མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙོན་པ་༣༠༠ལྷག་མེ་སྐྱོན་འོག་ཤི་བ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་ཧོན་ཌུ་རཱ་སིའི་བཙོན་ཁང་ཞིག་ལ་མེ་ཤོར་ཏེ་བཙོན་པ་ ༣༠༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་ལཱ་ཊན་ཨ་མི་རི་ཀ་གླིང་གི་ཧོན་ཌུ་རཱ་སི་(Honduras)སྤྱི་མཐུན་རྒྱལ་ཁབ་གྱི་གྲོང་ཁྱེར་ཀཱོ་མཱ་ཡཱ་གྷུའ་(Comayagua) ནང་གི་བཙོན་ཁང་ཞིག་མེ་ཤོར་ཏེ། བཙོན་པ་ ༣༠༠ ལྷག་རྐྱེན་ལམ་དུ་ཕྱིན་ཡོད་པ་མ་ཟད། བཙོན་པ་ ༣༥༦ ཙམ་བོར་བརླགས་དང་། བཙོན་པ་ ༢༡ ཙམ་ལ་རྨས་སྐྱོན་ཕོག་ཡོད་ལ།  བཙོན་པ་ ༤༧༥ ཙམ་བསྐྱབས་ཐུབ་པ་བྱུང་ཡོད་ཀྱང་། ད་ཆར་སྲོག་རྐྱེན་བྱུང་པའི་གྲངས་ཚད་ཁ་གསལ་བྱེད་ཐུབ་མེད་པའི་ཁར། མེར་སྲེག་ཐེབས་ཏེ་ངོས་འཛིན་མི་ཐུབ་པའི་རིགས་ལ་(DNA)བརྟག་དཔྱད་བརྒྱུད་ཤེས་རྟོག་བྱ་འཆར་ཡོད་འདུག

 ཉིན་དེའི་མེ་སྐྱོན་ཐད་ཀཱོ་མཱ་ཡཱ་གྷུའ་གྲོང་ཁྱེར་མེ་གསོད་རུ་ཁག་གི་མགྲིན་ཚབ་པ་ཇོ་སུའེ་(Josue Garcia) ཡིས་བརྗོད་པ་ལྟར་ན། ཁོང་ཚོས་མཐོང་ས་ནས་བཙོན་པ་ ༡༠༠ ལྷག་བཙོན་ཁང་གི་ནང་ན་ཀུ་ཅོ་འདོན་པ་དང་སྲོག་ཐར་ཐབས་བྱེད་ཀྱིན་པ་མཐོང་བཞིན་དུ་སྲོག་སྐྱོབ་ཐུབ་མེད་པ་དང་། སྲོག་སྐྱོབ་མ་ཐུབ་པའི་རྒྱུ་མཚན་ནི། ཁོང་ཚོར་བཙོན་ཁང་གི་སྒོ་འབྱེད་བྱེད་ལྡེའུ་མིག་མེད་པ་དང་། ལྡེའུ་མིག་ཡོད་མཁན་གྱི་བཙོན་སྲུང་པ་གང་དུ་ཡོད་མེད་ལག་སོན་མ་བྱུང་སྟབས་བཙོན་ཁང་ཁག་ཅིག་གི་ནང་དུ་ཡོད་པའི་བཙོན་པ་ཡོངས་རྫོགས་མེ་སྲེག་དང་དབུགས་འཚུབ་ཐེབས་ཏེ་གྲོངས་ཡོད་འདུག

བཙོན་ཁང་གི་མེ་སྐྱོན་འབྱུང་རྐྱེན་ཐད་འབྲེལ་ཡོད་བཙོན་ཁང་གི་ལས་བྱེད་དག་གིས་བརྗོད་པ་ལྟར་ན། ཕྱི་ཚེས་ ༡༤ དགོང་མོ་བཙོན་པ་ཞིག་གིས་རང་གི་ཉལ་གདན་མེར་བསྲེགས་བཏང་པར་རྐྱེན་བྱས་ཏེ་མེ་སྐྱོན་ཚབ་ཆེན་འདི་བྱུང་ཡོད་སྐོར་བཤད་ཡོད་ཀྱང་། ད་སྔ་མེ་སྐྱོན་གྱི་འབྱུང་རྐྱེན་ཁ་གསལ་བཟོ་ཐུབ་མི་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

མཆོད་རྟེན་བྱ་རུང་ཁ་ཤོར། པར་ KLOOK
Mobile App

རྒྱ་ནག་གཞུང་ཚབ་པས་བོད་རིག་པའི་ཚོགས་འདུ་ལ་ཚོད་འཛིན་དགོས་ལུགས་བཤད།

ཆུ་ཚོད་ ༦ སྔོན་ལ།
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

ཆུ་ཚོད་ ༨ སྔོན་ལ།
བསམ་ཚུལ།

བོད་པའི་འཐབ་རྩོད་ཀྱི་མ་རྩ།

ཆུ་ཚོད་ ༩ སྔོན་ལ།
Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

༢༠༢༦/༠༧/༢༢
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

༢༠༢༦/༠༧/༢༢
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡

མཆན། 5

  1. སངྒེ ། says:
    ལོ་ 14 སྔོན།

    ཤི་བོ་ཚོ་གང་ལྟར་ད་ནས་ཡོངས་སུ་ཚར་བ་རེད། དེ་དག་ལ་རེ་སྒུགས་བྱས་ཡོད་པའི་ནང་མི་དེ་དག་སྙིང་རྗེ། ད་དུང་བཙོན་སྲུང
    ་་བ་དེ་ཚོར་ཡང་ཅི་བྱེད་གང་ཆ། ཨོཾ་མ་ཎི་པདྨེ་ཧཱུཾ|།

    Reply
  2. ཤིང་ལོ། says:
    ལོ་ 14 སྔོན།

    དེ་རིང་ནས་བཟུང་བཙོན་གྲོལ་ཐོབ་སོང་བ་རེད། འོན་ཀྱང་ཨ་ཁུ་ཆོས་རྒྱལ་གྱིས་ཡང་བསྐྱར་འཛིན་ན་ཐང་། ཤི་བོ་ཚོར་མྱ་ངན་ལོས་བྱེད། གསོན་པོ་ཚོར་མཚམས་འདྲི་ཡོད།

    Reply
  3. མི་ཞུན། says:
    ལོ་ 14 སྔོན།

    བྱང་ཆུབ་སེམས་མཆོག་རིན་པོ་ཆེ།། མ་སྐྱེས་པ་རྣམས་སྐྱེས་གྱུར་ཅིག། སྐྱེས་པ་ཉམས་པ་མེད་པ་དང་།། གོང་ནས་གོང་དུ་འཕེལ་བར་ཤོག།

    Reply
  4. སྦྲ་དཔལ་ལྡན། says:
    ལོ་ 14 སྔོན།

    བསྔོ་བ་སྨོན་ལམ་རེ་བྱས་ན་བཟང་གི་མ་གཏོགས། ནམ་ཉི་མ་ཞིག་ལ་སོ་སོར་ཡང་འགྲོ་དགོས་ནི་རེད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཨ་ཁ་ཁ། ལས་ངན་བཙོན་པ་དང་བཙོན་སྲུང་ཚོར་སྙིང་གཅེས། ཨོམ་མ་ཎི་པད་མེ་ཧཱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese