས་རྟགས་འབུལ་བར་མ་དགའ་ནའང་སྡུག་གྱོང་རེད། ལོ་སྔོན་མར་གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་སྐབས་སུའང་ཁྱེད་ཅག་ཡིད་འཚིག་ནས་འབར་ལ་ཁད་བྱས་ཡོད་ངེས་སོ།།
    གཞན་གྱི་ཕུན་ཚོགས་མཐོང་ཚེ་མི་བཟོད་པའི།། 
    ཕྲག་དོག་དུག་ལྕེ་གཡོ་རྣམས་སྙིང་རྗེའི་ཡུལ།།

    Reply
  29. བསོད་ནམས་རྒྱ་མཚོ། says:
    ལོ་ 13 སྔོན།

    སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་བཀྲ་ཤིས་པ་དང་བདེ་ལེགས་འབྱུང་བའི་རེ་སྨོན་གཏན་དུ་ཞུའོ།།
    རྒྱ་དམར་དང་། དེའི་རྗེས་འབྲང་བ། ད་དུང་ཕྲག་དོག་གི་དུག་ཆུས་ཡིད་མྱོས་པ་དང་ཞེ་ནག་ཅན་འགའ་ཞིག་ནི་རང་རེའི་སྲིད་སྐྱོང་ལ་གཟེངས་རྟགས་འབུལ་བར་མ་དགའ་ནའང་སྡུག་གྱོང་རེད། ལོ་སྔོན་མར་གོང་ས་མཆོག་ལ་གསེར་གྱི་གཟེངས་རྟགས་འབུལ་སྐབས་སུའང་ཁྱེད་ཅག་ཡིད་འཚིག་ནས་འབར་ལ་ཁད་བྱས་ཡོད་ངེས་སོ།།
    གཞན་གྱི་ཕུན་ཚོགས་མཐོང་ཚེ་མི་བཟོད་པའི།། 
    ཕྲག་དོག་དུག་ལྕེ་གཡོ་རྣམས་སྙིང་རྗེའི་ཡུལ།།

    Reply
  30. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    ཚང་མས་བཤད་སྲོལ་ལ་ཨོ་བྷ་མར་ཞི་བདེ་གཟེངས་རྟགས་རེག་པར་དོན་སྙིང་མེད་སྐོར་རྒྱལ་སྤྱིའི་ཐོག་གླེང་གཞི་གང་འཚམས་བྱུང་བ་རེད། བཙན་བྱོལ་སྒྲིག་འཛུགས་འདིའི་བཀའ་ཁྲི་ལ་གཟེངས་རྟགས་རེག་པའང་མིང་ཙམ་ལས་དོན་སྙིང་ཅི་ཞིག་ཡོད། དེ་བོད་མི་ཚོས་མི་ཤེས་པ་ཅི་ཡོད། ཡིན་ནའང་རྒྱ་རྒན་ཚང་གི་ངོ་གདོང་ལ་བལྟས་ནས་གཟི་བརྗིད་ཅིག་ལ་བརྩི་འོས།

    Reply
  31. ཤར་ཕྱོགས་ཁུག་རྟ། says:
    ལོ་ 13 སྔོན།

    གཟེངས་རྟགས་བཞེས་རྒྱུ་དང་མཛད་འཆར་ད་དུང་མང་པོ་གནང་རོགས། དེ་ལ་རྒྱབ་སྐྱོར་ཡོད།
    ཡིན་ནའང་། སྒེར་དགོངས་བཏང་སྐབས་ད་ལྟ་མ་རེད་ལ། ལོ་སར་སྐབས་ལས་ཁུངས་བཙུགས་ནས་ལྷག་བསམ་རྣམ་དག་གིས་ལས་ཀ་བྱེད་དགོས་ཀྱང་། དེ་ལྟར་གནང་མེད་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལགས། བྱུང་ན་འཛིན་སྐྱོང་ཁྱབ་ཁོངས་ལ་ལོ་སར་སྐབས་ལས་ཁུངས་ཚུགས་པ་ཡིན་ན་ཉིན་གསུམ་གྱིས་ལས་ཀ་ལྷག་མ་གནང་ན་ཁྱོན་ནས་བོད་སྤྱི་དོན་གནོད་ཀི་མ་རེད། མདོ་ཁམས་ཡུལ་ནས་ལོ་སར་མ་ཚེས་སྔོན་དང་ལོ་སར་སྐབས་ག་རེ་གནང་མིན་ང་ཚོས་ངེས་པར་དུ་ཐུགས་ལ་ངེས་དགོས་པ་རེད།
    བཀུར་འོས་བཀའ་བློན་གཞན་རྣམས་ཀྱིས་ཀྱང་ཐུགས་ཉམས་འཇོག་རོགས་ཞུ་ཞུ།

    Reply
  32. ཚ་ཤོད་ཤེས་རབ། says:
    ལོ་ 13 སྔོན།

    གནད་འགག་འདི་འདྲ་ཞིག་གི་སྐབས་བཀའ་ཁྲིས་ཉིན་གསུམ་ལ་གུང་གསེང་ཞུས་པ་ནི་བློས་མི་བཟོད་པ་ཞིག་རེད། གཞུང་དོན་ཁ་གཡར་ནས་སྒེར་དོན་སྒྲུབ་པའི་བྱ་སྤྱོད་འདི་རིགས་་་་་་་་་་་་་་་་་་་

    Reply
  33. གཤིན་རྗེ་ནག་པོ། says:
    ལོ་ 13 སྔོན།

    ཆེ་བསྟོད་གྱི་གཟེངས་རྟགས་ནི་གཞན་ཅི་ཡང་མ་རེད། སྲིད་སྐྱོང་ལགས་ཀྱི་བྱས་རྗེས་གཞི་ནས་འཇོག་རྒྱུ་ཡིན་དུས་མི་སྒེར་ལ་འདི་ཐོབ་དོན་ཅང་བཤད་རྒྱུ་ཁག་པོ་རེད། དེས་ན་གཟེངས་རྟགས་ནི་བོད་དོན་ལ་རྒྱབ་སྐྱོར་གྱི་རྣམ་ཞིག་རེད་སྙམ།

    ཕྱོགས་གཅིག་ནས་གསར་འགོད་པའི་གསར་འགྱུར་འདི་ཡང་ཆ་མ་ཚང་བའི་སྣང་བ་ཞིག་སྟེར་བྱུང་། གང་ཞེ་ན་ཁོང་ཚོས་ཅི་ཕྱིར་གཟེངས་རྟགས་ཕུལ་བའི་སྐོར་ཡི་གེ་ན་གཅིག་མེད་པས་ཡིན།

    མཇུག་མཐར། སྲིད་སྐྱོང་ལགས་དང་པོར་བཞེངས་དུས་དམ་བཅས་པའི་སྲིད་ཇུས། ཆིག་སྒྲིལ་དང་། གསར་བཏོད། རང་མགོ་རང་ཐོན་དག་ལ་རང་ཚུགས་ཐུབ་པའི་སྒོ་ནས་འབད་པ་དང་། མ་མཐར་ཕོ་རབ་ཚིག་ཐོག་ནས་འདུག་པའི་རེ་སྨོན་ཡོད།།

    Reply
  34. རིག་པའི་རལ་གྲི says:
    ལོ་ 13 སྔོན།

    སྔ་རྗེས་བར་གསུམ། མགོ་གཞུག་བར་གསུམ། ཕྱི་ནང་བར་གསུམ་གྱི་བོད་མི་རིགས་ཀྱི་གནས་ཚུལ་ལ་ཞིབ་ཏུ་བསམ་གཞིག་ཅིག་བྱས་ན། འཐེན་མི་ཐུབ་པའི་དབུག་རིང་ཞིག་དང་། རྒྱུན་མི་ཆད་པའི་མིག་ཆུའི་འཕྲེང་བ་འབབ་བཞིན། སྐྲན་ནད་ཕོག་པའི་ཡུན་རིང་གི་ནད་པ་དང་གཉིས་སུ་མེད་པར་གྱུར་ཀྱང་། གཞོན་སྐྱེས་གནའ་དེང་གི་ཤེས་ཡོན་གྱིས་ཕྱུག་ཅིང་། སྙིང་སྟོབ་ཀྱིས་ཁེངས་ཤིང་། ད་དུང་གང་བྱས་དང་ཅི་བྱས་འགྲུབ་པའི་སྔོན་གྱི་སྨོན་ལམ་དང་བསོད་ནམས་ཀྱིས་རྒྱན་པའི་བཀའ་ཁྲི་བློ་བཟང་སེང་གེས། ང་ཅག་གཞོན་སྐྱེས་ལ་རེ་བ་ཞིག་དང་། འཛུམ་མདངས་ཞིག་དང་། ད་དུང་ལག་ཟུང་སྦྲེལ་བའི་སྟོབས་ཤུགས་ཞིག་སྤྲད་བཞིན་པ་འདིས་་་་་་་་་་་་་་་་་་་་་འོན་ཀྱང་རྒྱུ་མཚན་གང་ལ་བརྟེན་ནས་ཁོང་ལ་རྟགས་མ་འདི་སྤྲད་ཀྱིན་ཡོད་རེད

    Reply
  35. ཆུ་ཐིགས་སྔོན་མོ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ཨ་རིར་གུང་སང་ཕེབས་པར་དགའ་བསུ་ཡོད་་་་་ང་ཚོས་ཀྱང་འདི་ནས་ལོ་སར་སྐབས་གུང་སང་ཞིག་དང་ཡང་ན་ཁ་ལག་ཞིམ་པོ་ཞིག་ཟ་རྒྱུ་རེག་ན་ཅི་མ་རུང་་་་ཅིག་བྱས་ན་ང་ཚོས་ཟས་བཅད་ངོ་རྒོལ་བྱ་དགོས་པ་རེད་་་་

    Reply
  36. འབྲོག་པ་རྣལ་མ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གཟིང་རྟགས་ཕུལ་བ་དེ་བོད་རིགས་སྐྱེ་བོ་གནམ་བསྟན་ཡོངས་ཀྱི་དགའ་འོས་ཅིག་རེད། ང་ནི་ཤིན་ཏུ། ང་ནི་ཤིན་ཏུ་སྤྲོ།

    Reply
  37. ཁམས་པ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་བ་དེ་ནི་ང་ཚོར་རྒྱབ་སྐྱོར་གྱི་རྣམ་པ་མཚོན་པ་རེད། དེ་ལ་དགའ་བསུ་ཞུ།

    Reply
  38. གྲོས་ཚོགས་སོ་པས། says:
    ལོ་ 13 སྔོན།

    ད་དུང་དེ་ལས་ཀྱང་ཡ་མཚན་པ་ཞིག་ནི། གྲོས་ཚོགས་ནས་ལས་འགུལ་སྤེལ་ཕྱོགས་བཀའ་ཤག་ལ་མཁྱེན་རྟོགས་ཆེད་སྙན་གསེང་ཞུས་སྐབས། བཀའ་ཤག་ནས་ལོ་སར་ཚེས ༡ ཉིན་ཟས་བཅད་ངོ་རྒོལ་གནང་བར་ལན་བསྐྱོན་པའི་ནང་། གང་བྲིས་བརྗོད་པར་བྱ་སྟེ། ༼ ལོ་སར་ཚེས་གཅིག་ཉིན་ཟས་བཅད་ངོ་རྒོལ་གནང་རྒྱུ་འཁོད་ཐད་དེ་ཉིན་བཀའ་བློན་རྣམ་པ་རྡ་སར་བཞུགས་མེད།༽ ཅེས་ལན་གནང་འདུག ལན་གནང་སྟངས་འདིའི་བཟོ་ལྟ་སུས་ཀྱང་གོ་མི་སྲིད་པ་མ་རེད། མདོ་དོན་བཀའ་བློན་རྣམས་བཞུགས་མེད། ཁྱེད་ཚོས་ག་རེ་གནང་ན་གནང་ཟེར་གྱི་ཡོད་བ་རེད་པཱ། ད་དུང་དོན་ཚན་གཞན་མང་པོ་འདུག གནས་སྟངས་འདི་མི་མང་གིས་མ་མཁྱེན་དུས་ད་དཔེ་བསགས་ཀྱི་རེད། དེ་བས་ད་ནས་མི་མང་གིས་སེམས་ནས་གྲ་སྒྲིག་ཅིག་བྱས་ན་ཡག་པོ་མེད་འགྲོ

    Reply
  39. གངས་སྨྱུག says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གཟེངས་རྟགས་འབུལ་ཡག་གི་གནས་ཚུལ་འདི་ནི་དགའ་བོས་པ་དང་བོད་རིགས་ཡོངས་ལའང་ངོ་མཚར་གྱིས་གཏམ་བཟང་ཞིག་ཏུ་འཁུམ། འོན་ཀྱང་གང་ཟག་ཡན་ག་བ་ལའང་དགེ་བ་ལས་ལྡོག་སྟེ་སྐྱོན་དུ་རྩི་བ་ནི་གང་ཟག་སོ་སོའི་སྐྱོན་ཁོ་ན་ལས་བཀའ་ཁྲི་མཆོག་དང་བོད་མི་རིགས་ལ་སྐྱོན་དུ་ནམ་ཡང་མི་འཇུག ཁ་དཔེར། སངས་རྒྱས་སྒོ་ལ་ཕེབས་ནའང་དད་པ་མེད་མཁན་དང་། སེམས་ཅན་རྒྱུ་མ་ལུག་ནའང་སྙིང་རྗེ་མེད་མཁན་རང་རིགས་བོད་དུ་མང་པོ་ཡོད་པས་དེ་དག་རིགས་དེ་སྐྱོ་བའི་གནས། དེ་ལྟར་ཡིན་པས། སློབ་དཔོན་རིན་པོ་ཆེས། དུས་ནི་མ་འགྱུར་མི་རྣམས་འགྱུར་བ་ཡིན། ཞེས་པ་ཡང་འདི་ལྟའི་རིགས་ཅན་ལ་འཇུག་པ་དང་འདི་ལྟའི་རིགས་ཅན་གྱིས་མི་རིགས་ཉམས་རྒུན་ཕྱིན་པ་རེད་ཀྱང་ལབ་ཐུབ།

    Reply
  40. དམར་ཁ་ཚ། says:
    ལོ་ 13 སྔོན།

    དངོས་གནས་ཡ་མཚན་རེད། ༡༧ ནས་ ༢༠ བར་ཉིན་བཞི། ༢༢ ཉིན་སྟེ་ལོ་སར་ཚེས་གཅིག་ནས་༢༤ བར་ཉིན་གསུམ་བཅས་ཁྱོན་བསྡོམས་ཉིན་༧ ལ་སྐུ་ལྷོད་ལྷོད་ཀྱིས་བཞུགས་རྒྱུ་ཡིན་ས་རེད། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ལོ་སར་ཚེས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་རྒྱུ་ཡིན་ཡང་། འཛིན་སྐྱོང་བཀའ་ཤག་ཚང་ནང་དུ་འཛུལ་ནས་སྐྱིད་པོ་བྱས་ན་ཁ་ལ་ཟོས་འདུག་རྒྱུ་ཡིན་པ་རེད། ཁ་སང་བཀའ་སྤྱི་འཛོམས་སྐབས་ཀྱང་འདིའི་ཐོག་ཐུགས་མཐུན་མ་བྱུང་བས་མི་རྣམས་ཡ་མཚན་པའང་དེ་ག་རང་རེད། དེས་རྐྱེན་སྤྱི་འཐུས་རྣམ་པ་ཚོས་བཀའ་ཁྲི་མཆོག་མཚན་སྙན་མོ་ཞིག་ཀྱང་གནང་འདུག དེ་ནི་ ༼ Mr I ༽རེད། བོད་བསྒྱུར་བྱས་ན་༼ སྐུ་ཞབས་ང ༽རེད། ད་འགྲིག་འདུག་སྐུ་ཞབས་ང་ལགས་གུང་གསེང་དུ་ཕེབས་རོགས། ཡ་མཚན་རེད།

    Reply
  41. སྲོང་བཙན་སྒམ་པོ། says:
    ལོ་ 13 སྔོན།

    གཟེངས་རྟགས་འདི་བཙན་བྱོལ་བོད་གཞུང་གིས་དངུལ་གྱིས་ཉོས་པ་མིན་འགྲོ

    Reply
  42. སྲོང་བཙན་སྒམ་པོ། says:
    ལོ་ 13 སྔོན།

    གཟེངས་རྟགས་གནང་དགོས་པའི་མཛད་རྗེས་ཤིག་ད་དུང་བཞག་མེད་པཱ། ནག་ཁུངས་ནང་དུ་བཞག་ཡོད་ན་མ་གཏོགས། སྤྱིར་བཏང་གཟེངས་རྟགས་འབུལ་མཁན་འདི་རིགས་ལ་རྒྱུ་མཚན་ཞིག་དགོས་ཀྱི་མེད་པ་དེས་ཀྱང་དགོད་བྲོ་བ་ཞིག་རེད་མོད། དེའི་ཕྱོགས་ལ་ཇུས་གཏོགས་གེ་མེད།
    གཙོ་ཆེ་ཤོས་དེ། དེང་སང་ཛ་དྲག་གི་སྐབས་འདིར་ལས་རྒྱུ་མེད་ཀྱང་ལས་ཁུངས་ནས་བསམ་བློ་རེ་བཏང་ནས་འདུག་དགོས་མོད་ཀྱང་། བཀའ་ཁྲི་འདི་སྐབས་འདིར་གུང་གསེང་ལ་ཕེབས་རྒྱུ་ཡིན་ཟེར་ན་དེ་ཡ་མཚན་པ་ཞིག་མ་རེད་དམ།

    Reply
  43. ཐོ་རེངས། says:
    ལོ་ 13 སྔོན།

    བཟང་པོའི་མཛད་རྗེས་མེད་པས་གཟེངས་རྟགས་ཞིག །
    འབུལ་མཁན་ཡོད་ཀྱང་ལེན་མཁན་ངོ་ཚའི་གནས། །

    Reply
  44. ལི་ཐང་གི་ལུག་རྫི། says:
    ལོ་ 13 སྔོན།

    སྐུ་ཉིད་ལ་གསེར་གྱི་རྟགས་མ་འབུལ་རྒྱུ་དེ་ནི་བོད་སྤྱི་བའི་གཟི་རྗིད་དང་ཆེ་མཐོང་རེད།
    ཡིན་ན་ཡང་སྐུ་ཉིད་གསུམ་གྱི་རིང་གུང་གསེང་ལ་བཞུགས་ཡ་དེ་དུས་ཚོད་འདི་ལ་ལྟོས་ན་ཧ་ཅང་མི་འོས་པ་ཞིག་རེད།

    Reply
  45. ཧོར་བུ་ཡེ་ཤེས says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གཟེང་སྟོད་ཡོད་པ་དེ་ནི་བོད་རིགས་ལ་གནང་བའི་གཟེང་སྟོད་ཅིག་ཡིན་པའི་སྙིང་ཐག་པ་ནས་དགའ་བསུ་དང་བཀྲ་ཤིས་བདེ་ལེགས་གྲངས་མེད་ཡོད།
    གུས་པའི་རེ་བ་ཞིག་ལ་ཁྱེད་རང་དགོངས་ལོ་ཆུང་ཆུང་ཡིན་པའི་དགོངས་གསེང་བཞུགས་པ་ལས་མུ་འཐུད་ནས་བོད་མི་རིགས་ཀྱི་སྡུག་བསྔལ་དེ་འཛམ་གླིང་མི་མང་ལ་ཞུ་རྒྱུ་དང་ལྷག་པར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་གཙོ་རྣ་བ་ཚར་བཅུགས་དགོས་པ་དེ་ནི་ཧ་ཆང་གི་གལ་ཆེ།སྤྱིར་སྡུག་བསྔལ་གྱི་ཕུང་པོ་དེ་ལ་དགོངས་གསེང་ཅུང་ཙམ་རེ་དགོས་པ་གལ་ཆེ་ཡང་ད་ལྟ་བོད་དུ་ཛ་དྲག་ཧ་ཅང་ཆེ་བའི་དེ་ལུགས་དགོངས་བཞེས་གནང་རོགས་ཞུ་རྒྱུ།

    Reply
  46. སྐར་ཁྲི་བཙན། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་ཁོང་གི་མཛད་འཕྲིན་ལེགས་འགྲུབ་ཡོང་བར་སྨོན།

    Reply
  47. སངྒེ ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ལ་གཟེང་བསྟོད་འབུལ་འཆར་ལ་བཀྲ་ཤིས་བདེ་ལེགས་ཞུ། གཞན་བཀའ་ཁྲི་ལགས་ཉིན་གསུམ་རིང་སྒེར་གྱི་གུང་གསེང་ལ་བཞུགས་རྒྱུ་ཟེར་བ་འདི་ངོ་མ་རྫབ་ཆེན་རེད། གཅིག་བོད་ནང་གི་ཉི་མ་རེ་རེའི་ཛ་དྲག་གི་གནས་ཚུལ་སོམས་དང་། གཉིས་ཁྲི་ཟུར་ཟམ་གདོང་བླ་མ་འདི་ལྟར་ཛ་གྲག་གི་དུས་སུ་ལྷོད་བཞུགས་གནང་རབས་གོ་མ་མྱོང་།

    Reply
  48. བསྟན་འཇམ། says:
    ལོ་ 13 སྔོན།

    བཀའ་ཁྲི་མཆོག་ཨ་རི་ནས་གུང་གསེང་ཉིན་གསུམ་ལ་བཞུགས་ན་རང་བསྲེགས་ཀྱི་གྲངས་ཀ་སུམ་ཅུ་ལ་སླེབས་ས་རེད །

    Reply
  49. སྦྲ་དཔལ་ལྡན། says:
    ལོ་ 13 སྔོན།

    བཀའ་ཁྲི་བློ་བཟང་སེང་གེ་མཆོག་ལ་འཚམས་འདྲི་བཀྲ་ཤིས་བདེ་ལེགས་ཞུ་དང་ཆབས་ཅིག་ཕྱོགས་ཡོངས་ནས་ལམ་ལྷོང་ཡོང་བའི་བཀྲ་ཤིས་སྨོན་འདུན་གྲངས་མེད་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese