མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱུ་གཏོང་མཁན་ཚོས་རྒྱུ་དང་མི་གཏོང་མཁན་ཚོས་མི་གཏོང་རྒྱུའི་དུས་ལ་བསླེབས་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཉིན་ཧྲིལ་བོར་སྤྱི་འཐུས་གྲོས་ཚོགས་ནང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་མཐར། གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞིའི་གྲོས་འཆར་ཅིག་ལ་སྤྱི་མོས་བྱུང་སོང་ལ། མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་མི་འགྱངས་པར་གྲོས་ཆོད་དེ་སྐད་ཡིག་འདྲ་མིན་ནང་ཁྱབ་བསྒྲགས་ཞུ་རྒྱུ་ཡིན་གསུངས་བྱུང་།

ཁ་སང་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོཊ་ཚོཊ་དུས་གསུམ་པ་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་དབུ་འཛུགས་གནང་ཡོད་ཅིང་། ཚོགས་འདུ་དབུ་འཛུགས་ཀྱི་ལས་རིམ་ཁག་གྲུབ་རྗེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གི་ལམ་སྟོན་ལྟར། ཚོགས་འདུའི་ཉིན་དང་པོར་ལོ་སྔ་ཕྱིར་བོད་ནང་རང་ལུས་མེར་བསྲེགས་དང་། རྒྱ་དམག་གིས་མེ་མདའ་བརྒྱབ་སྟེ་བོད་མི་དམར་གསོད་གཏོང་བཞིན་པའི་ཛ་དྲག་གི་གནས་སྟངས་ཐོག་བགྲོ་གླེང་གནང་སྟེ། ཞོགས་པའི་ཆུ་ཚོད་ ༡༡།༡༥ ནས་དགོང་དྲོའི་ཆུ་ཚོད་ ༨།༤༥ བར་སྤྱི་འཐུས་ ༢༦ ཙམ་གྱིས་སོ་སོའི་བསམ་ཚུལ་དང་བཀའ་ཤག་ལ་དོགས་འདྲི། མ་འོངས་པར་དོན་ཕན་ལྡན་པའི་ལས་འགུལ་སྤེལ་ཕྱོགས། བོད་རྒྱའི་གནད་དོན་གྱི་སྲིད་བྱུས་ལངས་ཕྱོགས་ཐོག་འགྱུར་བ་གཏོང་དགོས་མིན། དེ་བཞིན་སྒེར་གྱི་ཚོར་བ་དང་འབྲེལ་ཏེ་རྒྱ་ནག་གཞུང་ལ་བརྡ་ལན་བཅས་སྤྲད་སོང་།

དགོང་མོའི་ཆུ་ཚོད་ ༨ ཕྱེད་ཀ་ཙམ་ལ་བགྲོ་གླེང་མཇུག་སྐྱོང་དང་འབྲེལ་བཀའ་བློན་ཁྲི་པ་བློ་བཟང་སེང་གེ་མཆོག་གིས་ད་བར་བོད་ནང་རང་ལུས་མེ་ལ་འབུལ་མཁན་ ༢༨ བྱུང་ཡོད་པའི་ནང་། མི་ ༢༡ འདས་གྲོངས་སུ་ཕྱིན་པ་དང་། ཉུང་མཐར་མི་ ༧ དམར་གསོད་བཏང་ཡོད་ཚུལ་དང་། སྤྱི་འཐུས་མང་པོ་ཞིག་གིས་རྒྱ་གཞུང་གིས་ཅིའི་ཕྱིར་གཞི་མེད་ཀྱི་སྐྱོན་འཛུགས་བྱེད་ཀྱི་ཡོད་ཚུལ་དྲིས་སོང་ཡང་། བགྲོ་གླེང་ཐོག་རྒྱ་གཞུང་གིས་ཚུར་སྐྱོན་འཛུགས་བྱས་པ་དེར་སྤྱི་འཐུས་རྣམ་པས་བརྡ་ལན་ཡག་པོ་ཞིག་སྤྲོད་ཐུབ་ཡོད་སྐོར་སོགས་གསུངས་སོང་། བཀའ་ཤག་གིས་གསུམ་བཅུའི་དུས་དྲན་གཏམ་བཤད་ནང་བསྟན་པ་ལྟར། བོད་ནང་རང་སྲོག་མེ་ལ་ཕུལ་དོན། རྒྱ་གཞུང་གི་མཁྲེགས་འཛིན་སྲིད་བྱུས་དང་མཁྲེགས་འཛིན་ལྟ་བ་འཁྱེར་མཁན་མགོ་ཁྲིད་ཚོར་རག་ལས་ཡོད་པ། རྒྱ་གཞུང་གི་གནད་ཡོད་མི་སྣ་ཁ་ཤས་ཀྱིས་རང་སྲོག་མེ་ལ་འབུལ་མཁན་ཚོ་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་གྱི་ཡོད་པ་དེ་གཞི་མེད་ཀྱི་སྐད་ཆ་ཡིན་ཞིང་། འཛམ་གླིང་ལོ་རྒྱུས་ཐོག་རང་ལུས་མེར་བསྲེགས་གཏོང་མཁན་བོད་པ་ཙམ་མ་ཡིན་པར། མི་རིགས་དང་ཆབ་སྲིད། ཆོས་ལུགས་བཅས་ཀྱི་གནད་དོན་ཐོག་ནས་རང་ལུས་མེར་བསྲེགས་གཏོང་མཁན་མང་པོ་བྱུང་ཡོད་ཚུལ་བཅས་གསུངས་སོང་།

བཀའ་ཁྲི་མཆོག་གིས་བྱེ་བྲག་གིས་བཀྲལ་དོན “ སྤྱི་ཡོངས་ཀྱི་ཆ་ནས་བཤད་ན།  ༡༩༦༣ ལོར་ཝེ་ཊི་ནམ་གྱི་དགེ་འདུན་པ་ཐེ་ཁི་ཝང་ཌོ་ (Thich Quang Duc ) ཟེར་བ་ཞིག་གིས། རང་སྲོག་མེ་ལ་ཕུལ་བ་དེ་པར་བ་སྐད་གྲགས་ཅན་ཞིག་གིས་པར་བརྒྱབ་པ་རེད། དེའི་རྗེས་ཝེ་ཊི་ནམ་ནང་བདུན་ཕྲག་གཅིག་ནང་རང་སྲོག་ལ་མེ་ལ་འབུལ་མཁན་ ༡༣ བྱུང་ཡོད། སྐབས་དེའི་གནས་ཚུལ་ཨ་རི་དང་རྒྱལ་སྤྱི། ལྷག་པར་དུ་ཝེ་ཊི་ནམ་ནང་སེམས་འགུལ་ཆེན་པོ་ཐེབས་ཏེ། མཐའ་མར་ཨ་རིའི་དམག་མི་ཝེ་ཊི་ནམ་ནས་ཕྱིར་འཐེན་བྱ་དགོས་བྱུང་ཡོད། སྐབས་དེར། ཨ་རིའི་ནང་དུའང་ཨ་རིའི་དམག་མི་ཝེ་ཊི་ནམ་ནས་ཕྱིར་འཐེན་བྱ་དགོས་ཟེར་ནས་ཎོར་མེན་མོར་སིན་( Norman Morrison) ཞུ་བ་ཞིག་གིས་རང་སྲོག་མེ་ལ་ཕུལ་ཡོད། ༡༩༦༨ ལོར་ཨུ་རུ་སུའི་ཇེ་ཝུ་སི་ལཱ་ཝར་དམག་རྒྱག་སྐབས་ཀྱང་རང་སྲོག་མེ་ལ་འབུལ་མཁན་བྱུང་ཡོད།  ༡༩༩༩ ལོར་ཊིར་ཀེ་སི་ཐན་ནང་རང་སྲོག་མེ་ལ་འབུལ་མཁན་བྱུང་འདུག་ལ། རྒྱ་ནག་ལ་མཚོན་ནའང་ཉེ་ཆར་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་རང་སྲོག་མེ་ལ་འབུལ་མཁན་བྱུང་ཡོད། ༢༠༡༠ ནས་ ༢༠༡༡ ལོར་ཊོ་ནེ་ཤི་ཡའི་ནང་མོ་ཧཱ་མཱ་ཐི བྷོ་ཛི་ཛི་ (Mohamed Bouazizi) ཞུ་བ་དེས་རང་སྲོག་མེ་ལ་ཕུལ་རྗེས། ལུང་པ་དེར་བསྟུད་མར་མི་ ༡༤ ཙམ་གྱིས་རང་སྲོག་མེ་ལ་ཕུལ་ཡོད། འཛམ་གླིང་ནང་རང་སྲོག་མེ་ལ་འབུལ་མཁན་སྔོན་མ་བྱུང་མྱོང་ཡོད་ལ། ད་ལྟ་ཡང་འབྱུང་བཞིན་ཡོད་སྟབས། རྒྱ་གཞུང་གིས་བོད་པའི་གནས་སྟངས་དེ་མ་འདྲ་བ་ཞིག་ཡིན་པ་དང་། ཧམ་བཤད་ཀྱིས་འཇིགས་སྐུལ་རིང་ལུགས་པ་རེད་ཟེར་བ་དེ་ལོ་རྒྱུས་ཐོག་གནས་ཀྱི་ཡོད་པ་མ་རེད། རང་སྲོག་མེ་ལ་ཕུལ་བ་དེ་ཆབ་སྲིད་ངོ་རྒོལ་གྱི་རྣམ་པ་སྟོན་ཆེད་ཡིན་པ་གསལ་པོ་རེད་ ”ཅེས་གསུངས།

བཀའ་ཁྲི་མཆོག་གིས་མུ་མཐུད་དོན“ བཀུར་འོས་སྤྱི་འཐུས་ཁ་ཤས་ཀྱིས་ལམ་སྟོན་གནང་རོགས་ཞེས་གསུངས་སོང་། ཁ་སྔོན་ང་ཨ་རི་དང་ཡུ་རོབ་ཁུལ་དུ་ཕྱིན་སྐབས་མི་མང་གིས་བཀའ་ཤག་གི་ལངས་ཕྱོགས་གང་ཡིན་ཟེར་ནས་བཀའ་འདྲི་གནང་གི་འདུག འབྲེལ་མོལ་གྱི་ཁོར་ཡུག་བསྐྲུན་པའི་སྲིད་བྱུས་དེ་སྔོན་མ་ནས་རྫོགས་ཚར་རེད། བཀའ་ཤག་སྔོན་མའི་སྐབས་ནས་གསལ་བཤད་ཕྱིན་པ་རེད། དེ་རིང་དྲན་གསོའི་ཚུལ་དུ་ཞུས་ན། བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ནང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་དང་མི་སྒེར་སུ་ཡིན་རུང་། ལས་འགུལ་སྤེལ་བའི་སྐབས་འཚེ་མེད་ཞི་བ་དང་ཡུལ་ཁྲིམས་དང་མཐུན་པ། ཆེ་མཐོང་ལྡན་པ་ཞིག་གནང་རོགས་ཞེས་ཞུ་འདོད་བྱུང་། དེ་ནི་ལམ་སྟོན་རེད་ལ་འབོད་སྐུལ་ཡང་རེད། སྤྱི་འཐུས་འགའ་རེ་ལས་འགུལ་སྤེལ་རྒྱུར་དཔལ་འབྱོར་གྱི་དཀའ་ངལ་ཡོད་སྐོར་གསུངས་སོང་། དེ་ལ་ཐུགས་འཚབ་གནང་དགོས་པ་མ་རེད། ང་ཚོ་བཙན་བྱོལ་དུ་ཡོང་དགོས་པའི་ཐོག་མའི་དམིགས་ཡུལ་ཡང་རྩ་དོན་འཐབ་རྩོད་ཆེད་རེད། ལས་འགུལ་ཐོག་དངུལ་གྱི་འགྲོ་སོང་ག་རེ་ཡོད་ཀྱང་བཀའ་ཤག་གིས་ནར་གཏོང་ཞུ་ངེས་ཡིན།  ” ཅེས་གསུངས་སོང་།

མཇུག་ཏུ་སྤྱི་འཐུས་ཚོགས་གཙོ་མཆོག་གིས་ཉིན་ཧྲིལ་བོའི་བགྲོ་གླེང་མཇུག་སྡོམ་དང་སྦྲགས“ ད་ནངས་ཞོགས་པའི་ཆུ་ཚོད་ ༩།༣༠ ནས་དགོང་དྲོའི་ཆུ་ཚོད་ ༨།༤༥ བར་སྤྱི་འཐུས་ ༢༦ གིས་བགྲོ་གླེང་ཆ་ཤས་བླངས་ཏེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་གཞིའི་གྲོས་ཆོད་ལ་སྤྱི་མོས་བྱུང་བ་རེད། གྲོས་ཚོགས་ཀྱིས་སྤྱི་མོས་གཏན་འབེབས་བྱས་པའི་ཡིག་ཆ་ཁག་རྒྱ་ཡིག་དང་དབྱིན་ཡིག་ཏུ་བསྒྱུར་ཏེ། རྒྱ་ནག་དང་རྒྱལ་སྤྱིའི་མགོ་ཁྲིད་ཚོར་འཕྲལ་གཏོང་ཞུ་རྒྱུ་ཡིན། བོད་ནང་བྱུང་བའི་གནས་ཚུལ་མཁོ་སྒྲུབ་ཀྱི་ལས་རིོམ་ཁག་སྤྱི་འཐུས་ཆབ་སྲིད་སྡེ་ཚན་གྱིས་གནང་གི་ཡོད། འཛིན་སྐྱོང་ལ་མཚོན་ནའང་སྡེ་ཚན་ཟུར་འཛུགས་ཀྱིས་དེའི་ཐོག་ཕྱག་ལས་གནང་བཞིན་པ་རེད། གཞན། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་འདུ་ཚོགས་ལ་ཉེ་བ་དང་། རྒྱལ་སྤྱིའི་ནང་དུའང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་བསླེབ་ལ་ཉེ་སྟབས། ང་ཚོས་དེ་གཞིར་བཟུང་གིས་གྲ་སྒྲིག་གནང་དགོས་པ་རེད། གལ་ཆེའི་ལས་རིམ་གཞན་དག་བཀའ་བློན་ཁྲི་པ་དང་གོ་བསྡུར་ཞུས་ཐོག་གྲོས་ཚོགས་མ་གྲོལ་གོང་གསལ་བསྒྲགས་ཡོང་གི་རེད། ང་ཚོས་གོ་བསྡུར་བྱས་ཏེ་ལས་འགུལ་གསར་པ་གང་སྤེལ་དགོས་ཀྱང་། འཆར་གཞི་ལྡན་པའི་ཐོག་མང་ཚོགས་ནང་གསལ་པོ་བཟོ་རྒྱུ་ཡིན” ཞེས་གསུངས་བྱུང་།  

ཚོགས་གཙོ་མཆོག་གིས་སྤྱི་འཐུས་ཤིག་གི་གྲོས་གཞི་ཐོག་གསལ་བཤད་གནང་དོན། “ དེ་རིང་གྲོས་བསྡུར་གནང་སྐབས་བཀའ་མོལ་ཁ་ཤས་ས་མཚམས་ལས་བརྒལ་འདུག་བསམ་པའི་ཚོར་ཤུགས་ཆེན་པོ་བྱུང་སོང་། ད་ལྟའི་བཙན་བྱོལ་བོད་གཞུང་གི་ལངས་ཕྱོགས་ལམ་དབུ་མའི་ཐོག་འགྲོ་བཞིན་ཡོད་ཀྱང་། དབུ་མའི་ལམ་དང་འགལ་བའི་བསམ་ཚུལ་གྲོས་ཚོགས་འདིའི་ནང་བྱུང་བ་རེད། དབུ་མའི་ལམ་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་ན། ཁ་སྔོན་ནས་ཞུས་པ་བཞིན་བརྒྱུད་རིམ་ཚད་ལྡན་ཞིག་གི་ཐོག་འགྱུར་བ་གཏོང་དགོས་ཀྱི་ཡོད། འགྱུར་བ་བཏང་ཚར་བའི་རྗེས་སུ་ག་རེ་ཡིན་ནའང་གསུང་ཆོག་གི་རེད། གོ་སྐབས་གང་ཤར་ལ་གསུང་བསྡད་ན་རྒྱ་ནག་དང་རྒྱལ་སྤྱིའི་ཐོག་བོད་མི་ཚོར་ལངས་ཕྱོགས་བརྟན་པོ་མི་འདུག་ཟེར་བའི་བསམ་ཚུལ་ཡོང་མི་སྲིད་པ་མིན་སྟབས། དེ་ཚོར་ཐུགས་འཚབ་གནང་དགོས་པ་རེད། བོད་ནང་བྱུང་བའི་གནས་ཚུལ་དང་མི་མང་གི་རེ་འདུན་ལ་སོ་སོའི་འཆར་སྣང་ལྟར་འགྲེལ་བཤད་རྒྱག་སྐབས། གྲོས་ཚོགས་ནང་གཟབ་གཟབ་གནང་དགོས་ཀྱི་འདུག་ ” ཅེས་གསུངས་སོང་།

མང་ཚོགས་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག་གསལ་བཤད་གནད་དོན། “ ཁ་ཤས་ཀྱིས་བཀའ་སྤྱི་ལྷན་རྒྱས་ཀྱི་ཛ་དྲག་ཚོགས་ཆུང་ཞིག་འཛུགས་དགོས་ཀྱི་འདུག་གསུང་མཁན་འདུག དེ་ལ་སྤྱི་འཐུས་རྒྱུན་ལས་ནང་བཀའ་བསྡུར་རིམ་པར་བྱུང་བ་རེད། ༢༠༠༨ ལོར་བོད་ནང་ཛ་དྲག་གནས་ཚུལ་བྱུང་སྐབས་བཀའ་སྤྱི་གཉིས་ཀྱིས་ཛ་དྲག་ཚོགས་ཆུང་ཞིག་བཙུགས་ཏེ། ལས་དོན་བྱེད་ཕྱོགས་ཐོག་ཉམས་མྱོང་ཡོད་པ་རེད། ད་ལྟའི་སྐབས་ལ་བཀའ་ཤག་གི་གནང་དགོས་པ་ཞིག་དང་། སྤྱི་འཐུས་ཀྱི་གནང་དགོས་པ་ཞིག་བཅས་སྐབས་རེར་མངོན་གསལ་དོད་པོ་ཡིན་མིན་གྱི་དབང་གིས་མ་འདྲ་བ་ཡོང་གི་རེད། དུས་རྒྱུན་དུ་བཀའ་སྤྱི་གཉིས་མཉམ་དུ་ཡིན་དགོས་པའི་ཁྱབ་པ་གང་ཡང་ཡོད་པ་མ་རེད། སྤྱི་འཐུས་ཀྱི་ངོ་བོའི་ཐོག་སྤེལ་དགོས་པ་དེ་སྤྱི་འཐུས་ཀྱི་སྤེལ་རྒྱུ་དང་། སྤྱི་འཐུས་ཀྱི་ལས་འགུལ་ལ་བཀའ་ཤག་གིས་མོས་མཐུན་བྱས་པའི་ཐོག་དཔལ་འབྱོར་གྱི་རྒྱབ་གཉེར་ག་རེ་དགོས་ཀྱང་བཀའ་ཤག་གིས་བསྒྲུབ་རྒྱུ་ཡིན་པའི་ཞལ་བཞེས་གནང་ཡོད། མི་དམངས་ཀྱི་ལས་འགུལ་སྤེལ་ཕྱོགས་ཐོག བཀའ་སྤྱི་གཉིས་ཀྱི་བཀའ་ལ་སྒུག་དགོས་པ་མ་རེད། སོ་སོས་དང་དུ་བླངས་ཏེ། ས་ཆའི་གནས་བབ་དང་བསྟུན་ཏེ་ལས་འགུལ་སྤེལ་དགོས་པ་རེད། ད་ལྟ་བོད་པའི་སྤྱི་ཚོགས་ནང་དཔལ་འབྱོར་གནས་བབ་ཡག་ཏུ་ཕྱིན་ཡོད་སྟབས། རྒྱུའི་འགྲོ་སོང་གཏོང་མཁན་ཚོས་རྒྱུ་གཏོང་རྒྱུ་དང་། མི་གཏོང་མཁན་ཚོས་མི་གཏོང་རྒྱུའི་དུས་ལ་བསླེབས་ཡོད་ ” ཅེས་གསུངས།

སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོཊ་ཚོཊ་དུས་གསུམ་པའི་ཉིན་དང་པོ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་སྐབས་སྤྱི་འཐུས་ ༤༢ ལྷན་བཞུགས་གནང་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

འབྲས་སྤུངས་བླ་སྤྱི་ནས་དགེ་ལུགས་སྤྱི་འཐུས་གཉིས་དང་འབྲེལ་བའི་ཐག་གཅོད་བླངས་འདུག

ཆུ་ཚོད་ ༢༣ སྔོན་ལ།
A dozen Buddhist monks are trekking from Fort Worth, Texas, to D.C. to promote unity, compassion, and healing across the nation. (Walk for Peace/Facebook)
Mobile App

འཛམ་གླིང་ཞི་བདེའི་ཆེད་ནང་པའི་དགེ་འདུན་ ༡༩ ཡིས་གོམ་བགྲོད་གནང་བཞིན་པ།

༢༠༢༦/༠༡/༠༩
བོད་པའི་ཚོང་ཁང་ ༡༡ ལ་མེ་སྐྱོན་དོན་རྐྱེན་བྱུང་། དྲ་ལམ་གྱི་པར།
Mobile App

བོད་པའི་དགུན་ཚོང་ཁང་ ༡༡ ལ་མེ་སྐྱོན་བྱུང་།

༢༠༢༦/༠༡/༠༩
Trump on Wednesday signed a proclamation withdrawing the US from 31 United Nations organisations.
Mobile App

ཨ་རི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་སྡེ་ ༣༡ ནས་ཕྱིར་འཐེན་བྱ་རྒྱུ་ཡིན་འདུག

༢༠༢༦/༠༡/༠༨
Protesters wave pre-1979 Islamic Revolution flags of Iran during a demonstration against the Iranian regime's crackdown on protests, in central Paris, on January 4, 2026. (Photo by Blanca CRUZ / AFP)
Mobile App

ཨི་རན་ནང་སྲིད་འགྱུར་འབྱུང་ཉེན་འདུག

༢༠༢༦/༠༡/༠༧
The routes come from Indrunag, Gallu Devi, and Chamba over the Indrahar Pass
Mobile App

ཊི་རོན་ཌི་རི་སྒང་དུ་འགྲོ་བར་དམིགས་བསལ་ཆོག་མཆན་ཞུ་དགོས་ཀྱི་འདུག

༢༠༢༦/༠༡/༠༧

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མི་རྒྱུ་གཉིས་གཏོང་གིས་མི་མང་སྡེབས་ལངས་མུ་མཐུད་ནས་ཞི་བའི་ངོ་རྒོལ་བྱ་དགོས་པ་མ་ཡིན་ནམ། བདེན་པ་ཉིད་རྒྱལ་འགྱུར་ཅིག །

    Reply
  2. སངྒེ ། says:
    ལོ་ 14 སྔོན།

    ཁྱེད་ཅག་མེ་ནང་ལ་མཆོང་དང་།ཆུ་ནང་ལ་ལྕེབ་དང་། སྡུག་དཀའ་ངལ་ཡོད་ཚད་ཁྱོད་ཚོས་མྱོང་དང་། ང་ཚོས་སྨོན་ལམ་མཆོད་འབུལ་བྱ་ཆོག ཅེས་པ་བཀའ་སྤྱི་གཉིས་ཀྱི་གཏམ་བཤད་རྫིག་པོ་དེ་ཚོའི་ནང་སྙིང་རེད། དེ་མིན་འཁོར་ཡུག་སྐྲུན་དགོས་མེད་ཟེར། དེ་བདེན་ན་ད་དུང་ཁ་རོག་ལ་བསྡད་ནས་ཅི་བྱ། ཁྱེད་ཅག་གིས་མགོ་ཁྲིད་དང་། རྒྱུ་ཐོངས་དང་། འཆར་གཞི་ཟོས་དང་ང་ཚོ་མི་མང་གི་ངོས་ནས་མི་གཏོང་མ་ཐུབ་ན་དེ་ཉིན་ནས་ཁྱེད་ཅག་ལ་ལེ་ཁེག་ཅི་ཡང་མེད་ལ། གངས་ཅན་སྐྱིད་གཞུང་ནས་སྐྱིད་པོ་བཏང་ནས་བཞུགས་ཀྱང་ལགས་སོ་ཡིན། དེ་མིན་ནམ་རྒྱུན་རང་ཚོས་མ་འཇོན་སྐབས་མི་མང་གི་མགོར་ཚུར་མ་གཡུག་རོགས་ཞུ་རྒྱུ། དེ་ཙམ་བཀའ་སྤྱི་གཉིས་དང་ང་ཚོའི་ཁ་ཆད་ཡིན།

    Reply
  3. བཟོད་པ་ལྷ་རྩེ། says:
    ལོ་ 14 སྔོན།

    རྒྱུ་གཏོང་མཁན་ཚོས་རྒྱུ་གཏོང་། མི་གཏོང་མཁན་ཚོས་མི་གཏོང་། ཁ་གཏོང་མཁན་ཚོས་ཁ་གཏོང་། མདོར་ན་བཀའ་སྤྱི་གཉིས་ཀྱིས་?????????????????????????

    Reply
  4. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    ད་རེས་བཀའ་སྤྱི་ལྷན་རྒྱས་ཀྱི་གོ་བསྡུར་ལྷུག་པོ་གནང་ནས་བོད་ཀྱི་ཛ་དྲག་གནས་སྟངས་ཐད་དོན་ལྡན་གྱི་གྲོས་ཆོད་ཞིག་བཞག་ཐུབ་པའི་རེ་བ་དང་ཡིད་བྱེད་བྱེད་ཀྱི་ཡོད། འོན་ཀྱང་བཀའ་ཁྲིའི་བཀའ་སློབ་དང་སྤྱི་འཐུས་ཚོགས་གཙོའི་གསུང་བཤད་ནང་ལས་འགུལ་གསལ་ཁ་མེད་པའི་ལས་འགུལ་སྤེལ་ཕྱོགས་སློབ་སྟོན་ཙམ་ལས་མེད་ཅིང་། རྒྱལ་གཅེས་བོད་མི་ཚོར་དགོས་རྒྱུ་ནིརང་གཞུང་གི་ལངས་ཕྱོགས་དང་མཐུན་པའི་ལས་འགུལ་གང་དང་གང་སྤེལ་དགོས་སྐོར་གྱི་ལམ་སྟོན་ཁ་གསལ་ཞིག་ཁ་ཚ་དགོས་གཏུགས་ཡིན།།

    Reply
  5. ཤིང་ལོ། says:
    ལོ་ 14 སྔོན།

    བཀའ་སྤྱི་གཉིས་ཀྱི་དགོངས་པ་མདོར་དྲིལ་ན། མི་མང་ཚོ་རང་རང་ས་ནས་འགུལ་ཟེར་བ་དེ་རེད། དེ་ཡིན་ན་བཀའ་སྤྱི་ཟེར་བའི་ལམ་སྟོན་གནང་མཁན་ཞིག་དགོས་རྒྱུ་མི་འདུག་ལ། དུས་རྒྱུན་བོད་མི་རིགས་ཀྱི་ཆབ་སྲིད་དང་རིག་གཞུང་གི་ཁ་ཕྱོགས་གནང་མཁན་དག་ཀྱང་འདམས་དགོས་པ་མི་འདུག གནད་འགག་གི་སྐབས་ལ་མི་མང་སྔོན་ལ་འདེད་མཁན་ཀྱི་སྒྲིགས་འཛུགས་དེ་སྡུག་ཤོས་རེད། འགོ་ཁྲིད་བྱེད་མི་ཐུབ་ན་མི་མང་དང་༸གོང་ས་མཆོག་ལ་ཕྱིར་རྩིས་སྤྲོད་གནོངས་དང་ལོས་འགྲིགས། ང་ཚོའི་གཙོ་བོ་དགོན་སྡེ་ཁག་དང་སློབ་གྲྭ་ཁག་རེད། དེ་ལ་སྒྲིགས་འཛུགས་ཤིག་ཡོད་པ་རེད་མ་གཏོགས་རང་རང་ས་ནས་འགྲོ་ཆོག་ཆོག་མེད་པཱ། དེ་མིན་གཞིས་ཆགས་མི་མང་གིས་སྒང་གི་བཀའ་མ་གཏོགས་ཅང་མི་མཐོང་བས་ད་ལས་འགུལ་མེད་གསུངས་ན་དགའ་ཐག་ཆོད་ཡིན། སྐུ་ཞབས་ཚེ་བརྟན་རྡོ་རྗེ་མ་བུ་གསུམ་མ་གཏོགས་བཀའ་སྤྱི་གཉིས་ལ་ཅང་རེག་ས་མ་རེད། ད་སྐྱིད་གཞོངས་ནས་ཁ་ཤོམ་གནོངས་ལ་བཞུགས། དངོས་གནས་བྱས་ན་སྐབས་འདི་དག་ལ་ཚང་མས་རང་རང་གིས་མིག་སྔའི་ལས་དོན་བཞག་ནས་གང་ས་གང་དུ་ལས་འགུལ་སྤེལ་དགོས་པས། དེ་ལ་བཀའ་སྤྱི་གཉིས་ཀྱིས་བཀའ་ངེས་པར་དགོས་སྙམ།

    Reply
  6. གྲྭ་རྒོད says:
    ལོ་ 14 སྔོན།

    བཀུར་འོས་པའི་བཀའ་སྤྱི་ལྷན་ཚོགས་ཀྱི་ཚོགa་དབུས་སུ་ཆེད་ཞུ།
    ཁྱེད་རྣམ་པ་བོད་སྤྱིའི་སྐུ་ཆབ་ཡིན་པས་བོད་ཧྲིལ་བོ་འགུལ་ཐུབ་པའིི་གནད་ལ་ཁེལ་བའི་ལས་དོན་ཞིག་དང་གནད་ལ་ཁེལ་བའི་ཐེག་ཆོད་ཞིག་ལག་ལེན་བྱེད་གལ་ཆེ། རྒྱུན་རིང་ཞིག་ལ་རྒྱུན་སྐྱོངས་བྱ་རོགས་ཞུ། བོད་མི་ཡོངས་ནས་རྒྱབ་སྐྱོར་དང་མཉམ་ཞུགས་ངེས་ཡིན་པས་ཡིད་ཆོས་ཡོད།ནུས་པ་གཅིག་ཏུ་སྒྲིལ་དགོས་ལ་སྟོབས་ཤུགས་གཅིག་ཏུ་སྤོངས་དགོས། འདི་ནི་བོད་མི་ཡོངས་ནས་ཤེས་ཡོད་ངེས་ཡིན། ཕལ་བ་འགའ་ཞིག་ཡོད་སྲིད་པ་རེ།

    Reply
  7. མི་ཆུང་། says:
    ལོ་ 14 སྔོན།

    ངས་བྱས་ན་ད་དུང་ཡང་བཀའ་སྤྱི་གཉིས་ཀྱིས། ལྷོད་ཤིག་གེར། ཉི་ཆོས་བཟང་པོའི་འབོལ་གདན་སྟེང་གི་ཆུ་རྐྱལ་རང་སྦྱང་ནས་བཞུགས་ནས་ཡག་ཤོས་རེད་ཡ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese