མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་བརྒྱུད་ནང་བསྟན་དར་སྤེལ།

བོད་ཀྱི་དུས་བབ།
༢༠༡༢/༠༣/༡༧
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་བརྒྱུད་ནང་བསྟན་དར་སྤེལ་གནང་ཕྱོགས་སྐོར་ལ་བགྲོ་གླེང་ཚོགས་ཐེངས་གཉིས་པ་དེ་ཚོགས་ཡོད་འདུག    

ཐའེ་ཝན་དུ་གནས་བཞུགས་མཁན་པོ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་གོ་སྒྲིག་འོག དེ་རིང་ཞོགས་པར་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་བོད་བརྒྱུད་ནང་བསྟན་དར་སྤེལ་གནང་ཕྱོགས་སྐོར་གྱི་བགྲོ་གླེང་ཐེངས་གཉིས་པ་དེ་གནང་ཡོད་འདུག་ཅིང་། མཛད་སྒོའི་སྟེང་བོད་མིའི་སྒྲིག་འཛུགས་ཐའེ་ཝན་སྐུ་ཚབ་དོན་གཅོད་ཁང་གི་དགེ་བཤེས་འཇམ་དཔལ་ཆོས་འཛིན་དང་དགེ་བཤེས་ཆོས་ཀྱི་དབང་པོ། ཨ་ཀ་སྤྲུལ་སྐུ་སོགས་དགེ་ལུགས་ཀྱི་དགེ་བཤེས་དང་སྤྲུལ་སྐུ ཤེས་རབ་གླིང་གི་མཁན་པོ་ཀར་བསྟན་དང་མཁན་པོ་འཕགས་སྐྱབས་སོགས་བཀའ་བརྒྱུད་ཀྱི་མཁན་སྤྲུལ་དང་སློབ་དཔོན། གསེར་རྟ་མཁན་པོ་ཆོས་དབྱིངས་དང་མཁན་པོ་ཀརྨ་དོན་གྲུབ་སོགས་རྙིང་མའི་ཕྱོགས་ཀྱི་མཁན་པོ་དང་སྤྲུལ་སྐུ། རྫོང་སར་བཤད་གྲྭའི་མཁན་པོ་བསམ་འགྲུབ་དང་སློབ་དཔོན་བསོད་ནམས་ཕུན་ཚོགས་སོགས་ས་སྐྱའི་ཕྱོགས་ཀྱི་མཁན་པོ་དང་སློབ་དཔོན། སྤྲུལ་སྐུ་བཀྲ་ཤིས་རྒྱ་མཚོ་སོགས་ཇོ་ནང་ཕྱོགས་ཀྱི་མཁན་སྤྲུལ་བཅས་ཆོས་བརྒྱུད་ཁག་ལྔ་ལས་གྲུབ་པའི་གདན་ཞུས་མཁན་སྤྲུལ་དགེ་བཤེས་༣༥ ཙམ་མཉམ་ཞུགས་གནང་ཡོད་འདུག

བགྲོ་གླེང་ཐོག་བརྗོད་གཞི་ཁག་གཉིས་ཡོད་པ་ནི། ༡༼ བོད་བརྒྱུད་ནང་བསྟན་གྱི་ལྟ་གྲུབ་དང་ཐུན་མིན་ཕྱག་ལེན། དེ་བཞིན་རིག་གཞུང་གི་རྒྱབ་ལྗོངས་དང་འབྲེལ་བའི་སྣང་ཚུལ་སོགས་ལ་གཞན་གྱིས་དོགས་པ་འདྲ་མིན་བསླངས་པ་དང་སློང་བཞིན་པ་དག་ལ་གཅིག་གྱུར་གྱི་ལན་འདེབས་གསལ་བཤད་གནང་ཕྱོགས༽དང་། ༢༼ ཐའེ་ཝན་གྱི་ས་གནས་འདིར་གནས་པའི་བོད་བརྒྱུད་ནང་བསྟན་གྱི་ཆོས་བརྒྱུད་ཁག་ཐུན་མོང་ནས་བོད་བརྒྱུད་ནང་བསྟན་ལ་ཕན་པ་དང་། ཐའེ་ཝན་མི་མང་ལ་ཕན་པ། ཆོས་བརྒྱུད་རིས་མེད་ཀྱི་མཐུན་ལམ་ལ་ཕན་པ་བཅས་ཀྱི་རང་བཞིན་ལྡན་ཞིང་། ལག་ཏུ་བསྟར་ཐུབ་ངེས་ཀྱི་ལས་དོན་སྐོར་ལ་བློ་འདོན་གྲོས་བསྡུར་བརྒྱུད་གཏན་འབེབས་ཀྱི་གྲོས་ཆོད་འཇོག་ཐུབ་པ་བྱ་རྒྱུ ༽ ཞེས་པའི་བརྗོད་གཞི་གཉིས་ཀྱི་ཐོག་བགྲོ་གླེང་གནང་ཡོད་འདུག

བགྲོ་གླེང་གི་མཇུག་ཏུ་ཚོགས་འདུ་གོ་སྒྲིག་གནང་མཁན་མཁན་པོ་ཆོས་ཉིད་དོན་རྟོགས་ལགས་ཀྱིས་ཞིབ་འཇུག་ཚོགས་པའི་འབྱུང་འགྱུར་གྱི་ལས་འཆར་སྐོར་དང་ཐུགས་རྗེ་ཆེ་ཞུའི་གཏམ་བཤད་གནང་རྗེས་ཉིན་འདིའི་བགྲོ་གླེང་མཇུག་བསྒྲིལ་ཡོད་འདུག དེ་དང་མཉམ་དུ་འདི་ལོའི་ཕྱི་ཟླ་ ༩ ཚེས་ ༡༥ དང་ ༡༦ གཉིས་ལ་ཚོགས་གཏན་ཁེལ་བའི་ཞིབ་འཇུག་ཚོགས་པའི་ཐེངས་གཉིས་པའི་ལྷོ་རྒྱ་བོད་གསུམ་གྱི་མཁས་པའི་ལྷན་ཚོགས་ཚོགས་གཏན་ཁེལ་བའི་གསལ་བསྒྲགས་བསྐྱངས།
དེ་ཡང་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་ནི་སྤྱི་ལོ་ ༢༠༠༩ ལོར་ཐའེ་ཝན་དུ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་གིས་དབུ་འབྱེད་གནང་ཡོད་ཅིང་། གཞུང་འབྲེལ་ཚད་ལྡན་དེབ་སྐྱེལ་བྱས་པའི་ཁྲིམས་མཐུན་ཚོགས་པ་ཞིག་དང་། བོད་བརྒྱུད་བསྟན་ལ་ཞབས་འདེགས་ཞུ་བའི་ཆོས་བརྒྱུད་གྲུབ་མཐའ་རིས་མེད་ཀྱི་ཚོགས་པ་ཞིག་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

ཆུ་ཚོད་ ༡༤ སྔོན་ལ།
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨
དབུས་འོས་བསྡུ་ལས་ཁང་གིས་སྲིད་སྤྱི་གཉིས་ཀྱི་འོས་བསྡུའི་ཆེད་གསར་འགོད་ལྷན་ཚོགས་ཐེངས་གསུམ་པ་བསྐོངས། ༢༠༢༦།༡།༢༨ དུས་བབ་ཀྱི་པར།
Mobile App

དབུས་འོས་བསྡུ་ལས་ཁང་གིས་མི་གཅིག་ལ་ཉེས་ཆད་དང་མི་གཉིས་ལ་ཉེན་བརྡ་བཏང་འདུག

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese