ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་མདུན་དུ་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་སྟེ་དེ་རིང་བར་ཉིན་ ༢༡ འགྲོ་བཞིན་ཡོད་ཅིང་། ཁ་སང་དབུས་གཞོན་ནུའི་ཚོཊ་གཙོ་ཚེ་དབང་རིག་འཛིན་ལགས་མཉམ་འབྲེལ་རྒྱལ་ཚོཊ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པར་ཐུག་འཕྲད་ཀྱིས། ཟས་བཅད་ངོ་རྒོལ་བ་གསུམ་གྱི་དགོས་འདུན་ཁག་ལ་བརྡ་ལན་སྤྲོད་དགོས་པའི་འབོད་སྐུལ་ཞུས་འདུག
ཟླ་སྔོན་མའི་ཕྱི་ཚེས་ ༢༢ ཉིན་ཏེ་བོད་ལུགས་ལོ་སར་ཚེས་ ༡ ཉིན་ནས་མགོ་འཛུགས་ཀྱིས་ཨ་རིའི་ནེའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་ཁུངས་འགྲམ་དུ། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྣེ་ཁྲིད་འོག བླ་མ་ཤིང་བཟའ་རིན་པོ་ཆེ་མཆོག་དང་། རྒྱ་གར་ཧ་བྷ་པོར་ས་གནས་གཞོན་ནུའི་ཚོགས་ཟུར་ཡེ་ཤེས་བསྟན་འཛིན་ལགས། ཨ་རིར་གནས་སྡོད་རྡོ་རྗེ་རྒྱལ་པོ་བཅས་གྱིས་དུས་ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་གནང་བཞིན་ཡོད་པ་ལྟར། དེ་རིང་ནི་ཟས་བཅད་ངོ་རྒོལ་གནང་སྟེ་ཉིན་ ༢༡ པ་དེ་འགྲོ་བཞིན་ཡོད་པ་རེད།
གནས་ཚུལ་དེའི་ཐད་གསར་འགོད་པས་ཁ་པར་བརྒྱུད་ཨ་རིིར་གནས་བཞུགས་གཞོན་ནུའི་ཚོགས་གཙོ་ཚེ་དབང་རིག་འཛིག་ལགས་སུ། ད་ཆར་ཟས་བཅད་ལས་འགུལ་བ་ཚོའི་གཟུགས་པོའི་གནས་སྟངས་སྐོར་རྒྱུས་ལོན་བྱས་པ་ལྟར་ན། ད་ལྟའི་ཆར་ཤིང་བཟའ་རིན་པོ་ཆེ་མཆོག་གི་སྐུ་གཟུགས་སྤྱི་རྒྱ་ ༡༡ མར་ཆགས་ཡོད་པ་དང་། སྐུ་ཞབས་ཡེ་ཤེས་བསྟན་འཛིན་དང་རྡོ་རྗེ་རྒྱལ་པོ་གཉིས་ཀྱང་སྤྱི་རྒྱ་ ༩ ཡས་མས་རེ་མར་ཆགས་ཡོད་འདུག ཁོང་རྣམ་པའི་གཟུགས་པོའི་གནས་སྟངས་ཉིན་རེ་བཞིན་ཇེ་ཞན་དུ་འགྲོ་བཞིན་ཡོད་པ་དང་། ཉིན་འགའི་གོང་ནས་ཡར་ལངས་ཏེ་འགྲོ་ཐུབ་ཀྱི་མེད་པ་མ་ཟད། མཚམས་རེར་དབུགས་བསགས་པ་དང་མགོ་ཡུ་འཁོར་བ་སོགས་ཀྱང་ཡོང་གི་ཡོད་འདུག འོན་ཀྱང་ཁོང་རྣམ་པའི་དགོན་འདུན་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྡ་ལན་མ་འབྱོར་བར་མཚམས་འཇོག་བྱ་རྒྱུ་མིན་པའི་ཆོད་སེམས་ལ་འགྱུར་བ་མེད་པར་གནས་ཡོད་འདུག
གསར་འགོད་པས་ཚོགས་གཙོ་ཚེ་དབང་རིག་འཛིག་ལགས་སུ་རྒྱལ་ཚོགས་ཀྱིས་ཟས་བཅད་ལས་འགུལ་བ་ཚོའི་དགོས་འདུན་ལ་བརྡ་ལན་སྤྲད་ཡོད་མེད་བཀའ་འདྲི་ཞུས་པར། “ཟས་བཅད་ངོ་རྒོལ་ལས་འགུལ་མགོ་འཛུགས་སྐབས་ང་ཚོིའི་ངོས་ནས་རྒྱལ་ཚོགས་ལས་ཁུངས་ལ་སྙན་ཞུ་ཞིག་ཕུལ་ཡོད། ཁ་སང་ཕྱི་ཚེས་ ༡༢ ཉིན་ང་རང་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པ་ཨེ་ཝན་སེ་མོ་མོ་ཝེ་ཆི་(IVAN SIMOMOVIC) མཆོག་ལ་ཐུག་འཕྲད་བྱས་པ་ཡིན། སྐབས་དེར་ངས་དྲུང་ཆེ་གཞོན་པ་མཆོག་ལ་བོད་ནང་གི་གནས་སྟངས་སྤྱི་དང་། བྱེ་བྲག་ད་ལོར་རྒྱ་གཞུང་གིས་བོད་ནང་བོད་མི་དམར་གསོད་བཏང་བའི་གནས་ཚུལ་དང་། རྒྱ་གཞུང་གི་དྲག་གནོན་སྲིད་བྱུས་དེའི་འོག་བོད་མི་ཚོས་རང་ལུས་མེར་བསྲེགས་གཏོང་བཞིན་པའི་གནས་ཚུལ་རྣམས་རེ་རེ་བཞིན་སྙན་སེང་ཞུས་པ་ཡིན། དྲུང་ཆེ་གཞོན་པ་མཆོག་གིས་ཡག་པོ་གསན་སོང་བ་མ་ཟད། གནས་ཚུལ་འདི་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་དྲུང་ཆེ་དང་འགན་འཛིན་རྣམ་གཉིས་ལ་སྙན་སེང་ཞུ་རྒྱུ་ཡིན་ཟེར་” ཞེས་བརྗོད་བྱུང་།
མཐའ་མར་ཟས་བཅད་ངོ་རྒོལ་ལས་འགུལ་དེར་གསར་འགྱུར་བརྒྱུད་ལམ་དང་མང་ཚོགས་ཁྲོད་དོ་སྣང་ཅི་ཙམ་ཡོང་གི་ཡོད་མེད་དྲིས་སྐབས། “ ལས་འགུལ་འདི་ལ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རཱེ་ཆཱ་ཊི་གྷར་ལགས་དང་། ཨ་རིའི་ཧཱ་ཝར་གཙུག་ལག་སློབ་ཆེན་གྱི་ཉམས་ཞིབ་པ་དང་རྒྱ་ནག་དམངས་གཙོ་དོན་གཉེར་བ་སྐུ་ཞབས་ཡཱང་ཅིན་ལི་སོགས་སྔ་རྗེས་སུ་ཕེབས་ཏེ། རྒྱབ་སྐྱོར་གྱི་རྣམ་པ་ཤུགས་ཆེན་བསྟན་སོང་། དེ་བཞིན། ནེའུ་ཡོག་གཙོས་པའི་ས་གནས་འདྲ་མིན་གྱི་གསར་འགོད་པ་ཚོར་གནས་ཚུལ་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་སོང་། ད་དུང་ཡང་མུ་མཐུད་གསར་ཁང་ཁག་ལ་འབྲེལ་བ་གནང་རྒྱུའི་ཐབས་ཤེས་འཐེན་བཞིན་པ་ཡིན། གཞན། ལས་འགུལ་དེར་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་དང་ས་གནས་བོད་རིགས་མང་ཚོགས་བཅས་ཆེད་དུ་འཚམས་འདྲིར་ཡོང་གི་འདུག་ ” ཅེས་བརྗོད་སོང་།
རྒྱལ་ཚོགས་ཀྱིས་བརྡ་ལན་མ་སྤྲད་ན་ཟས་བཅད་ངོ་རྒོལ་ལས་འགུལ་དེ་གནས་སྐབས་རིང་མཚམས་འཇོག་བྱེད་མིན་སྐོར་དྲིས་པར། “ རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཚན་པར་ཁ་སྔོན་སྙན་ཞུ་ཕུལ་བ་རེད། དེ་རིང་འགྲོ་བ་མིའི་ཐོབ་ཐང་ཚན་པའི་སྤྱི་ཁྱབ་དྲུང་ཆེ་གཞོན་པར་མཇལ་འཕྲད་གནང་ཐུབ་བྱུང་བ་རེད། ང་ཚོས་རྒྱལ་ཚོགས་ཀྱིས་འོས་འཚམ་གྱི་བརྡ་ལན་ཞིག་སྤྲོད་རྒྱུར་རེ་བ་རྒྱག་གི་ཡོད། བརྡ་ལན་མ་སྤྲད་བར་ཟས་བཅད་ལས་འགུལ་འདི་མཚམས་འཇོག་ཐབས་ཡོད་པ་མ་རེད། ཟས་བཅད་ལས་འགུལ་ནང་ཞུགས་གནང་མཁན་ཁོང་རྣམ་པར་ཆ་བཞག་ནའང་། ཐོག་མའི་དམ་བཅའ་ལྟར་ཆོད་སེམས་ལ་འགྱུར་བ་མེད་པར་བརྟན་པོ་རེད” ཅེས་བརྗོད་སོང་།
མཉམ་འབྲེལ་རྒྱལ་ཚོགས་ལ་ཛ་དྲག་གི་དགོས་འདུན་དོན་ཚན་ལྔ་བཏོན་ཡོད་པ་ནི། གཅིག བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་ཤེས་རྟོགས་སླད་ཞིབ་འཇུག་ཚོགས་ཆུང་འཕྲལ་དུ་བོད་ནང་གཏོང་དགོས། གཉིས། རྒྱ་གཞུང་གིས་བོད་ནང་དྲག་གནོན་བྱེད་བཞིན་པ་འཕྲལ་དུ་མཚམས་འཇོག་དགོས་པའི་གནོན་ཤུགས་སྤྲོད་དགོས། གསུམ། བོད་ནང་གི་ཛ་དྲག་གནས་སྟངས་གསལ་རྟོགས་སླད་རྒྱལ་སྤྱིའི་གསར་འགོད་པ་གཏོང་དགོས་པར་རྒྱ་གཞུང་ལ་གནོན་ཤུགས་སྤྲོད་དགོས། བཞི། ༸པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྣམ་གཉིས་གཙོས་ཆབ་སྲིད་བཙོན་པ་རྣམས་འཕྲལ་དུ་གློད་གྲོལ་དགོས་པའི་གནོན་ཤུགས་སྤྲོད་དགོས། ལྔ། བོད་ནང་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ལས་འགུལ་འཕྲལ་དུ་མཚམས་འཇོག་དགོས་པ་བཅས་རེད།
གསར་འགོད་པ། དཔལ་ལྡན།
རྒྱལ་ཁབ་དང་མི་རིགས་ཧྲིལ་པོའི་འཚོ་གནས་དང་བདེ་སྐྱིད་ཀྱི་ཆེད་དུ་རླབས་ཆེན་སྐྱ་དར་མངོན་འགྱུར་ཡོང་བར་འཐབ་རྩོད་བྱེད་མཁན་ཞིག་ཡིན་ཕྱིན་ཆད་ལ་ངེས་པར་དུའང་་་་་སེམས་ཐག་གཙང་བཅད་དང་། ཤི་རྒྱུར་མི་སྐྲགས་པའི་སྙིང་སྟོབས་ཡོད་དགོས་་་་།
ད་དུང་རྒྱལ་གཅེས་ཀྱི་དཔའ་བོ་དཔའ་མོ་དག་ལ་མཚོན་ན་ནི། སྐྱེ་བ་དེ་རླབས་ཆེ་ལ། ཤི་བ་དེ་གཟི་བརྗིད་ཆེ། ཞེས་པ་དེ་རང་ཡིན།
སྲིད་གཞུང་གང་ཞིག་གིས་སོ་སོའི་མངའ་ཁོངས་དང་། གཞན་གྱི་མངའ་ཁོངས་སུ་མི་རིགས་ལ་གཉའ་གནོན་དང་། མནར་གཅོད། དྲག་གནོ་སོགས་བྱེད་ཀྱིན་ཡོད་ན་དེར་ངེས་པར་དུ་མི་དམངས་ཡོངས་རྫོགས་ཀྱི་སྐད་རྒྱག་དགོས།
གང་དུ་དྲག་གནོན་ཡོད་ན། དེ་རུ་ངོ་རྒོལ་ཡོད། ཅེས་རྣོ་ངར་གྱི་འཐབ་རྩོད་བྱེད་དགོས།
མི་སྒེར་དང་། ཁྱིམ་ཚང་། སྐྱིད་སྡུག ཚོགས་པ། སྲི་གཞུང་། རྒྱལ་ཁབ། མི་རིགས་སོགས་སུ་ཞིག་ལ་རླབས་ཆེན་སྐྱ་དར་མངོན་འགྱུར་ཡོང་བར་འདོད་ན་ངེས་པར་དུའང་བློས་གཏོང་བྱེད་ཕོད་པ་དགོས།
ཞིང་ཁ་ནང་དུ་ཞིང་ལས་ཉིན་གཅིག་བྱེད་འདོད་མེད་ཟེར་བ་དང་། རྟག་པར་རྩམ་པ་བཟས་ནས་སྐྱིད་ཉལ་བྱེད་འདོད་ཅེས་ལབ་ན་དེ་ནི་ཡོངས་སུ་ནོར་འཁྲུལ་ཞིག་ཡིན།
ཞིང་ལས་ཐོན་བསྐྱེད་ཀྱི་ངལ་རྩོལ་མ་བྱས་པར་རྟག་པར་འབྲས་བུ་བཟང་པོ་ལོངས་སུ་སྤྱོད་རྒྱུ་མེད། དོན་ཆེན་བྱེད་པར་བློས་གཏོང་བྱེད་ཕོད་པ་དགོས།
དེ་ནི་རྒྱལ་ཁབ་དང་མི་རིགས་གཅིག་གིས་ལས་དབང་དང་། རང་དབང་། མངའ་དབང་བཅས་ལ་ཐུག་པའི་མཐར་ཐུག་གི་དམིགས་ཡུལ་ཞིག་རེད།
བོད་རྒྱལ་ལོ།
དང་་པོ་ཁྱེད་རྣམ་པ་གསུམ་ལ་ཁ་ཙམ་མིན་པར་ཤ་དང་རུས་པའི་ནང་ནས་ཐུགས་ཆེ་ཞུ་རྒྱུ་ཡིན།
གྲོགས་པོ་ཚོ་ད་ལྟ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཅན་གཞོན་པ་ཕེབས་བ་ཡག་པོ་རེད་དེ། བཟང་ངན་གྱི་ལེན་ངོ་མ་གནང་མཁན་ནི་གྲོས་ཚོགས་ནས་ཡིན་པའི་ལན་བཟང་ངན་ཅི་ཡོང་མི་ཤེས།བྱས་ཙང་ང་ཚོས་ཀྱང་བཟང་ངན་གྱི་ལས་འགུལ་ག་རེ་དགོས་མིན་བསམ་བློ་གཏོང་བའི་དུས་ལ་སླེབས་ཡོད་པའི་བོད་མི་ཡོངས་ཀྱིས་བསམ་བློ་ཡག་པོ་ཐོངས་རོགས།
ཁོང་རྣམ་པ་གསུམ་གྱི་རླབས་ཆེན་གྱི་ཆོད་སེམས་དང་བློས་གཏོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ད་དུང་མུ་མཐུད་གནང་ན་སྐུ་སྲོག་ལ་ཉེན་ཁ་འབྱུང་ངེས་པ་དང་མཉམ་འབྲེལ་རྒྱལ་ཚོགས་ངོས་ནས་ཀྱང་བརྡ་ལན་དམིགས་བསལ་ཞིག་ཡོད་དཀའ་བ་ཡིན་པས་ ད་ཅེས་ཀྱང་ཟས་བཅད་མཚམས་འཇོག་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན། ཁྱེད་རྣམ་པ་ལྟ་བུ་འདི་ལྟར་བཞུད་སོང་ན་མི་རིགས་འདིའི་གྱོང་གུད་ཆེན་པོ་ཞིག་རེད། གཞན་གྱིས་ཅི་ཟེར་ལ་མི་ལྟ་བར་ངེས་པར་མཚམས་འཇོག་ཡོང་བ་མཁྱེན་
ཕྱི་ཚེས་༡༢ཉིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་གཞོན་པ་སྐུ་ཞབས་(IVAN SIMOMOVIC) ལགས་ཀྱིས་དངོས་སུ་ནེའུ་ཡོག་གྲོང་ཁྱེར་གྱི་ཟས་བཅད་ངོ་རྒོལ་གནང་མཁན་དག་ལ་འཚམས་འདྲིར་ཕེབས་པ་ནི་ད་བར་་དུ་བཙན་བྱོལ་ལོ་རྒྱུས་ནང་བྱུང་མ་མྱོང་བའི་ལས་དོན་དགའ་འོས་པ་ཞིག་རེད། ཁོང་དངོས་སུ་ཕེབས་ནས་༧སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེར་ལག་འཇུ་བྱས་ཤིང་ཟས་བཅད་ངོ་རྒོལ་གནང་མཁན་དག་ལ་རེ་རེ་བཞི་བརྩེ་བའི་འཚམས་འདྲི་གནང་བ་ནི་ཟས་བཅད་ངོ་རྒོལ་བ་གསུམ་གྱིས་ཉིན་ཉི་ཤུ་ལྷག་ལ་དཀལ་ལས་བརརྒྱབ་པའི་གྲུབ་འབྲས་རེད། ལྷག་པར་བོད་ཀྱི་བླ་ཆེན་ཞིག་གིས་སྐུ་ངལ་ལ་མ་འཛེམས་པར་དཀའ་ལས་བརྒྱབ་པར་དོན་འབྲས་སྨིན་པའི་་དཔེ་མཚོན་ཡང་རེད། ཡིན་ནའང་གསར་འགྱུར་འདིའི་ནང་དུ་ཚོག་གཙོ་མཆོག་ཕར་རྒྱལ་ཚོགས་ནང་སྐད་བཏང་ནས་ཐུགས་འཕྲད་བྱས་པའི་སྐོར་ལས་གནས་ཚུལ་གཞན་གྱི་སྐོར་ཅི་ཡང་བརྫོད་མི་འདུག ཐོག་མར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་གཞོན་པ་ཚུར་ཟས་བཅད་ངོ་རྒོལ་གནང་མཁན་དག་གི་སར་ཕེབས་ཤིང་རྗེས་ནས་ཚོགས་གཙོ་མཆོག་རྒྱལ་ཚོགས་ནང་འབོད་འགུག་བྱས་པ་ཞིག་རེད། ཡིནནའང་གནས་ཚུལ་དེ་བཞིན་མ་ཡོང་བ་ནི་གཞོན་ལྷན་ཚོགས་གཙོ་མཆོག་གི་དེའི་སྐོར་གསལ་བཤད་མ་བྱས་པ་ཞིག་རེད་དམ། ཡང་ན་་དུས་བབ་གསར་འགོད་པས་ཆེད་དུ་དོན་དངོས་མ་བཀོད་པ་ཡིན་ནམ། གནས་ཚུལ་དེའི་སྐོར་facebookནང་དུ་ལྟོས་དང་༤སྐྱབས་རྗེ་ཤིང་བཟའ་རིན་པོ་ཆེ་མཆོག་ལ་ཕྱག་འཇུས་གནང་བཞིན་པའི་འདྲ་པར་གསལ་བོ་བཀོད་འདུག དེའི་སྐོར་གྱི་གནས་ཚུལ་གཞོན་ལྷན་ཚོགས་གཙོ་མཆོག་ནས་གསར་འགོད་པར་འགྲེལ་བརྫོད་གསལ་བོ་་ཞིབ་བརྗོད་བྱས་མེད་ན་བློ་ཕམ་ཆེན་པོ་ཡོད།
འདི་ལྟ་བུའི་བླ་མ་ཞིག་ཡོད་ན་ཚེ་ཕྱི་མ་ནས་ཀྱང་སྐྱོབ་ས་རེད། སྒྲུང་ཚིག་ཡོད་པ་རེད། སྔོན་རྒན་པོ་ཞིག་ལ་རྟ་རྩིས་ཆེན་ཞིག་ཡོད་པ་རེད། ཁོས་རྟ་དེ་ས་དེའི་རྩ་ཆེའི་བླ་ཞིག་ལ་ཕུལ་ནས་ཚེ་ཕྱི་མ་ནས་ང་སྐྱོབ་རོགས་ཞུས་ནས་སོང་བ་རེད། ཕྱི་ཉིན་ཁོས་ཡང་བསྐྱར་བླ་མར་མཇལ་ཁ་ཞུས་དུས། བླ་མས་ཁྱོད་སུ་ཡིན་གསུངས་པ་རེད། དེ་ནས་རྒན་པོས་ཚེ་འདི་ནས་ང་མི་མཁྱེན་ན། ཚེ་ཕྱི་མ་ནས་དེ་ལས་ཀྱང་མཁྱེན་ཁག་པོ་རེད་ཞུས་ཏེ་བླ་མའི་ཕྱག་ནས་རྟ་ཚུར་བླངས་པ་རེད།
སྐྱབས་རྗེ༸ཤིང་བཟའ་རིན་པོ་ཆེ་མཆོག་གིས་བླ་མ་ཁ་བདེ་མགོ་བདེ་ཚོར་མིག་དཔེར་བསྟན་གནང་ཡོད་པར་མ་ཟད། ཕྱག་རོགས་རྣམ་གཉིས་ཀྱིས་ཀྱང་མི་རིགས་ཤིག་གི་ཤི་གསོན་གྱི་མདུན་ནས་སྐྱ་སེར་སྐྱིད་སྡུག་མཉམ་མྱོང་གནང་འོས་པའི་སྲོལ་བཟང་བོ་ཞིག་བཏོད་ཟིན་པས། དཔའ་བོར་རྣམ་པས་དུས་དང་རྣམ་པ་ཀུན་ཏུ་བོད་འདི་སྐྱབས་འོག་ནས་མི་དོར་བར་མཁྱེན་མཁྱེན་ཞུ།
ཚིག་གཅིག་གི་ནང་དུ་སྡོམ་ནས་བཤད་ན་འཆི་གསོན་མང་པོའི་དཀའ་ངལ་འདི་ཚོས་གྲུབ་འབྲས་སྣེ་གཅིག་ཀྱང་ཐོན་གྱི་མ་རེད།
་ཨ་ཁ་་་་་མི་རིགས་འདི་ལས་ངན་ཞིག་རེད།
རང་གཞན་སུ་ཡི་སྲོག་ལ་ཡང་མི་གནོད་པའི་ལས་འགུལ་ལ་སོམས་དགོས་པ་མི་འདུག་གམ།
ཤ་དང་རུས་པའི་འབྲེལ་ཐག་དམ་པོས་བཅིངས་པའི་རྒྱལ་གཅེས་ལྷག་བསམ་ཅན་གྱི་མི་རིགས་དཔའ་བོ་ཤིང་ཟ་རིན་པོ་ཆེ་མཆོག་དང་། སྐུ་ཞབས་བསྟན་འཛིན་ཡེ་ཤེས་ལགས། སྐུ་ཞབས་རྡོ་རྗེ་རྒྱལ་པོ་ལགས་ཀྱིས་རྒྱལ་ཚོགས་མདུན་དུ་མ་ཤི་བར་ཟས་བཅད་ངོ་རྒོལ་གནང་བཞིན་པར་གུས་འདུད་གྲངས་མེད་ཞུ།
འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་བོད་མིའི་དགོས་འདུན་ལ་བརྡ་ལན་གསལ་པོ་ཞིག་མ་གནང་གི་བར་དུ་བོད་ཀྱི་གཞོན་ནུ་ལྷན་ཚོགས་སྣེ་འཁྲིད་པའི་ཆབ་སྲིད་ཀྱི་ལས་འགུལ་འདི་རྩ་བ་ནས་མཚམས་འཇོག་བྱེད་རིང་བ་དེ་གདན་འགག་ཆེན་པོ་ཞིག་ཆགས་ཡོད།
ང་ཚོའི་ངོས་ནས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་འདི་གང་མཚམས་ནས་མཚམས་འཇོག་བྱས་ཚེ་ད་གཟོད་གྲུབ་འབྲས་མེད་པའི་ཐོག་མས་འབྲེལ་རྒྱལ་ཚོགས་དང་། འཛམ་གླིང་། རྒྱ་ནག་བཅས་ཀྱིས་ང་ཚོར་ཆོད་སེམས་མེད་པར་ཁྱི་རྒན་ལྟར་ཀུ་ཅོ་འདོན་བཞིན་པའི་ཟློས་སྒར་ལྟ་བུ་ཞིག་མཐོང་སྣང་ཡོང་ངེས་ཡིན།
སུམ་བཅུའི་དུས་དྲན་ཉིན་སླར་ཡང་བོད་ནང་རང་ལུས་མེར་བསྲེགས་ཀྱི་ལས་འགུལ་རབ་དང་རིམ་ཐོན་བཞིན་ཡོད་སྟབས་ང་ཚོས་ཀྱང་ད་རེས་ཟས་བཅད་ཀྱི་ལས་འགུལ་འདི་ཁོང་རྣམས་ལྟོགས་སྐོམ་གྱི་ཤི་ནའང་གང་ལྟར་ལས་འགུལ་འདི་རྩ་བ་ནས་མཚམས་འཇོག་བྱེད་རུང་བའི་རྩ་དོན་ཞིག་ཡིན།
གལ་སྲིད་ཁོང་རྣམས་ལ་བརྡ་ལན་ཞིག་མ་སྤྲད་ནས་ཤི་སོང་ན་དེའི་མཇུག་ཏུ་སླར་ཡང་དང་ལངས་ཀྱིས་བོད་རིགས་ཚོས་མུ་མཐུད་ཐ་གཅིག་ཏུ་ཟས་བཅད་ངོ་རྒོལ་བསྟུད་མར་བྱེད་ཐུབ་པ་ཅིས་ཀྱང་དགོས།
གལ་སྲིད་ཁོང་རྣམས་ཤི་བའི་དབང་དུ་བཏང་ཚེ་དེའི་མཇུག་ཏུ་ཨང་དང་པོར་ངས་ཀྱང་ད་རེས་རང་གི་གཅེས་པའི་རྒྱལ་ཁབ་དང་བརྩེ་བའི་བོད་རིགས་སྤུན་ཟླ་ས་ཡ་དྲུག་གི་ལས་དབང་དང་བདེ་སྐྱིད་ཆེད་དུ་ཟས་བཅད་ངོ་རྒོལ་འདི་རྒྱུན་འཁྱོངས་བྱ་རྒྱུ་ཡིན།
བོད་རྒྱལ་ལོ།།
བོད་རྒྱལ་ལོ། ནམ་ཡང་བོད་རྒྱལ་ལོ། ཁོང་རྣམས་པའི་རེ་བ་བཞིན་བརྡ་ལེན་ཡོང་བའི་རེ་བ་ཡོད་།
དམ་པ་ཁོང་རྣམས་ཀྱི་སྙིང་སྟོབས་ལ་ཡི་རང་དང་གུས་བཀུར་ཡོད་པར་མ་ཟད་ཁོང་རྣམས་ཀྱི་ཐུགས་དགོངས་ལྟར་མྱུར་དུ་འགྲུབ་པའི་སྨོན་འདུན་ཞུ།
ལག་བསྟར། དུ་བཅོས།
ཁག་བསྟར་ངོ་མའི་སྣེ་འཁྲིད་མིག་དཔེར་འོས་པའི་ལས་འགུལ་འདི་ལྟར་སྤེལ་བར་སྙིང་ནས་ཐུགས་རྗེ་ཆེ་གནང་། བོད་རྒྱལ་ལོ།།
གཞོན་ནུའི་རྒྱལ་དར་བསྲེགས་པའི་ལས་འགུལ་དང་། འགྲོ་བ་མི་ཞིག་གིས་ཉིན་གྲངས་ ༢༡ ཏག་ཏག་ལ་ལྟོགས་གོམས་ཟས་བཅད་ཀྱི་ལས་འགུལ།
འདི་གཉིས་ཀྱི་གསོན་ཉམས་དང་གཟི་བརྗིད་ལ་དོ་མཉམ་གྱི་དཔྱད་ཞིབ་བསམ་བློ་གཏོང་དགོས་པར་མཐོང་།
ཕྱི་མ་ནི་དངོས་གནས་དོན་གྱི་གཟི་བརྗིད་མཐོང་བས་སླར་ཡང་ཐུགས་རྗེ་ཆེ་ཞུས།