མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་ལ་ཆས་གྲབས་ཡོད་པའི་སྐབས།

བོད། ཤ་ཁྲག་རུས་གསུམ།
༢༠༡༢/༠༢/༢༦
Share on FacebookShare on TwitterShare on EmailShare on Whatsapp

ང་ལ་བོད་མི་ས་ཡ་གཅིག་ལྷག་གི་རྣམ་ཤེས་ཀྱིས་དྲན་བསྐུལ་གཏོང་བཞིན་ཡོད་ལ། ཤེས་རབ་དང་སྙིང་རྗེ། གཞན་ཕན་དང་དྲང་བདེན། རང་དབང་གི་མེ་ལྕེ་ཁྲོད་དུ་ལྷབ་ལྷུབ་དུ་འབར་བཞིན་པའི་བོད་མི་རིགས་ཀྱི་དུས་རབས་གསར་བའི་དབའ་རྒོད་དེ་དག་གིས་གཅིག་རྗེས་གཉིས་མཐུད་དུ་ང་རང་ལ་དྲན་སྐུལ་གཏོང་གི་འདུག ཁྱོད་རང་བོད་མི་རེད། བོད་མི་རིགས་ཀྱི་འགན་ཡོད། བོད་མི་རིགས་ཀྱི་འདུ་ཤེས་ཡོད། བོད་མི་རིགས་ཀྱི་སེམས་པ་ཡོད། དེ་དག་ནི་ཁ་ནས་བཤད་དེ་འོང་བ་ཞིག་གཏན་ནས་མིན། ལག་ལེན་དངོས་སུ་ཞུགས་དགོས་པ་རེད། ད་གཟོད་གྲུབ་འབྲས་ཀྱི་ཁ་གྲགས་ངེས་རེད་ཟེར་གྱི་འདུག ངས་ཁོང་ཚོ་ལ་གུས་འདུད་ཞུ་བཞིན། ངས་ཁོང་ཚོས་བློས་གཏོང་བའི་ཚེ་སྲོག་གི་བདེན་པ་དེ་དག་འཁུར་ནས་ལམ་དུ་ཆས་བཞིན་ཡོད།

ང་རང་ལམ་ལ་ཆས་སྟངས་འདིས། ངས་རང་གི་ཤ་ལས་མཆེད་པའི་བུ་དང་བུ་མོ་གཉིས་སྡུག་ལ་སྤྱར་ཡོད། རང་གི་མཛའ་མོ་སེམས་ཁྲལ་གྱི་ནང་དུ་བཞག་ཡོད། སྙིང་གི་གྲོགས་མོ་ཞིག་སེམས་ངལ་ལ་གཏད་ཡོད། འདི་ལྟར་ངས་རང་གི་ཁོར་ཡུག་གྱི་སྙིང་ཉེ་བའི་མི་མང་བོ་ཞིག་སྡུག་ལ་གཏད་ཡོད་ཀྱང་། སྡུག་བསྔལ་དེ་ཡི་ཕར་རྒྱབ་དུ་བདེན་པ་ཞིག་དང་རང་དབང་ཞིག ཞི་བདེ་ཞིག་གི་ཆེད་དུ་ང་རང་ལམ་ལ་ཆས་བཞིན་ཡོད་དུས། ཁོང་ཚོ་སྐྱོ་བ་དེ་ནི་ང་རང་གིས་རྒྱབ་རོགས་ཡིན་ལ། ང་རང་གི་སྤོབས་པར་འགྱུར་དགོས། དེ་མིན་ན་ང་རང་འདི་ལྟར་རིགས་ཀྱི་སྙིང་སྟོབས་དང། རིགས་ཀྱི་ཤི་གསོན་ཆེད་དུ་བླངས་མི་ཐུབ་པ་ཡིན། གང་ལྟར། ངས་བློས་གཏོང་བྱེད་དགོས། ཁྱིམ་དང་མཛའ་བོ། བུ་དང་བུ་མོ་གཉིས། དེ་རིང་ངས་རང་ཉིད་ཆུང་དུས་སུ་འཁྲབ་མྱོང་བའི་རྒྱལ་བོ་དྲི་མེད་ཀུན་ལྡན་གྱི་རྣམ་ཐར་དེ་དྲན་གྱི་འདུག

ད་དུང་ངས་མང་བོ་མང་བོ་ཞིག་ལ་བསམ་བློ་གཏོང་མྱོང་ཡོད། གཏོང་མྱོང་བ་དང་མྱོང་ཚར་བའི་གཏམ་རྒྱུད་ཆེས་མང་བོ་ཞིག་གི་ཁྲོད་ནས་ང་རང་ཡིན་གཅིག་མིན་གཅིག་ལམ་དུ་ཆས་དགོས་པར་བཤད་ཀྱི་འདུག བཤད་ལ་དགའ་བ་ནས། ཤེས་པར་དགའ་བ་དང་། ཤེས་པར་དགའ་བ་ནས་སྒྲུབ་པར་དགའ་བ། སྒྲུབ་པར་དགའ་བ་ནས་སྤོབས་པ་ཡོད་དགོས། སྤོབས་པ་ཡོད་པ་ནས་བློས་གཏོང་དགོས་པ་སོགས་ཀྱིས་གནས་ལུགས་མཐར་ཐུག་གིས་ང་ལ་སྐུལ་འདེད་བྱེད་ཀྱི་ཡོད། སྐུལ་འདེད་དེ་དག་ནི་ཕྱོགས་རུས་ཤིག་རེད་མི་འདུག་ལ། དེ་ནི་བདེན་པ་ཞིག་རེད། དྲང་བདེན་ཞིག་རེད། རང་དབང་ཞིག་རེད། ཞི་བདེ་ཞིག་རེད། འདི་དག་གི་ཆེད་དུ། ང་ལ་སྣང་འགྱོད་མེད་པའི་བློས་གཏོང་གི་བསམ་བློ་དེ་རྙེད་ཡོད།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༢ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 5

  1. jamyang says:
    ལོ་ 14 སྔོན།

    ཁ་བརྡ་དྲ་ཐོག་གི་བོད། ལྷ་ཀླུ་གཉན་གསུམ་མམ་ཚེ་བརྟན་རྡོ་རྗེའི་ལམ་ལ་ཆས་གྲབས་ཡོད།ཅེས་པའི་ཟིན་བྲིས་དེའི་ཞབས་མཆན་དུ་སྤེལ་བ།

    ངོ་མ་སྐད་ཆ་འདི་གོ་ཙམ་ནས་འཕངས་སེམས་བཟོད་དུ་མི་འདུག ཕལ་ཆེར་དཔའ་ཁེར་རྒྱུགས་བྱ་རྒྱུ་ཟེར་བཞིན་ཡོད་པ་འདྲ། དེའི་ཕྱོགས་སུ་ངེས་པར་དུ་བསམ་གཞིགས་ཟབ་ནན་གནང་དགོས། དཔའ་བོ་གཅིག་རེ་གཅིག་རེ་འདི་ལྟར་བཞུད་སོང་ན། དེའི་གྲུབ་འབྲས་སམ་འཇུག་འབྲས་སུས་ཁེག་ཐག་བྱ་ཐུབ་བམ། རང་སྲོག་བློས་གཏོང་ཕོད་མཁན་ད་དུང་མ་མང་ན་ཉུང་མི་སྲིད། རེད་དེ་ང་ཚོར་གྲ་འགྲིག་ལེགས་པོ་ཞིག་དགོས་པ་རེད། འདི་ལྟར་བྱས་ན། གཅིག་རེ་གཅིག་རེ་ལས་མཉམ་བསྡེབ་བྱས་ན། ས་གནས་གཅིག་ཏུ་མ་ཐུབ་ནའང་དུས་ཚོད་གཅིག་ལ། གནད་འགག་གི་དུས་ཚོད་ཅིག་ལ། ཡང་མིན་ན་ཡུན་ཅན་དང་སྡུག་རིས་ཅན་གྱི་བྱ་འགུལ་ཞིག་སྤེལ་ཕྱོགས་ལ་བསམ་བློ་བཏང་ན། གང་ལྟར་ཀྱང་བློ་དང་འཆར་གཞི་ཡོད་མདོག་བྱ་མཁན་དག་གིས་ད་ནི་བློ་འདོན་རན་དང་བཀོད་པ་འཐེན་རན་རེད། མྱུར་ནས་མྱུར་དུ། ད་དུང་ཁ་རྒྱག་བཤད་པའི་དུས་མ་རེད། ཚེ་སྲོག་ཟེར་བ་འདི་རང་སོ་སོ་ལ་གལ་ཅི་ཙམ་ཆེ་གི་བསམ་གཞིགས་བྱོས། མགོ་བཀའ་ཁྲི་དང་སྤྱི་འཐུས་ཚོགས་གཙོ་སོགས་གནད་ཡོད་ཚོས་ཀྱང་དོན་རྐྱེན་མ་བྱུང་སྔོན་ལ་གོ་ཐབས་བྱ་རོགས། དྲ་བའི་རྩོམ་སྒྲིག་པས་ཐབས་ཤིག་གནང་རོགས། མི་མང་བོས་བསམ་ཚུལ་དྲང་མོ་འཆད་ཀྱིན་འདུག་པས་དེ་་དག་ལ་ངེས་པར་དུ་གསན་གལ་ཆེ། གཞན་འུར་ལ་དགའ་རེ་ཟུང་གིས་སྐད་ཅོར་སྣ་ཚོགས་རྒྱག་བཞིན་པ་དེ་དག་གི་དམིགས་ཡུལ་ཅི་ཡིན་མི་ཤེས། རང་ཉིད་བདེ་ས་སྐྱིད་ས་ནས་བསྡད་དེ་གཞན་ལ་འུར་སློང་བ་ཡག་པོ་མ་རེད།

    Reply
  2. lobsangg says:
    ལོ་ 14 སྔོན།

    ་བོད ཤ་ཁྲག་རུས་གསུམ ཁྱེད་ཀྱི་སྐད་ཆ་དེས་ང་ལ་བསྡོད་ཚུགས་མི་བདེ་པའི་ཚོར་སྣང་ཞིག་འདྲོངས་སོང ང་ལ་མཚོན་ན་ཛ་དྲག་གི་ལོ་ངོ་དེ་དག་ནང་རང་ཉིད་ནི་ལྟད་མོ་བ་ལྟ་བུ་གྱུར་འདུག ཁྱེད་ལྟ་བུ་ཞིག་གིས་ང་ལ་ཁྱེད་ཀྱིས་ལོ་ངོ་དེ་དག་ནང་དུ་བོད་དོན་ལས་འགུལ་ཅི་ཞིག་བསྒྲུབ་ཟེར་ན་ང་ལ་ནི་མར་མེ་ཁྲོམ་སྐོར་འགའ་ཞིག་ལས་ཅི་ཡང་བགྲང་རྒྱུ་མེད་ ངོ་མ་ འགན་ནི་ཡོད་པ་རེད་འདུག ཡིན་ནའང་འགན་ཡོད་ཟེར་ནས་དུས་ཚོད་ཡང་འདི་ལྟར་རྫོགས་འགྲོའོ་སྙམ་པའི་ཞེད་སྣང་ཞིག་སྐྱེས་སོང

    Reply
  3. drikungpa says:
    ལོ་ 14 སྔོན།

    སྙིང་སྟོབས་ཀྱི་མེ་ལྕེ་འབར་འདུག བཀའ་དྲིན་ཆེ།

    Reply
  4. dorjee108 says:
    ལོ་ 14 སྔོན།

    ངས་ཀྱང་གཅིག་ཞུས་ན། སྙིང་ཉེ་བའི་ཕུ་ནུ་མིང་སྲིང་།
    ངས་ཁྱེད་ཚོ་མེ་མདའི་སོ་ཁ་ནས་བསྐྱོད་ཀྱིན་ཡོད་པ་ཤེས་ལ། དམར་བོ་མེ་ཁ་རུ་འབར་གྱིན་ཡོད་པ་ཡང་ཚོར། དེ་བས་ཁྱེད་ཅག་ནི་སྐྱོ་སྡུག་དང་མིག་ཆུའི་ཀློང་དུ་འཚོ་བཞིན་ཡོད་པ་ཡང་ཚོར་ཡོད།
    ཡིན་ནའང་ཁྱེད་ཅག་གིས་བདག་ལ་སེམས་ཁྲལ་མ་བྱེད་རོགས། ང་བདེ་བོ་རྐྱང་བདེ་ཡིན། དེ་བས་ཁྱེད་ཅག་གིས་བདག་ལ་རེ་བ་མ་བྱེད་རོགས། ངས་ཁྱེད་ཅག་གི་ཆེ་དུ་ཅི་ཡང་འཇོན་གྱིན་མི་འདུག་ལ་བྱེད་ཀྱིན་ཡང་མེད། ཡིན་ནའང་ཁྱེད་ཅག་དགོངས་འགལ་དང་ཡིད་ཆད་མེད་པར་ཞུ། ངས་ཁྱེད་ཅག་ལ་རྒྱང་རིང་པོ་ནས་ཁ་བདེ་མོ་དེ་འདྲ་བཤད་ཐུབ་ཀྱིན་མི་འདུག དེ་བཞིན་ཁྱེད་ཅག་འདིའི་ཕྱོགས་ལ་ཡེ་ནས་མ་ཉོན་རོགས། འདི་ན་ནི་སྐྱག་རྫུན་བཤད་མཁན་དག་དག་ལས་སུ་ཡང་མི་འདུག
    སྙིང་ཉེ་བའི་གཞིས་བཞུགས་ཀྱི་ཕུ་ནུ་མིང་སྲིང་ཚོ། རང་ཐག་གཅོད་རོགས། རང་བསམས་གཏོང་རོགས། རྒྱང་རིང་ལ་རེ་བ་དང་ཡིད་ཆེས་མ་བྱེད་རོགས། ང་ཡང་རྒྱང་རིང་ན་ཡོད་པའི་མི་ཡིན།

    Reply
  5. tenphel says:
    ལོ་ 14 སྔོན།

    ཁྱོད་ཉིད་ལམ་ལ་ཆེས་སྟངས་དེས་ང་ལ་ཡང་སེམས་ཚོ་ཞིག་གི་དྲན་བསོ་ཐེངས་གཅིག་བྱས་བྱུང་། ང་རང་དགུན་གཞུང་གི་གྲང་ངར་ཁྲོད་ནས་ཤར་གངས་ལ་རྒྱུད་ནས་ཡོང་བ་དེ་དྲན་ཅུག་བྱུང་། གང་ལྟར་ང་ཚོ་མང་པོ་ཞིག་སྤྱིར་སྒེ་གང་རུང་གི་ཆེད་དུ་ལམ་ལ་ཆེས་ཀྱིན་ཡོད་པ་དེ་དག་དྲན་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese