མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་སྲས་བྱང་ཆུབ་སེམས་དཔར་ངོས་འཛིན་ཞུ་རྒྱུ་ཡིན།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་སུད་སིའི་ཛཱོ་རིག་གྲོང་ཁྱེར་དུ་བོད་མི་བཞི་བརྒྱ་ལྷག་གིས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་སྤེལ་ཏེ། བོད་ནང་སྐུ་ལུས་མེར་བསྲེགས་གཏོང་མཁན་དག་ནི་ཆབ་སྲིད་ཀྱི་ཐད་ནས་བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང༌། ཆོས་ལུགས་ཀྱི་ཐད་ནས་རང་སྲོག་གཞན་དོན་ཕུལ་བའི་རྒྱལ་སྲས་བྱང་ཆུབ་སེམས་དཔར་ངོས་འཛིན་ཞུ་རྒྱུ་ཡིན་ཟེར།



ཁ་སང་བོད་ལྕགས་འབྲུག་ལོའི་ལོ་གསར་ཚེས་གཅིག་ཉིན་ཡུ་རོབ་སུད་སིར་བརྟན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག གྲོང་འཁྱེར་ཛཱོ་རིག་ནང་དུ་ལོ་སྔ་ཕྱིར་རྒྱ་གཞུང་གིས་བོད་མིའི་ཐོག་དྲག་གནོན་བྱེད་ཀྱིན་པར་ངོ་རྒོལ་དང༌། བོད་མི་ཚོས་བདེན་དོན་གྱི་ཆེད་དུ་གཅིག་རྗེས་གཉིས་བསྟུད་དུ་རང་ལུས་མེར་བསྲེགས་གཏོང་གི་ཡོད་པར་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་སྤེལ་ཡོད་འདུག ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་དེའི་སྟེང༌། རི་ཀོང་དགོན་པའི་མཁན་རིན་པོ་ཆེ་མཆོག་དང་སུད་སི་བོད་རིགས་ཚོགས་པའི་ཚོགས་གཞོན་གཞིས་རྩེ་ཚང་བློ་བཟང་ལགས། ཡུ་རོབ་གཞོན་ནུ་ཚོགས་པའི་ཚོགས་གཙོ་སོགས་ཀྱིས་གཙོས་བའི་བོད་མི་དང་བོད་དོན་རྒྱབ་སྐྱོར་པ་བཅས་མི་གྲངས་ ༤༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག



ལས་འགུལ་ཐོག་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་ལས་འགུལ་ངོ་སྤྲོད་དང་འབྲེལ་ཏེ། དེ་རིང་ནི་བོད་པའི་ལོ་སར་ཡིན། སྤྱིར་ཡིན་ན་ལོ་སར་ཚེས་པ་གཅིག་ཉིན་ནི་བོད་པ་ཚང་མས་དགའ་དགའ་སྤྲོ་སྤྲོ་བྱས་ཏེ། ཁྱིོམ་མི་ལྷན་འཛོམས་བྱེད་པའི་དུས་ཚོད་ཅིག་ཡིན་མོད། བོད་ཀྱི་ད་ལྟའི་གནས་སྟངས་ལ་བལྟས་ན་ཕལ་ཆེར་འདས་པའི་མི་ལོ་གཅིག་ཙམ་གྱི་རིང་ལ། བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་ལུས་སྲོག་ལོངས་སྤྱོད་བློས་གཏོང་གིས་སྐུ་ལུས་མཆོད་མེར་ཕུལ་མཁན་ ༢༣ ཙམ་བྱུང་ཡོད་པ་དང༌། རྒྱ་དམར་གྱི་དམ་དྲག་གི་སྲིད་བྱུས་འོག་བོད་མི་མང་པོ་དམར་གསོད་དང་བཙོན་འཇུག་ཁྲིམས་ཆད་སོགས་མི་སྤྱོད་ལས་འདས་པའི་བྱ་སྤྱོད་ལག་བསྟར་བྱེད་ཀྱིན་པའི་སྐབས་འདིར། བོད་མི་སུ་ཡིན་ཡང་དགའ་སྤྲོའི་ཉིན་མོ་སྐྱེལ་ཐབས་མེད་པའི་གནས་སུ་གྱུར་ཡོད་ཅེས་བསྟན་འདུག



ཁོང་གིས་མུ་མཐུད་དུ། “ དེ་རིང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཁོང་ཅག་གི་བློས་གཏོང་སྙིང་སྟོབས་ལ་གདུང་སེམས་མཉམ་སྐྱེད་དང༌། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་རྒྱལ་སྤྱིར་བསྒྲགས་ཐབས་སུ་ལས་འགུལ་འདི་གོ་སྒྲིག་ཞུས་པ་ཡིན། ངེད་བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ཀྱི་ངོས་ནས། བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མཆོད་འབུལ་གནང་ཟིན་པ་ཁོང་ཅག་ནི། ཆབ་སྲིད་ཀྱི་ཐོག་ནས་བླ་ན་མེད་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་དང༌། ཆོས་ལུགས་ཀྱི་ཐོག་ནས་རང་ཉིད་ཀྱི་གཅེས་སྲོག་གཞན་དོན་དང་མ་འོངས་པའི་བདེ་རྩའི་ཆེད་དུ་འབུལ་མཁན་གྱི་རྒྱལ་སྲས་བྱང་ཆུབ་སེམས་དཔར་ངོས་འཛིན་ཞུ་རྒྱུ་ཡིན་ལ། ཁོང་རྣམ་པའི་ཞལ་ཆེམས་དང་བོད་ནང་རྒྱ་གཞུང་གི་གདུག་རྩུབ་མནར་གཅོད་མྱོང་བཞིན་པའི་ཡོད་མི་ཡོད་དོ་ཅོག་གི་དམིགས་དོན་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་བྱ་ཆེད། བོད་ནས་མེ་འབར་ཐུབ་ན་བཙན་བྱོལ་ནས་དུ་བ་འཕྱུར་ཐུབ་དགོས་པའི་འབོད་སྒྲ་འདི་བསྒྲགས་པ་ཡིན” ཞེས་བརྗོད་བྱུང༌།

 

ཐེངས་འདིའི་ལས་འགུལ་ཐོག་བསྒྲགས་གཏམ་ཞིག་དང་འབྲེལ་ཏེ་དགོས་འདུན་དོན་ཚན་ ༤ བཏོན་ཏེ། མཉམ་འབྲེལ་རྒྱལ་ཚོགས་དང་སུད་སིའི་རྒྱ་ནག་གཞུང་ཚབ། དེ་བཞིན་རྒྱལ་སྤྱི་གསར་འགོད་པ་སོགས་ལ་སྤྲད་ཡོད་འདུག དང་པོ། རྒྱ་གཞུང་གིས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་རྒྱ་གཞུང་རང་ཉིད་ཀྱི་རྩ་ཁྲིོམས་སོགས་སྣང་མེད་དུ་བསྐྱུར་ཏེ་ཉེས་མེད་བོད་མི་དམར་གསོད། བྲག་མགོ་དང་མགོ་ལོག གསེར་རྟ། རྔ་བ། བླ་བྲང་ཨ་མཆོག་སོགས་སུ་བོད་རིགས་མི་མང་ཁྲོད་གང་བྱུང་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་བ་དང༌། ལྷ་ས་དང་རྫ་ཆུའི་ཁ། ཁྲི་འདུ། ཡུལ་ཤུལ། བླ་བྲང༌། རེབ་གོང་སོགས་སུ་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་བྱ་དགོས།

གཉིས་པ། རང་དབང་དམངས་གཙོ་དང་༧གོང་ས་མཆོག་བོད་དུ་ཕྱིར་ཕེབས་གནང་ཐུབ་རྒྱུའི་སྐུ་ལུས་མཆོད་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་འབོད་ཚིག་ལ་རྒྱ་ནག་གཞུང་གིས་དྲང་ཐད་ཀྱིས་ཉམས་ཞིབ་འཐིལ་ཕྱིན་བྱས་ཏེ། བོད་ཀྱི་དཀའ་ངལ་དངོས་དང་གནས་བབ་དངོས་ལ་འཚམས་པའི་ཐག་གཅོད་ཁ་གསལ་འཕྲལ་མྱུར་དགོས་རྒྱུ།

 

གསུམ་པ། རྒྱ་གཞུང་གིས་ཁ་ནས་མི་རིགས་འདྲ་མཉམ་ཟེར་ཡང༌། དོན་དུ་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་སྤེལ་གྱིན་ཡོད་པ། སྔར་ལོ་རྒྱ་ནག་ཝོའི་ཁུན་ས་གནས་མི་མང་གི་ངོ་རྒོལ་ལ་ཡ་ལན་སྤྲོད་སྟངས་དང༌། ད་ལྟ་བོད་ནང་གི་ཞི་རྒོལ་ཐོག་དྲག་གནོན་བྱེད་སྟངས་གཉིས་ལས་གསལ་བོར་བསྟན་ཡོད་སྟབས། ང་ཚོས་རྒྱ་གཞུང་གི་མི་རིགས་དབྱེ་འབྱེད་ཀྱི་སྲིད་བྱུས་འདི་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་ཞེས། བོད་ཀྱི་ད་ལྟ་དང་མ་འོངས་པའི་མི་རབས་གསར་བ་ཡོངས་ཀྱིས་ཚབ་བྱས་ནས་སྐད་གསེང་མཐོན་པོས་བསྒྲགས་པ་ཡིན།

བཞི་བ། རྒྱ་གཞུང་གི་དྲག་པོའི་སྲིད་བྱུས་ཀྱི་གདུག་རྩུབ་རྒྱལ་སྤྱིའི་ཁྲིམས་གཞི་ཁག་ལ་རྒྱབ་འགལ་གྱིས་བོད་མི་མང་པོ་དམར་གསོད་དང་གཉའ་མནོན་བྱེད་བཞིན་པར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་སོགས་ཀྱིས་ཡ་ལན་དོན་ཕན་ལྡན་པའི་ཡ་ལན་ཞིག་སྤྲད་མེད་པར་བློ་ཕམ་དང༌། བོད་ནང་གི་དངོས་ཡོད་གནས་ཚུལ་རྟོག་ཞིབ་རུ་ཁག་ཅིག་གང་མགྱོགས་བོད་ནང་གཏོང་ཐབས་བྱ་དགོས་པ་དང༌། རྒྱ་གཞུང་གིས་བོད་རིགས་ཞི་རྒོལ་མི་མང་རྣམས་དམར་གསོད་གཏོང་བཞིན་པར་ཉེས་འདོན་ཁ་གསལ་དགོས་རྒྱུ་བཅས་རེད།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༨ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༩ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༩ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༡༤ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 6

  1. མིག says:
    ལོ་ 14 སྔོན།

    བོད་ཀྱི་མི་རབས་གསར་བའི་ལས་འགུལ་འདི་ནི་ཚོགས་པ་འདིའི་ལས་འགུལ་ཐོག་མ་ལྟ་བུར་སོང་ཡོད་པ་འདྲ། དེ་བས་ཡར་རྒྱས་གཞི་ནས་གཏོང་རྒྱུ་ལྷག་ཡོད་པ་མང་པོ་ཡོད་སྲིད། འོན་ཀྱང་སྤྱི་ཚོགས་ཀྱི་མདུན་དུ་ཐོན་ནས་གང་ནུས་ཀྱི་ལས་འགུལ་སྤེལ་པ་འདི་རིགས་ལ་ང་ཚོས་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་བྱ་དགོས་པ་ཞིག་མ་ཡིན་ནམ།

    Reply
  2. ཐོ་རེངས། says:
    ལོ་ 14 སྔོན།

    ཆབ་སྲིད་ཀྱིས་ཆེད་དུ་རང་སྲོག་བཅད་ན་དེ་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཞིག་ཡིན་པར་མདོ་རྒྱུད་གང་ནའང་གསུངས་མེད་ལ།
    དེར་མ་ཟད་སེམས་ཞེ་ལྡང་ལ་སོགས་པས་སྒོ་ནས་རང་སྲོག་བཅད་ན་སེམས་ཅན་དམྱལ་བར་སྐྱེ་དགོས་གསུངས་ཡོད་ན། སྐབས་འདིར་ནང་ཆོས་ཀྱིས་གོ་དོན་གཞི་ནས་མི་ཤེས་པ་འགའ་རེའི་རྒྱལ་སྲས་བྱང་ཆུབ་སེམས་དཔར་ངོས་འཛིན་ཞུ་རྒྱུ་ཡིན། ཞེས་པ་འདི་ནི་དངོས་གནས་བསམ་དང་སྦྱོར་རྩུབ་ཀྱི་བསྐུལ་འདེད་ཞིག་རེད།
    དེར་མ་ཟད་བྱང་ཆུབ་སེམས་དཔའི་མཛད་སྤྱོད་ཞེས་པ་དེ་ཅི་འདྲ་ཞིག་ཡིན་ཕྱོགས་ཙམ་ཡང་མ་གོ་བའི་རྟགས་ཞིག་ཀྱང་རེད།
    ངོས་ལེན་མེད།

    Reply
  3. གངས་ཕྲུག་ཁེར་རྐྱང་། says:
    ལོ་ 14 སྔོན།

    སུ་སའི་མི་མང་གིས་དུས་ཐོག་ཆར་བ་ལྟ་བུའི་ལས་འགུལ་སྤེལ་བར་ཡིད་རང་བསྔགས་བརྗོད་ཞུ འདི་ལྟར་ཕྱི་སྡོད་བོད་མི་ཡོད་ཚད་ཀྱིས་མིག་ལྟོས་བྱེད་རྒྱུ་གལ་ཆེན་རེད་ཡ

    Reply
  4. སངྒེ ། says:
    ལོ་ 14 སྔོན།

    ཡག་པོ་རེད། མི་རབས་གསར་བ་ཡིན་ན་ལས་འགུལ་ཡང་གསར་བཏོད་ཀྱི་རྣམ་པ་ཅན་རེ་སྤེལ་རྒྱུར་འབད་བརྩོན་གང་དྲག་བྱ་གལ་ཆེ་བར་མཐོང་སོང་བས་དེ་དོན་ཡིད་འཇགས་འཚལ།

    Reply
  5. གཙང་ཆབ། says:
    ལོ་ 14 སྔོན།

    བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ལ་ཐུགས་རྗེ་ཆེ། དམིགས་བསལ་ཚོགས་གཙོ་མཆོག་གིས་གཏན་བཤད་སྐབས་ངེས་འཛིན་དང་འབོད་སྒྲ་བསྒྲགས་པ་དོན་ལ་གནས་ཡོད་པས་ཐུགས་རྗེ་ཆེ་གྲངས་མེད་ཞུ། འོན་ཀྱང་། ངའི་ལོག་རྟོག་མིན་ན་དོན་ཚན་བཞི་ཅན་གྱི་དགོས་འདུན་ལ་ལྟོས་དང་། བོད་ཀྱི་ས་ཆ་གང་སར་དྲག་གནོན་བྱེད་ཀྱི་མེད་པའི་བཟོ་འདྲ་བོ་འདུག

    Reply
  6. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    བཀའ་དྲིན་ཆེ། རྒྱལ་ཁབ་རེ་ནས་འདི་ལྟར་གདུང་སེམས་མཉམ་བསྐྱེད་དང་བོད་དོན་དྲིལ་བསྒྲགས་བྱས་ན་རེ་བ་ཆེ། དམངས་ཚོགས་ཀྱི་ལག་ནས་དངུལ་བསྡུས་པས་མཐར་་རྒྱལ་དར་མེ་བསྲེགས་ཏེ་རྫིགས་ཉམས་འདོན་པ་ལས་རང་རང་གི་ས་ནས་འདི་ལྟར་རྒྱལ་སྤྱིའི་ལུགས་དང་མཐུན་པའི་ལས་འགུལ་སྤེལ་ན་ཧ་ཅང་གི་གཟི་བརྗིད་ཅིག་རེད།

    མདོར་ན། བཀའ་ཁྲིས་ཉེ་སྔོན་གསལ་བརྡ་དང་འབོད་སྐུལ་ཞུས་པ་ལྟར། ཡུལ་ཁྲིམས་དང་མཐུན་པ། རྒྱལ་སྤྱིའི་མཐོང་དང་གཟི་བརྗིད་ཡོད་པ། རྩ་དོན་ལ་ཕན་པ་ལས་གནོད་མི་སྐྱེལ་བ་ཞིག་གསུངས་པ་ལྟར་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese