མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྨ་ཆུ་རྫོང་དུ་རང་ལུས་མེར་བསྲེཊ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

གཟའ་སྤེན་པའི་ཉིན་མདོ་སྨད་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་བུ་མོ་ཞིག་གིས་རྫོང་གི་སྔོ་ཚལ་ཁྲོམ་རའི་ནང་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཏེ་འདས་གྲོངས་སུ་ཕྱིན་འདུག

མདོ་སྨད་སྤྱི་འཐུས་སྒྲོལ་དཀར་སྐྱབས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༣ ཉིན་གྱི་བོད་ནང་གི་ཕྱི་དྲོ་ཆུ་ཚོད་ ༣ པ་ཡས་མས་སུ། མདོ་སྨད་རྨ་ཆུ་རྫོང་ཁྲོ་ཁོ་སྨད་མ་ཞང་གི་ཕ་བསོད་ནམས་ཡེ་ཤེས་ཀྱི་རང་ལོ་ ༡༩ ཡིན་པའི་བུ་མོ། རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་གི་སློབ་མ་ཚེ་རིང་སྐྱིད་ལགས་ཀྱིས། ཉིན་དེར་རྨ་ཆུ་རྫོང་རྨ་ཆུ་ལམ་དུ་ཡོད་པའི་སྔོ་ཚལ་ཁྲོམ་རའི་ཉེ་འགྲམ་གྱི་ར་སྐོར་ཞིག་གི་ནང་ལུས་ལ་སྣུམ་བླུགས་པ་དང་མེར་བསྒྲོན་ཏེ། སྔོ་ཚལ་ཁྲོམ་རའི་ཁྲོམ་གཞུང་དུ་ཐོན་སྐབས། སྔོ་ཚལ་བཙོང་མཁན་གྱི་རྒྱ་རིགས་ཚོང་པ་ཚོས་རྡོ་རུབ་བརྒྱབ་པ་དང་། དྲག་ཆས་ཉེན་རྟོག་པ་བསླེབས་ཏེ་རྡོ་དང་ལྕག་དབྱུག་གིས་གཞུས་ཏེ་ལུས་སྟེང་གི་མེ་བསད་རྗེས་འདས་གྲོངས་སུ་ཕྱིན་ཡོད་ཀྱང་། ཉེན་རྟོག་པས་ཁོ་མོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་མ་བྱས་པར་བཙན་འཁྱེར་བྱས་ཡོད་འདུག

གནས་ཚུལ་མཁོ་སྤྲོད་པས་བརྗོད་པ་ལྟར་ན། ཉིན་དེར་རང་ལུས་མེར་བསྲེགས་ཀྱི་གནས་ཚུལ་བྱུང་རྗེས། ས་གནས་ཉེན་རྟོག་པས་སྔོ་ཚལ་ཁྲོམ་རའི་སྒོ་ཆེན་བརྒྱབ་སྟེ། དགོང་དྲོའི་ཆུ་ཚོད་ ༩ པ་བར་ཁྲོམ་རའི་ནང་ཡོད་པའི་མི་མང་གི་ཁ་པར་ནང་མེར་བསྲེགས་ཀྱི་པར་རིས་ཡོད་མེད་བསྔོག་བཤེར་བྱས་ཡོད་པ་མ་ཟད། ཚོགས་འདུ་བསྐོང་སྟེ་བཟའ་འཁོན་གྱིས་གནད་དོན་ལ་རྐྱེན་བྱས་ཏེ་མེར་བསྲེགས་བཏང་བ་ཡིན་ཚུལ་དང་གནས་ཚུལ་དེ་ཕྱིར་བསྒྲགས་བྱེད་མི་ཆོག་པའི་འཇིགས་སྐུལ་བྱས་ཡོད་འདུག་ལ། ཉིན་དེའི་དགོང་མོ་རྨ་ཆུ་རྫོང་གི་ལས་ཁུངས་ཁག་ནང་ཛ་དྲག་གི་ཚོགས་འདུ་བསྐང་སྟེ་གནས་ཚུལ་ཁ་བསྒྱུར་དང་གསང་སྦས་བྱེད་ཕྱོགས། དེ་བཞིན་དོན་རྐྱེན་དེའི་རྒྱབ་ལྗོངས་ཞིབ་བཤེར་དང་སྔོན་འགོག་སོགས་ཀྱི་སྐོར་ལ་གྲོས་བསྡུར་བྱས་ཡོད་འདུག

ཁ་སང་ཕྱི་ཚེས་ ༤ ཉིན་ནས་བཟུང་རྨ་ཆུ་རྫོང་བོད་ཡིག་སློབ་འབྲིང་དམག་མིས་དམ་དྲག་ཁྲོད་ཕྱི་མིར་ཐུག་འཕྲད་དང་ཁ་པར་རྒྱུད་ལམ་སོགས་ཡོངས་སུ་བཀག་སྡོམ་བྱས་ཡོད་པ་མ་ཟད། རྨ་ཆུ་རྫོང་མཁར་གྲོང་དུ་གནས་སྡོད་བྱེད་ཀྱིན་པའི་བོད་པའི་ཁྱིམ་ཚང་ཡོངས་ལ་བསྔོག་བཤེར་གྱིས་དྲ་རྒྱའི་སྐུད་ལམ་བཀོག་འཁྱེར་བྱས་པ་སོགས་དམ་དྲག་ཤུགས་ཆེར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དོན་གོ

     

འབྲེལ་ཡོད་གསར་འགྱུར།

བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་རིགས་སོགས་ཀྱིས་རྒྱལ་ཚོགས་ཀྱི་མདུན་དུ་རྒྱ་ནག་སྤྱི་དང་བོད་ནང་གི་ཆོས་དད་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དགོས་པའི་སྐད་འབོད་ལས་འགུལ་སྤེལ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཞི་བའི་སྐད་འབོད་ལས་འགུལ་སྤེལ།

ཆུ་ཚོད་ ༤ སྔོན་ལ།
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༣།༢༦ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ལས་ཀ་ག་རེ་བྱས་ནའང་མདུན་སྐྱོད་དེ་གལ་ཆེན་པོར་རྩིས་ནས་འདས་པའི་ལོ་ལྔའི་རིང་ཕྱག་ལས་གནང་བ་ལྟར་མུ་མཐུད་གནང་རྒྱུ་ཡིན་སྐོར་གསུངས་འདུག

༢༠༢༦/༠༢/༢༥
རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ནང་མིས་བོད་རང་སྐྱོང་ལྗོངས་ཟེར་བའི་མི་དམངས་འཐུས་མི་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་འདུག
Mobile App

བོད་ལྗོངས་དམངས་འཐུས་ཚོགས་ཆེན་ཐོག་རྡོ་རྗེ་བཀྲ་ཤིས་ཀྱི་གནས་ཚུལ་ཞུ་གཏུག་བྱས།

༢༠༢༦/༠༢/༢༥
བོད་ནང་གི་གཞིས་ལུས་བོད་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ། ༢༠༢༦།༢།༢༤། བོད་ཀྱི་དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

གཞིས་ལུས་བོད་མིར་གདུང་སེམས་མཉམ་སྐྱེད་ཀྱི་མཆོད་འབུལ་སྨོན་ལམ་འཚོགས།

༢༠༢༦/༠༢/༢༤
Advertisement for App

ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༢/༢༤
༧གོང་ས་ཏཱ་ལའི་བླ་མ་བོད་དང་རྒྱ་གར་གནའ་བོའི་རིག་གཞུང་ལྟེ་གནས་ཁང་གི་རྩིག་རྨང་འཇོག་གནང་མཛད། ༢༠༢༢།༡།༣  དུས་བབ་ཀྱི་པར།
Mobile App

རྒྱ་བལ་གནས་ཆེན་ཁག་གི་བོད་བརྒྱུད་ནང་བསྟན་གྱི་གཟི་འོད།

༢༠༢༦/༠༢/༢༤

མཆན། 13

  1. Pingback: རང་སྲེག་གནང་མཁན་ཁོང་གི་གནས་ཚུལ་ཞིབ་ཕྲ་འཐོན། - བོད་ཀྱི་དུས་བབ།
  2. ནེ་ཤོད་གྲུ་ཁ། says:
    ལོ་ 14 སྔོན།

    ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། ཨོཾ་མ་ཎི་པདྨེ་ཧཱུཾ། རང་རིགས་ལ་དུང་བ་ཟབ་པའི་གཞིས་ལུས་ཀྱི་སྤུན་ཟླ་ཁོང་རྣམ་པར་མེད་ན་གངས་ཅན་བོད་པའི་རྒྱུད་འཛིན་སུས་བྱེད།

    Reply
  3. རང་དབང་རྒྱལ་སྲས། says:
    ལོ་ 14 སྔོན།

    བུ་མོ་ཚེ་རིང་སྐྱིད་ཀྱི་སྙིང་སྟོབས་ལ་སེམས་ནས་གུས་ཕྱག་འབུལ།

    Reply
  4. ཤིང་ལོ། says:
    ལོ་ 14 སྔོན།

    སྐྱེ་ནས་འཆི་བ་ཆོས་ཉིད་གནམ་གྱི་བཀའ།།
    གཟི་བརྗིད་ངང་དུ་འཆི་བ་རླབས་ཆེན་ལུགས།།
    ལོ་རྒྱུས་གཙང་བོ་དལ་ཞིང་ལྷུང་ལྷུང་འབབ།།
    རིགས་མཐུན་མེ་ཏོག་མཆོད་པས་དུས་སུ་དྲན།།

    Reply
  5. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ད་ཅི་དྲག མེ་ལྕེ་འདིས་བོད་ཀྱི་སྐྱེ་ཕོ་མོ་རྒན་གཞོན་མེད་པར་འཚིགས་རྒྱུ་རེད། བུ་མོ་ཚེ་རིང་སྐྱིིད་ལ་སླར་ཡང་མི་ལུས་དོན་ལྡན་ཞིག་ཐོབ་པར་ཤོག

    Reply
  6. ནད་པ says:
    ལོ་ 14 སྔོན།

    གངས་ཅན་ལྗོངས་ཀྱི་ཆོས་སྲིད་བྱ་བའི་གདུགས།།
    འདེགས་པའི་སྲི་ཞུར་གཏོགས་པའི་སྐྱེ་བོ་ཀུན།།
    ལྷག་བསམ་རྣམ་དཔུང་པ་རབ་བརྟན་ཅིང་།།
    སྐྱེ་ཀུན་ཕྱག་ན་པདྨོས་རྗེས་བཟུང་ཤོག།

    Reply
  7. བཀྲ་ཤིས། says:
    ལོ་ 14 སྔོན།

    ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །ཨོྂ་མ་ཎི་པདྨེ་ཧཱུྂ། །

    Reply
  8. སེར་ལྷོ་བློ་བཟང་རྒྱ་མཚོ། says:
    ལོ་ 14 སྔོན།

    ཞུམ་མེད་སྙིང་སྟོབས་བཙན་པོས་གོ་བགོས་ཤིང་། །
    འཇིགས་མེད་མེ་ལྕེ་དྲག་ཏུ་འབར་བའི་ཁྲོད། །
    བདེན་པའི་ཀི་སྒྲས་ས་གསུམ་ཡོམ་ཡོམ་བསྒུལ། །
    འདི་ནི་གངས་ཅན་པ་ཡི་དཔའ་སྐད་ཅིག །

    Reply
  9. བཀྲ་ཤིས་ཉི་མ། says:
    ལོ་ 14 སྔོན།

    སྙིང་ཉེ་བའི་སློབ་གྲོགས་ཚེ་རིང་སྐྱིད་ལགས་ཀྱི་སྙིང་སྟོབས་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན་ལ། འདི་དང་མཉམ་དུ་བཙན་བྱོལ་སྤྱི་ཚོགས་ནང་ནས་གྲངས་ཀ་རྩིས་ཏེ་སྡོད་རྒྱུ་ཡིན་ནམ་ཞེས་དྲི་བ་འདོན་རྒྱུ་ཡིན།
    རྨ་ཆུའི་སྒྲོལ་དཀར་སྐྱབས་ལགས་གནས་ཚུལ་བསྡུ་ལེན་བྱས་པར་ཐུགས་རྗེ་ཆེ་མོད། སྔོན་མ་སྤྱི་འཐུས་ནང་མ་སླེབས་གོང་བོད་ནང་གི་གནས་ཚུལ་ཆུང་ཆུང་ཞིག་ཡིན་ཡང་ཁ་སུ་མགྱོག་གི་དུས་ཚོད་བརྩད་དེ་གསར་ལམ་ཁག་ཏུ་བསྒྲགས་མོད། སྤྱི་འཐུས་ནང་བསླེབས་ཚར་རྗེས། འདི་ལྟ་བུའི་གནས་ཚུལ་ཛ་དྲག་སླེབས་ཀྱང་། ཉིན་གཅིག་གཉིས་རྗེས་སུ་ལྷོད་ལྷོད་གནང་དོན་ཅི་ཡིན།

    Reply
  10. གྱད་ལྷ་དགའ། says:
    ལོ་ 14 སྔོན།

    མདོ་སྨད་རྨ་ཆུའི་ཡུལ་གྱི་བོད་པའི་བུ་མོ་ཚེ་རིང་སྐྱིད་ལགས་ལ། སྙིང་ཁོངས་རུས་པའི་གཏིང་ནས་གུས་འདུད་དང་མྱ་ངན་ཞུ་རྒྱུ་ཡིན། ཉེན་རྟོག་དམགས་མིས་རྡོ་གཞུས་པ་མ་ཟད། སྔོ་ཚལ་འཚོང་མཁན་གྱི་རྒྱ་རིགས་དཀྱུས་མ་དག་གིས་ཀྱང་ཁྱེད་ལ་རྡོ་གཞུ་ཡོང་དུས། ཡང་སྙིང་ཁྱེད་འདས་རྐྱེན་དེ། སྐུ་ལུས་མེར་སྒྲོན་པ་དང་། རྒྱ་དམགས་ཀྱིས་བཀྲོངས་པ། ཡང་ན་སྔོ་ཚལ་འཚོང་མཁན་གྱིས་བཀྲོངས་པ་བཅས་གང་ཡིན་ནམ། ཨ་ཁ་རྒྱ་དམངས་དཀྱུས་མའི་སེམས་ལ་བོད་མའི་ཐོག་ལ་འཁོན་སེམས་འདི་ལྟར་ཆེ་བ་ལ་ཨང་།

    Reply
  11. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    བུ་མོ་ཚེ་རིང་སྐྱིད་ལགས་ཀྱི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་འདི་ནི། བོད་ནང་དུ་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་བྱུང་བ་ནས་བཟུང་། སློབ་མ་ཞིག་གིས་རང་ལུས་མེར་བསྲེགས་བཏང་བ་ཐོག་མ་དེ་ཆགས་ཡོད། བོད་ནང་མེ་རླབས་དེ་དགོན་སྡེ་ནས་གྲྭ་ཟུར་དང་། དེ་ནས་ཁྱིམ་པ་ཕོ་མོ། ད་ལྟ་སློབ་གྲྭའི་ཁོར་ཡུག་ཏུ་མཆེད་མགོ་བརྩམས་བྱུང་ལ། མཆེད་སྟངས་ཀྱང་དགོན་པའི་ཉེ་འདབས་ནས་ས་གནས་གྲོང་རྡལ་གྱི་ཁྲོམ་གཞུང་དང་། དེ་ནས་རྒྱ་གཞུང་གི་སྲིད་འཛིན་སྡེ་ཁག་གི་སྒོ་ཁ། ད་ལྟ་རྒྱ་མི་འདུས་སྡོད་ཀྱི་ཚོང་རྭར་མཆེད་བྱུང་། བོད་ཁུལ་དུ་འདུས་སྡོད་རྒྱ་རིགས་མང་ཚོགས་ཚོས་ཀྱང་བོད་མིའི་དཀའ་སྡུག་གནས་སྟངས་མིག་གིས་མཐོང་བཞིན་དུ་ད་དུང་སྡུག་པ་མིག་བཙུམ་བྱས་མི་སྡོད་པར། བོད་མིའི་ཕྱོགས་སུ་ལངས་ཏེ་ཁ་དྲང་མོ་ཞིག་གྲགས་དགོས་པའི་དུས་ལ་སླེབས་ཡོད། ག་སྲིད་ད་དུང་སྡུག་པ་མིག་བཙུམ་གྱིས་མུ་མཐུད་དུ་བསྡད་ཚེ། ཁ་རྒྱབ་ལྟོ་གོས་འཚོལ་དཀའ་བའི་སོ་སོའི་རྒྱ་ཡུལ་དུ་ཕྱིར་མི་ལོག་མཐུ་མེད་ཀྱི་ཉིན་ཞིག་འཆར་སྲིད།

    Reply
  12. རོ་ལངས། says:
    ལོ་ 14 སྔོན།

    མི་རིགས་ཀྱི་ཆེད་དུ་ཚེ་སྲོག་དང་ཟུངས་ཁྲག་འབུལ་མཁན་ཡོངས་ལ་དྲན་གསོ་ཞུ་བཞིན་ཡོད།

    Reply
  13. ཨ་རིག་དགེ་མཐོང་། says:
    ལོ་ 14 སྔོན།

    མེ་ལྕེ་ཕྱོགས་ནས་ཕྱོགས་སུ་མཆེད་ཀྱི་འདུག་ལ། དེ་ནི་དཔའ་མོ་དག་གི་སྙིང་སྟོབས་ཕྱིར་ཏུ་ཐོན་སོང་། དལ་འབྱོར་མི་ལུས་བཟང་བོ་ཞིག་ཐོབ་པར་ཀུན་གྱིས་སྨོན་ལམ་ཐོབས།

    གནས་ཚུལ་འདི་ཁ་སང་ནས་ཐོས་ཀྱང་ཁུངས་ལྡན་ནི་དེ་རིང་གི་འདི་ཡིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese