མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སེ་རི་ཡའི་དམངས་གཙོ་བཅོས་སྒྱུར་གྱི་བསམ་ཤོག་ཐོག་མ།

བོད་ཀྱི་དུས་བབ།
༢༠༡༢/༠༢/༢༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་སེ་རི་ཡའི་རྒྱལ་ཡོངས་སུ་བསམ་ཤོག་ཅིག་བསྡུས་ཏེ། བྷ་ཤར་སྲིད་གཞུང་གིས་བཟོས་པའི་རྩ་ཁྲིམས་ཟིན་བྲིས་ཤིག་ལ་མང་ཚོགས་འདོད་མོས་ཡོད་མེད་ཚོད་ལྟ་བྱས་པར། བསམ་ཤོག་འཕེན་མཁན་ཉུང་ངུ་ཞིག་ལས་བྱུང་མེད་ལ། རྒྱལ་སྤྱིའི་ཐོག་ནས་ཀྱང་བྷ་ཤར་གྱི་བྱེད་སྟངས་དེ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ལ་ངོས་འཛིན་ཐོབ་མེད།

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་སེ་རི་ཡའི་བྷ་ཤར་སྲིད་གཞུང་གིས་རྒྱལ་ཡོངས་སུ་བསམ་ཤོག་ཅིག་བསྡུས་ཡོད་ཅིང་། དེ་ནི་ཉེ་ཆར་བྷ་ཤར་གཞུང་ཕྱོགས་ཀྱིས་བཟོས་པའི་རྩ་ཁྲིམས་ཟིན་བྲིས་གཏན་འབེབས་བྱ་རྒྱུར་མང་ཚོགས་མོས་མཐུན་ཡོད་མེད་ཐད་ཡིན་ཞིང་། གཞུང་ཕྱོགས་ནས་ཐེངས་འདིར་བསམ་ཤོག་བསྡུས་པ་དེ་ནི། སེ་རི་ཡའི་(Syria) སྲིད་འཛིན་བྷ་ཤར་(Bashar al-Assad) སྲིད་གཞུང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབོད་སྐུལ་དང་སེ་རི་ཡའི་མང་ཚོགས་ཀྱི་འདོད་མོས་ལྟར། དམངས་གཙོ་བཅོས་སྒྱུར་གྱི་གོམ་སྟབས་མདུན་སྤོ་བྱས་པ་ཞིག་ཡིན་པར་བསྒྲགས་ཡོད་ཅིང་། རྩ་ཁྲིམས་གསར་པའི་འབྲུ་དོན་གལ་ཆེན་ཁག་ནི། ད་སྔའི་ཁོང་གི་དབང་ཆ་གཅིག་སྡུད་གཞུང་འཛིན་ཚོགས་པ་བྷཐི་ (Baath Party) ལམ་ལུགས་ལ་བཅོས་སྒྱུར་གྱིས་སྣ་མང་ཆབ་སྲིད་ཚོགས་པ་ལས་གྲུབ་པའི་གྲོས་ཚོགས་གསར་འཛུགས་བྱ་རྒྱུ།  སྔར་གྱི་གནས་ཚུལ་རྩིས་མེད་འོག་འབྱུང་འགྱུར་གྱི་སྲིད་འཛིན་ལས་ཡུན་ལ་དུས་བཀག་བཟོས་ཏེ། མི་གཅིག་ལ་བསྟུད་མར་རྒྱལ་ཁ་ཐོབ་ཀྱང་ལོ་བདུན་ཚན་གཉིས་ལས་སྲིད་འཛིན་བྱ་མི་ཆོག་པ་བཅས་ཡིན་འདུག གནད་དོན་དེའི་ཐད་ཕྱོགས་འགལ་ཚོགས་པ་དག་གིས་བྷ་ཤར་གྱིས་རྩ་ཁྲིམས་གསར་པར་ཁ་གཡར་ཏེ། ཁོ་རང་འདས་པའི་ལོ་ ༡༡ རིང་སྲིད་འཛིན་བྱས་པ་རྩིས་མེད་ཐོག འབྱུང་འགྱུར་གྱི་ལོ་བདུན་ཚན་དང་པོ་དང་། གཉིས་པ་བཅས་ལོ་ ༡༤ རིང་མུ་མཐུད་སྲིད་དབང་སྒེར་འཛིན་བྱ་རྒྱུའི་ལམ་ཁ་བཟོ་བཞིན་ཡོད་པའི་སྐྱོན་བརྗོད་དང་། རྒྱལ་ཡོངས་བསམ་ཤོག་ལ་ངོས་ལེན་མེད་པའི་ཁྱབ་བསྒྲགས་བྱས་ཡོད།

རེས་གཟའ་ཉི་མར་སེ་རི་ཡའི་རྒྱལ་ཡོངས་སུ་བསམ་ཤོག་བསྡུས་སྐབས། གཞུང་གི་གོ་སྒྲིག་འོག་མངའ་སྡེ་ཚང་མའི་ནང་འཕྲལ་སེལ་འོས་བསྡུ་ལྷན་ཁང་ ༡༣༠༠༠ ཙམ་བཙུགས་ཏེ་མི་མང་ས་ཡ་ ༡༤།༦ ཙམ་གྱིས་ཆ་ཤས་ལེན་རྒྱུར་ཚོད་དཔག་བྱས་ཡོད་ཀྱང་། འོས་བསྡུ་དངོས་གཞིའི་སྐབས་བསམ་ཤོག་འཕེན་མཁན་ཆེས་ཉུང་ངུ་ཞིག་ལས་བྱུང་མེད་པ་མ་ཟད། ས་གནས་མང་པོའི་ནང་མུ་མཐུད་ཟིང་འཁྲུག་བྱུང་སྟེ་དམག་མི་དང་མི་ཟེར་ ༥༩ ཙམ་རྐྱེན་ལམ་དུ་ཕྱིན་ཡོད་འདུག ཉིན་དེའི་གནས་ཚུལ་སྐོར་ལ་བྷི་བྷི་སིའི་གསར་འགོད་པ་ལེ་ནཱ་(Lina Sinjab) ཡིས་བརྗོད་པ་ལྟར་ན། བསམ་ཤོག་བསྡུས་པའི་ཉིན་དེར་སེ་རི་ཡའི་ས་ཁུལ་གང་སར་འགད་རྫས་འཐོར་པ་དང་མེ་མདའ་རྒྱག་པ་སོགས་ཀྱི་སྒྲ་རྒྱུན་ཆད་མེད་པ་སྐོར་བརྗོད་འདུག ཊུར་ཀེའི་(Turkey) ཕྱི་སྲིད་བློན་ཆེན་ཨ་མེ་ཊི་(Ahmet Davutoglo) ཡིས་ཀྱང་ “ཕྱོགས་གཅིག་ནས་ཁྱེད་ (བྷ་ཤར) ཀྱིས་རྒྱལ་ཡོངས་བསམ་ཤོག་བསྡུ་བཞིན་ཡོད་པར་བརྗོད་ཀྱང་། ཕྱོགས་གཞན་ནས་དྲག་ཆས་དམག་དང་ཁྲབ་ལྡན་འཐབ་འཁོར་བཏང་སྟེ་མང་ཚོགས་སྟེང་དྲག་གནོན་བྱེད་ཀྱི་ཡོད་པ་རེད། ཁྱེད་ཀྱིས་ད་དུང་མང་ཚོགས་ཚོ་ཉིན་གཉིས་པར་བསྐྱར་དུ་ས་གནས་དེ་རང་ལ་བསམ་ཤོག་བླུག་པར་འགྲོ་རྒྱུ་རེད་བསམ་གྱི་འདུག་གམ”ཞེས་སྐྱོན་བརྗོད་བྱས་ཡོད།

བྷ་ཤར་གཞུང་གིས་ནུབ་ཕྱོགས་པའི་བརྒྱུད་སྐུལ་འོག་ཡོད་པའི་འཇིགས་སྐུལ་རིང་ལུགས་པ་ཚོར་ཁ་གཏད་གཅོག་གི་ཡོད་པ་ལས་མང་ཚོགས་སྟེང་དྲག་གནོན་བྱེད་ཀྱི་མེད་ཚུལ་བརྗོད་ཡོད་ལ།  སེ་རི་ཡའི་སྲིད་བློན་སཱ་ཧྥར་(Adel Safar) གྱིས་གསར་འགོད་པར། “ཕྱོགས་འགལ་ཚོགས་པ་དག་ནི་ནུབ་ཕྱོགས་པ་དང་ཕྱི་གླིང་པའི་གྲོས་འཆར་སྒྲུབ་མཁན་རྐྱང་ཡིན་ཞིང་། ཁོང་ཚོར་སེ་རི་ཡའི་བཅོས་སྒྱུར་དགོས་ཀྱི་ཡོད་པ་མ་རེད། ཁོང་ཚོས་སེ་རི་ཡའི་རྒྱལ་ཁོངས་བརྟན་བརླིང་ལ་གཏོར་བཤིག་གཏོང་རྒྱུ་དེ་རེད་” ཅེས་བརྗོད་ཡོད།

ཕྱི་ཚེས་ ༡༩ ཉིན་རྒྱ་ནག་ཕྱིད་སྲིད་བློན་ཆེན་གཞོན་པ་དང་སྲིད་འཛིན་བྷ་ཤར་གཉིས་སེ་རི་ཡའི་རྒྱལ་ས་ཌ་མཱ་སི་ཀུ་སིར་ཐུག་འཕྲད་ཐོག རྒྱ་ནག་ཕྱོགས་ནས་བྷ་ཤར་སྲིད་གཞུང་གིས་བཏོན་པའི་དམངས་གཙོའི་བཅོས་སྒྱུར་གྱི་ལས་དོན་ཁག་ལ་རྒྱབ་སྐྱོར་ཡོད་ཚུལ་བརྗོད་ཡོད་པ་མ་ཟད། ཕྱི་ཚེས་ ༢༠ ཉིན་རྒྱ་ནག་དམར་ཤོག་ཉིན་རེའི་ཚགས་ཤོག་སྟེང་། ནུབ་ཕྱོགས་པས་སེ་རི་ཡའི་རྒྱལ་ཁོངས་སུ་ནང་འཁྲུག་སློང་བཞིན་ཡོད་པའི་སྐྱོན་བརྗོད་དང་། གལ་སྲིད་སེ་རི་ཡའི་ཕྱོགས་འགལ་ཚོགས་པ་ཁག་ལ་ནུབ་ཕྱོགས་པས་རྒྱབ་སྐྱོར་བྱས་ཚེ། སེ་རི་ཡའི་ནང་རྒྱ་ནག་གི་དམག་འཁྲུག་ཆེན་པོ་འབྱུང་སྲིད་པ་དང་། གལ་སྲིད་གནས་ཚུལ་དེ་འདྲ་བྱུང་ཚེས་འགན་ཡོངས་རྫོགས་ནུབ་ཕྱོགས་པའི་འཁུར་དགོས་ཚུལ་སོགས་བཀོད་ཡོད་འདུག  

སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་ཡོང་རྒྱུར་རྒྱལ་ཚོགས་དང་ཨ་རབ་མཐུན་ཚོགས། དེ་བཞིན་རྒྱལ་སྤྱིའི་སྲིད་གཞུང་མང་པོ་ཞིག་གིས། སྲིད་འཛིན་བྷ་ཤར་དང་ཁོང་གི་དྲག་པོའི་གཞུང་ལ་འབོད་སྐུལ་དང་གནོན་ཤུགས་རིམ་པར་སྤྲད་ཡོད་ཀྱང་། ལེ་བྷེ་ཡའི་སྲིད་དབང་སྒེར་འཛིན་པ་གྷ་ཌཱ་ཧྥེ་ལ་ཎ་ཊོ་དང་རྒྱལ་ཚོགས་དམག་གིས་ཁ་གཏད་བཅག་པའི་སྲིད་ཇུས་དེ་སེ་རི་ཡའི་ནང་ལག་བསྟར་བྱ་རྒྱུར་སྲིད་གཞུང་ཁག་གི་དགོངས་ཚུལ་རྩེ་མཐུན་བྱུང་མེད། ཨ་རབ་མཚོ་ཁུག་རྒྱལ་ཁབ་དག་གིས་སེ་རི་ཡའི་ཟིང་འཁྲུག་མཚམས་འཇོག་ཡོང་རྒྱུར་རྒྱལ་སྤྱིའི་དྲག་ཤུགས་སྤྱད་དེ། བྷ་ཤར་སྲིད་འཛིན་གྱི་ལས་གནས་ནས་བཙན་གྱིས་ཕྱིར་འཕུད་གཏོང་དགོས་ཚུལ་རྗོད་ཀྱི་ཡོད། ཨ་རིའི་ཕྱི་འབྲེལ་དྲུང་ཆེ་ཧཱེ་ལཱ་རེ་ཡིས་ “སེ་རི་ཡའི་མི་མང་གི་ངོ་རྒོལ་དེར་རྒྱུ་རྐྱེན་སྣ་ཚོགས་ཡོད་སྟབས་ཕྱི་ཕྱོགས་ནས་ཐེ་གཏོག་བྱེད་ཁག་པོ་ཡོད། གལ་སྲིད་ཕྱི་ཕྱོགས་ནས་ཐེ་ཇུས་བྱས་ཚེས་མེ་ཐོག་སྣུམ་བླུགས་ཆགས་རྒྱུ་ལས་མེད”ཅེས་བརྗོད་ཡོད། ཡང་རཱ་ཤི་ཡའི་སྲིད་བློན་པུ་ཊེན་ (Vladimir Putin) གྱིས་ “རྒྱལ་ཚོགས་བདེ་འཇགས་ལྷན་ཁང་གིས་ཐག་གཅོད་མ་བྱུང་བར་ཨ་རི་དང་སྲིད་གཞུང་དག་གིས་སེ་རི་ཡའི་ནང་དམག་བཤམ་རྒྱུར་འབད་བརྩོན་མི་བྱ་བའི་རེ་བ་ཆེན་པོ་བྱེད་ཀྱི་ཡོད ” ཅེས་བརྗོད་འདུག

སྲིད་དོན་དཔྱད་བརྗོད་པ་ཌ་ཝེ་ཌེ་ (Davide Sanger) ཡིས་སེ་རི་ཡའི་གནད་དོན་དང་ཨོ་བྷ་མའི་ཆབ་སྲིད་ལྟ་གྲུབ་སྐོར་ནས་དབྱེ་ཞིབ་བྱས་པ་ལྟར་ན། ཨོ་བྷ་མས་སེ་རི་ཡ་དང་ཨེ་རན་ (Iran) གྱི་གནད་དོན་ཐད་དེ་སྔའི་ཨེ་རག་དང་ཨབ་གྷན། ལེ་བྷེ་ཡ་བཅས་ཀྱི་སྟེང་བཟུང་པའི་རྒྱག་གཅིག་མཆོང་གཅིག་གི་སྲིད་ཇུས་ལག་བསྟར་མ་བྱས་པར། མངོན་གསལ་མ་ཡིན་པའི་སྲིད་ཇུས་ཤིག་བཟུང་ཡོད་པ་དེ་ལ་རྒྱུ་རྐྱེན་གཉིས་གླེང་ཡོད་ཅིང་། གཅིག ཨ་རིའི་སྲིད་འཛིན་གྱི་འོས་བསྡུ་འགྲོ་བཞིན་པའི་སྐབས་འདིར། ཨོ་བྷ་མ་དམག་འཁྲུག་གི་ནག་ཉེས་ལ་གཡོལ་གྱི་ཡོད་པ་དང་། ལྷག་པར་དུ་སེ་རི་ཡ་དང་ཨེ་རན་སོགས་ཀྱི་རྩོད་རྙོག་མཇུག་སྐྱོང་མ་ཐུབ་པར་སྲིད་འཛིན་གསར་རྙིང་གི་མདུན་ཅོག་སྟེང་ལྷག་བསྡད་པ་ཡིན་ན། གནས་ཚུལ་ཐོག་རྒྱུས་མངའ་ཡོད་མེད་ཀྱི་དབང་གིས་ཨོ་བྷ་མ་བསྐྱར་དུ་སྲིད་འཛིན་ལ་འདེམ་རྒྱུར་རེ་བ་ཆེ་བ། གཉིས། ཨ་རིའི་གཞུང་གིས་སེ་རི་ཡའི་ཟིང་ཛ་དྲག་གི་ཟིང་འཁྲུག་ཁྲོད་ནས་ཁེ་བཟང་ཞིག་འཚོལ་གྱི་ཡོད་པ་ལས། སེ་རི་ཡའི་ཟིང་འཁྲུག་ཞི་འཇགས་བྱུང་སྟེ་ཨ་རི་ལོགས་སུ་འཐོན་རྒྱུ་དེ་ཨོ་བྷ་མའི་དམིགས་ཡུལ་མིན་ཚུལ་བརྗོད། གཟའ་ཉི་མའི་བསམ་ཤོག་བསྡུས་ཟིན་རྗེས་སེ་རི་ཡའི་གཞུང་འབྲེལ་བརྙན་འཕྲིན་ནས་ཐེངས་འདིའི་རྒྱལ་ཡོངས་བསམ་ཤོག་ཁྲོད་ཀྱི་བརྒྱ་ཆ་ ༨༩ ཡིས། རྩ་ཁྲིམས་གསར་པའི་ཟིན་བྲིས་ལ་རྒྱབ་སྐྱོར་བྱུང་ཡོད་ཚུལ་བསྒྲགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese