མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་ ༨ འཛིན་བཟུང་།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཆུ་འབྲུག་ལོའི་ལོ་སར་ཚེ་གཅིག་ཉིན་མགོ་ལོག་པདྨ་རྫོང་དུ་དགེ་འདུན་པ་གཅིག་དང་མི་སྐྱ་བདུན་འཛིན་བཟུང་བཀག་ཉར་བྱས་འདུག

ཕ་ཡུལ་མགོ་ལོག་ནས་ཡིན་པའི་ཨོ་རྒྱན་རིག་འཛིན་ལགས་ཀྱིས་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། འདི་ལོའི་བོད་ཆུ་འབྲུག་ལོའི་ལོ་སར་ཚེས་ ༡ ཉིན་མདོ་སྨད་མགོ་ལོག་ཇོ་ནང་ལྕམ་མདའ་དགོན་པའི་ནང་སྐྱ་སེར་ ༣༠༠ ལྷག་འཛོམས་ཏེ། ཞོགས་པའི་ཆུ་ཚོད་ ༨ པ་ནས་དགོང་མོའི་ཆུ་ཚོད་ ༥ བ་བར་༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་དབུས་པའི་བསྟན་འཛིན་སྐྱེས་བུ་རྣམས་ཀྱི་སྐུ་ཚེ་བསྐལ་བརྒྱར་བསྟན་པ་དང་། བོད་བསྟན་སྲིད་ཀྱི་ཆེད་དུ་རང་སྲོག་བློས་གཏོང་བྱས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་བཟང་སྤྱོད་སྨོན་ལམ་གསུང་ཡོད་པ་མ་ཟད། ཉིན་དེར་པདྨ་རྫོང་ཐོག་ཏུ་བོད་མི་སྐྱ་སེར་བརྒྱ་ཕྲག་ཁ་ཤས་འདུ་འཛོམས་ཀྱིས། བོད་མི་ཚོར་ཆོས་དད་རང་དབང་སྤྲོད་དགོས་པའི་སྐོར་སོགས་འབོད་ཚིག་འདྲ་མིན་སྒྲོག་བཞིན་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་གཞུང་གིས་ངོ་རྒོལ་རྔམ་སྟོན་གནང་མཁན་བོད་མི་བརྒྱ་ཕྲག་འགའ་ཤས་ཀྱི་ཁོངས་ནས་དགེ་འདུན་པ་ ༡ དང་། མི་སྐྱ་ ༧ བཅས་མི་ ༨ འཛིན་བཟུང་བཀག་ཉར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་དོན་ལྟར་ན། མགོ་ལོག་ཁུལ་གྱི་བོད་མི་ཚོས་སྔར་ལོ་ཕྱི་ཟླ་ ༣ པ་ནས་བོད་ནང་གི་བོད་མི་མང་པོས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་སྤེལ་བ་རྣམས་ལ་གདུང་སེམས་མཉམ་སྐྱེད་ཆེད་ལོ་སར་སྲུང་བརྩི་མི་བྱེད་པའི་ཐག་གཅོད་བྱས་ཡོད་ཀྱང་། འབྲེལ་ཡོད་ཉེན་རྟོག་པས་ལོ་སར་གཏོང་དགོས་པའི་བཙན་བཀའ་བཏང་ཡོད་པ་མ་ཟད། ཉེ་བའི་དུས་ནས་དགོན་སྡེ་ཁག་གི་ཉེ་འཁོར་དང་ས་གནས་ཡོངས་སུ་དམག་མི་འགྲེམས་འཇོག་གིས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

 

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

བལ་ཡུལ་གྱི་བར་བརྒལ་སྲིད་བློན་གསར་པ་ཤི་ལ་ཀཱར་ཀི་ལགས་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག ༢༠༢༥།༩།༡༥ བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་ཞུས།

ཆུ་ཚོད་ ༤ སྔོན་ལ།
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་ནག་དང་ལྷན་དུ་སྒོ་རྒྱབ་ཀྱི་འབྲེལ་བ་མུ་མཐུད་འཇོག་བཞིན་ཡོད་འདུག

ཆུ་ཚོད་ ༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་གིས་བལ་ཡུལ་གྱི་སྲིད་བློན་གསར་པར་འཚམས་འདྲི་མཛད།

༢༠༢༥/༠༩/༡༣
Mobile App

བོད་ནང་གི་ཛ་དྲག་གནས་སྟངས་སྐོར་གྱི་གྲོས་ཆོད་དོན་ཚན་བདུན་སྤྱི་མོས་ཀྱི་ཐོག་ནས་གཏན་འབེབས་གནང་། 

༢༠༢༥/༠༩/༡༣
Mobile App

གཏན་འཇགས་ཐབས་ཇུས་ཚོགས་ཆུང་དང་འབྲེལ་བའི་སྐར་རྟགས་ཅན་གྱི་དྲི་བར་ལན་འདེབས་གསལ་བཤད་གནང་།

༢༠༢༥/༠༩/༡༣
Mobile App

བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ལམ་ལུགས་དང་རྒྱ་ནག་གི་ཆབ་སྲིད་ལག་ཆ།

༢༠༢༥/༠༩/༡༢

མཆན། 6

  1. དྲག་རླུངས། says:
    ལོ་ 14 སྔོན།

    ཇོ་ནང་མ་རྒྱལ་བར་ཀ་བ་ལ་ལྷག་ཡོད་པ་རེད།
    བཀྲ་ཤིས་ཟེར་བ་དེ་ཡང་མཁན་རྫིན་དེའི་རྒྱུགས་ཁྱུ་ཡིན་ས་རེད།

    Reply
  2. དྲག་རླུངས། says:
    ལོ་ 14 སྔོན།

    ཨྱོན་ཟེར་མདོག་ལ་བལྟས་ན་རྙིང་མ་འདྲ་བོ་ཡིན་མདོག་ཁ་བོ་རེད།
    ཞེན་ཁོག་ལ་བལྟས་ན་ཇོ་ནང་འདྲ་བོ་ཡིན་ས་རེད།
    གང་ལྟར་ཁྱོད་མི་ཡག་པོ་ཞིག་ཡིན་ས་མ་རེད།
    ཞེན་་་་་་་་་་་་་་་་་་་་་་་་་་་་་་

    Reply
  3. དྲག་རླུངས། says:
    ལོ་ 14 སྔོན།

    ཇོ་ནང་བ་བོད་ནང་ལ་ཡོད་པ་རེད་ནས་དེ་སུའི་བྲིས་པ་རེད་ཁུངས་མེད་ལུང་མེད་མང་པོ་མ་བྲི་རོགས།

    Reply
  4. གཅན་བཟོད་རྒྱམ། says:
    ལོ་ 14 སྔོན།

    བོད་ནང་གི་བོད་མི་ཚོས་རང་ལུས་བསྲེགས་བཏང་པའི་གྲངས་ཀ་ཚད་ངེས་ཅན་ཞིག་ཏུ་བསླེབས་ཟིན་པས། ད་མི་ཅིག་ཅིག་བཟུང་སོང་དང་བཙོན་འཇུག་བྱས་སོང་ཟེར་ན་ཚོར་བ་མེད་པ་འདྲ་ཞིག་ཚར་པ་རེད།
    སྤྱིར་མེར་བསྲེགས་བཏང་སྟེ་རང་སྲོག་བློས་བཏང་པ་ལས་བཙོན་འཇུག་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་པ་བཏང་ན་དེས་སྡིགས།
    ཁ་སྔོན་བོད་ནང་གི་དྲ་བ་ཞིག་ཏུ། ཕྱི་ཟླ་གསུམ་པར་ཁྲག་བཞུར་པའི་དུས་ཡིན་པས་ང་ཚོས་དེ་དུས་བལྟ་ཡོང་ཞེས་གཅིག་གཅིག་ལ་སྐུལ་བ་འདྲ་ཞིག་བྱས་འདུག
    བོད་ནང་ནས་མེ་འབར་ན་བཙན་བྱོལ་ནས་དུ་བ་ཐོན་དགོས་མིན་ཐད་སྐད་ཆ་བཤད་མཁན་ཇེ་མང་རེད། བོད་ནང་ནས་མེ་འབར་ན་བཙན་བྱོལ་ནས་ཀྱང་མེ་འབར་ན་ཅིས་མི་ཆོག ཡང་ན་བཙན་བྱོལ་ནས་མེ་འབར་ཏེ་བོད་ནང་ནས་དུ་བ་ཐོན་ན་ཅིས་མི་ཆོག
    གང་ལྟར་གསུམ་ཅུ་དུས་དྲན་སླེབས་ལ་ཉེ་བས་བོད་མིའི་སྒྲིག་འཛུགས་ཀྱིས་ད་ནས་སྔོན་འཆར་ལས་འགུལ་དང་ཁྱབ་སྒྲོག་ཇི་ལྟར་བྱེད་དགོས་ཐད་དགོངས་པ་བཞེས་རན་ཕྱིས་མི་འདུག་གོ

    Reply
  5. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒྱལ་ལོ་རྒྱལ་ལོ་བོད་རྒྱལ་ལོ།

    Reply
  6. བཀྲ་ཤིས། says:
    ལོ་ 14 སྔོན།

    རྒྱལ་བ་ཇོ་ནང་པ་རྒྱལ་གྱུར་ཅིག
    ༸གོང་ས་མཆོག་བོད་ལ་གདན་འདྲེན་ཡོང་བར་ཤོག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese