མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐབས་བཅོ་ལྔ་པའི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་དབུ་འཛུགས་གནང་སོང་ལ། ཚོགས་གཙོའི་དབུ་འབྱེད་གཏམ་བཤད་ནང་། ནམ་རྒྱུན་སྤྱི་ཟླ་གསུམ་པའི་གྲོས་ཚོགས་དེ་སྔོན་རྩིས་སྐོར་ཡིན་ཡང་། ཐེངས་འདིར་བོད་ནང་གི་ཛ་དྲག་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་དང་བཀའ་བློན་ཚོས་དོ་སྣང་སྤྲོད་དགོས་པའི་རེ་སྐུལ་བཅས་གནང་སོང་།

དེ་རིང་ཕྱི་ཚེས་ ༡༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༩།༣༠ སྟེང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གསུམ་པ་གངས་སྐྱིད་སྤྱི་འཐུས་ཚོངས་ཁང་དུ་དབུ་འཛུགས་གནང་སོང་ལ། མཛད་སྒོའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་གཙོས་པའི་སྤྱི་འཐུས་རྣམ་པ་དང་། བཀའ་བློན་ཁྲི་པ་དབུས་པའི་བཀའ་བློན་རྣམ་པ། དེ་བཞིན་ཟུར་ཉན་དུ་ཕེབས་མཁན་ལྷན་ཁང་ཁག་གི་དྲུང་ཆེ་རྣམ་པ་དང་། སློབ་གྲྭ་ཁག་ཅིག་གི་སློབ་ཕྲུག་བཅས་ཕེབས་འདུག ཐེངས་འདིའི་གྲོས་ཚོགས་ཀྱི་ལས་དོན་གཙོ་བོ་ཕྱི་ལོ་ ༢༠༡༢ ནས་ ༢༠༡༣ བར་གྱི་དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་དེ་ཡིན་ཞིང་། དེ་རིང་ཉིན་ཧྲིལ་བོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་དང་གྲོས་ཆོད་གཏན་འབེབས་གནང་རྒྱུ་ཡིན་འདུག ཚོགས་གཙོ་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསལ་བསྒྲགས་དང་ཚང་མ་སྐུ་བཞེངས་ཐོག་བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུ་གྱེར་འདོན་གནང་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དབུ་འཛུགས་གཏམ་བཤད་གནང་སོང་།

ཚོགས་གཙོ་མཆོག་གིས་དུས་རྒྱུན་ཕྱི་ཟླ་ ༣ པའི་གྲོས་ཚོགས་དེ་དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་སྔོན་རྩིས་གཏན་འབེབས་དང་། བཀའ་ཤག་གི་ལས་འཆར་མཁྱེན་རྟོགས་དང་སྟངས་འཛིན་གྱི་གལ་ཆེའི་ལས་རིམ་ཞིག་ཡིན་པ་དང་། དེ་བཞིན། སྤྱི་འཐུས་རྣམ་པས་ཐེངས་འདིའི་སྔོན་རྩིས་བརྒྱུད་དེ་ས་གནས་ཁག་ཏུ་ལས་གཞི་གང་ཡོད་མཁྱེན་རྟོགས་ཐུབ་ཅིང་། མ་འོངས་པར་ཕྱོགས་སྐྱོད་སྐབས་ས་གནས་འཐུས་ཚོགས་ཡོད་ས་ཁག་ཏུ་སྟངས་འཛིན ཚད་ལྡན་ཡོང་ཐུབ་པའི་ལས་རིམ་ཞིག་ཡིན་ཡང་། དེང་སྐབས་བོད་ནང་རང་ལུས་མེར་བསྲེགས་དང་། རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་བོད་མི་དམར་གསོད་སོགས་ཧ་ཅང་ཛ་དྲག་གི་དུས་ཚོད་ཅིག་ཆགས་ཡོད་སྟབས། ད་རེབ་གྲོས་ཚོགས་ཀྱི་ལས་རིམ་དང་པོར་བོད་ནང་གི་གནས་སྟངས་ཐོག་ཉིན་གཅིག་རིང་བགྲོ་གླེང་བྱ་རྒྱུ་ཡིན་པ་དང་། དེ་ལ་གྲོས་ཚོགས་འཐུས་མི་རྣམ་པ་དང་། བཀའ་བློན་རྣམ་པས་རིག་པ་བསྒྲིམས་ཏེ་ཆ་ཤས་ལེན་རྒྱུ་གལ་ཆེན་པོ་ཡིན་ལུགས་སོགས་གསུངས་སོང་།

ཚོགས་གཙོ་མཆོག་གིས་གསུངས་དོན། “ ༢༠༠༩ ལོའི་གྲྭ་བཀྲ་བྷེ་ནས་བརྩིས་ཏེ་འདས་པའི་ལོ་གཅིག་རིང་བོད་མི་ ༢༧ གྱིས་རང་ལུས་བཞུགས་འབུལ་བྱས་ཡོད་པ་དང་།  དེའི་ཁྲོད་ཀྱི་ཐ་མ་དེ་གསུམ་བཅུའི་དུས་དྲན་ཉིན་རྔ་པ་ཀིརྟི་དགོན་པའི་གྲྭ་དགེ་པེ་ལགས་ཀྱིས་རང་ལུས་བཞུགས་འབུལ་བྱས་ཏེ་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཐོན་ཡོད། རྒྱ་ནག་གིས་གང་བྱུང་མེ་མདའ་བརྒྱབ་ཏེ་དམར་གསོད་ཀྱི་གནས་ཚུལ་ཐོན་ཡོད་སྟབས། བོད་ནང་ཛ་དྲག་གི་གནས་ཚུལ་འགྲོ་བཞིན་པའི་ཐད་ནས། ད་རེས་གྲོས་ཚོགས་ཀྱི་ཉིན་དང་པོ་བོད་ནང་གི་ཛ་དྲག་གི་གནས་ཚུལ་གྱི་སྐོར་ལ་བགྲོ་གླེང་ཙམ་དུ་མ་ཟད། དཔང་རྟགས་ནག་པོ་བཏགས་ཏེ་བོད་ནང་བོད་མི་ཚོས་དཀའ་སྡུག་མྱོང་བཞིན་པ་དེར་སྐྱིད་སྡུག་མཉམ་མྱོང་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་སྐུལ་ཆེད་(Save Tibet)༼ བོད་སྐྱོབ་རོགས ༽ཅེས་པའི་དཔང་རྟགས་བཏགས་ཡོད། གྲོས་ཚོགས་འདི་བརྒྱུད་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཚོར་རྣམ་འགྱུར་ཤུགས་ཆེན་པོ་ཞིག་སྟོན་ཆེད་གྲོས་ཚོགས་ཀྱི་དུས་སྐབས་སུ་ཚང་མས་བཏགས་ཡོད། ” ཅེས་གསུངས་བྱུང་།

ཡང་ཚོགས་གཙོ་མཆོག་གིས་ཐེངས་འདིའི་ལས་རིམ་གྱི་ཐད་ནས། “ ད་རེས་སྤྱི་འཐུས་རྣམ་པས་རིག་པ་བསྒྲིམ་དགོས་ས་གཙོ་བོ་སྔོན་རྩིས་ཆགས་ཡོད། སྔོན་རྩིས་ཐོག་ང་ཚོས་དུས་ཚོད་གང་འཚམ་གཏོང་དགོས་པ་མ་ཟད། ཁྲིམས་བཟོའི་ལས་དོན་ཐོག་ནས་ཀྱང་གནད་དོན་གལ་ཆེན་གྱི་རིགས་ཁག་ཅིག་གྲོས་ཚོགས་ཕྱི་ནང་གཉིས་ཀྱི་གནད་དོན་འོག་ཡོང་སྲིད་པ་རེད། སེམས་ཚོར་དང་འདྲེས་པའི་གནད་དོན་རིགས་ཡོད་པ་ཡིན་ན། གྲོས་ཚོགས་ནང་བགྲོ་གླེང་བྱེད་སྐབས། ང་ཚོ་དམངས་གཙོའི་ཐོག་ཤར་སྐྱོད་བྱེད་ཀྱི་ཡོད་པ་རེད། གྲོས་ཚོགས་ཀྱི་ཆེ་མཐོང་བཞག་པའི་ཐོག་གྲོས་ཚོགས་ནང་བཀའ་མོལ་གནང་རྒྱུ་དང་། དགོངས་པ་བཞེས་ཕྱོགས་དེ་ཚོ་གལ་ཆེན་པོ་རེད། ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས་ཚོགས་ཆུང་གི་སྙན་ཐོ་ཡོང་གི་ཡོད་པ་རེད། ད་རེབ་དུས་ཚོད་བྱུང་ན། སང་ཉིན་ཁྲིམས་བཟོའི་ལས་དོན་ཐོག་བཞུགས་མོལ་ཚོགས་འདུ་བསྐང་རྒྱུ་དང་། ད་ལྟ་བོད་ནང་འགྲོ་བཞིན་པའི་ཛ་དྲག་གནས་སྟངས་ཐོག  སྤྱི་འཐུས་དང་བཀའ་ཤག་ཟུར་དུ་ཚོགས་ཟིན་པ་འམ། ཡང་ན། བཀའ་ཤག་ལྷན་རྒྱས་ཟུར་དུ་ཚོགས་ནས་ལས་རིམ་བང་བསྒྲིགས་ཟིན་པ་དང་། བསྒྲིག་འཆར་ཡོད་པའི་ཐོག་ཕྱོགས་མཐའ་ཁག་ནས་ཕེབས་པའི་སྤྱི་འཐུས་རྣམ་པར་གོ་སྐབས་བསྐྲུན་ཆེད་བཞུགས་མོལ་ཚོགས་འདུ་ཚོགས་རྒྱུའི་འབད་བརྩོན་གནང་གི་ཡིན། ”ཞེས་གསུངས་བྱུང་བ་མ་ཟད། ཐེངས་འདིའི་གྲོས་ཚོགས་སྟེང་སྤྱི་འཐུས་ཚང་མས་མི་མང་གི་རེ་བ་བཅོལ་བ་ལྟར། བཟང་སྤྱོད་དང་ལྡན་པའི་ཐོག་དགོངས་ཚུལ་གསུང་རྒྱུ་དང་། དམངས་གཙོའི་འགྲོ་ལུགས་ལྟར་བསྒྲུབ་རྒྱུ། ལས་རིམ་ཚར་བའི་རྗེས་སུའང་གྲོས་ཚོགས་ཀྱི་བཀའ་མོལ་དང་ལམ་སྟོན་ལྟར་ལག་ལེན་བསྟར་དགོས་པའི་འབོད་སྐུལ་སོགས་གནང་སོང་།

ཚོགས་གཙོ་མཆོག་གིས་སྤྱི་འཐུད་པདྨ་འབྱུང་གནས་དང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ། སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་བཅས་མི་གསུམ་ཚོགས་གཙོའི་ལས་ཚབ་དང་།  སྤྱི་འཐུས་ཀརྨ་ཡེ་ཤེས་དང་སྤྱི་འཐུས་ཡེ་ཤེས་སྒྲོལ་མ། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར། སྤྱི་འཐུས་མཁན་པོ་ནོར་བུ་ཚེ་རིང་བཅས་བསྐོ་བཞག ༢༠༠༩ ལོའི་ཕྱི་ཟླ་ ༢ པའི་ཚེས་ ༢༦ ཉིན་དགེ་འདུན་པ་བཀྲ་བྷེ་ལགས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་དས་གྲོངས་སུ་ཕྱིན་པ་གཙོས་པའི་རང་ལུས་མེར་བསྲེགས་གཏོང་མཁན་རྣམས་དང་གར་ཡོད་ཤེས་ཀྱི་མེད་པ་རྣམས། དེ་བཞིན། རྒྱ་གཞུང་གིས་བྲག་མགོ་དང་གསེར་རྟ། འཛམ་ཐང་སོགས་བོད་མི་དམར་གསོད་བཏང་བ་ཁག་བཅས་ལ་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་སོགས་བཞག་སོང་།

གསར་འགོད་པ། དོན་གོ

 

འབྲེལ་ཡོད་གསར་འགྱུར།

༧གོང་ས་མཆོག་ལ་མོན་ཡུལ་སློབ་ཕྲུག་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས། ༢༠༢༥/༡༡/༡༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མོན་ཡུལ་སློབ་ཕྲུག་ཚོགས་པས་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༦ སྔོན་ལ།
Police officers and forensic technicians work at the site of an explosion in the old quarters of Delhi, India, November 10, 2025. REUTERS/Adnan Abid
Mobile App

རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རླངས་འཁོར་འགས་གཏོར་གྱི་དོན་རྐྱེན་བྱུང་།

༢༠༢༥/༡༡/༡༠
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་མཆོད་འབུལ་སྨོན་ལམ་འཚོགས་སོང་།

༢༠༢༥/༡༡/༡༠
Zhu Rikun said he felt that anyone involved could face threats or harassment if he did not cancel the event. Photograph: Marion Curtis/StarPix for NYFCCA/Shutterstock
Mobile App

རྒྱ་ནག་གི་རང་དབང་གློག་བརྙན་དུས་སྟོན་ཕྱིར་འཐེན་བྱས་འདུག

༢༠༢༥/༡༡/༡༠
Mobile App

༸གོང་ས་སྐུ་འཕྲེང་དྲུག་པའི་སྐོར་ལ་རྒྱལ་སྤྱིའི་ལྷན་ཚོགས་ཤིག་འཚོག་གཏན་ཁེལ།

༢༠༢༥/༡༡/༠༧
Mobile App

མགོན་པོ་སྐྱིད་ལགས་ལ་རང་ཁྱིམ་དུ་སྨན་བཅོས་བྱེད་བཞིན་འདུག

༢༠༢༥/༡༡/༠༦

མཆན། 11

  1. རྨ་ཀློང་གངས་ཕྲུག། says:
    ལོ་ 14 སྔོན།

    ཇོ་ནང་པའི་འབོད་བསྐུལ་གཟུར་གནས་དགྱེས་པའི་བདེན་གཏམ།

    དེ་ཡང་འཕགས་མཆོག་སྤྱན་རིས་གཟིགས་ཀྱི་གདུལ་ཞིང་མཉམ་མེད་བུ་རམ་ཤིང་བ་གང་ཉིད་མངོན་པར་འཚང་རྒྱ་བའི་གནས་འཕགས་ཡུལ་རྡོ་རྗེ་གདན་གྱི་བྱང་ཕྱོགས། བསིལ་ལྡན་གངས་ཅན་ལྗོངས་འདིར་རྒྱལ་བའི་བསྟན་པ་རིན་པོ་ཆེ་དར་ནས་ལོ་སྟོང་ཕྲག་དག་འགྲོ་བཞིན་ཡོད་པའི་དུས་རབས་ཉེར་གཅིག་པ་འདིར་འཛམ་གླིང་གོ་ལ་ཧྲིལ་བོར་གནས་པའི་རྒྱལ་ཁབ་རྣམས་ཆབ་དཔལ་རིག་གསུམ་ཡར་རྒྱས་་གོང་འཕེལ་འགྲོ་བཞིན་པའི་སྐབས་འདིར་ང་ཚོ་གངས་ཅན་པ་དག་གིས་ཀྱང་རྒྱལ་ཁབ་ཕན་ཚུན་དང་ཆོལ་གསུམ་ནང་ཕན་ཚུན་ལ་མཐུན་སྒྲིལ། རྒྱབ་སྐྱོར། གུས་བསྐུར། ཉམས་མྱོང་། ཞི་བདེའི་ཐབས་ལམ་ཟབ་མོ་སོགས་ལ་བརྟེན་ནས་ཐུན་མོང་མ་ཡིན་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས། སངས་རྒྱས་ཐུགས་རྗེ་ཅན་ནས་བརྒྱུད་པའི་སྒྲུབ་བརྒྱུད་ཤིང་རྟ་བརྒྱད་ཀྱི་ཟབ་མོའི་ཉིང་བཅུད་ཀྱི་ཆོས་བརྒྱུད་འདི་རྣམས་དང་མེས་པོ་གོང་མ་དག་གི་ཤུལ་བཞག་་བཅུ་ཕྲག་རིག་གནས་དང་སྲོལ་རྒྱུན་བཟང་པོ། དེངས་སྐབས་བོད་ལ་དར་ཡོད་པའི་དམངས་གཙོ་འོས་ལྟར་གྱི་བཀའ་བློན་འདེམས་ཚུལ་སོགས་དམངས་གཙོ་གཙང་མ་སོགས་ཡར་རྒྱས་དང་གོང་འཕེལ་འགྲོ་ཐབས་ལ་འབད་དགོས་པ་ང་ཚོའི་འོས་འགན་ཡིན་པས་དེ་ལུགས་ལྟར་གང་ནུས་ཅི་ལྕོགས་ཀྱི་འབད་དགོས། བཙན་བྱོལ་བོད་གཞུང་དུ་ཆོས་བརྒྱུད་ཆེན་མོ་བཞི་དང་གཡུང་དྲུང་བོན་དང་ལྔ་ཞེས་འབོད་ཀྱིན་འདུག དེ་ནི་ང་ཚོ་ཇོ་ནང་པ་ལ་མཚོན་ན་ཆོས་བརྒྱུད་གྲས་སུ་མ་བཞག་པ་ནི་བོད་ཀྱིས་གྲས་སུ་མ་བཞག་པ་དང་གཉིས་སུ་མ་མཆིས། ང་ཚོ་ཆོས་བརྒྱུད་གྲས་སུ་མི་འཇོག་པའི་རྒྱུ་མཚན་དང་གྲས་སུ་ཚུད་མི་ཐུབ་པའི་ཆ་རྐྱེན་གང་ཡང་མེད་པར་ང་ཚོ་ལ་མཐོང་ཆུང་དང་དམའ་འབེབས་བྱས་ནས་མི་བཞག་པ་ཡིན་སྲིད། ཇོ་ནང་གཞི་ཕྱིས་ཡོངས་ནས་འབོད་བསྐུལ་དང་ཞུ་བ་གང་མང་ཕུལ་ཀྱང་རེ་འབྲས་མ་སྨིན་པས་ང་ཚོ་ལ་ཡིད་ཕམ་དང་སེམས་ཁུར་ཆེས་ཆེན་པོ་ཡོད། བོད་གཞུང་ནས་རྒྱ་ནག་ལ་བོད་ལ་རང་དབང་དང་དམངས་གཙོ་མེད་པས་ང་ཚོ་ལ་རང་དབང་དགོས་ཟེར་བཞིན་ཡོད་པ་རེད། དེ་དང་གཅིག་པ་གཅིག་རྐྱང་རེད་ང་ཚོ་ཇོ་ནང་པ་ལ་ཆོས་བརྒྱུད་རང་དབང་ཆོས་བརྒྱུད་གཞན་ལ་གང་ཡོད་ཚང་མ་དེ་ང་ཚོ་ལ་དགོས་པ་རེད། ང་ཚོ་ཇོ་ནང་པ་ལ་མཚོན་ན་སྤྱིར་བོད་ལ་རང་དབང་མེད་པའི་སྤྱིའི་སྡུག་བསྔལ་དང་སྒོས་བཙན་བྱོལ་བོད་ཀྱི་ཆོས་བརྒྱུད་གྲས་སུ་མ་བཞགས་པའི་སྒོས་ཀྱི་སྡུག་་བསྔལ་ཡོད་པ་རེད། དེའི་ཕྱིར་འབོད་བསྐུལ་ཞུས་པ་ཡིན།
    བོད་ཡུལ་འདི་ནས་ཆོས་བརྒྱུད་ཚང་མ་འདྲ་མཉམ་དང་རིས་སུ་མི་གཅོད་པའི་བོད་ཆོལ་ཁ་གསུམ་དང་གྲུབ་མཐའ་ཕན་ཚུན་ལ་ཕྲག་དོག་དང་སྡང་སེམས་མེད་པར་མཐུན་སྒྲིལ་ཟབ་མོ་ཡོད།
    ང་ཚོ་གཞི་ཕྱིའི་ཡོངས་ནས་བོད་གཞུང་ལ་རེ་ཞུ་ཐེངས་མང་པོ་ཕུལ་ཀྱང་རེ་འབྲས་མ་སྨིན་པས་ང་ཚོའི་ད་ནི་ཐབས་ཟད་འུ་ཐུག་པ་ཡིན་པས་བྱ་བ་འགའ་རེ་དྲན་འཆར་ཡོད། འོན་ཀྱང་དེ་འདྲ་མ་དགོས་ན་ང་ཚོ་ཇོ་ནང་པའི་མི་ཚད་བོད་ཡོངས་ཀྱི་ནང་ལ་ཆོལ་ཁ་དང་ཆོས་བརྒྱུད་བར་སོགས་ཕྱོགས་མང་པོ་ལ་ཕན་ཐོགས་ཆེན་པོ་ཡོད། མདོར་ན་སྤྱི་ལོ་༢༠༡༢ ལོར་ད་ལོ་ངེས་པར་དུ་འཇོག་དགོས་པས་ད་ལན་ཡང་རེ་ཞུ་བྱས་པ་ཡིན་པས་དགོས་མེད་ཀྱི་འཆལ་གཏམ་མི་བཤད་པར་ཆོས་བརྒྱུད་གྲས་སུ་བཞག་ནས་ཆོས་བརྒྱུད་ཆེན་པོ་ལྔ་གཡུང་དྲུང་བོན་དང་དྲུག་བཅས་གྲས་སུ་བཞག་པར་སོར་བཅུའི་ཐལ་མོ་སྙིང་གར་སྦྱར་ནས་བཀའ་ཁྲི་བློ་བཟང་སངགེ་གཙོས་དབུས་བོད་མའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་བཅས་ལ་ཇོ་ནང་པའི་བོད་གཞི་ཕྱིས་ཡོངས་ཀྱི་ཚབས་བྱས་ནས་གསོལ་བ་ལན་བརྒྱ་འདེབས་སོ།། ད་ལོ་ཆོས་བརྒྱུད་ཐོབ་ཐང་མ་སྤྲད་ན་ང་ཚོའི་ཡང་གང་ཐུབ་ཀྱིས་ངྷ་སར་སོགས་སུ་མཛད་སྒོ་འདྲ་མིན་དང་གསལ་བསྒྲགས། ཟས་བཅད། མེ་མཆོད་མི་ཕུལ་བའི་འང་ངེས་པ་མེད་པས་ཐུགས་ལ་འཛིན་པར་ཞུ་ཞུ། གཏམ་དཔེ་ཞིག་ལ། བརྙས་ན་ནང་དང་ཆད་ན་ཐུར་ཞེས་པ་ལྟར་ཤ་དང་ཁྲག་རྒྱུད་གཅིག་པའི་བོད་ཕུ་ནུའི་བརྙས་ན་དེ་ལ་ན་ཟུག་སྲན་མི་བཟོད་པ་སྐྱེ་སྲིད་པས་དེ་འདྲ་མི་བྱེད་པར་བཀའ་དྲིན་ཡང་ཡང་ཞུ།
    གླིང་གྲོལ་གྱིས་འབོད་སྐུལ་ཞུས་པ་ཡིན།

    Reply
  2. དམར་ཁ་ཚ། says:
    ལོ་ 14 སྔོན།

    སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་རྣམ་པའི་བཀའ་མོད་གསུང་སྟངས་ངོ་མ་བཟང་། འདང་དགུང་ཆུ་ཚོད་༡༠་བར་དུས་ཚོད་འཕར་མའི་ཐོག་འཚོགས་བཞིན་འདུག་པས་ངོ་མ་ང་ཚོ་བརྙན་འཕྲིན་དུ་ལྟ་མཁན་ཚོར་དམིགས་བསལ་བྲོ་བ་འདུག
    འོག་ན་གྲྭ་རྒོད་ཟེར་བའི་སེར་བྱེས་བྱ་བྲལ་ཁང་ཚན་གྱི་བླ་རྒན་བཀོར་གཟན་དེས་ཁ་རྒྱག་པ་འདྲ་བཤད་ཀྱིན་འདུག
    བཀོར་ཟས་ནས་མ་བསྡད་པར་ཐོག་མར་རང་ཉིད་ལངས་ན་འགྲིག་གི་ཡོད་རེད། གྲྭ་རྒན་འདི་འདྲའི་རིགས་རྒྱག་སོང་ན་དྲ་འབུ་བྱེད་རྒྱུ་ལས་གང་ཡང་འབྱོན་གྱི་མ་རེད།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    ཚོགས་དུས་འདིར་མི་མང་གི་སྐུ་ཚབ་རྣམ་པ་ཚོ་ནས་ང་ཚོ་མིག་མདུན་ནས་བསྐྱོད་བཞིན་པའི་དཔའ་བོ་དཔའ་མོ་ཚོའི་དགོས་མདུན་ལ་དགོངས་པ་ཟབ་བཞེས་ཀྱིས་བཀའ་སྤྱི་གཉིས་ཀྱིས་དབུ་འཁྲིད་འོག་ལས་འགུལ་གཞི་རྒྱ་ཆེ་བ་ཞིག་སྤེལ་རྒྱུའི་འཆར་གཞི་གཏིང་ནས་མི་མང་ཀྱི་སྣེ་འཁྲིད་བྱ་རྒྱུའི་རེ་བ་སྙིང་ནས་བཅངས་ཤིང་ཡོད་ལའང་། ང་ཚོ་གཞུང་མང་གཉིས་ཀྱི་ནུས་མཉམ་དུ་སྤུངས་པ་ཡིན་ན་གྲུབ་འབྲས་ཞིག་ཐོན་རྒྱུ་ལེགས་ཡོད།

    Reply
  4. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ང་ཚོའི་སྤྱི་ལྷན་དེ། འཚོགས་པ་གཟི་བརྗིད་ཆེ་ཞིང་བགྲོས་པ་དོན་སྙིང་ལྡན་པ། གྲོལ་བ་འཛུམས་མདངས་རྒྱས་པ་ཞིག་ཡོང་བར་བདག་ལ་ཡིད་ཆེས་ཡོད་དོ།།
    སྨོན་ནོ། རྩོམ་སྒྲིག་པར། སྤྱི་འཐུས་ཀརྨ་ཡེ་ཤེས་སོངས་༤ བོ་ག་རེ་ལ་བསྐོས་སམ།

    Reply
  5. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བོད་ཁ་བ་ཅན་ལ་རེ་བ་བཟང་། །
    སྤྱིར་༸གོང་ས་མཆོག་ལ་བརྟེན་ས་བཟང་ ། །
    མདུན་བདེ་སྲུང་དངོས་གྲུབ་སྐུ་སྲུང་བཟང་། །
    དེར་རྒྱ་རི་སྒྲོལ་མའི་རྒྱབ་རི་བཟང་། །
    ཁོང་སྐུ་སྒེར་ཡིག་ཚང་སྐུ་བྱར་བཟང་། །
    དྲུང་རྔ་བ་ཚེ་རྒྱམ་རྒྱུ་བ་བཟང་། །
    ཕྱི་བཙན་བྱོལ་བོད་མིའི་བྱ་སྤྱོད་བཟང་། །
    མགོ་བཀའ་ཁྲི་མཆོག་གིས་བཀའ་བཀོད་བཟང་། །
    བར་བཀའ་བློན་རྣམ་པའི་བཀའ་གྲོས་བཟང་། །
    དཔོན་སྤེན་པ་ཚེ་རིང་སེམས་པ་བཟང་། །
    གྲོགས་སྤྱི་འཐུས་རྣམ་པའི་སྤྱི་སེམས་བཟང་། །
    སྒེར་ཚོགས་པ་ཁག་གི་མཛད་པ་བཟང་། །
    ནང་གཞིས་ལུས་སྤུན་ཟླའི་བྱ་ལས་བཟང་། །
    ཆེ་རྒན་རབས་ཟུར་བ་ཡ་རབ་ཡིན ། །
    གཞོན་མི་རབས་གསར་བ་བུ་རབ་ཡིན ། །
    སྤྱིར་ཆོལ་ཁ་གསུམ་པོ་ཆ་མཉམ་ཡིན ། །
    དགོས་ཨ་མདོ་རྔ་བ་ངར་བ་ཡིན ། །

    Reply
  6. ཚངས་སར་འཕྲིན་ལས། says:
    ལོ་ 14 སྔོན།

    ཛ་དྲག་གི་གནས་བབ་འདི་བཀུར་འོས་སྤྱི་མཐུས་རྣམས་པས་སྔར་ལས་ལྷག་པའི་ཐབ་བྱུས་དང་གྲོས་མོལ་དཔྱོད་གཞིགས་སོགས་ཡོང་བའི་རེ་སྨོན་ཆེར་ཆེར་ཡོད།

    Reply
  7. གཙང་ཆབ། says:
    ལོ་ 14 སྔོན།

    ཚོགས་འདི་ལེགས་འགྲུབ་ཡོང་བར་ཞུ་རྒྱུ་དང་ཆབས་གཅིག་ཞུ་འབྲས། ད་ལྟའི་བོད་ནང་གི་གནས་སྟེང་དང་ཨ་རིར་ཡོད་པའི་ཟས་བཅད་ངོ་རྒོལ་བ་རྣམས་པའི་ལས་འགུལ་ལ་རྒྱབ་སྐྱོར་གྱི་ཐད་དུ་གྲོས་ཆོད་ཡག་པོ་ཞིག་འཇོག་རྒྱུ་མཁྱེན་མཁྱེན། བཙན་བྱོལ་བོད་མི་སྡེབ་ལང་གི་ལས་འགལ་དམིགས་བསལ་བ་ཞིག་གི་སྣེ་འཁྲིད་རོགས།

    Reply
  8. མགོ་ལོག་ཟླ་བྷེ། says:
    ལོ་ 14 སྔོན།

    བཀུར་འོས་དཔལ་ལྡན་སྤྱི་འཐུས་ཚོགས་གཙོ་གཞོན་དབུས་བོད་གཞིས་བྱེས་མི་མང་གི་ངོ་ཚབ་རྣམ་པས ། ཁ་ཚ་དགོས་གཏུག་གི་གནད་དུ་ཁེལ་བའི་གྲོས་ཆོད་རབ་དང་རིམ་པ་འཇོག་ཐུབ་པའི་ཡིད་ཆེས་དང་སྨོན་ལམ་ཡོད ། དགོངས་དོན་ལྷུན་གྱིས་གྲུབ་པར་ཤོག

    Reply
  9. ཤིང་ལོ། says:
    ལོ་ 14 སྔོན།

    ཚོགས་གཙོ་མཆོག་གི་བཀའ་བཞིན་འཐུས་མི་ཡོངས་ཀྱིས་ཕྱག་ལེན་དུ་བསྟར་རྒྱུ་གལ་ཆེ།
    དཔེར་ན། ཚོགས་གཙོས་ལྷ་ཁང་གལ་ཆེན་ཞིག་བཞེངས་ནའང་འཐུས་མི་ཚོ་མཇལ་དུ་མ་སླེབས་ཚེ་དཀོར་གཉེར་ལ་ཡོང་སྒོ་ཆུང་བ་ནང་བཞིན་རེད།

    Reply
  10. གྲྭ་རྒོད says:
    ལོ་ 14 སྔོན།

    བོད་མི་མང་གི་སྐུ་ཚབ་རྣམ་པ་བོད་ནང་ལ་གཟིགས་དང་སྐྱིད་ཉལ་བྱེད་རན་ཞིག་གཏན་ནས་མིན་པའི་བཙན་བྱོལ་ན་ཡོད་པའི་བོད་པ་ཚོ་འདི་ལ་གཟིགས་དང་ཁྲབ་སྟོན་མིན་པས་དོན་དངོས་ཀྱི་དགའ་བོ་འདི་ཚོ་ལ་གཟིགས་རོགས། ཡར་ལོངས་ཤོག་ནུས་པ་གཅིག་ཏུ་སྒྲིལ་རོགས་བོད་པ་མཉམ་དུ་ལོངས་ཤོག་བོད་པ་ཡོངས་སུ་རྫོགས་པ་ས་གནས་གང་དུ་ཡོད་ན་མཉམ་དུ་དུས་གཅིག་ལ་ལོངས་ཤོག ཕྱི་སྡོད་ཚོགས་ལ་མང་ཆེ་བ་དཔལ་འབྱོར་གྱི་དཀའ་ངལ་ཡོད་ཀྱང་དེ་རྗེས་སུ་བསྒྲུབ་ཆོག་བོད་ནང་གི་དགའ་རྒོད་ཚོའི་རྗེས་སུ་ཞབས་འདྲེན་མ་ཞུ་རོགས། བོད་པ་ཚོ་ད་མ་བཞུགས་རོགས་སྤྱི་སྒེར་གཉིས་ཀ་མ་བཞུགས་རོགས། ཚོར་བ་ཡོད་མཁན་ཞིག་བྱ་རོགས།
    བོད་པ་ཚོ་མཉམ་དུ་ལོངས་ཤོག་མྱུར་ཏུ་ལོངས་ཤོག

    Reply
  11. མང་ཐོས། says:
    ལོ་ 14 སྔོན།

    སྐབས་འདིའི་ཚོགས་འདུ་ཧ་ཅང་གནད་འགག་ཅན་ཞིག་ལ་ངོས་འཛིན་ཞུ་བཞིནཡོད། བརྗིད་ལྡན་པའི་ངང་ལེགས་འགྲུབ་ཡོང་བར་སྨོན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese