གཉའ . འབྲོང་ཐུ་བུ།
གཅིག
བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་འཕོ་འགྱུར་ལས་བོད་རྒྱའི་གནད་དོན་ད་དུང་ཐག་ཆོད་མེད་པས་བོད་མི་སྤྱི་བོ་གནམ་བསྟན་མང་ཆེ་བར་བོད་ཀྱི་གནད་དོན་ཐད་སེམས་ཁུར་དང་ཅི་བྱ་གཏོལ་བྲལ་དུ་གྱུར་དང་འགྱུར་བཞིན་པའི་གནས་སྟངས་ཉིན་རེ་ནས་ཉིན་རེར་ཇེ་གསལ་ནས་ཡང་གསལ་དུ་འགྲོ་བཞིན་ཡོད། ༡༩༥༩ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཁོར་བཙན་བྱོལ་དུ་ཕེབས་པ་ནས་བཟུང་བོད་མིའི་གྲངས་འབོར་དང་བསྡུར་ན་སྐུ་རྗེས་འབྲངས་ནས་སྐྱབས་བཅོལ་དུ་ཕེབས་མཁན་གང་འཚམ་བྱུང་ཞིང་། དེ་དག་གིས་༸གོང་ས་མཆོག་གི་བཀའ་དགོངས་བཞིན་དཀའ་ལས་རིམ་པར་བརྒྱབ་པར་བརྟེན་དེང་སྐབས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་དཔལ་རིག་གསུམ་སྲ་ཐག་ཐག་ཅིག་ཟེར་ན་དཀའ་མོ་ཡིན་ཡང་སྐྱབས་བཅོལ་བ་ཞིག་གི་ངོས་ནས་བལྟས་ན་འགྲིག་ཐག་ཆོད་རེད་སྙམ། ༸གོང་ས་མཆོག་གི་རླབས་ཆེན་དགོངས་གཞི་ནི་འཚེ་བ་མེད་པའི་ཉམས་བཞེས་དང་། དབུ་མའི་ལམ་ལག་ལེན་གྱིས་བོད་ཀྱི་བདེན་མཐའ་གསལ་རྒྱུ་དང་། འཛམ་གླིང་ཞི་བདེ་དང་མི་རིགས་འདྲ་མཉམ། ལྷག་པར་འཚེ་མེད་ཞི་བ་རྩ་བར་གྱུར་བའི་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་གིས་འཛམ་བུ་གླིང་ལ་བག་ཆགས་བཟང་པོ་ཞིག་བསྐྲུན་རྒྱུ་དེ་རེད་སྙམ།
གཉིས།
ལོ་རབས་བརྒྱད་ཅུ་བའི་ནང་ལྷ་སར་ཞི་རྒོལ་བྱུང་བ་ནས་བོད་ཡུལ་སྟོད་སྨད་བར་གསུམ་དུ་མི་རིགས་ཀྱི་འདུ་ཤེས་གོང་མཐོར་སོང་དེ་དེང་སྐབས་བླ་མ་དང་གྲྭ་བཙུན་མི་སྐྱ་ཕོ་མོ་ཉི་ཤུ་རྩ་སྟོད་ཀྱིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་རྒོལ་བྱས་ཡོད། འཐབ་རྩོད་འདིར་ནུས་པ་མངོན་གསལ་ཐོན་ཡོད་པ་སྨོས་མེད་ཡིན་ཡང་བོད་མིའི་མངོན་འདོད་ད་དུང་འགྲུབ་མེད་ལ་འཐབ་རྩོད་འདི་མུ་མཐུད་བསྐྱངས་ཀྱང་དམིགས་ཡུལ་མྱུར་དུ་འགྲུབ་ཐུབ་པའི་གདེང་ཚོད་ང་ཚོར་ཡོད་མེད་མི་ཤེས། བོད་ནང་གི་འཐབ་རྩོད་ཛ་དྲག་ཏུ་ཕྱིན་པ་དང་། ཡང་ན་དོན་རྐྱེན་རེ་རེའི་ཐད་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དང་། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། མི་སྒེར་སོ་སོ་ནས་ཀྱང་དེ་མཚུངས་ཀྱིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད། འོན་ཀྱང་གོང་གི་གཞིས་བྱེས་གཉིས་ཀྱི་ལས་འགུལ་ལ་ནི་གནམ་ས་བླ་འོག་ལྟ་བུའི་ཁྱད་པར་བྱུང་ཡོད་པ་དང་། གཉིས་ཀ་འཚེ་མེད་ཞི་བ་ལས་མ་འདས་སྟབས། སྤུན་ཟླའི་རང་སྲོག་བཏང་བའི་ཕངས་སེམས་དང་། བཙན་བྱོལ་བོད་མིའི་ལས་འགུལ་གྱིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ནུས་པ་འདི་ཐོན་སོང་ཟེར་བའི་ཆེ་ཆེ་ཞིག་མིག་སྔར་སྟོན་རྒྱུ་དཀའ་མོ་ཡིན་སྟབས་དེང་སྐབས་འཚེ་མེད་ཞི་བ་དང་། ལམ་དབུ་མ་བློས་གཏོང་བྱེད་པའི་ཚོགས་པ་དང་། མི་སྒེར་ཤེས་ཡོན་ཅན། ད་དུང་སེར་མོ་བའི་ཁྲོད་དུའང་དྲག་པོའི་སྦྱོར་བ་རྩོམ་དགོས་པའི་བསམ་ཚུལ་འདོན་མཁན་རེ་ཟུང་བྱུང་ཡོད།
དཔེ་མཚོན་གཅིག་གཞིར་བཞག་ནས་བཤད་ན། དེ་རིང་རྫ་སྲས་བདེ་ཆེན་གྱིས་བོད་ཀྱི་དུས་བབ་དྲ་བའི་བསམ་ཚུལ་ཚན་པའི་ནང་༼ཞལ་འདོན་གཡོ་སྐྱོར་གྱི་འཁྲབ་ཚན་དང་པེ་ཅན་སྲིད་གཞུང་ལ་སྙིང་རྗེ་སློང་བའི་ལེའུ་མཇུག་སྒྲིལ་རན་རེད་༽ཅེས་པའི་ཁ་བྱང་འོག་བསམ་ཚུལ་དོན་ཚན་གསུམ་བྲིས་ཡོད་པའི་དོན་ཚན་དང་པོའི་ནང་གཞིས་བཞུགས་བོད་མིའི་མངོན་འདོད་ནི་མ་འོངས་པར་རང་སྲིད་རང་སྐྱོང་གིས་རྒྱ་ནག་དང་མཉམ་གནས་བྱེད་རྒྱུ་མིན་ཞིང་། བོད་ནང་གི་བོད་མི་ཚོས་དེ་འདྲའི་གནས་བབ་ལས་ཤི་རྒྱུ་བདམས་ཡོད་པ་དང་། རྒྱ་ནག་གི་དཔོན་ཆེན་ཞིག་གིས་བཤད་པའི་“བོད་རྒྱའི་འཐབ་རྩོད་ནི་ཁྱོད་ཤི་ང་གསོན་གྱི་འཐབ་འཛིང་ཡིན” ཞེས་པ་འདི་དང་། ང་ཚོར་རྒྱུས་མངའ་ཡོད་པའིོ་འབོད་ཚིག “རྒྱ་དམར་བོད་ནས་ཕར་རྒྱུགས། བོད་ཀྱི་བདག་པོ་བོད་མི་ཡིན” ཞེས་པའི་འབོད་ཚིག་འདི་གཉིས་ཞིབ་བསྡུར་གྱིས་བོད་མི་རིགས་དང་རྒྱ་མི་རིགས་མཉམ་གནས་ཡོང་རྒྱུ་མིན་པ་དཔེ་དང་བཅས་ལྟ་ཚུལ་བཏོན་འདུག་ལ། བཙན་བྱོལ་བོད་པ་ཚོས་པེ་ཅིན་གཞུང་ལ་སྙིང་རྗེ་དང་། བསམ་ཤེས་ལ་ངང་སྒུག་བྱས་པ་ནི་དངོས་ཡོད་དང་མི་འཚམ་པ་དང་། བོད་མིའི་བླ་བཙོང་། དགྲ་བོར་མགོ་འདོགས། མི་རབས་ཕྱི་མའི་གོ་ན་ངོ་ཚ་དགོས་པ་དང་། ལོ་རྒྱུས་ཀྱི་ཐེབ་ཐར་ནག་པོ་བཟོ་བྱེད་ཅིག་ཏུ་བལྟས་འདུག
དོན་ཚན་གཉིས་པའི་ནང་བར་སྐབས་ཤིག་ནས་ཟམ་གདོང་ཐེ་བའི་བཙན་བྱོལ་དཔོན་ཆེན་ཚོས་ཅི་ཞིག་དཔོག་མདོག་གིས་རྒྱ་ནག་པེ་ཅན་ལ་ཡིད་ཆེ་བླ་མེད་བྱས་ཡོད་པ་དང་། པེ་ཅན་གཞུང་ལ་གྲོགས་བསྒྲིག་རྒྱུའི་ཆེད་གསུམ་བཅུའི་དུས་དྲན་ལ་འཛོམས་པའི་བོད་རིགས་སྤུན་ཟླ་ཚོའི་འཐབ་རྩོད་ཀྱི་འབོད་ཚིག་མེད་པར་བཏང་དེ་བྱང་ཆུབ་སེམས་མཆོག་དང་། ཚད་མེད་ཡོན་ཏན་མ་སྐྱོར་དུ་བཅུག་པ་དང་། དེ་དང་དེ་ལ་སོགས་པའི་སྒོ་ནས་བོད་རིགས་སྤུན་ཟླ་ཚོའི་འཐབ་རྩོད་ཀྱི་ནུས་པ་ཚལ་བ་བརྒྱ་རུ་བཏང་བ་ལོ་རྒྱུས་ཀྱིས་མི་བརྗེད་པ་དང་། ལོ་རྒྱུས་ཀྱིས་བརྗེད་ཀྱང་ཁོ་བོས་མི་བརྗེད་ཅེས་གོང་སྨོས་ཟམ་གདོང་དང་དཔོན་ཆེན་ཚོ་ཞེས་པའི་སྒྲས་བརྗོད་དོན་ངོ་མ་མི་གསལ་ཡང་དེ་ལ་སོགས་པར་སྐྱོན་བརྗོད་ནན་མོ་བྱས་ཏེ་ནག་ཉེས་ཆེན་པོ་ཡིན་པར་གླེང་འདུག་ལ། བོད་དོན་ཛ་དྲག་གི་སྐབས་བོད་ནང་དུ་སྐུ་སྲོག་མེ་ལ་སྦར་བའི་ཡ་ངའི་གནས་སྟངས་ལ་སྡུག་བསྔལ་མི་བྱེད་པར་གཞོན་ནུ་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྒྱལ་དར་མེར་བསྲེགས་བཏང་བར་ངུ་འབོད་དང་། རྒྱ་མི་དམར་པོའི་སེམས་ཁམས་ལ་ཕོག་ཐུག་འགྲོ་མིན་ཐད་སེམས་སྡུག་བྱེད་པ་དང་། དེ་ལུགས་གླེང་སློང་བྱས་ཏེ་སེམས་ཁྲལ་བྱེད་ཀྱིན་ཡོད་པ་དང་། དེ་དག་གིས་པེ་ཅིན་ལ་ཡིད་རྟོན་དང་རེ་བཅོལ། ཡང་ན་ཞེད་སྣང་རབ་ཏུ་འཐུག་པ་དག་གིས་རྒྱ་གཞུང་གི་སེམས་ཁམས་སྲུང་སྐྱོབ་ལས་ཨང་དང་པོར་བོད་ནང་གི་སྤུན་ཟླ་ཚོའི་ཚེ་སྲོག་སྐྱོབ་ཐབས་ལ་བསམ་བློ་གཏོང་དགོས་པ་དང་། གནས་སྐབས་འདི་དམ་འཛིན་བྱེད་དགོས་པར་ཡང་གླེང་འདུག
སྐད་ཆའི་ཟུར་ངོས་མང་པོ་ཞིག་ན་གཟས་ས་མང་དག་ཅིག་ཡོད་པ་འདྲ་ཡང་སྤྱི་བམ་ཙམ་ལས་གསལ་ཁ་དེ་ཙམ་བཏོད་མེད། ཚང་མར་གསལ་ཁ་གཏོད་རྒྱུ་གནས་སྐབས་བཞག་ཀྱང་གཞོན་ནུས་རྒྱ་མིའི་རྒྱལ་དར་མེར་བསྲེགས་བཏང་བར་ངུ་འབོད་བྱེད་མཁན་ཞེས་ཟུར་མདའ་འཕངས་ཡོད་པ་དེ་ཨ་རིག་དགེ་མཐོང་གིས་དུས་བབ་དྲ་བའི་མི་སྒེར་གྱི་ཟིན་བྲིས་ནང་༼གཞོན་ནུ་ལྷན་ཚོགས་ཀྱིས་བསམ་བློ་ཐོངས།༽ཞེས་དང་།༼གཞོན་ནུ་དང་འཚེ་བའི་ལས་འགུལ།༽ཞེས་པའི་ཁ་བྱང་འོག་གི་བསམ་ཚུལ་དེ་གཉིས་ལ་གཟས་པ་འདྲ། དོན་ཚན་གསུམ་པའི་ནང་པེ་ཅིན་ནས་ཉི་མ་རེ་རེ་བཞིན་སྡིགས་དམོད་དང་། བོད་ནས་དུས་ཚོད་རེ་རེ་བཞིན་གསོད་གཏུབ། བོད་མི་ཚོ་གཅིག་ཤོར་གཉིས་ཤོར་གྱིས་རང་སྲེག ལོ་རེ་བཞིན་བོད་ནང་གི་འཐབ་རྩོད་ཀྱི་རྣམ་པ་གཞན་དུ་འགྱུར་ནའང་བཙན་བྱོལ་དུ་གྲུབ་འབྲས་སྣ་གཅིག་སྟོན་རྒྱུ་མེད་པའི་སྲིད་ཇུས་རྟག་པ་དང་། འགྱུར་བ་སྤུ་ཙམ་མེད་པའི་ལས་འགུལ་བརྫུས་མ་ཞིག་གིས་རང་མགོ་གཡོགས་པར་བརྗོད་ཅིང་། མདོར་ན་བཙན་བྱོལ་ནང་བོད་དོན་དྲིལ་བསྒྲགས་དང་། བསྔོ་བ་སྨོན་ལམ་ཀུན་བརྫུས་མ་དང་གཡོ་ཟོལ་རྐྱང་བ་ལས་མ་འདས་པར་སྨྲས་འདུག རྫ་སྲས་དང་རྫ་སྲས་ལྟ་བུའི་བསམ་ཚུལ་འདི་སྲན་མ་མ་ཆོད་པར་ཡོས་ཞེས་པར་སྨྲ་རྒྱུ་ཡོད་མེད་མི་ཤེས་ཀྱང་ནང་དོན་དང་རྒྱབ་ལྗོངས་གང་ལ་བལྟས་ཀྱང་འཚེ་མེད་ཞི་བ་དང་། དབུ་མའི་ལམ་གྱི་སྲིད་ཇུས་ཀྱིས་བོད་ཀྱི་གནད་དོན་ཐག་ཆོད་རྒྱུ་མིན་པར་ངེས་པར་བོད་རྒྱ་གཉིས་ཁྱོད་ཤི་ང་གསོན་གྱི་ལམ་དུ་འགྲོ་དགོས་པའི་ལྟ་ཚུལ་ཁོ་ན་ལས་མ་འདས་སོ།།
གསུམ།
སྐབས་འདི་ནས་ང་ཚོས་བསམ་བློ་གཏོང་དགོས་ས་ཞིག་ནི་༸གོང་ས་མཆོག་གི་དགོངས་གཞི་དང་། བོད་གཞུང་གི་སྲིད་ཇུས་ལ་རྒྱབ་འགལ་བྱེད་མཁན་གྱི་བོད་མི་ག་ཚོད་ཡོད་ཟེར་བ་འདི་དང་། ཡང་ན་བཙན་བྱོལ་བོད་མིའི་ཆབ་སྲིད་ཀྱི་ངོ་བ་དྲག་པོར་བསྒྱུར་ཐུབ་བམ། བདག་གིས་བལྟས་ན་འདི་ནི་ལྟ་ཚུལ་འདོན་མཁན་རྫ་སྲས་དང་རྫ་སྲས་ལྟ་བུའི་ཆེས་གནད་འགག་གི་བསམ་བློ་གཏོང་ས་ཞིག་རེད་འདོད། ད་དུང་གནད་དོན་གཞན་ཞིག་ནི་ཆོས་རྒྱལ་བཀའ་དྲིན་ཅན་རྣམས་ཀྱི་སྐབས་ནས་བཟུང་བོད་ནི་སངས་རྒྱས་ཆོས་ལུགས་དང་ཁ་འབྲལ་ཐབས་མེད་པའི་མི་རིགས་ཤིག་ཡིན་ལ། ནང་བའི་ཆོས་ནི་ལྟ་བ་རྟེན་འབྱུང་དང་སྤྱོད་པ་འཚེ་བ་མེད་པ་གཞི་རྩར་བཟུང་བའི་ཆོས་ལུགས་ཤིག་ཡིན་སྟབས་འགག་རྩ་འདི་ལ་སླེབས་དུས་ནང་བའི་སྐྱབས་འོག་ནས་འབུད་མཁན་གྱི་བོད་མི་ག་ཚོད་ཡོད་དམ། རྫ་སྲས་དང་རྫ་སྲས་ལྟ་བུའི་བསམ་བློ་གཞི་ལ་བཞག་ནས་བཤད་ན་ངེས་པར་ང་ཚོ་གྲྭ་བ་ཡིན་མི་ཆོག་ལ་དེ་ལས་ཀྱང་ནང་བ་ཡིན་མི་ཆོག་པའི་གནས་ལུགས་འདི་ངེས་དགོས་པ་ཞིག་རེད།
བསྟན་པར་དགྲ་བྱུང་ན་སྟོན་པས་མདུང་ཟུངས་ཟེར་བ་དང་། དེང་སྐབས་འཛམ་གླིང་མི་མང་ལ་ཆོས་ལུགས་ཀྱི་ཆེད་དུ་འཚེ་བའི་ལས་བྱས་ཀྱང་འཚེ་བར་མི་འགྱུར་བའི་འགྲེལ་བཤད་འདི་འགྲོ་ས་གཏན་ནས་མེད། རྒྱུ་མཚན་ཆོས་ལུགས་དང་སྲིད་ལུགས་གང་གི་གནད་དོན་ཡིན་ཡང་གང་ལྟར་སྦྱོར་བ་དངོས་འཚེ་བ་ཡིན་ན་དེ་ག་རང་ལ་ཆ་འཇོག་རྒྱུ་ལས་མ་འདས་པ་དབྱི་སི་ལན་གྱི་ཆོས་ལུགས་ཀྱི་གནད་དོན་གཅིག་པུས་ཐག་གཅོད་ཐུབ་ལ་གལ་ཏེ་བོད་མི་མང་པོ་ཞིག་དྲག་པོའི་འཐབ་རྩོད་ནང་ཞུགས་ཚེ་བོད་རྒྱའི་གནད་དོན་ངོ་མ་ཐག་ཆོད་མིན་གནད་དོན་གཙོ་བོ་ཡིན་པ་ཤེས་དགོས་ཤིང་། བོད་ཀྱི་གནས་བབ་དེང་སྐབས་ལས་ཀྱང་སྡུག་ཏུ་མི་འགྲོ་བའི་ངེས་པ་ནམ་ཡང་མེད་པས་ན་དེ་དག་རེ་རེར་བསམ་བློ་གཏོང་ཐུབ་དགོས་ལ་ཝ་རྔ་མ་ཤ་ལེར་འབྲོ་བ་ལས། སྟག་འཛུམ་དྲུག་ཉིལ་ལེར་ཤི་ན་དགའ་ཟེར་མཁན་བོད་མི་ཚང་མ་མིན་པའི་གནས་སྟངས་ཀྱང་ར་འཕྲོད་དགོས་པར་འདོད།
མི་རེ་རེ་ལ་ཚུགས་ཐུབ་ཀྱི་བསམ་བློ་དང་། རང་གཤིས་ལ་དཔགས་ཏེ་སྐད་ཆ་ཡོད་ཆོག་ཆོག་ཡིན་པས་བདག་གི་ལྟ་ཚུལ་འདི་ནི་རྫ་སྲས་དང་རྫ་སྲས་ལྟ་བུ་དག་གི་བསམ་བློ་དང་ལྟ་ཚུལ་གོལ་ནོར་དུ་སོང་དེ་༸གོང་ས་མཆོག་གི་དགོངས་གཞི་དང་། འཚེ་མེད་ཞི་བའི་ལྟ་གྲུབ། དབུ་མའི་ལམ་གྱི་སྲིད་ཇུས། བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལ་ཁ་གཏད་ཆགས་འདུག་ཟེར་བ་མིན་པར། དོན་ངོ་མར་ང་ཚོར་ལམ་ཁ་གཞན་ཞིག་ཡོད་དམ། དེ་ཡང་དྲག་པོའི་ལམ་ཁ་ཡིན་ནམ། དོན་ངོ་མར་ལམ་ཁ་འདིར་འགྲོ་བའི་བོད་མི་ཁ་བཤད་དོན་ཐོག་ལ་འབེབས་མཁན་མིང་ཐོ་བཀོད་དེ་ས་ཡིག་བསྡུ་རུབ་བྱས་ན་ག་ཚོད་ཡོད་དམ། དེ་གནད་འགག་ཅིག་རེད་བསམས། རྒྱུ་མཚན་ནི། མི་རིགས་ཤིག་གི་གནད་དོན་ནི་མི་རེ་ཟུང་གི་གནད་དོན་མ་ཡིན་པར་མི་རེ་རེར་འགན་ཁུར་ཡོད་སྟབས་བསམ་ཚུལ་འདོན་རྒྱུའི་དབང་ཚད་དང་། ལས་འགུལ་སྤེལ་རྒྱུའི་ལམ་ཁ་སུ་ལའང་ཡོད་པ་ཞིག་ཡིན་སྟབས་ཨ་མིའི་བུ་ལ་འཇོན་ཐང་ཡོད་ན། དགའ་ལྡན་ཁྲི་ལ་བདག་པོ་མེད་ཅེས་པའི་ཁ་དཔེ་འདི་ཚར་གཅིག་སྐྱོར་དགོས་བྱུང་སོང་ལ། འོན་ཀྱང་ང་ཚོ་ནང་བ་པ་ཡིན་པའི་ངོས་ནས་ནང་ཆོས་ཀྱི་ངོ་གདོང་ལ་དྲི་མག་མི་བྱུགས་རྒྱུ་ནི་གནད་ཀྱི་དོན་པོ་ཡིན་པས་རང་ཅག་གི་འཐབ་རྩོད་ཀྱི་ངོ་བོ་ཤི་གསོན་གྱི་འཐབ་འཛིང་དུ་གྱུར་ན་རང་ཉིད་ནང་བ་པ་ཞིག་མ་ཡིན་པའི་བདེན་དཔང་འཛམ་གླིང་མི་མང་ལ་སྟོན་དགོས་རྒྱུ་གལ་ཆེ་བར་སེམས།།
ཟུར་དུ་གསལ་བཤད། འདི་ནི་ང་ཚོ་བོད་ཀྱི་གནས་བབ་ལ་གཞིགས་ཏེ་བསམ་ཚུལ་དྲང་བོར་བརྗོད་པ་ཡིན་པས་ཁྱོད་ལན་ང་ལན་དང་། ཁྱོས་མ་འཇོན་ཚུལ་གྱི་དགོས་མེད་ཀྱི་བསམ་ཚུལ། ཆོལ་ཁ་དང་ཆོས་བརྒྱུད་ཕྱོགས་འགལ་ལྟ་བུའི་སྐད་ཆའི་རིགས་མཆན་དུ་མི་སྤེལ་བར་ཞུ། རྒྱུ་མཚན་ནི་གཞན་ལ་ཕན་མ་ཐོག་ཀྱང་གནོད་སྐྱེལ་རྒྱུའི་བསམ་བློ་བདག་ལ་མེད། །
ག་དུས་ཡིན་ན་བོད་དོན་སྐོར་བགྲོ་གླེང་བྱེད་དུས་བར་སྐབས་ཤིག་ནས་ནང་ཁུལ་དུ་ཁུངས་ལུང་མེད་པའི་འཐབ་རྩོད་སློང་མཁན་ཞིག་དུས་རྟག་ཏུ་འོང་འོང་པ་རེད། དཔེར་ན། བཀྲ་ཤིས་ཟེར་བ་དེ་ཚོ་རེད། གསུམ་བཅུའོ་དུས་དྲན་མ་ཐུག་ཙམ་གྱི་སྔོན་དུ་ཡང་ཁོས་ནུས་པ་ཐོན་ངེས་མ་རེད་མ་གཏོགས་བོད་མི་ནང་ཁུལ་དུ་དཀྲུགས་ཤིང་གི་ས་བོན་ཞིག་བཏབ་སོང་། ཁྱོད་སྙིང་རྗེ་ཁྱོད་ཀྱི་ཚིག་འཆལ་ཁ་ཤས་ཀྱིས་བོད་མི་ནང་ཁུང་དཀྲུགས་ཐུབ་ངེས་མ་རེད། རེ་བ་དེ་ནི་སྟོང་པ་རེད། འོན་ཀྱང་ཁྱེད་རང་ཀྱི་ལས་འགན་དེ་འགྲུབ་ཡོད་རྒྱུ་རེད། ཁང་གླ་སྤྲད་རྒྱུ་ཞྀག་རགས་ཡོད་རྒྱུ་རེད།
དགོངས་དག ཡི་ག་ཞེས་བཅོས་རོགས་ཞུ།
བཀྲིས་ཟེས་བ་དག་གི་ཁ་ལ་ཅི་ཞིག་བྱས་པ་རེད། སྙིང་ལ་ག་རེ་གོས་པ་རེད། ང་ཚོས་རིག་པ་འདི་ལྟར་རྐྱང་རྐྱང་འདོན་ན། རིག་པ་འདོན་པར་ཡ་ག་འགག་འགྲོ་བ་རེད།
བུ་མོ་ང་རང་གི་ཤེས་ཚོད་ཅིག་བཤད་བསམ་གི
ཟམ་གདོང་བླ་མས་དང་པོ་ནང་པའི་གནས་པའི་གནས་ཆེན་ཁག་བྲིས་འདུག དེ་ནས་གཡུང་དྲུང་རྒྱལ་མཚན་གྱི་ཁ་མཆུ་རྒྱབ་ནས་་་བནྡེ་ཞེས་པར་བསྒྱུར་བ་རེད་འདུག
དེ་ལ་རྒྱུན་མཚན་ཅང་མེད་ཀི གཡུང་དྲུང་རྒྱལ་མཚན་གྱིས་སྐད་ཆ་ལ་ཞེད་ནི་རེད། ལོས་ཞེད་སང་ཉིན་རྒྱ་ནག་ལ་མགོ་བཏགས་ཀྱི་ལབ་ན་ཡང་སྙོག་དྲ་རེད་བསམ་ནས་ཞེད་ནི་རེད།
བོན་པོ་ཆོས་ལུགས་ནང་པ་སངས་རྒྱས་པའི་ལུགས་གང་ན་ཡིན། འཛམ་གླིང་འདི་ནང་པ་ཡོངས་ལ་སྟོན་པ་ཤཱཀྱ་ཐུབ་པ་གཅི་པོ་མ་གཏོགས་སུས་ཁས་ལེན་ནི་མ་རེད་ལོ། སྟོན་ཤཱཀྱ་ཐུབ་པ་མིན་ན་ད་ནི་སྟོན་པ་ཁ་ཁ་རེད།
བོན་པོ་དང་ཤཱཀྱ་ཐུབ་བར་ན་འབྲེལ་བ་མེད་ཀི འཛམ་གླིང་འདིའི་ནང་ནང་པ་ལ་ལོ་རྒྱུས་་ལོ་ངོ་་༢༥༠༠་ཙམ་རེད། བོད་པོ་ལ་ལོ་་ཁྲི་ལྷག་ཅིག་བཤད་རྒྱུ་ཡོད་ཀི
ཟམ་གདོང་བླ་མས་དེ་བྲིས་ན་བོན་པོ་ནང་ཡིན་སྒྲུབ་བྱེད་ཅིག་མེད་ཀི
བོད་པོ་ནང་པ་གང་ན་ཡིན། །ཤཱཀྱ་ཐུབ་པ་མི་འདོད་ན། །
ནང་པ་བོན་པོ་ཁ་ཁ་རེད། །སྟོན་པ་གཞན་པའི་ཆོས་ལུགས་རེད། །
བོད་པོ་ཏོ་ཅོ་ལུགས་ངན་དག །་ཤཱཀྱ་ཐུབ་པའི་རང་ལུགས་མིན། །
བོད་ན་ཡོད་པ་བོན་པོ་དེ། །ནང་མ་རེད་ཕྱི་པ་རེད། །
http://www.facebook.com/photo.php?fbid=223489001039039&set=a.223488977705708.67177.100001338235585&type=1&theater
དེའི་ནང་དུ་ངས་མང་དུ་བལྟས་དུས་ཟམ་གདོང་གིས་དེ་ལྟར་གསུང་པ་དེ་ཁོང་བོད་ཀྱི་མཁས་པ་དེ་ལས་ཆེ་བ་མེད་པ་ཞིག་རེད། དེ་བཞིན་སྐབས་དེར་དབང་ཚད་ཁོང་ལས་ཆེ་བའི་བོད་གཞཱུང་གི་དཔོན་རིགས་སུ་ཡང་མེད། རྒྱལ་བ་རིན་པོ་ཆེས་གསུང་ན་ང་ཡི་ཆབ་སྲིད་ཀྱི་འགོ་འཁྲིད་ཟམ་གདོང་རིན་པོ་ཆེ་ཡིན་གསུང་མྱོང་བ་ཞྀག་རེད། ཆོས་སྲིད་གང་གི་ཐོག་ནས་ཞེད་དགོས་ས་ཞུ་ཞིག་མེད་པར་བོན་པོ་ལ་ཞེད་དགོས་དོན་ག་རེ་ཡོད་རེད། བུ་མོ་བཀྲ་ཤིས་ཁྱེད་རང་ང་བཀྲ་ཤིས་ལྷ་མོ་མཁྱེན་རྒྱ་ཆེ་ཚོད་མི་འདུག
ཕྲུ་གུ་བྱིས་པའི་བཅོལ་གཏམ་སྙིང་རྗེ་ཁ་ཡོང་དགོས་པ་དེ་འདྲ་བཤད་མ་ཡོང་།
བོད་པའི་ཞབས་འདྲེན་རེད། བོད་གཞཱུང་བོན་པོ་ལ་ག་དུས་ཡིན་ན་ཞེད་མྱོང་།
ཟམ་གདོང་བླ་མས་ཆབ་སྲིད་གཏམ། །མ་བཤད་རང་བཤད་ལོས་ཡིན་རེད། །
བོན་པོ་རྒྱ་ལ་མགོ་བཏགས་ལ། །ཞེད་ནས་བྲིས་པ་མ་གཏོགས་པ། །ཞེས་།
བཀྲ་ཤིས་ལགས་ཁྱེད་རང་གིས་གཅིག་བཤད་འདུག་པ་དེར་བལྟ་དུས་རྒྱུ་མཚན་ཅི་ཡང་མི་འདུག
ཟམ་གདོང་བླ་མས་བོན་པོ་ནང་པ་ཡིན་པ་དང་། བོད་གཞུང་གིས་ད་བར་བོན་པོ་ནང་པར་ངོས་འཛིན་ཞུས་དང་ཞུ་བཞྀན་པ་ཡིན་ལུགས་རྒྱུ་མཚན་དང་བཅས་ཏེ་བཀའ་ཤག་གིས་ལས་ཤོག་ཐོག་གཞཱུང་འབྲེལ་གྱིས་བསྒྲགས་འདུག་པ་དེ་ང་གཉིས་མཐོང་རྒྱུ་གཅིག་པ་རེད་འདུག
འོན་ཀྱང་ཁྱེད་ཀྱིས་འགྲེལ་བཤད་གཞན་ཞིག་རྒྱབ་འདུག་པ་དེ་སྐྱབས་རྗེ་མཁས་དབང་ཟམ་གདོང་རིན་པོ་ཆེ་ཞེད་ནས་བོན་པོ་ནང་པ་རེད་ལབ་པ་རེད་ཟེར་བ་དང་། ཡང་བོན་པོ་རྒྱ་མིར་མགོ་བཏགས་འགྲོ་གི་རེད་བསམ་ཞེད་དེ་ལབ་པ་རེད་ཟེར་བ་དེ་ལོང་སྨྱོན་མགོ་ལ་རྡོ་རྒྱབ་པ་ལྟར་ལས་རྒྱུ་མཚན་ཅི་ཞིག་མི་འདུག
གལ་སྲིད་བོན་པོ་རྒྱ་མིར་མགོ་བཏགས་ན་ཞེད་རྒྱུ་ག་རེ་ཡོད་རེད། ཟམ་གདོང་རིན་པོ་ཆེ་ཁོ་རང་གཙོ་བོར་བྱས་ཏེ་བོད་གཞུང་རྒྱ་མིར་མགོ་བཏགས་ཐེངས་མང་ཞུས་ཀྱང་རྒྱ་མིས་ངོས་ལེན་བྱས་མི་འདུག་བ། དབུ་མའི་ལམ་གྱི་སྲིད་བྱུས་ཟེར་བ་དེ་རྒྱ་མིར་མགོ་མདོགས་ཀྱི་སྲིད་བྱུས་ཤིག་མ་རེད་དམ།
ཁུངས་ལུངས་སྣེ་གཅིག་མེད་པའི་སྤྱི་ཚོགས་འཆལ་གཏམ་དེ་འདྲ་བཤད་ན་དགོས་པ་ཤིག་འདུག
བོད་པོ་ནང་པ་གང་ན་ཡིན། །ཤཱཀྱ་ཐུབ་པ་མི་འདོད་ན། །
ནང་པ་བོན་པོ་ཁ་ཁ་རེད། །སྟོན་གཞན་པའི་ཆོས་ལུགས་རེད། །
བོད་པོ་ཏོ་ཅོ་ལུགས་ངན་དག །་ཤཱཀྱ་ཐུབ་པའི་རང་ལུགས་མིན། །
བོད་ན་ཡོད་པ་བོན་པོ་དེ། །ནང་མ་རེད་ཕྱི་པ་རེད། །
ནང་པའི་སྐྱབས་འོག་མེད་པ་ནི། །བོད་པོ་ཚང་གི་རྗེས་འབྲང་རེད། །
གཉའ་ འབྲོང་ཐུ་བུ་བོན་མིང་རེད། །ཁྱེད་རང་ནང་པའི་གྲལ་ན་མེད།
རྫ་སྲས་བདེ་ཆེན་ཕེབས་ནས་དངོས་སུ་གསལ་བཤད་བྱས་པར་དགའ་བོ་བྱུང་། ངས་གོང་དུ་བཤད་པ་བཞིན་མི་རེ་རེ་ལ་རང་ལུགས་ཤིག་དང་། རང་ལྟ་རེ་ཡོད་ལོས་ཆོག རང་གི་ལྟ་བ་གཞིར་བཟུང་ནས་ལྷག་བསམ་རྣམ་དག་གིས་སྐད་ཆ་གང་བཤད་ཀྱང་དྲང་ཐད་དུ་འགྲེལ་རྒྱུ་ཡོད་པས་གནས་ལུགས་ཀྱང་བདག་གིས་ཤེས། གཙོ་བོ་ངའི་རེ་བ་ནི་སྐད་ཆ་སྤྱི་བམ་ཙམ་གྱི་སྟེང་ནས་མ་བསྡད་པར་རང་གིས་གང་ལ་བཤད་འདོད་པ་དང་གང་བཤད་འདོད་པ་ཁ་གསལ་བོ་བྱེད་རྒྱུ་དང་། ལྷག་དོན་ང་ཚོར་ལམ་ཁ་གཞན་ཞིག་ཡོད་ན་དེ་ལུགས་གསལ་བོ་གསུང་རྒྱུ་གལ་ཆེ་བར་འདོད་པ་དང་། ད་དུང་ང་དང་ཐག་ཉེ་བའི་ཕྱོགས་ནས་ཕྱི་ལོགས་སུ་ཐོན་ཚར་བའི་ནང་ན་ལྷན་པ་དམར་པོ་རྒྱབ་ན་ལྷག་ཡོད་པ་ཕལ་ཆེར་ཁྱེད་གཅིག་པུ་ཡིན་པས་རང་གི་ལྟ་ཚུལ་དྲང་བརྗོད་བྱས་པ་ཙམ་ལས་ལོག་འགྲེལ་དང་། ཚིག་ཡར་མར་ལ་འཐེན་པ། དོན་མེད་དགག་པའི་ལམ་དུ་སོང་དག་མེད་པ་ཁྱེད་ཀྱིས་ཞིབ་ཏུ་ལྟོས་དང་གསལ་བོ་ཡིན།
གཉའ་འབྲོང་གི་བསམ་ཚུལ་ལ་ད་བར་ཡ་ལན་ཙམ་ལྡོན་མ་ཐུབ་པ་ལ་དགོངས་འགལ་མེད་པ་ཞུ། བསམ་ཚུལ་འགའ་ཤས་ཀྱི་སྒང་ལ་ལོག་འཇོག་རལ་གྲི་ཟེར་བ་འདིས་གསལ་བཤད་བྱས་འདུག་པས། ཞིབ་ཏུ་བསམ་ན་ཁྱེད་ཀྱི་དགོངས་ཚུལ་འགའ་ཤས་དེ་འདྲ་ཞིག་ལ་བབས་འདུག་དྲན་སོང་།
1 ངའི་རྩོམ་ཡིག་ནང་དུ་དྲག་སྤྱོད་བྱེད་དགོས་པ་རེད་ཅེས་བཤད་མེད་ལ། བྱེད་རྒྱུ་ཡོད་པ་མ་རེད་ཟེར་ནས་ཀྱང་བྲིས་མེད། འདིའི་ཐད་ནས་ཁྱེད་ཀྱིས་གོ་ལོག་སྒྲུབ་ཅིག་བྱས་མི་འདུག་གམ་བསམ་བྱུང་། རེད་དེ། ང་ཚོས་འདི་ལ་བསམ་ཚུལ་གླེང་རེས་བྱས་ན་འགྲིག་གི་རེད། དེ་བྱེད་པ་ལ་ཨང་དང་བོ་ཤེས་དགོས་རྒྱུ་དེ་གང་རེད་ཟེར་ན། འཛམ་གླིང་གི་ཆོས་ལུགས་ཚང་མ་ལ་བྱམས་པ་དང་བརྩེ་བའི་རྣམ་གཞག་ཡོད་ཡོད་པ་རེད་ལ། དེ་ལ་ཡིད་ཆེས་བྱེད་མཁན་གྱི་ནང་ལ་འཚེ་བའི་ལས་ཀ་བྱེད་མཁན་ཀྱང་ཡོང་གི་ཡོད་མོད། དེའི་ཡིད་ཆེས་དོར་དགོས་པ་དང་ལྟ་གྲུབ་གཡུག་དགོས་པའི་གནས་སྟངས་གང་ཡང་ཡོང་གི་མེད། ལྟོས་དཱ། ཨོ་པ་མ་ལྟ་བུ་ཡིན་ན་ཡེ་ཤུའི་ཆོས་ལུགས་ལ་ཡིད་ཆེས་བྱེད་མཁན་ཞིག་རེད་ལ། ནོལ་བྷེ་ཞི་བདེའི་རྟགས་མ་ཐོབ་མྱོང་མཁན་ཞིག་ཀྱང་རེད། འོན་ཀྱང་། དྲག་པོ་བྱེད་དགོས་སར་དྲག་པོ་བྱས། ཞི་བ་བྱེད་དགོས་སར་ཞི་བ་བྱེད་ཀྱི་ཡོད་པ་ལས་ང་ཚོ་ནང་བཞིན་ཆོས་ལུགས་ཟེར་བའི་མིང་སྐམ་པོ་ཞིག་ཁ་ལ་བཏགས་ནས་བག་འཁུམས་ནས་བསྡད་འདུག་གམ། དེ་དང་དེ་སོགས་དང་བསྡུར་ན་ང་ཚོ་ཞེད་སྣང་། དོགས་པ། བཀག་རྒྱ་འདྲ་མིན་གྱི་ཁ་ན་དུས་ནམ་དུ་ཡང་ཐར་གྱི་མེད་པ་དེ་བསམ་བློ་འདི་ལྟ་བུའི་སྒང་ནས་ཡོང་གི་ཡོད་པ་རེད།
2 ཁྱེད་ཀྱིས་ང་ཚོ་ནང་བ་རེད། འཚེ་བའི་སྦྱོར་བ་ལག་ནས་རྩོམ་པ་ཕར་ཞོག ཐ་ན་སེམས་ལ་ཡང་དྲན་མི་རུང་མདོག་མདོག་གིས་ཅིག་བཤད་ཁུལ་བྱས་པ་དེ་ཚོ་ཆོས་པ་རྣལ་མ་ཞིག་གི་སྐད་ཆ་རེད། ཆོས་པ་རྣལ་མ་ཞིག་གི་ཉམས་ལེན་གྱི་སྐད་ཆ་དེ་ཚོ་བོད་རྒྱལ་ཁབ་ཀྱི་རྒྱལ་དོན་སླར་གསོའི་དོན་དག་གླེང་སར་ཁྱེར་ཡོང་བ་དེ་ནོར་གི་ཡོད་རེད། སྐབས་འདིེར་ང་ཚོས་བོད་དོན་ཛ་དྲག་གི་གནས་བབ་གཞི་ལ་བཞག་ཅིང་དེ་ལུགས་ཀྱིས་བསམ་ཚུལ་ཤོད་རྒྱུ་མ་གཏོགས། འབྲེལ་མེད་ཀྱི་ཆོས་སྐད་རྒྱག་དོན་མེད་ལ་ཆོས་པ་འཁྲབ་དོན་དེ་བས་ཀྱང་མེད། ཕྱོགས་གཞན་ནས་བཤད་ན། མ་འོངས་བོད་རྒྱལ་ཁབ་བསྐྱར་གསོ་ཡོང་བའི་སྐབས་སུ་ང་ཚོ་ནང་པ་རེད་ཟེར་ནས་སྡོམ་པ་སྲུང་འདུག་ས་ཞིག་མེད་པར་འཛམ་གླིང་རྒྱལ་ཁབ་སྤྱིའི་འགྲོ་སྟངས་ལྟར་ཞི་དྲག་གཉིས་ཀྱི་ལས་ལ་ཞུགས་མི་དགོས་བའི་ལམ་ཁ་ཞིག་ཡོད་པ་མ་རེད།
འོ་ཡ་ད་ཡིན་ན། དཔྱད་བརྫོད་འདི་ནི་མི་ཡི་གྱོན་གོས་གཡོགས་པའི་སོག་མའི་ཕོན་པོ་རང་རེད། འདི་ལ་ངོ་མ་བལྟས་ན་སྙིང་པོ་ཟེར་བ་ཞིག་མེད་ཁོ་ཐག་རེད།
ཨང་དང་པོར་སྤུན་ཟླའི་ཚེ་སྲོག་སྐྱོབ་དགོས་པའི་བསམ་ཚུལ་འདོན་པ་ལ་ངེས་པར་དུ་དེ་སྐྱོབས་པའི་ཐབས་ལམ་བསྟན་དགོས་པའི་ཆ་སྐྱེན་བཏོན་པ་ནི་དགོད་བྲོ་བའི་བྱིས་བློའི་བསམ་སྟངས་ཤིག་མིན་ན། སྐྱལ་ཀ་ཡིན་རྒྱུ་རེད།
ཞལ་འདོན་མ་སྐྱོར་ན་འཚེ་མེད་ཞི་བའི་ལས་འགུལ་སྤེལ་མི་ཆོག་ཅེས་སུ་ཞིག་གིས་ཁས་བླངས། གང་ཞིག་གིས་རིགས་པས་གྲུབ། དེ་ན་འདི་ནི་ཞྭ་མོ་བཟོ་སྟངས་ཙམ་ཞིག་ཡིན།
གལ་ཏེ་དམགས་རྒྱབ་པ་ཙམ་དང་ཡང་ན་ཁྱོད་ཤ་ང་གསོན་གྱི་འགྲན་རྩོད་བྱས་པ་ཚང་མ་ནང་པའི་སྐྱབས་འོག་མས་བུད་པ་ཡིན་ན། ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་ཏཱ་ལའི་བླ་མ་རིན་པོ་ཆེ་རྒྱ་གར་ལ་གདན་དྲངས་མཁན་ཡན་ཚང་མ་ནང་པའི་གྲལ་ནས་བུད་ཟིན་པས། ད་ཚོད་ཕལ་ཆེར་འབུད་རྒྱུ་ཞིག་ལུས་ཡོད་དོན་མེད།
བོད་མི་རིགས་ཤིག་གི་འཐབ་རྩོད་གླེངས་དུས་གྲྭ་པ་ཡིན་མིན་བཤད་པ་ནི། དགོན་པ་ལ་ཞེན་ཆགས་ཆེ་དྲག་པས་དགོན་པ་དང་མི་རིགས་ནོར་བ་འདྲ་མིན་ནམ་སྙམ། དེ་མིན་དགོད་སྤྱད་ངོ་མ་བོ་རེད།
མི་རིགས་ཁྱོད་ཤི་ང་གསོན་གྱི་འཐམ་མོར་ཞུག་པའི་དབང་དུ་བཏང་ནའང་། གྲྭ་པ་དག་དམགས་ལ་སོང་སུ་ཞིག་གིས་ལབ་མདོག་ཁ་པོ་མ་རེད། དེས་ན་ཅི་ཡིན་འདི་ཡིན་མེད་པའི་བསམ་ཚུལ་འདི་དགོད་སྤྱད་རེད་ཟེར་གྱི་ཡོད།
རང་གིས་གང་བྲིས་པ་ལ་ཕྱི་བལྟས་རེ་བྱས་ན་ཟུར་བརྗོད་དེ་འདྲ་ཞིག་འབྲི་ནུས་པའང་ཡ་མཚན་རེད། དེས་ན་མགོ་བཞུག་བར་གསུམ་དུ་ཡང་ལྟ་ཞིག་གྱིས་དང་ཡ། ཞ་ཞུས། ཞུ་ལུ་ལོ་ལོ།།
བཀྲ་ཤིས་དོན་གྲུབ་ཀྱིས་ངའི་བསམ་ཚུལ་འདིའི་ཁོག་ཡོངས་རྫོགས་ལོན་འདུག་པས་དགའ་ཡོད།
དྲ་གྲོགས་གང་མང་ཕེབས་ནས་བསམ་ཚུལ་གསུངས་པར་དགའ་ཡོད། གནས་ལུགས་ཟེར་བ་འདི་ལྟར་བཙལ་ནས་རྙེད་རྒྱུ་ཞིག་ཡིན་པར་ཡིད་ཆེས་ཡོད། ལག་ལེན་ཡོད་ཅེས་ལབ་མི་རྒྱག་མོད། གྲྭ་ས་ནས་ཁ་བྱང་ཡོད་པས་མི་རེ་རེར་ལན་རེ་འདེབས་རྒྱུའི་གདེང་ཚོད་ཡོད་མོད། བསམ་ཚུལ་གནད་ལ་ཁེལ་བ་ཞིག་ད་ཡོད་ཀྱི་ནང་མཐོང་མ་སོང་བས་གནས་སྐབས་རང་བཏང་སྙོམས་སུ་འདུག་རྒྱུ་ལས་མ་མཆིས།
འབྲུང་ཐུ་བུ་ལགས། དེ་ལྟར་ཡིན་ན་སྔོན་བོད་ཀྱི་མགོ་གོ་ས་ནས་མར་རང་སྒེར་བའི་བར་འཚེ་བའི་ལས་ཧ་ཅང་བྱས་ཡོད་ལ། ལྷག་པར་དུ་ཆོས་ལུག་གི་ཞེན་ཁོ་ཡི་ཉེ་པ་དེ་ལས་ཆེ་བ་བསགས་ཡོད །དེ་དུས་འཛམ་གླིང་ཐོག་ནང་པ་མ་ཡིན་པའི་བདེན་དཔང་བྱས་ཡོད་པ་རེད་དམ། མེད་ན་རྒྱལ་སྤྱི་ཡི་ཁྲིམས་དང་འགལ་བ་རེད་དམ་ཡང་ན་ནང་ཆོས་ཀྱི་ཁྲིམས་དང་འགལ་བ་རེད།གལ་སྲིད་གཉིས་ཀ་དང་འགལ་བ་ཡིན་ན་ད་ལྟ་ང་ཚོ་ནང་པ་མ་ཡིན་ལ་རྒྱལ་སྤྱིའི་ཁྲིམས་དང་ཡང་འགལ་སྡོད་ཡོད་པ་མ་རེད་དམ། གལ་སྲིད་གཉིས་ཀ་དང་འགལ་ཡོད་ན་ང་ཚོ་ཁྲིམས་ལ་འགལ་བའི་བོད་མི་ཞིག་ཡིན་པས། གཞན་ལ་ཁྱོད་ཀྱི་ཁྲིམས་འགལ་བྱས་སོང་ཟེར་ནས་ཇི་ལྟར་བཤད། མེད་ན་ད་ལྟ་ང་ཚོས་འཛམ་གླིང་ཐོག་ནང་པ་མ་ཡིན་པའི་བདེན་དཔང་བྱ་དགོས་དོན་གང་ཡིན་ནམ། དེ་སུ་ལ་རོགས་པ་བྱས་པ་རེད་དམ།
ངས་རེ་བ་ལ་ཁྱོད་ཀྱི་ཆོས་སྲིད་མཉམ་སྲེ་མ་བྱེད་རོགས་ཞུ་རྒྱུ་ཡིན།
འདི་ཡང་བློས་གཏོང་ཆེན་པོ་བྱེད་མཁན་ད་ལྟའི་ལས་འགུལ་སྤེལ་སྟངས་འདི་འདྲ་སྤེལ་མཁན་ཞིག་མིན་ན། འདི་ཡང་ཧ་ཅང་དཀའ་ཁག་ཆེན་པོ་ཞིག་ཡིན། བོད་པའི་ནང་གི་ནང་པར་ཁེས་ཆེ་མཁན་དག་ཀྱང་ནང་ནོད་རིགས་པ་རྟོགས་མཁན་ཞིག་མིན་ཀྱང་ཞེན་ཁག་ནི་འདྲན་ཟླ་བྲལ་བ་ཞིག་ཡིན།
གཉའ . འབྲོང་ཐུ་བུ་ལགས།
ཁ་བྱང་ལ་བལྟས་ན་ནང་པ་ཡིན་འདོགས་བྱེད་མཁན་མང་པོ་ཞིག་ཕྱི་རོལ་བ་རྒྱག་འདོད་འདུག་སྙམ་སོང་། འོན་ཀྱང་རྫ་སྲས་དང་ཨ་རིག་སོགས་ཀྱི་སྐད་ཆ་མང་པོ་ཞིག་ལུང་འདྲེན་བྱས་ནས་བཀོད་སྟངས་ལ་བལྟས་ན་ཁོང་ཚོ་མཐོང་ཆེན་བྱས་ཡོད་པ་མ་ཟད་ཁོང་ཚོའི་སྐད་ཆ་ལ་ཆ་འཇོག་ཡག་པོ་ཞིག་བྱས་ནས་སེམས་ཚོར་ཆེན་པོ་ཞིག་སྐྱེས་ཡོད་པ་འདྲ། ཐུགས་ཁག་མེད། ཆོས་ལུགས་ལ་སེམས་འཚབ་ཆེ་བས་རྟགས་མཚན་ངོ་མ་ཤར་འདུག ཧ་ཧ་་ཧ
ཀུ་རེ་ཡིན། ཡག་པོ་བྲིས་འདུག
ཟམ་གདོང་བླ་མས་ཆབ་སྲིད་གཏམ། །མ་བཤད་རང་བཤད་ལོས་ཡིན་རེད། །
བོན་པོ་རྒྱ་ལ་མགོ་བཏགས་ལ། །ཞེད་ནས་བྲིས་པ་མ་གཏོགས་པ། །
བོད་པོ་ནང་པ་གང་ན་ཡིན། །ཤཱཀྱ་ཐུབ་པ་མི་འདོད་ན། །
ནང་པ་བོན་པོ་ཁ་ཁ་རེད། །སྟོན་གཞན་པའི་ཆོས་ལུགས་རེད། །
བོད་པོ་ཏོ་ཅོ་ལུགས་ངན་དག །་ཤཱཀྱ་ཐུབ་པའི་རང་ལུགས་མིན། །
བོད་ན་ཡོད་པ་བོན་པོ་དེ། །ནང་མ་རེད་ཕྱི་པ་རེད། །
ནང་པའི་སྐྱབས་འོག་མེད་པ་ནི། །བོད་པོ་ཚང་གི་རྗེས་འབྲང་རེད། །
གཉའ་ འབྲོང་ཐུ་བུ་བོན་མིང་རེད། །ཁྱེད་རང་ནང་པའི་གྲལ་ན་མེད།
བོན་པོ་ག་རེ་ཡིན་མིན་ཟམ་གདོང་བླ་མས་གཅིག་བྲིས་འདུག་ད། དྲ་བྱང་དེའི་ནང་དུ་གཟིགས་དང་མཁྱེན་རེ་འདུག
http://www.facebook.com/photo.php?fbid=223489001039039&set=a.223488977705708.67177.100001338235585&type=1&theater
རྒྱབ་སྐྱོར་མེད།
གཙང་ཆབ་ལགས།
བོད་པོའི་ཆོས་ལ་ཡིད་ཆེས་བྱས་ནས་སྡོད་མཁན་ཚོ་བོན་པོ་རེད། ཁོ་ཚོ་ནང་པ་མ་རེད་བྱས་ཙང་སྐྱབས་འོག་ནས་འཛུལ་ཡོད་མ་བསམ་གིས་་་འབུད་ས་རེད་མོ། ཁོང་ཚོ་ར་བོད་པ་རེད་མོ། ཁོང་ཚོ་མང་ནི་རེད་ལ།
རིག་འདོན་པ་བཀྲ་ཤིས་ལགས་ཀྱིས་ནང་པའི་སྐྱབས་འོག་ནས་བོད་པོ་འབུད་ནི་རེད་ཏན་ཏན་རེད། གསུངས་པའི་བོད་པོ་ཟེར་བ་དེ་མི་རིགས་ཞིག་གམ། ཡང་ན་མི་སྒེར་བ་ཞིག་གི་མིང་རེད། དངོས་གནས་གོ་མ་སོང་།
གཉའ་ འབྲོང་ཐུ་བུའི་བྲིས་ནོ་བཟང་གི ཡིན་ཡང་་་་བསྔོ་བ་སྨོན་ལམ་ཀུན་བརྫུས་མ་་་དང་་་་ཨ་མིའི་བུ་ལ་འཇོན་ཐང་ཡོད་ན།་་་་་སོགས་ཀྱི་དོན་གོ་མ་སོང་། ཧ་ཧ་ཧ
ཁ་ནས་འབུད་ཀྱི་ཡིན་ཟེར་མཁན་མང་པོ་མེད་ཀྱང་དོན་ལ་བོད་མི་བརྒྱ་ཆ་ལྔ་བཅུ་ནང་པའི་སྐྱབས་འོག་ནས་བུད་ཚར་ཡོད་པ་རེད། ད་དུང་དེའི་ནང་དུ་བླ་མ་དང་སྤྲུལ་སྐུ་མཁན་པོ་དང་གྲྭ་བ་སོགས་ཡོད་རེད།
བོད་མི་ཕལ་ཆེ་བས་རྣ་བ་ཅོར་ཅོར་བྱས་ན་ཉན་བསྡད་ཡོད་མོད་སྡེ་དགེ་བཀྲ་ཤིས་བར་དུ་སུ་ཡང་བྱུང་མ་སོང་། སྐྱབས་མགོན་རིན་པོ་ཆེས་འགོག་དགོས་བསམ་ན་ཡང་འགོག་རྒྱུའི་འབོར་དེ་ཡང་རི་བོང་གི་ར་རེད། ང་ལ་མཚོན་ན་འཆི་རྒྱུའི་སྤོབས་པ་མེད་ནས་བསྡད་ཡོད་མ་གཏོགས། རྒྱལ་བ་རིན་པོ་ཆེ་དང་སྟོན་པ་ཤཀྱ་ཐུབ་པས་མི་བསད་ན་སྡིག་པ་ཡོད་པ་རེད་གསུངས་ན་ཁོང་དགོད་ཤོར་རྒྱུ་ལས་མེད། རྩ་ས་རྩོད་དུས་སྡིག་པ་འདང་རྒྱག་མི་དགོས་པར་རང་བཙན་རྩོད་དུས་འདང་རྒྱག་དགོས་པ་ཅི་རེད། རྣམ་སྨིན་ལ་སྐྲག་པ་ནི་ནང་པ་རྣལ་མ་ཞིག་གི་ཁྱད་ཆོས་ཡིན་པས་དེས་ན་རིག་གཞུང་འཛིན་སྐྱོང་གི་ཞོར་དུ་བོད་རྒྱའི་སྙིང་ནད་དྲན་གསོ་རེ་བྱས་ནས་འདུག་རྒྱུ་མ་གཏོགས། འཁོར་བ་བའི་རྙོག་དྲའི་ནང་ནས་རྙེད་དཀའི་མི་ལུས་རིན་ཆེན་འདི་འདི་ལྟར་བསྐྱལ་བཞག་ན་སྙིང་པོ་ཡོད་པ་མ་རེད་ཟེར་ན་ཡང་ཁུངས་འདེད་ས་ཡོད་རེད། ངའི་བསམ་པར་ནི་རང་ཉིད་མིའི་ལུང་པར་མི་ཚེར་ལྷག་རྒྱུ་ཡིན་པ་ནི་སྨོས་མེད་ཡིན་པས། བུ་གུ་གཉིས་གསུམ་ཞིག་བཟོ། ཚོང་ཁང་ཆུང་ཆུང་ཞིག་ཕྱེ། གཞུང་ལ་གང་འབབ་ཀྱི་ཁྲལ་རེ་བརྒྱབ་ནས་མི་ཚེ་ལྷོད་ལྷོད་བྱས་ནས་སྐྱེལ་དགོས་བསམ་ཡོད། ཞོར་ལ་རྒྱབ་ཁབ་གང་ཞིག་གིས་རྒྱ་ནག་ལ་རྡུལ་ཕྲན་མཚོན་ཆ་འཕེན་རེས་ཡོང་བའི་སྨོན་ལམ་རེ་རྒྱག་བཞིན་འདུག རྒྱལ་སྤྱིས་རྒྱ་ནག་བཙིར་ནས་སྐྱག་པ་ཤོར་བ་ཞིག་བཟོས་རྗེས་བོད་རང་བཙན་ནམ་རང་སྐྱོང་སྤྲད་ཡོང་གི་རེད་སྙམ་པའི་སྟོང་བསམ་ཡང་བཅིང་གི་མེད། ལས་ཞིག་གམ་ཐོག་ཅིག་གམ་མེ་ཞིག་གིས་རྒྱ་ནག་རྦད་དེ་འཐོར་ནས་བོད་པ་ལ་གང་དགོས་དགོས་སྟེར་ཟེར་བའི་དུས་ཞིག་བྱུང་ན་དགོས་ཟེར་རྒྱུ་ལོས་ཤེས།
འདི་རྒྱ་མིའི་སོ་བ་ཞིག་གཏམ་ཡིན་ས་རེད། རྒྱ་མིའི་སོ་བས་སྐད་ཆ་འདྲ་མིན་བཟོ་མྱོང་ཡོད། བོད་རིགས་གཞོན་སྐྱེས་ཁག་ལ་ལས་རྒྱུ་འབྲས་མེད་པའི་སློབ་གསོ་གཏོང་མྱོང་ཡོད་རེད། དེའི་སློབ་གསོ་ཐེབས་ཡོད་ས་མདོ་སྨད་ཕྱོགས་ནས་བཟུང་ཡོད་རེད།
ནང་པའི་སྐྱབས་འོག་ནས་བོད་པོ་འབུད་ནི་རེད་ཏན་ཏན་རེད།