མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲྭ་བློ་བཟང་དཀོན་མཆོག་ལགས་ཀྱི་གནས་སྟངས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༠༥
Share on FacebookShare on TwitterShare on EmailShare on Whatsapp

རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་དཀོན་མཆོག་ལགས་རྒྱ་ནག་གི་སྨན་ཁང་ཞིག་ཏུ་རྐང་ལག་གཏུབ་དགོས་བྱུང་བའི་གནས་ཚུལ་འབྱོར་འདུག

སྔར་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན་གྱི་བོད་ནང་གི་སྔ་དྲོའི་ཆུ་ཚོད་ ༡༠ པ་ཡས་མས་སུ། རྔ་པ་ཀིརྟི་དགོན་པའི་རང་ལོ་ ༡༨ ཡིན་པའི་གྲྭ་བློ་བཟང་སྐལ་བཟང་དང་རང་ལོ་ ༡༩ ཡིན་པའི་གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས། རྔ་པ་རྫོང་གི་ཁྲོམ་གཞུང་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་སྐབས། རྒྱ་ནག་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་ཏེ་གར་ཡོད་ཅི་བྱུང་གི་གནས་ཚུལ་ཤེས་རྟོགས་བྱུང་མེད་པ་ལྟར། ཉེ་ལམ་གྲྭ་བློ་བཟང་དཀོན་མཆོག་ལགས་རྒྱ་ནག་གི་སྨན་ཁང་ཞིག་ཏུ་རྐང་ལག་གཏུབ་ཏེ་ཛ་དྲག་གི་གནས་སུ་གྱར་ཡོད་པའི་གནས་ཚུལ་འབྱོར་འདུག

འདིའི་ཐད་གསར་འགོད་པས་ཀིརྟི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པ་གྲྭ་བློ་བཟང་ཡེ་ཤེས་ལགས་སུ། གྲྭ་བློ་བཟང་དཀོན་མཆོག་དང་ཁོང་དང་མཉམ་དུ་ངོ་རྒོལ་སྐད་འབོད་བྱས་པའི་བློ་བཟང་སྐལ་བཟང་གཉིས་ཀྱི་གནས་སྟངས་སྐོར་དྲིས་པར་ཁོང་གིས། “ གྲྭ་བློ་བཟང་སྐལ་བཟང་གི་གནས་ཚུལ་ད་ལྟའི་ཆར་ཡང་ཤེས་རྟོགས་ཐུབ་ཀྱི་མི་འདུག ཡིན་ནའང་། བློ་བཟང་སྐལ་བཟང་སྔར་ལོའི་ཕྱི་ཟླ་ ༩ པའི་ཚེས་ ༢༦ ཉིན་ཁོང་གཉིས་ཀྱིས་རང་ལུས་མེར་བསྲེག་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པའི་ཉིན་དེར་ཉེན་རྟོག་པས་འཛིན་བཟུང་བཙན་འཁྲིད་བྱས་རྗེས། བརྒྱུད་ལམ་ཁག་ཅིག་ཏུ་འབར་ཁམས་དང་ཁྲིན་ཏུའུ་གང་རུང་གི་སྨན་ཁང་ཞིག་ཏུ་ཡོད་པའི་གནས་ཚུལ་ཐོན་པ་ལས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་བྱུང་མེད་ཀྱང་། ཉེ་ལམ་ང་ཚོའི་གནས་ཚུལ་ཤེས་གསལ་ལ། རྒྱ་གཞུང་གིས་གྲྭ་བློ་བཟང་དཀོན་མཆོག་ལ་སྲོག་གི་ཉེན་ཁ་ཡོད་ཚུལ་བཤད་དེ་ཁོང་གི་རྐང་ལག་བཞི་གཏུབ་ཡོད་འདུག་ལ། ཟ་མ་གཅིག་ཀྱང་ཟ་ཐུབ་ཀྱི་མེད་པར་ཁོག་ལ་སྦུ་གུ་དྲངས་ཏེ། ལྡུག་དགོས་པའི་ཛ་དྲག་གི་གནས་སྟངས་འོག་ལྷག་འདུག་མོད། ད་དུང་ཁོང་ལ་རྒྱ་རིགས་ལྟ་རྟོག་བྱེད་མཁན་དང་སྨན་པ་ཚོས། “ རྒྱལ་ཁབ་ཀྱི་དགྲ་བོ་དང་མང་ཚོགས་ནང་དཀྲུགས་ཤིང་རྒྱག་མཁན ” ཡིན་ཚུལ་བཤད་དེ་ནམ་རྒྱུན་མཐོང་ཆུང་དང་ཁྱད་གསོད་བྱེད་ཀྱིན་པར་མ་ཟད། ད་ལྟའི་ཆར་ཡང་ཉེན་རྟོག་པས་ཁོང་ལ་ངན་སྐུལ་བྱེད་མཁན་རྒྱབ་རོགས་སུ་ཡོད་སོགས་འདྲི་གཅོད་སུན་གཙེར་བཟོ་བཞིན་ཡོད་འདུག ” ཅེས་བརྗོད་བྱུང་།   

ཕྱི་ལོ་ ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༧ ཉིན་རྔ་པ་ཁུལ་དུ་གྲྭ་བཀྲ་བྷེས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་བྱས་པ་ནས་ད་ལྟའི་བར། སྔ་ཕྱི་སྐྱ་སེར་མི་ ༡༦ གིས་བསྟུད་མར་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་ལ། དེའི་ཁྲོད་སྐྱ་སེར་ ༡༡ འདས་གྲོངས་སུ་ཕྱིན་ཡོད་པ་དང་། གཞན་ ༥ རྒྱ་གཞུང་གིས་བཙན་འཁྲིད་བྱས་རྗེས་གར་ཡོད་ཅི་བྱུང་གི་གནས་ཚུལ་ཅི་ཡང་གསལ་བཤད་མེད་པར་ལྷག་ཡོད།  

གསར་འགོད་པ། དོན་གོ  

འབྲེལ་ཡོད་གསར་འགྱུར།

IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

ཆུ་ཚོད་ ༡ སྔོན་ལ།
མོ་རོ་ཁོའི་མི་སེར་སྟོང་ཕྲག་མང་པོས་མཚོ་ལམ་བརྒལ་བཞིན་པ། Getty ཡི་པར།
Mobile App

མོ་རོ་ཁོའི་མི་སེར་ཁྲི་བདུན་ལྷག་སི་པན་གྱི་མངའ་ཁོངས་ས་ཁུལ་དུ་ནང་འཛུལ་བྱས་པའི་སྔ་གཞུག

༢༠༢༦/༠༨/༠༧
The United States section of Amnesty International
Mobile App

༧གོང་ས་མཆོག་གི་སྐུ་པར་བསྟན་པ་ལ་བརྟེན་ནས་རྒྱ་རིགས་དམངས་གཙོ་དོན་གཉེར་བ་ཞིག་འཛིན་བཟུང་བྱས།

༢༠༢༦/༠༨/༠༧
པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༠༦
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣

མཆན། 2

  1. ཤིང་ལོ། says:
    ལོ་ 14 སྔོན།

    ད་དུང་རྒྱུན་རིང་བོའི་འཐབ་རྩོད་ཁྲོད་དུ་ཅི་ཞིག་འབྱུང་རྒྱུ་ཡིན་ནམ། རྒྱ་ནག་མི་མང་ཡང་ནང་པའི་ཆོས་མཉམ་ལེན་གནང་མཁན་རེད། སོང་ཙང་། ཁ་སྒོ་ཡི་ལས་བྱེད་ཚོས་རྣམ་སྨིན་ལ་བསམ་བློ་བཏང་ན་ལེགས། དེང་སྐབས་རྒྱབ་ལ་ཁྲ་ཁྲ་ཞིག་གོན་རྒྱུ་ཡོད་པ་དང་། ཉམ་ཆུང་ཚོར་མེ་མདའ་སྟོན་རྒྱུ་ལས་སླ་བོ་ཡིན་ནའང་། མི་ཚེ་གང་བོར་དེ་ལྟར་སྡོད་མི་ཐུབ་པར་ཐ་མ་རང་སྡིག་རང་གིས་འཁུར་དགོས་པ་རེད།

    Reply
  2. རང་དབང་རྒྱལ་སྲས། says:
    ལོ་ 14 སྔོན།

    འདས་པོ་རླབས་ཆེན།
    གསོན་པོ་གཟི་བརྗིད།

    མི་རིགས་སམ་རྒྱལ་ཁབ་ཞིག་གི་འཐབ་རྩོད་ལ་ངེས་པར་དུ་བརྒྱུད་དགོས་པའི་གཏན་ཚིགས་འདི་འུ་ཚོ་བོད་པ་ཚང་ལ་ད་གཟོད་སྨིན་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese