མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དམངས་གཙོའི་ལམ་ལུཊ་ཇི་བཞིན་འོས་བསྡུའི་ཐོབ་ཐང་སྤྲོད་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་དབུ་བཞུགས་ཐོག་བཙན་བྱོལ་གཞུང་དམངས་གཉིས་དང་། ཨི་ཊ་ལི་གྲོས་ཚོགས་འཐུས་མི་དང་བོད་དོན་རྒྱབ་སྐྱོར་བ། བོད་རྒྱ་འབྲེལ་མཐུད་ཚོགས་པ་དང་རྒྱ་རིགས་དམངས་གཙོ་དོན་གཉེར་བའི་སྐུ་ཚབ་བཅས་མཉམ་འཛོམས་ཐོག་བོད་མིའི་ཞི་བའི་སྒེར་ལངས་ཀྱི་དུས་དྲན་ཐེངས་ ༥༣ པ་སྲུང་གཙི་གནང་སོང་།  

དེ་རིང་ཕྱི་ཚེས་ ༡༠ ཉིན་ཞོགས་པའི་ཆུ་ཚོད་ ༩ པའི་ཐོག་ངྷ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ༡༩༥༩ ལོར་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་རང་དབང་སྒེར་ལངས་བྱས་ཏེ་མི་ལོ་ཧྲིལ་བོ་ ༥༣ འཁོར་བའི་དུས་དྲན་དང་། ༸གོང་ས་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲོད་བྱས་རྗེས་ཀྱི་གསུམ་བཅུའི་དུས་དྲན་ཐེངས་དང་པོ་སྲུང་གཙི་གནང་ཡོད། མཛད་སྒོ་དབུ་འཛུགས་ཀྱི་ཐོག་མར་༧གོང་ས་མཆོག་བཞུགས་སྒར་ཕོ་བྲང་ནས་གསུང་ཆོས་ར་བར་ཆིབས་ཞབས་བསྒྱུར་ཏེ། དབུས་བོད་མིའི་སྒྲིག་འཛུགས་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་དང་ཁྲིམས་ཞིབ་པ་གཞན། བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་གཙོས་པའི་སྤྱི་འཐུས་རྒྱུན་ལས་རྣམ་པ། ཨི་ཊ་ལིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་སྐུ་ཚབ་དང་། ཨོ་སི་ཊི་ལི་ཡའི་བོད་རྒྱ་འབྲེལ་མཐུད་ཚོགས་ཆུང་གི་སྐུ་ཚབ། ཨ་རི་དང་ཐའེ་ཝན་བཅས་སུ་གནས་བཞུགས་རྒྱ་རིགས་དམངས་གཙོ་དོན་གཉེར་བ། དེ་བཞིན་བཞུགས་སྒར་ཉེ་འཁོར་གྱི་སློབ་གྲྭ་ཁག་གི་སློབ་ཕྲུག་དང་། དགོན་སྡེ་ཁག་གི་གྲྭ་བཙུན་སྔགས་གསུམ་བཅས་སེར་སྐྱ་མི་མང་ལྔ་སྟོང་ལ་ཉེ་བ་མཉམ་ཞུགས་གནང་འདུག  

མཛད་སྒོའི་ཐོག་ངྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་ཚོས་རྔ་རོལ་དང་བཅས་བཀའ་ཁྲི་མཆོག་གིས་བོད་ཀྱི་རྒྱལ་དར་མཁའ་དབྱིངས་སུ་བསྒྲེངས་ཤིང་ཚང་མ་སྐུ་བཞེངས་ཐོག་བོད་ཀྱི་རྒྱལ་གླུ་གྱེར་འདོན། སྐར་མ་གཅིག་རིང་བོད་རྩ་དོན་ཆེད་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་གནང་རྗེས། བདེན་ཚིག་སྨོན་ལམ་སྐྱོར་སོང་། སྔོན་ཆད་ལོ་ལྟར་ཆད་མེད་ཐོག་༧གོང་ས་མཆོག་གིས་གསུང་འཕྲིན་ཐེབས་ཀྱི་ཡོད་པ་མ་ཟད། ཁོང་སྐུ་དངོས་ཀྱི་སྒྲོག་སྦྱོང་སྲོལ་ཡོད་ཀྱང་། ད་ལོར་༧གོང་ས་མཆོག་མཛད་སྒོར་མཉམ་ཞུགས་གནང་བ་ཙམ་ལས་བཀའ་གསུང་ཅི་ཡང་གནང་མ་སོང་། སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་སྒྲོག་སྦྱོང་དང་། ཨི་ཊ་ལི་གྲོས་ཚོགས་འཐུས་མི་སྐུ་ཞབས་གྷན་ནེ་བར་ནེ་ཊེ་ (Gianni Vernetti)ལགས་ཀྱིས་གཏམ་བཤད། མཇུག་ཏུ་བཀའ་བློན་ཁྲི་པ་མཆོག་གིས་བཀའ་ཤག་གི་གསུང་འཕྲིན་ཡིག་ཐོག་ནས་སྒྲོག་སྦྱོང་བཅས་གནང་སོང་།

བཀའ་ཤག་གི་གསུང་འཕྲིན་ནང་། “རྒྱ་ནག་གཞུང་གིས་བཤད་པ་ལྟར་བོད་མི་ཚོར་རང་དབང་དང་འདྲ་མཉམ་གྱི་ཐོབ་ཐང་ཡོད་པ་བདེན་པ་ཡིན་ན། བོད་ནང་མང་གཙོའི་ལམ་ལུགས་ཇི་བཞིན་ཕྱི་གསལ་ནང་གསལ་དང་དྲང་སྙོམས་ཀྱི་འོས་བསྡུའི་ཐོབ་ཐང་སྤྲོད་དགོས། ད་བར་བོད་རང་སྐྱོང་ལྗོངས་ཟེར་བའི་དམར་ཤོག་དྲུང་ཆེར་བོད་རིགས་གཅིག་ཀྱང་བསྐོ་བཞག་བྱས་མྱོང་མེད་ཅིང་། དབང་ཆ་ཅན་གྱི་གཞུང་གི་གོ་གནས་ཕལ་ཆེ་བ་རྒྱ་རིགས་ཀྱིས་བཟུང་ཡོད། ལས་བྱེད་པའི་བརྒྱ་ཆ་ ༥༠ ལྷག་རྒྱ་རིགས་ཡིན་པ་དང་། སྒེར་གྱི་བཟོ་ཚོང་སྡེ་ཚན་གྱི་བརྒྱ་ཆ་ ༧༠ ཙམ་རྒྱ་མིས་བཟུང་ཡོད། མཐོ་རིམ་སློབ་འབྲིང་དང་གཙུག་ལག་སློབ་གྲྭ་ཐོན་པའི་བོད་རིགས་བརྒྱ་ཆ་ ༤༠ སྐོར་ལས་ཀ་མེད་པར་ལྷག་ཡོད” ཅེས་དང་། “༧གོང་ས་མཆོག་དང་བཀའ་ཤག་ནས་ཚབས་ཆེའི་ལས་འགུལ་དེ་རིགས་མི་སྤེལ་བའི་འབོད་སྐུལ་གནང་ཡོད་ཀྱང་། འདི་ལོ་ ༢༠༡༢ གཅིག་པུའི་ནང་རང་ལུས་མེར་བསྲེགས་བཏང་བའི་དོན་རྐྱེན་ ༡༤ བྱུང་ཟིན་ཡོད། དོན་རྐྱེན་དེ་དག་གི་འགན་ཁག་ཆ་ཚང་མཁྲེགས་བཟུང་ཅན་གྱི་རྒྱ་ནག་གི་མགོ་འཁྲིད་ཚོར་ཡོད་ཅིང་། རང་བསྲེགས་ཀྱི་དོན་རྐྱེན་དེ་དག་གིས་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ཡུལ་ཟེར་བའི་དམ་བཅའ་སྟོང་པ་དེར་དགག་ལན་ནན་པོ་བརྒྱབ་ཡོད ”ཅེས་བཀོད་འདུག

གསུང་འཕྲིན་ནང་ཉེ་ལམ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མི་སྣས་སྔ་ཕྱིར་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་བྱས་པའི་སྐོར་ལ། “ང་ཚོའི་ངོས་ནས་འབྲེལ་མོལ་མུ་མཐུད་བྱེད་སླད་སྐུ་ཚབ་གཏོང་རྒྱུའི་གྲ་སྒྲིག་ཡོད་ཀྱང་། བར་ལམ་འཐབ་ཕྱོགས་གཅིག་གྱུར་ལས་ཁུངས་ཀྱི་སྐུ་ཚབ་འགས་ནུས་ཤུགས་མང་ཆེ་བ་འཛམ་ གླིང་གང་སར་བསྐྱོད་དེ་༸གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་བློན་ཁྲི་པ་ལ་སྐྱོན་འཛུགས་བྱེད་རྒྱུའི་ཐོག་བེད་སྤྱོད་བཏང་ཡོད། དེས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་རང་བཞིན་ཅན་དུ་སྔར་བས་ཀྱང་ལྷག་པར་བསྒྱུར་ཡོད” ཅེས་དང་། “མཉམ་འབྲེལ་རྒྱལ་ཚོགས་ནས་རང་ཉིད་ཀྱི་དགོས་དོན་མ་བརྗེད་པ་གནང་དགོས་པ་དང་། བོད་ནང་གི་ཛ་དྲག་གནས་སྟངས་བསལ་ཐབས་སུ་དམིགས་བསལ་སྐུ་ཚབ་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན། དེ་བཞིན། རྒྱལ་སྤྱིིའི་སྤྱི་ཚོགས་དང་གསར་འགྱུར་བརྒྱུད་ལམ་རྣམས་ཀྱིས་བདེན་གཏམ་བཀག་སྡོམ་དང་རྫུན་གཏམ་དྲིལ་བསྒྲགས་ཀྱི་སྒྲིབ་གཡོགས་བསལ་ཆེད། བོད་ནང་དངོས་ཡོད་གནས་ཚུལ་རྟོག་ཞིབ་བྱེད་པའི་ཚོགས་ཆུང་གཏོང་དགོས་པའི་འབོད་སྐུལ་ཞུ་རྒྱུ་ཡིན།” ཞེས་བཀོད་འདུག

ཡང་གསུང་འཕྲིན་ནང་བཙན་བྱོལ་བོད་མི་ཚོར་བསྟན་དོན། “བཙན་བྱོལ་དུ་ཡོད་པའི་བོད་མི་ཚོས་གཞིས་བཞུགས་སྤུན་ཟླ་རྣམས་ཀྱི་དཀའ་སྡུག་ལ་གདུང་སེམས་མཉམ་སྐྱེད་དང་རྒྱབ་སྐྱོར་ཞུ་དགོས་པ་དང་། བོད་ཀྱི་རང་དབང་སླར་གསོ་དང་བདེན་དོན་འཐབ་རྩོད་ཀྱི་ལས་འགུལ་གྱི་གནས་ཚད་གོང་མཐོར་གཏོང་སླད། ཤེས་ཡོན་གྱི་ལས་དོན་གལ་གནད་ཆེ་ཤོས་སུ་བརྩིས་ཏེ། སྤྱི་དོན་ལྷག་བསམ་ཅན་དང་ཤེས་ཡོན་ཅན་གྱི་མགོ་ཁྲིད་གང་མང་གསོ་སྐྱོང་ཐུབ་པ་བྱེད་དགོས། བསྟན་སྲིད་མི་རིགས་ཀྱི་དོན་དུ་རང་སྲོག་བློས་བཏང་གནང་མཁན་རྣམས་ཀྱི་ཆེད་རེས་གཟའ་ལྷག་པ་ནམ་ཡིན་ལ་གཟུངས་སྔགས་ཡིག་དྲུག་དང་འབྲེལ་བསྔོ་སྨོན་མཚམས་སྦྱོར་བྱེད་དགོས་པ་དང་། ལོ་ན་གཞོན་པ་ཚོས་དེ་ཉིན་བོད་ཆས་གྱོན་པ་སོགས་རང་གི་ཕ་མེས་ནས་བརྒྱུད་པའི་གོམས་སྲོལ་དང་རིག་གཞུང་གི་ཁྱད་ནོར་རྣམས་ལ་དགའ་སྤོབས་ཀྱི་སྒོ་ནས་སློབ་སྦྱོང་དང་ཉམས་བསྟར་བྱེད་དགོས” ཅེས་དང་། “ཕྱི་ལོ་ ༢༠༡༢ འདི་བོད་དོན་རྒྱབ་སྐྱོར་གྱི་ལོར་བརྩི་རྒྱུ་དང་། ལོ་འདིའི་ནང་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་སོ་སོའི་གནས་ཡུལ་རྒྱལ་ཁབ་ཀྱི་དབུས་དང་མངའ་སྡེའི་འཐུས་མི་ཚོར་བོད་དོན་སྐོར་དང་། བོད་ནང་གི་ད་ལྟའི་གནས་སྟངས། རྒྱ་ནག་གཞུང་གི་སྲིད་བྱུས་འཛིན་སྟངས། ༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་ཅི་ཡིན་སོགས་འགྲེལ་བཤད་བྱས་ཏེ་གོ་རྟོགས་ཐུབ་པ་བཟོ་དགོས། བོད་དང་བོད་མིའི་རྩ་དོན་རྒྱབ་སྐྱོར་ཆེད་གྲོས་ཆོད་གཏན་འབེབས་ཡོང་ཐབས་དང་། བོད་སྐོར་བགྲོ་གླེང་གོ་སྒྲིག བོད་མིའི་དབུ་འཁྲིད་དང་སྒྲིག་འཛུགས་ཀྱི་ཆེ་མཐོང་གོང་མཐོར་གཏོང་བའི་ལས་འགུལ་སྤེལ་ཐབས་བཅས་གནང་དགོས། སྐབས་བཅུ་བཞི་པའི་བཀའ་ཤག་གིས་ཆིག་སྒྲིལ་དང་། གསར་གཏོད། རང་ཁ་རང་གསོ་བཅས་ཀྱི་ལྟ་གྲུབ་ལམ་སྟོན་གཞི་རྩར་བཟུང་སྟེ། བོད་མིའི་རྩ་དོན་དམིགས་ཡུལ་སྒྲུབ་ཐབས་དང་། བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ཁག་དུས་རབས་ཉེར་གཅིག་པའི་དུས་རྗེས་ཟིན་པ་བཟོ་ཐབས་ལ་འབད་རྩོལ་གང་ཡོད་ཞུ་རྒྱུ་ཡིན།” ཞེས་བཀོད་འདུག

དེ་བཞིན་སྤྱི་འཐུས་ལྷན་ཚོགས་ཀྱི་གསུང་འཕྲིན་ནང་། “བོད་དུ་འདས་མ་ཐག་པའི་ལོ་གཅིག་ནང་བོད་མི་ ༢༥ ཡིས་རང་ལུས་མེར་བསྲེགས་བཏང་སྟེ། བོད་མི་ ༡༩ འདས་གྲོངས་སུ་གྱུར་ཡོད་པ་དང་། བོད་མི་ ༨ རྒྱ་ནག་ཉེན་རྟོག་པས་གང་བྱུང་དུ་མེ་མདའ་བརྒྱབ་སྟེ་དམར་གསོད་བཏང་ཡོད། ད་ལྟ་ང་ཚོ་འདི་གར་འདུ་འཛོམས་བྱེད་བཞིན་པའི་སྐབས་སུའང་བོད་ནང་གི་ཉག་ཕྲ་བའི་གནས་སྟངས་གང་འདྲ་ཡོད་མེད་ཚོད་དཔག་བྱེད་ཐུབ། ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་སོང་སྟེ། ༢༠༠༩ ལོར་ཞིང་པས་སོ་ནམ་མཚམས་འཇོག་གི་བསྟུན་གཤིབ་མི་བྱེད་པའི་ངོ་རྒོལ་དང་། ༢༠༡༠ ལོར་སློབ་ཁྲིད་སྐད་ཡིག་རྒྱ་སྐད་འཇོག་རྒྱུའི་སྲིད་ཇུས་ལ་སློབ་ཕྲུག་ནས་ངོ་རྒོལ་སོགས་བོད་ནང་ད་ལྟའི་བར་དུ་རྣམ་པ་ཅི་རིགས་ཀྱི་ཞི་རྒོལ་ལས་འགུལ་མང་དག་མུ་མཐུད་བྱུང་དང་འབྱུང་བཞིན་ཡོད་ཅིང་། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་ནི་གྲྭ་བཀྲ་བྷེས་ཕྱི་ལོ་ ༢༠༠༩ ཟླ་ ༢ ཚེས་ ༢༧ ཉིན་ཐོག་མར་བརྩམས་པ་ཞིག་ཡིན། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་བོད་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མི་རིགས་ཀྱི་དོན་དུ་ལུས་སྲོག་བློས་བཏང་གནང་བའི་དཔའ་བོ་དཔའ་མོ་རྣམས་ལ་རྗེས་དྲན་དང་། ཁོང་ཚོས་རྩ་ཆེའི་གཅེས་སྲོག་དོར་བ་ཆུད་ཟོས་སུ་མི་འགྲོ་བའི་ཕྱིར་ང་ཚོ་ཚང་མའི་ངོས་ནས་བོད་བསྟན་སྲིད་ཆེད་མཉམ་རུབ་ཐོག་ཧུར་བརྩོན་བྱེད་དགོས”ཞེས་བཀོད་འདུག

སྤྱི་འཐུས་ལྷན་ཚོགས་ཀྱིས་ཉེ་ལམ་རྒྱ་ནག་གི་འཐབ་ཕྱོགས་གཅིག་གྱུར་ཁང་གི་ཀྲུའུ་ཝེ་ཆོན་གྱི་སྐད་ཆ་ཞིག་ལ་ལན་འདེབས་གནང་དོན། “ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀྲུའུ་ཝེ་ཆོན་ནས་ཉེ་ཆར་རྒྱ་ནག་གི་ཚགས་ཤོག་ཅིག་ནང་། རྒྱལ་ཞེན་གོང་འཕེལ་གཏོང་ཆེད་མི་རིགས་ཀྱི་ངོ་བོ་བློས་བཏང་དགོས་ལུགས་ཀྱི་ བརྗོད་བབ་དེ་ནི་བསྒྱེལ་བའི་སྒང་ལ་རྡོག་རྫིས་གཏོང་བ་ལྟར་འཇིགས་ཡེར་བའི་ངན་ལྟས་ཤིག་ཡིན” ཅེས་བཀོད་འདུག

མཇུག་ཏུ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་རྒྱལ་སྤྱིར་འབོད་སྐུལ་ཞུས་དོན། “ད་ལྟའི་ཆར་རྒྱལ་སྤྱིའི་འགོ་འཁྲིད་ཚོས་བོད་ཀྱི་གནད་དོན་འབྲེལ་མོལ་གྱི་ཐོག་ ནས་སེལ་རྒྱུར་རྒྱ་ནག་གི་འགོ་འཁྲིད་ཚོར་སྔར་ལས་ལྷག་པའི་གནོན་ཤུགས་ནུས་པ་ཐོན་ པ་སྤྲོད་དགོས་པའི་དུས་ལ་བབས་ཡོད། ང་ཚོས་རྒྱ་ནག་ནས་ཁ་བྲལ་རྩོད་ཀྱི་མེད་སྟབས། རྒྱ་ནག་གཅིག་གི་སྲིད་ཇུས་འཛིན་མཁན་ཚོའི་ལངས་ཕྱོགས་དང་འགལ་གྱི་མེད་ལ། རྒྱ་ནག་གིས་བློ་གཡེང་ཆེ་ཤོས་བྱེད་སའི་མངའ་དབང་གི་གནད་དོན་ཡང་སེལ་ཡོད། ང་ཚོའི་འཐབ་རྩོད་མུ་མཐུད་དེ་རྒྱུན་འཁྱོངས་བྱེད་ངེས་ཡིན། ད་ལྟ་ང་ཚོར་ཁྱེད་ཚོའི་རྒྱབ་སྐྱོར་འཕྲལ་དུ་དགོས་ཀྱི་འདུག བོད་ཀྱི་གནད་དོན་འདི་རྒྱ་ནག་འགོ་འཁྲིད་ཚོ་དང་ལྷན་འབྲེལ་མོལ་གྱིས་སེལ་ཐབས་བྱེད་དགོས་ཀྱང་། ཕྱིས་མ་དྲགས་གོང་དེའི་གོམ་སྟབས་མྱུར་དུ་གཏོང་བའི་ནུས་སྟོབས་དེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ལག་ཏུ་ཡོད། ང་ཚོ་བོད་མི་ཚོར་ཡང་རང་དབང་ལུང་པའི་མི་མང་སྤྱི་བྱིངས་ལྟར་རང་དབང་མཉམ་སྤྱོད་ཀྱི་གོ་སྐབས་སྐྲུན་དགོས་ཀྱི་འདུག” ཅེས་སོགས་བཀོད་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

སྐར་མ ༣༥ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༢ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༢ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༣ སྔོན་ལ།
The Jacques Marchais Museum of Tibetan Art is home to one of the largest collections of Himalayan artifacts in America.Photo:NYCMayorsOffice
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དབུས་འཛམ་གླིང་གི་སྐྱེས་ཆེན་ཁག་ཅིག་གི་སྐུ་ཚེའི་ལོ་རྒྱུས་དང་འབྲེལ་བའི་འགྲེམས་སྟོན་ཞིག་ཞུ་རྒྱུ་ཡིན་འདུག 

༢༠༢༥/༠༥/༠༨

མཆན། 5

  1. ཤིང་ལོ། says:
    ལོ་ 13 སྔོན།

    བོད་ལོ་རྒྱུས་ཅན་པོ་འདི་ན་ཡོད།།
    དགྲ་ནག་པོས་མ་སོད་འདི་ན་ཡོད།།
    ཕྱི་དངོས་པོས་མ་བསླུས་འདི་ན་ཡོད།།
    བོད་རེ་འབྲས་ཅན་པོ་འདི་ན་ཡོད།།

    Reply
  2. རིག་འཛིན། says:
    ལོ་ 13 སྔོན།

    ཕོ་རྒོད་འདི་གཉིས་ཀྱིས་་་་རྒྱ་ནག་འགོ་ཁྲིད་ཚོ་ལས་སླའོ་་་་མི་བཞག་སེམས་ཐག་རེད །
    བོད་པ་ཚང་ལ་་་་འདི་གཉིས་འདྲ་མང་ཙམ་ཡོང་བའི་རེ་སྨོན་ཞུ།

    Reply
  3. ཤིང་ལོ། says:
    ལོ་ 13 སྔོན།

    བོད་ལོ་རྒྱུས་ཅན་ཚང་འདི་ན་ཡོད།།
    བོད་ནག་བསུབ་མ་ཐུབ་འདི་ན་ཡོད།།
    བོད་མེ་མདས་མ་སོད་འདི་ན་ཡོད།།
    བོད་གཡོ་རྒྱུས་མ་བསླུས་འདི་ན་ཡོད།།

    Reply
  4. མགོ་ལོག་ཟླ་བྷེ། says:
    ལོ་ 13 སྔོན།

    ཆོས་ལྡན་གངས་རིའི་ཞིང་ཁམས་འདི ། །
    སྨོན་ལོག་དམ་སྲིའི་དཔུང་ཚོགས་ཀྱིས ། །
    ཐུབ་ཐུབ་བསམ་ཡང་ཐུབ་ལེ་མིན ། །
    སྲིད་གསུམ་ཁ་ལོ་རྒྱུར་མཁན་ལ ། །
    ༸ རྒྱལ་བའི་དབང་པོ་གཟི་བྱིན་ཆེ ། །
    འཛམ་གླིང་གྲོགས་སུ་འགུག་མཁན་ལ ། །
    སྲིད་སྐྱོང་བློ་སེང་ཡོན་ཚད་མཐོ ། །
    ཆོས་སྲིད་རྒྱལ་མཚན་འཛིན་མཁན་ལ ། །
    བཀའ་ཤག་ལྷན་རྒྱས་ཤེས་འཇོན་འཛོམས ། །
    གཞུང་དམངས་བདེན་དོན་གཟིགས་མཁན་ལ ། །
    སྤྱི་འཐུས་ལྷན་ཚོགས་གྲོས་ཁ་མཐུན ། །
    དཀར་ནག་རྩོད་རྙོག་ཞིབ་གཅོད་ལ ། །
    ཆེས་མཐོའི་ཁྲིམས་ཁང་གཟི་དཔང་ཟབ ། །
    ༸བླ་མའི་དགོངས་དོན་བྱ་བཞག་ལ ། །
    སྐུ་སྒེར་ཡིག་ཚང་འཕྲིན་ལས་མྱུར ། །
    རང་བབ་འོས་འགན་སྒྲུབ་མཁན་ལ ། །
    གཞུང་ཞབས་ལས་བྱེད་གཤིས་ཀ་བཟང་། །
    འཐབ་རྩོད་རྒྱུན་སྐྱོང་བྱེད་མཁན་ལ ། །
    སྒེར་བཙུགས་ཚོགས་སྡེ་ཐབས་རྩལ་ཕྱུག །
    བྱ་བའི་གལ་གནད་འགག་འཕྲང་ལ ། །
    ལས་ཟུར་རྒན་རབས་ཉམས་མྱོང་འབེལ ། །
    ཐོལ་བྱུང་གདོང་འཕྲད་ལས་འགུལ་ལ ། །
    ཤེས་ལྡན་གཞོན་སྐྱེས་བློ་སྤོབས་ཆེ ། །
    མ་འོངས་རིགས་ཀྱི་སོན་རྩ་ལ ། །
    སློབ་ཕྲུག་བྱིས་པའི་ཡར་ཐོན་མགྱོགས ། །
    གནས་ལུགས་བདེན་པའི་འཐབ་རྩོད་ལ ། །
    གཞིས་ལུས་སྤུན་ཟླའི་ཆོད་སེམས་བརྟན ། །
    དཔའ་རྒྱབ་དཔུང་གི་སྐྱོར་མ་ལ ། །
    གཞིས་བྱེས་བོད་མིའི་དམ་ཚིག་གཙང་། །
    དགྲ་སྡེའི་གཡོ་འཕྲུལ་ཐབས་ཇུས་ལ ། །
    ཤེས་ལྡན་དཔུང་སྡེའི་དཔྱད་སྟོབས་གཙིགས ། །
    མངོན་སུམ་གསལ་བའི་བདེན་དཔང་ལ ། །
    དཔའ་རྒོད་ཕོ་མོའི་བློས་གཏོང་ཆེ ། །
    རྒྱལ་ཁབ་སོའི་འབྲེལ་ལམ་ལ ། །
    སྐུ་ཚབ་དོན་གཅོད་བབ་བསྟུན་མཁས ། །
    སྒེར་གཅོད་སྲིད་ངན་འཇོམ་བྱེད་ལ ། །
    དམངས་གཙོའི་ཐབས་ལམ་ཕུགས་རྒྱང་རིང་། །
    ཉམ་ཆུང་བདེན་པའི་རྒྱབ་དཔུང་ལ ། །
    འཛམ་གླིང་མི་མང་སྙིང་བརྩེ་ལྡན ། །
    རྫུན་རྐུབ་རྡོལ་བའི་ཉེ་རྐྱེན་ལ ། །
    གསར་འགྱུར་བརྒྱུད་ལམ་ཁ་སྟབས་མྱུར ། །
    རང་བྱུང་གནོད་འཚེ་འགོག་སྲུང་ལ ། །
    སྣེ་གླིང་གསུམ་པ་སྲུང་སྐྱོབས་གལ ། །
    འཇིག་རྟེན་ཞི་བདེའི་རྩ་ལག་ལ ། །
    བོད་བརྒྱུད་ནང་ཆོས་རིག་གཞུང་བཟང་། །
    དཀར་ནག་ལས་འབྲས་རྩིས་ཞིབ་ལ ། །
    ཆོས་ཉིད་བདེན་པའི་རྒྱ་མ་དྲང ་། །
    གཞན་ཕུང་རང་བརླགས་མ་རུང་བས ། །
    ཐུབ་ཐུབ་འདྲ་ཡང་ཐུབ་ལེ་མིན ། །
    དེ་རིང་གསུམ་བཅུའི་དུས་དྲན་སྲུང་གཙིའི་སྟེང་དུ་བཀའ་ཁྲི་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ཀྱི་གསུང་བཤད་དྲ་ལམ་ལ་ཐོན་རྗེས་འབོལ་རྩོམ་དཀྱུས་མ་འདི་སྟབས་བྲིས་ཀྱིས་ཕུལ་བ་ལགས།

    Reply
  5. རྨེ་བ་འཇམ་དཔལ་ནོར་བུ། says:
    ལོ་ 13 སྔོན།

    ང་ཚོ་ལ་གནས་ལུགས་ཀྱིས་ནམ་ཡང་དབུལ་མི་སྲིད་པ་ཞིག་རེད། དོན་དངོས་ནི་ནམ་ཡང་དོན་རང་ཡིན་པས། ད་ནི་མིག་རྒྱང་རིང་པོའི་ངང་བློ་ཁོག་བསྐྱེད་ནས་འདུག་དགོས་རྒྱུ་རེད། དེ་ནི་བདེན་པའི་ཨུ་ཚུགས་ཟེར་བ་དེ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese